ཁྲོ་གཏུམ།
དུས་རབས་ཀྱིས་ང་དེད་དེད་ནས་སོང་མཐར
ངས་བསམ་པའི་དུས་རབས་ཀྱི་མི་ཡོད་ས་ལ
མ་བསམ་པའི་གནའ་རབས་ཀྱི་མིས་ཁེངས་འདུག
དུས་རབས་ཀྱིས་ང་ལ་ཤོག་སྨྱུག་འཛིན་དུ་བཅུག
ངས་ཤེས་དགོས་པ་དག་ལ་ཧུར་བརྩོན་གྱིས་འཐམས་པའི་དུས
ཤོག་སྨྱུག་འཛིན་མི་དགོས་པའི་ཤེས་བྱ་གང་མང་ཞིག་ལས་མི་ཤེས་ལ
མི་ཚེ་ཡི་ལོ་ཟླར་བརྒྱུས་པའི་ཤེས་ཡོན་གང་མང་ཞིག་ཕྱིར་བརྗེད་ལ་ཉེ
ཤོག་ལྷེ་ཁ་ཤས་རྨི་ལམ་གྱི་ཕྱིར་དྲན་ལ་འཁོར
དོན་དག་ཁ་ཤས་ཁེར་ལབ་གྱི་ལབ་བརྡོལ་ནང་ཐོན་ཡོང
སེམས་པའི་འཁྱགས་ས་ནས་འཇང་བའི་དར་ནི
སྐོམ་སོད་པའི་ལོ་ཟླ་ཞིག་ཏུ་འགྱུར་སྲིད་དམ
དམིགས་ཡུལ་ནི་གལ་ཆེན་ཞིག་ཡིན་ནམ
ཡང་ན་རྩ་དོན་ཞིག་རེད་འདོད
༢༠༡༩། ༡༢། ༢༤།