ཁྲོ་གཏུམ།
སུན་སྣང་དང་བཅས་ཏེ་གཏམ་རྒྱུད་ཅིག་བཤད
ངག་གི་བཀོད་པ་དག་འགག་འགྲོ་ཡང་གཏམ་རྒྱུད་འཆད
ཡིད་ཀྱིས་མ་ལོང་བའི་གཏམ་དེ་ཐོས་རྗེས
སེམས་པའི་བཞུར་ཚད་ལ་རྣམ་རྟོགས་ལངས
ཁྱོད་ཚོས་ཅི་ཞིག་གོ་འདོད་པ་དེ
གཏམ་གྱི་བྱུང་རིམ་ཙམ་སྟེ
གནད་དོན་གང་ཞིག་ནི་བདེན་དཔང་ལ་དངོས་སུ་བསུ་ཆོག
ད་བར་སུ་ཡིན་ཡང་ཤོག་བུ་དང་སྨྱུ་གུ་འཛིན་ཐུབ
ཤོག་སྣེ་རལ་བའི་གཏམ་བརྒྱུད་མི་གླེང་བ་ཅི་ཡིན་ནམ
༢༠༡༥།༡༡།༠༡ལ།