རྩིབས་རི་རྒོད་ཕྲུག
ཝ་མོ་སེང་གེར་བརྫུས་པའི་རྣམ་ཐར།
བོད་ཀྱི་གཏམ་དཔེར་རང་དོན་བྱུང་ན་ཆ་ལུགས་ངན་ནའང་ངན། །ཞིམ་པོ་བྱུང་ན་བཟས་ནས་ཤི་ནའང་ཤི་ཞེས་ཟེར་སྲོལ་ཡོད་པ་བཞིན། ད་ལྟའི་སྲིད་སྐྱོང་གིས་རྒྱུན་པར་ཁ་ནས་ཤ་ཚ་ཆེན་མདོག་གིས་གཞིས་བཞུགས་བོད་རིགས་སྤུན་ཟླ་ཞེས་ཧ་ཅང་བརྩེ་སེམས་ཆེན་མདོག་སྟོན་གྱི་ཡོད་རུང་། ཇི་ལྟར་ཆུ་ཤིང་བསྟན་བཅོས་ལས། །ཁྱོག་པའི་ཤིང་དེ་བསྲངས་ན་ཡང་། །རླན་དང་འཕྲད་ཚེ་ཡ་ཡོར་འགྱུར། །རང་བཞིན་ངན་པ་བཅོས་ན་ཡང་། །རྐྱེན་དང་འཕྲད་ཚེ་རང་མཚང་འདོན། །ཞེས་པ་ལྟར། ཕྱི་ལོ་༢༠༡༦ ཟླ་༢ ཚེས་༢༩ ཉིན་གཞིས་སྡོད་ཁམས་ཉག་རོང་རྫོང་ཨརྱ་གླིང་དགོན་པའི་གྲྭ་སྐལ་བཟང་དབང་འདུས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སོང་བ་དང་། བྱེས་བཞུགས་རྒྱལ་གཅེས་དཔའ་བོ་རྡོ་རྗེ་ཚེ་རིང་ལགས་ཤི་གསོན་ངེས་མེད་ངང་སྨན་ཁང་དུ་སྡོད་མུས་ཀྱི་སྐབས་ཏེ། ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢ ཉིན་སྲིད་སྐྱོང་བློ་བཟང་སེང་གེ་རང་ཉིད་ཀྱི་འོས་ཤོག་ཆེད་ལྷོ་ཕྱོགས་མོན་གྷོ་གཞིས་ཆགས་སུ་ཕྱིན་ཏེ། རྒྱལ་གཅེས་དཔའ་བོ་འདི་གཉིས་དང་ནང་མི་སྤུན་མཆེད་ཀྱི་སྡུག་བསྔལ་མཐའ་དག་གཏིང་བརྗེད་དུ་གྱུར་ཏེ་མང་ཚོགས་འགའ་ཞིག་དང་མཉམ་དུ་ ༼གསུང་དང་ལད་མོ་གསུང་༽ཞེས་པའི་གཞས་འདི་སྐད་གསེང་ཐོན་པོས་བཏང་ཡོད་པ་མ་ཟད། གཡས་གཡོན་རྣམས་ལ་སྐད་ཤུགས་ཆེ་རུ་གཏོང་དགོས་པའི་ལག་གི་སྐུལ་བརྡ་ཡང་བྱས་ཡོད།[1]
སྐབས་དེ་དུས་སྲིད་སྐྱོང་གི་ཁའི་འགུལ་སྐྱོད་བྱེད་སྟངས་དང་མཛུབ་མོ་གཡུགས་སྟངས་བཅས་ལ་གཞིགས་ན་གཞས་འདི་ཡག་པོ་ཞིག་ཤེས་ཀྱི་མི་འདུག་ལ། སྲིད་སྐྱོང་དང་རྒྱབ་སྐྱོར་པ་གཉིས་ཀས་ནོར་བུ་དེ་བློ་སེང་རེད་མདོག་མདོག་གིས་གཞས་བཏང་བ་ཞིག་ཡིན་པ་ལོངས་པས་བལྟས་ཀྱང་ཁམས་གསུམ་ཞེས་པ་ལྟར། འོན་ཀྱང་སྒྱུ་མ་མཁན་བློ་སེང་གིས་རྗེས་སུ་མང་ཚོགས་སར་༸གོང་ས་མཆོག་བེད་སྤྱོད་བཏང་སྟེ་གཞས་འདི་༸གོང་ས་མཆོག་གི་ཆེད་དུ་བཏང་བ་ཡིན་ཚུལ་བརྗོད་དེ་རང་ཉིད་ཀྱི་ནག་ཉེས་དག་ཐབས་བྱས་ཡོད།
བོད་ཀྱི་སྲོལ་རྒྱུན་ལེགས་བྱང་ལྟར་བྱས་ན་མི་ཤི་གོད་ཆག་བྱུང་ན་ལྟ་ཅི་སྨོས་གྲོང་པའི་བ་ཞིག་ཤི་ནའང་མྱ་ངན་ཞག་གསུམ་ཞེས་བཟང་སྤྱོད་དང་ལྡན་པའི་ཐོག་ནས་ཤུལ་ལུས་ནང་མི་རྣམས་ལ་སེམས་གསོ་དང་གདུང་སེམས་མཉམ་སྐྱེད་ཞུ་སྲོལ་ཡོད། འོན་ཀྱང་བོད་ཀྱི་སྲིད་སྐྱོང་གི་མཚན་གནས་ཡོད་པའི་མི་སྣ་ཞིག་གིས་རྒྱུ་མཚན་ཅིའི་ཕྱིར་བོད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་སྲེག་གནང་མཁན་དེ་དག་དང་དེ་དག་གི་ཤུལ་ལུས་ནང་མི་རྣམས་ལ་མི་ཤི་གོད་ཆག་བྱུང་བའི་མྱ་ངན་དང་གདུང་སེམས་མཉམ་སྐྱེད་མ་བྱུང་ཡང་། བ་ཕྱུགས་ཤི་བའི་ཞག་གསུམ་མྱ་ངན་ཙམ་ཡང་མ་བྱས་པར་རོ་འགྲམ་གྱི་གླུ་པར་གྱུར་དོན་གང་ཡིན་ནམ།
དཔའ་བོ་དེ་དག་བ་ཕྱུགས་ལས་ཀྱང་རིན་ཐང་ཆུང་བས་ཡིན་ནམ། བྱེད་སྟངས་འདི་བོད་ཀྱི་སྲིད་སྐྱོང་ཞིག་གི་ལས་སྟངས་རེད་དམ།
བོད་ཀྱི་གཏམ་དཔེར་དཔོན་པོས་སྟོང་ཧྲང་སྤུད་ན། །གཡོག་པོས་སྨད་ཧྲང་སྤུད་ཡོང་ཞེས་པ་ལྟར། སྲིད་སྐྱོང་རང་ཉིད་ལ་དེ་ལྟ་བུའི་བཟང་སྤྱོད་ཀྱི་གནས་ཚད་ལས་མེད་དུས་རང་ཉིད་ཀྱི་རྗེས་འཇུག་རྒྱབ་སྐྱོར་པ་རྣམས་ཀྱིས་ཀྱང་སྤྱི་ཚོགས་འདི་ཆར་རླུང་བུ་ཡུག་འཚུབ་པའི་ནམ་ཟླ་ཞིག་གི་གནས་སུ་བསྐྱལ་ཡོད་པར་ཁག་ཅི་ལ་ཡོད། དེའི་དཔེ་མཚོན་འགའ་རེ་ཞུས་ན། ཉེ་སྔོན་(ནིའུ་ཡོག་གི་)དབུས་གཙང་མཐུན་ཚོགས་ཀྱི་ཚོགས་གཙོ་ལར་རྒྱ་བདག་པོ་ནས་སྲིད་སྐྱོང་ལས་ཐོག་བློ་སེང་གེ་ལས་དོན་བྱེད་ཕྱོགས་ཀྱི་ཐད་ལ་སྐྱོན་བརྗོད་བྱས་པའི་རྒྱུ་མཚན་གྱིས། ནིའུ་ཡོག་ཏུ་གནས་སྡོད་པ་ཧོན་སུར་རྒྱུད་སྨད་གྲྭ་ཚང་གི་གྲྭ་ལོག་ལི་ཐང་པ་བློ་བཟང་འཇམ་དཔལ་གྱིས་(ནིའུ་ཡོག་དབུས་གཙང་མཐུན་ཚོགས་ཀྱི་ཚོགས་གཙོ་)ལར་བརྒྱ་བདག་པོ་གསོད་རྒྱུའི་ཉེན་བརྡ་བཏང་བའི་གནས་ཚུལ་བྱུང་ཡོད། དེ་མ་ཟད་སྐད་འཕྲིན་ཚོགས་པ་ཞིག་གི་ནང་དུ་། (སྲིད་སྐྱོང་)བློ་སེང་གི་རྒྱབ་སྐྱོར་བ་སྐལ་བཟང་ཞུ་བ་ཞིག་གིས་ “གལ་ཏེ་ཁྱེད་རང་(ཚོས་)བློ་སེང་ལ་འོས་མ་བླུག་པའམ། ཡང་ན་ཐེངས་འདིར་བློ་བཟང་སེང་གེ་ལ་སྲིད་སྐྱོང་མི་ཐོབ་ན་། ངས་དྭང་བླང་དཔྱ་དངུལ་ལག་དེབ་ཀྱི་དངུལ་དེ་སྤྲོད་ཀྱི་མིན་” ཞེས་བཤད་ཡོད།
དེ་བཞིན་དུ་(སྲིད་སྐྱོང་)བློ་སེང་གི་རྒྱབ་སྐྱོར་པ་གཞན་ཞིག་གིས་ “གལ་ཏེ་ད་རེས་བློ་བཟང་སེང་གེ་ལ་སྲིད་སྐྱོང་མ་ཐོབ་ན། བོད་མི་ནང་ཁུལ་ཆོལ་ཁའི་འཐེན་འཁྱེར་གྱི་འགལ་ཟླ་བྱུང་ནས་ནང་འཁྲུག་བྱུང་སྲིད་པ་དང། དེའི་དབང་གིས་༸གོང་ས་མཆོག་གི་ཐུགས་དགོངས་འཁྲུག་ནས་སྐུ་ཚེ་མི་བརྟན་པའང་ཡོང་སྲིད་ཀྱི་རེད་”ཅེས་སོགས་བཤད་ཡོད་པ་ལྟ་བུ་རེད།[2] འདི་དག་ནི་དཔེ་མཚོན་ཙམ་ཞིག་ལས་འདི་ལས་ཀྱང་འཇིགས་སུ་རུང་བའི་གནས་ཚུལ་མང་དུ་བྱུང་ཡོད། དེས་ན་འདི་དག་ནི་སྲིད་སྐྱོང་ལ་བཟང་སྤྱོད་ཀྱི་ཡོན་ཏན་མི་ལྡན་པའི་སྐྱུག་བྲོ་བའི་མཇུག་འབྲས་ཀྱི་ཟུར་ཞིག་རེད།
གཞན་བྱས་རང་བྱས་སུ་བསྒྲགས་པའི་རྣམ་ཐར།
རྟེན་འབྲེལ་གྱི་རྣམ་གཞག་ལ་གོ་བ་རག་ཙམ་ཆགས་པའི་སྐྱེ་བོ་ཞིག་ཡིན་ན་རྒྱུ་རྐྱེན་སྔོན་དུ་མ་སོང་བའི་འབྲས་བུ་ཞིག་ཡོད་པར་མི་འདོད་ལ། རྒྱུ་མེད་ཀྱི་འབྲས་བུ་ཞིག་དེ་བས་ཀྱང་ཡོད་པར་ག་ལ་འདོད། འོན་ཀྱང་སྲིད་སྐྱོང་གིས་གློ་བུར་བའི་འབྲས་བུར་འདོད་ཚུལ་འདི་དག་ལ་བསམ་ན་རྟེན་འབྲེལ་གྱི་རྣམ་གཞག་ཅེས་པ་གོ་ལོ་ཐོས་ལོ་ཙམ་ཡང་བྱུང་མེད་ཚོད་འདུག་ལ། ཆོས་ཆོས་སུ་མ་སོང་ཞིང་ཆོས་དུག་ཏུ་སོང་བའི་གདན་སའི་གཟམ་ཤམ་གྱོན་པའི་ཕྱོགས་རིས་པ་དེ་དག་གིས་ཀྱང་བསླབ་བྱ་ཞིག་བརྒྱབ་མེད་ཚོད་འདུག གང་གིས་ཞེ་ན། དགེ་བཤེས་མ་དང་པོ་ཏ་ལའི་གཞུང་ལམ་སོགས་གློ་བུར་གྱི་འབྲས་བུར་འདོད་པའི་ཕྱིར་རོ། །
དོན་དངོས་ཐོག་དགེ་བཤེས་མ་སོགས་ནི་ཉེ་ཆར་དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་དཀའ་དྲིན་རྗེས་དྲན་གྱི་བགྲོ་གླེང་ཚོགས་འདུའི་སྐབས་དམིགས་བསལ་སྐུ་མགྲོན་ཀིརྟི་རིན་པོ་ཆེ་མཆོག་ནས་༧གོང་ས་མཆོག་གི་མཛད་འཕྲིན་རྣམས་ལས་གསར་གཏོད་རང་བཞིན་གྱི་སྐོར་ལ་གསུང་བཤད་གནང་དོན། ཆོས་སྲིད་གཉིས་ལྡན་གྱི་བོད་མིའི་དམངས་གཙོ་དེ་སྐུ་མདུན་གྱི་གསར་གཏོད་རེད་ལ། དགེ་བཤེས་མའི་རྒྱུགས་སྤྲོད་དེ་སྐུ་མདུན་གྱི་གསར་གཏོད་རེད། དེ་བཞིན། དུས་རབས་ཉེར་གཅིག་པ་དེ་འཚེ་བ་མེད་པའི་དུས་རབས་ཤིག་ཏུ་བསྐྲུན་དགོས་གསུངས་པ་དེ་ཁོང་གི་གསར་གཏོད་ཅིག་རེད་ལ། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་གོང་འཕེལ་གཏོང་དགོས་གསུངས་པ་དེའང་ཁོང་གི་གསར་གཏོད་ཅིག་རེད། ཆོས་ལུགས་ཡོངས་རྫོགས་གཞི་གཅིག་གི་ཐོག་ཏུ་འདུས་ཐུབ་པ་བྱེད་དགོས་གསུངས་པ་དེ་ཡང་ཁོང་གི་གསར་གཏོད་རེད།
ནང་ཆོས་དང་ཚན་རིག་དཔུང་པ་མཉམ་གཤིབ་བྱེད་པ་དེ་སྐུ་མདུན་གྱི་གསར་གཏོད་རེད། དེ་བཞིན། སྔོན་མ་ཝ་ར་ཎ་སི་རུ་སྐུ་མདུན་གྱིས་ནང་ཆོས་དང་དམར་པོའི་ལྟ་བའི་མཐུན་པའི་ཆ་དེར་བཀའ་སློབ་ཅིག་གནང་ཡོད་པ་དང་། ད་ལྟའི་བར་དུ་སུ་གང་གིས་དེ་ཚོ་ཕལ་ཆེར་གསུངས་མྱོང་ཡོད་པ་མ་རེད་བསམ་གྱི་འདུག གཞན་ཡང་། བོད་ཀྱི་དགོན་པ་ཡོངས་རྫོགས་སློབ་གཉེར་ཁང་གི་ངོ་བོར་བསྒྱུར་བ་དེའང་སྐུ་མདུན་གྱི་གསར་གཏོད་ཅིག་རེད་ལ། བོད་མི་ཡོངས་རྫོགས་ཤེས་ཡོན་ལྡན་པ་དང་ཡ་རབས་བཟང་སྤྱོད་ལྡན་པ་དེའང་ཁོང་གི་གསར་གཏོད་ཀྱི་རང་བཞིན་རེད་[3]ཅེས་གསུངས་ཡོད་པའི་ཁྲོད། དགེ་བཤེས་མའི་ལམ་སྲོལ་དེ་༸གོང་ས་མཆོག་གི་གསར་གཏོད་དུ་དྲངས་ཡོད་པ་བཞིན་འདི་ནི་གཅམ་བུའི་ཚིག་ཙམ་མ་ཡིན་པར་ཤེས་ནས་སྨྲས་པའི་བདེན་གཏན་ཉག་གཅིག་ཏུ་ཟད་ལ། རླབས་ཆེན་གྱི་གསར་གཏོད་འདི་དག་ཀྱང་ལོ་ངོ་དུ་མའི་རིང་ནས་གྲ་སྒྲིག་དང་འབད་བརྩོན་གནང་བ་ལས་བྱུང་བའི་གྲུབ་འབྲས་ཤིག་ཡིན་པ་ལས། གློ་བུར་བ་ཞིག་ག་ལ་ཡིན།
གལ་ཏེ་འདི་ལྟ་བུའི་རླབས་ཆེན་གྱི་བྱ་བ་རྣམས་གློ་བུར་དུ་བསྒྲུབ་རྒྱུ་དང་ལས་རྒྱུ་ཡོད་ཚེ་ཕྱི་ལོ་ ༢༠༡༡ ལོར་སྲིད་སྐྱོང་གིས་གཅིག་གཅིག་གཉིས་གཉིས་བྱེད་ཀྱི་ཡིན་ཞེས་ཁས་ལེན་དམ་བཅའ་མི་འགྱུར་རྡོ་རྗེ་ལྟ་བུར་བྱས་ཡོད་པ་དག་ད་ལྟ་སྟོན་རྒྱུ་ཡོད་ཀྱི་རེད་ལ། ལྷག་པར་དུ་དྲན་ངོར་གསལ་བ་ཞིག་ལ་སྐབས་དེ་དུས་སྲིད་སྐྱོང་གིས་ཨ་རིའི་གྲོས་ཚོགས་ནང་བཞིན་གྲོས་ཚོགས་གོང་མ་དང་འོག་མ་ཞིག་བཟོ་ཡི་ཡིན་ཞེས་ཁས་ལེན་བྱས་ཡོད་པ་དེ་དག་ཀྱང་སྟོན་རྒྱུ་ཡོད་ཀྱི་རེད། འོན་ཀྱང་དེ་དག་ཐམས་ཅད་ནི་རི་བོང་གི་རྭའི་དཔེ་ཟླར་དབང་པོའི་སྤྱོད་ཡུལ་དུ་མ་གྱུར་པའི་ཕྱིར་རོ། །
དེ་ཙམ་དུ་མ་ཟད་པོ་ལ་ཏའི་གཞུང་ལམ་ཡང་གློ་བུར་པའི་འབྲས་བུ་ཞིག་ག་ལ་ཡིན་ཏེ། ཕྱི་ལོ་༢༠༡༤ ཟླ་༧ ཚེས་༢༨ ཉིན་དང་ཟླ་༩ ཚེས་༤ ཉིན་བཅས་བསྟུད་མར་Wall Streat Journal ཞེས་པའི་གསར་ཤོག་སྟེང་རྒྱུན་པར་ནེའུ་ཡོག་དུས་བབ་ཐོག་རྩོམ་ཡིག་སྤེལ་མཁན་རྩོམ་པ་པོ་ཇེ་སེ་ པ་ས་ཊ་Jesse Pesta ཡིས་རྩོམ་ཡིག་ཁག་གཉིས་སྤེལ་ཡོད་ཅིང་། རྩོམ་ཡིག་དེ་དག་༸གོང་ས་མཆོག་བརྒྱུད་ཧི་མ་ཅལ་མངའ་སྡེའི་ཡུལ་སྐོར་ལྗོངས་རྒྱུའི་འགན་འཁུར་བ་སྐུ་ཞབས་ཝི་ཇེ སེན་ མན་ཀོ་ཤི་ཡ་ Vijay Singh Mankotia མཆོག་གིས་ཧི་མ་ཅལ་མངའ་སྡེའི་བློན་ཆེན་ལ་ཕུལ་བ་ལས་རིམ་བཞིན་བཟོ་སྐྲུན་བྱུང་བ་ཞིག་ཡིན་པ་ལས་གློ་བུར་བ་ཞིག་ག་ལ་ཡིན། དེའི་ཕྱིར་ཁ་དཔེར་རང་འདོད་ཧམ་པ་གཡོ་སྒྱུ་གསུམ། །འཕྲལ་དུ་གྲུབ་ཀྱང་ཕུགས་མི་བརྟན་ཞེས་པ་ལྟར་གྲུབ་འབྲས་འདི་དག་རང་བྱས་སུ་བསྒྲགས་མ་ཐག་མང་ཚོགས་ནས་རྫུན་རྐུབ་བརྟོལ་ཏེ་རང་མཚན་ངན་པ་དེ་སྤྲེའུའི་རྐུབ་བཞིན་དུ་དམར་རྗེན་དུ་དྲ་ལམ་དུ་ཁྱབ་ཡོད།
བདེན་དོན་ས་འོག་ཏུ་སྦས་པའི་རྣམ་ཐར།
དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཕྱི་ལོ་༢༠༡༤ ལོའི་ཟླ་༩ ཚེས་༢༤ ཉིན་རྡ་ས་ཐེག་ཆེན་གཙུག་ལག་ཁང་དུ་ཕྱི་ལོ་༢༠༡༦ ལོར་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་འོག་གནས་མཆོག་རྡོ་རྗེ་གདན་ནས་དུས་དབང་ཐེངས་ ༣༤ གནང་རྒྱུའི་བཀའ་བཞེས་བཟང་པོ་ཐོབ་ཡོད་ཅེས་སྲིད་སྐྱོང་བློ་བཟང་སེང་གེས་གསར་འགོད་གསལ་བསྒྲགས་སྤེལ་ཡོད་ཅིང་། དེ་རྗེས་ལོ་ངོ་གཅིག་སོང་བའི་རྗེས་ཏེ་ཕྱི་ལོ་ ༢༠༡༥ ལོའི་ཟླ་༨ ཚེས་༣༡ ཉིན་སྲིད་སྐྱོང་གིས་ཡང་བསྐྱར་གསལ་བསྒྲགས་སྤེལ་ནས། འདི་ལོ་ནི་སྔར་དང་མི་འདྲ་བར་སྐུའི་གྱ་སྟོན་གྱི་མཛད་རིམ་དང་བརྟན་བཞུགས་སོགས་ཤིན་ཏུ་མང་བོ་བྱུང་བ་དང་། རིང་མིན་དབྱིན་ཡུལ་དང་ཨ་རི། རྒྱ་གར་ལྷོ་ཕྱོགས་སོགས་ན་མཛད་འཆར་ཤིན་ཏུ་མང་བས་བཀའ་ཤག་ནས་བཀའ་བསྡུར་རིམ་པ་བྱུང་ནས་ཕྱི་ལོ་ ༢༠༡༦ ལོའི་དུས་འཁོར་དབང་ཆེན་ལོ་གཅིག་ལ་ཕར་འགྱངས་བྱས་པ་ཡིན་ཞེས་གསལ་བསྒྲགས་བྱས་ཡོད།
གོང་གསལ་གནད་དོན་དེ་ཚོར་གཞིགས་ཚེ་སྲིད་སྐྱོང་དང་སྲིད་སྐྱོང་གི་འགོ་འཁྲིད་པའི་བཀའ་ཤག་གིས་ཕྱི་ལོ་ ༢༠༡༥ ལོའི་༸གོང་ས་མཆོག་གི་མཛད་འཆར་རྣམས་དེ་སྔོན་ནས་མ་ཤེས་པ་དང་། མ་ཚོར་བའི་དབང་ལས་དུས་དབང་གོ་སྒྲིག་བྱས་པ་ལྟ་བུ་ཞིག་ཏུ་སྣང་འོང་ལ། གལ་ཏེ་ཤེས་བཞིན་དུ་དེ་ལྟར་གོ་སྒྲིག་བྱས་ན་ནི་མདང་སྐྱེས་བྱིས་པ་ཞིག་གི་མ་འོངས་མངོན་དཔག་གི་བསམ་བློའི་ཆུ་ཚད་ཙམ་ཡང་མེད་པར་མཐོང་བས་དེ་ནི་གཞན་གྱི་གོ་ན་ངོ་ཚ་དགོས་པའི་གནས་ཤིག་རེད།
འོན་ཀྱང་དོན་དངོས་ཐོག་དེ་ནི་ཐལ་བས་སྐྱག་དྲི་འགེབས་སྲུང་བྱས་པ་ཙམ་ལས་གནས་ཚུལ་དངོས་ནི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ནེའུ་ཡོག་ཏུ་དེའི་སྐོར་མང་ཚོགས་ལ་ཟུར་ཙམ་གསལ་བཤད་བྱས་པ་ལྟར་ཡིན་སྟབས། སྲིད་སྐྱོང་གིས་རང་གི་གསལ་བསྒྲགས་སྔ་མའི་རྫུན་མཐིལ་བརྡོལ་དོགས་ཀྱིས་ཁ་དཔེར་ངན་པས་ངན་པར་ངན་བསླབ་བྱས། །ཁྲམ་པས་ཁྲམ་པར་ཁྲམ་སྐུལ་བྱས་ཞེས་པ་ལྟར་ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༥ ཉིན་དྲུང་ཆེ་གཉིས་ཆེད་མངགས་ཀྱིས་ཚོགས་གཙོའི་གསལ་བཤད་དེ་མི་བདེན་པར་བསྒྲུབས་ཏེ་དུས་དབང་ཕྱིར་འགྱངས་བྱེད་དོན་ནི་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་དྲུང་ཆེ་གཉིས་ཆེད་དུ་མངགས་ཏེ་༧གོང་ས་མཆོག་གི་སྐུའི་སྨན་བཅོས་ཆེད་དུས་འཁོར་དབང་ཆེན་ཕྱིར་འགྱངས་གནང་ན་ལེགས་པའི་རྒྱུ་མཚན་བཀའ་ཤག་ལ་བཀའ་གནང་བ་ལྟར་བཀའ་ཤག་ནས་ཀྱང་མོས་མཐུན་བྱུང་སྟེ་དུས་དབང་ལོ་གཅིག་ལ་ཕྱིར་འགྱངས་བྱས་ཚུལ་གསལ་བསྒྲགས་ཨུ་ཚུགས་ཀྱིས་སྤེལ་ཡོད།
དོན་དངོས་ཀྱི་གནས་ཚུལ་དེ་ལྟར་མིན་ནའང་། རྒྱུ་མཚན་ཅི་ཞིག་གི་རྐྱེན་པས་སྲིད་སྐྱོང་གིས་དེ་ལྟར་ཨུ་ཚུགས་རྒྱག་དོན་གང་ཡིན་ནམ། རྒྱུ་མཚན་ཅི་ཞིག་གི་རྐྱེན་པས་ཆོས་རིག་བཀའ་བློན་རྒྱུ་མཚན་དེ་དང་འབྲེལ་བའི་སྐོར་ལ་མང་ཚོགས་ནས་དྲི་བ་ཡོང་དོགས་ཀྱིས་ཨ་རིར་ཟླ་ཤས་རིང་གནས་སྡོད་བྱེད་དགོས་ཆགས་ཡོད་དམ། ངས་བསམ་གཞིགས་བྱས་པ་ལྟར་ན་ཁ་ཁོག་མི་མཐུན་པའི་བྱ་སྤྱོད་འདི་དག་གིས་རང་གི་ལས་ཡུན་ཟླ་བ་གཉིས་ཙམ་ལས་མ་ལྷག་པའི་ཕྱི་དྲིལ་བཀའ་བློན་གྱིས་ཀྱང་བཟོད་སྒོམ་མ་ཐུབ་པར་ལས་གནས་ནས་རྩ་དགོངས་ཞུ་དགོས་པ་ཆགས་པར་སྙམ།
བཀའ་ཤག་གི་གསལ་བསྒྲགས་སྔ་ཕྱི་འགལ་བ་འདིའི་རྒྱབ་ན་སྦས་སྐུང་བྱས་པའི་གནས་ཚུལ་དངོས་དེ་ཉེ་ཆར་སླར་ཡང་ཚོགས་གཙོས་ཝ་ར་ཎ་སིར་ཁ་གསལ་གོ་བདེར་གསལ་བཤད་གནང་ཡོད་པ་བཞིན། དུས་དབང་ཕྱིར་འགྱངས་ཀྱི་འབྱུང་རྐྱེན་དེ་ཆུ་བཞི་སྒང་དྲུག་གསར་པས་༧གོང་ས་མཆོག་ལ་དུས་འཁོར་དབང་ཆེན་གྱི་སྐབས་སུ་བརྟན་བཞུགས་འབུལ་རྒྱུར་༧གོང་ས་མཆོག་གིས་ཞལ་བཞེས་གནང་ཡོད་ན་ཡང་དུས་དབང་གི་སྦྱིན་བདག་བཀའ་ཤག་ཡིན་སྟབས། ༸གོང་ས་མཆོག་བཀའ་སློབ་ལམ་སྟོན་དེ་ཡང་འབྲེལ་མེད་དོན་གཞན་ལྟ་བུའི་སྣང་མེད་དུ་བཏང་སྟེ་བཀའ་ཤག་གིས་གོ་སྐབས་འབུལ་རྒྱུ་མིན་སྐོར་གསུངས་པས་ཆུ་བཞི་སྒང་དྲུག་གསར་བས་བསྐྱར་དུ་དགའ་ལྡན་ཕོ་བྲང་ལ་སྙན་གསེང་ཞུས་ཏེ་སྐུ་སྒེར་དྲུང་ཆེ་རྣམ་པས་གྲོས་བསྡུར་གནང་མཐར་༧གོང་ས་མཆོག་ལ་སྙན་གསན་ཞུས་རྗེས་༧གོང་ས་མཆོག་དགོངས་པ་འཚོམས་ཏེ་དུས་འཁོར་དབང་ཆེན་དེ་ཆབ་སྲིད་ཆགས་ཀྱི་འདུག་ཅེས་ལབ་ཀྱི་ཡོད་པ་རེད་ལ། ད་དངོས་གནས་ཆགས་ཡོང་གི་འདུག་ག དེ་འདྲ་བྱས་ན། དུས་འཁོར་དབང་ཆེན་ཕར་འགྱངས་ཤོག་ཅེས་གསུངས་པ་ལས་དུས་དབང་ཕྱིར་འགྱངས་ཆགས་ཡོད། [4]
འདི་ནི་སྦས་སྐུང་བྱས་པའི་གནད་དོན་དངོས་དེ་ཡིན་ལ། གནད་དོན་འདི་སྦས་སྐུང་བྱས་ན་སྲིད་སྐྱོང་ལ་ཁེ་ཕན་དང་མ་སྦས་ན་གྱོང་གུད་ཅི་ཞིག་ཕོག་གི་ཡོད་དམ། དྲི་བ་འདི་ཧ་ཅང་གནད་འགག་ཆགས་ཡོད། ངའི་བསམ་ཚུལ་ལྟར་ན་སྲིད་སྐྱོང་དང་བཀའ་ཤག་གིས་གནད་དོན་དངོས་འདི་སྦས་སྐུང་བྱེད་དོན་དེ་དུས་དབང་ཕྱིར་འགྱངས་ཀྱི་བྱུང་རྐྱེན་ཡོངས་རྫོགས་ད་ལྟའི་སྲིད་སྐྱོང་དང་བཀའ་ཤག་གིས་ལས་ཀ་བྱེད་སྟངས་ནོར་འཁྲུལ་ཆེན་པོ་ཤོར་བ་ལས་བརྟེན་ནས་བྱུང་བ་ཞིག་ཡིན་སྟབས། ནོར་འཁྲུལ་འདི་མང་ཚོགས་ནས་ཤེས་རྟོགས་བྱུང་ཚེ་ད་ལྟའི་བཀའ་ཤག་གི་ལས་ཀར་མང་ཚོགས་ནས་ལྟ་སྟངས་ངན་པ་ཡོང་བ་ཙམ་དུ་མ་ཟད། མང་ཚོགས་མགོ་སྐོར་གྱིས་སྲིད་སྐྱོང་ལ་སྔོན་འགྲོའི་འོས་ཤོག་ཐོབ་ཡོད་ཀྱང་དངོས་གཞིའི་འོས་ཤོག་ཤོར་དོགས་ཀྱིས་རྫུན་གཅིག་ཐེངས་བརྒྱར་བཤད་ན་བདེན་པ་འགྱུར་རེའི་སྟོང་བསམ་འོག་རྫུན་གྱི་སྒང་ལ་རྫུན་ཁ་སྣོན་བརྒྱབས་ཏེ་བདེན་པ་སྨྲ་མཁན་ལོ་རྒྱུས་ནང་ནག་ཉེས་བཟོ་ཐབས་བྱས་ཡོད་པ་ཙམ་དུ་མ་ཟད། མང་ཚོགས་ལ་མུ་མཐུད་མགོ་སྐོར་བཏང་ནས་རང་གི་ཉེས་པ་དག་ཐབས་དང་འགེབས་ཐབས་བྱས་ཡོད།
འདི་ནི་ད་ལྟའི་སྲིད་སྐྱོང་གིས་བོད་ཀྱི་ལོ་རྒྱུས་ནང་འཁྲབ་པའི་འཁྲབ་ཚན་ལེའུ་གསར་པ་དེ་ཡིན་ལ། འཁྲབ་ཚན་འདིས་ད་ལྟའི་སྲིད་སྐྱོང་གིས་མང་ཚོགས་ལ་མགོ་སྐོར་ཇི་ལྟར་གཏོང་གི་ཡོད་མེད་དང་། རང་གི་འོས་ཤོག་ཆེད་དྲང་གཏན་བརྗོད་མཁན་ཇི་ལྟར་ནག་པོ་བཟོ་ཡི་ཡོད་མེད། ༸གོང་ས་མཆོག་བེད་སྤྱོད་ཇི་ལྟར་གཏོང་གི་ཡོད་མེད་བཅས་ལས་གྲུབ་པའི་ཆེས་ཚད་མཐོའི་སྒྱུ་རྩལ་གྱིས་ཕྱུག་པའི་འཁྲབ་ཚན་ཞིག་རེད།
ལས་བྱེད་འུ་ཐུག་ཏུ་བཅུག་པའི་རྣམ་ཐར།
ངའི་ངོ་ཤེས་ལས་བྱེད་ཅིག་ཡོད་པ་དེས་སྲིད་སྐྱོང་ལ་གཏན་ནས་དགའ་ཡི་མེད། དེའི་རྒྱུ་མཚན་ནི་སྲིད་སྐྱོང་རང་ཉིད་སྐྱབས་བཅོལ་པ་ཞིག་ཡིན་པའི་གནས་བབ་གཏིང་བརྗེད་དུ་གྱུར་ཅིང་། རྒྱལ་ཁབ་ཡོད་པའི་སྲིད་འཛིན་ཞིག་གི་བྱེད་སྟངས་བྱེད་ལུགས་ལ་ལད་ཟློས་བྱེད་རྒྱུ་མང་དྲགས་ཏེ། མང་ཚོགས་ཁྲོད་དཔོན་ཉམས་ཧ་ཅང་སྟོན་དགོས་པ་དེ་དང་འབྲེལ་བ་ཡོད། ཉིན་ཞིག་མཛད་སྒོ་ཞིག་གི་སྐབས་ངའི་ངོ་ཤེས་ལས་བྱེད་དེས་ནམ་རྒྱུན་ལྟར་མཁན་བླ་སོགས་ལ་འབུལ་རྒྱུའི་ཁ་བཏགས་དང་ཡིག་སྐོག་སྲིད་སྐྱོང་གི་ལག་ཏུ་སྔོན་ཙམ་ནས་སྤྲད་པས། སྲིད་སྐྱོང་གིས་རྣམ་འགྱུར་དྲག་པོ་དང་བཅས་དབྱིན་སྐད་ཐོག་ནས་ That is your duty དེ་ཁྱེད་རང་ལས་འགན་རེད་ཅེས་བརྗོད་དེ་སྲིད་སྐྱོང་གི་འཁྲིས་སུ་ཁ་བཏགས་དང་ཡིག་སྐོག་བཟུང་སྟེ་ཀྲོང་ངེར་ལང་དུ་བཅུག་ཡོད། ལས་ཀ་འདི་ལས་བྱེད་དེའི་ལས་འགན་ཡིན་པའི་དབང་དུ་བཏང་རུང་། སྐད་ཆ་ལབ་སྟངས་དེས་ངའི་ངོ་ཤེས་ལས་བྱེད་དེའི་སེམས་ལ་ཕོགས་ཐུག་ཧ་ཅང་ཆེན་པོ་བཟོས་ཡོད་པ་ཙམ་དུ་མ་ཟད། མང་ཚོགས་ཁྲོད་བྱེད་སྟངས་མ་ཤེས་པ་ཡང་བཟོས་ཡོད། དེའི་སྟབས་ཀྱིས་ངའི་ངོ་ཤེས་ལས་བྱེད་དེ་སྲིད་སྐྱོང་ལ་ཞེན་པ་ལོག་ཡོད། འདི་ནི་ངའི་ངོ་ཤེས་ལས་བྱེད་དེས་ང་ལ་དངོས་སུ་བཤད་ཅིང་སྲིད་སྐྱོང་གི་བྱ་སྤྱོད་དང་འབྲེལ་བའི་གཏམ་རྒྱུད་ཚན་པ་ཆུང་ཆུང་ཞིག་རེད།
གཞན་ཡང་ལོ་ངོ་དུ་མའི་རིང་ཕྱག་ལས་གནང་མཁན་གཞུང་ཞབས་རྒན་གྲས་མང་པོ་ཞིག་རྒན་ཡོལ་དུ་ཕེབས་ཁར་བློ་ཕམ་ཆེན་པོ་བྱེད་ཀྱི་ཡོད་ཚུལ་གོ་ཐོས་བྱུང་ལ། གནད་དོན་དེ་དང་འབྲེལ་བའི་ཐད་ཉེ་ཆར་དུས་བབ་རྩོམ་སྒྲིག་པས་བཀའ་དྲུང་ཟུར་པ་མི་འགྱུར་རྡོ་རྗེ་ལགས་ལ་བཅར་འདྲི་ཞུས་པ་ཞིག་གི་ནང་། སྔོན་མ་རིན་པོ་ཆེ་བཀའ་བློན་ཡིན་པའི་ཁ་ཐུག་ལ་འོག་གི་སྲི་ཞུ་ལས་བྱེད་དེ་ཚོས་སྒང་ལ་བརྩི་བཀུར་དང་སྒང་ནས་འོག་ལ་མཐོང་དང་ཆ་འཇོག་ཡག་པོ་ཡོད་པ་རེད། གངས་ཅན་སྐྱིད་གཤོངས་དེ་ཚ་སོབ་སོབ་འདྲ་བོ་ཞིག་ཡོད་པ་རེད། ད་ལྟ་དྲོད་དེ་ཧ་ལམ་ཡལ་བསྡད་པ་འདྲ་བོ་ཞིག་དང་ཚང་མ་ཉོབ་བསྡད་པ་འདྲ་བོ་ཞིག་ཆགས་ཀྱི་འདུག དེ་གཅིག་རེད།
གཉིས་ནས་ངས་གོང་དུ་ཞུས་པ་ལྟར་བོད་པ་རང་གི་སྐད་ཡིག་ཐོག་ཞེ་དྲགས་དམ་དོན་མེད་པའི་རྣམ་པ་ཞིག་གང་ས་གང་ནས་འཐོན་ཡོང་གི་འདུག དེ་ཐབས་སྐྱོ་བོ་ཞེ་དྲགས་རེད། ས་གནས་མི་མང་གིས་གངས་ཅན་སྐྱིད་གཤོངས་ལ་ལྟ་བསྡད་ཡོད་པ་རེད། གནད་དོན་གཞན་པ་གཅིག་ག་རེ་འདུག་ཟེར་ན། སྔོན་མ་གཞི་རིམ་གྱི་སྲིད་བྱུས་ཁག་བཀའ་ཤག་གིས་གཏན་འབེབས་གནང་རྗེས་ལག་བསྟར་གྱི་རིམ་པ་དེ་འབྲེལ་ཡོད་སོ་སོས་ཐག་བཅད་ནས་འགྲོ་བསྡད་ཡོད་པ་རེད། ད་ལྟ་དབང་ཆ་ཚང་མ་ཡར་བསྡུ་གསོག་བརྒྱབ་སྟེ་ཐ་ན་བཀའ་བློན་དང་དྲུང་ཆེ་དེ་ཚོར་ཡང་བྱེད་རྒྱུ་གང་ཡང་མེད་པའི་བཟོ་འདྲ་བོ་ཞིག་ཆགས་བསྡད་པའི་ཚོར་སྣང་ཡོང་གི་འདུག
ས་མཚམས་ལས་བརྒལ་བའི་གནས་ཚུལ་དེ་མང་གཙོའི་གཞུང་ཞིག་ལ་མཚོན་ན་ཁྱོན་ནས་འགྲིག་གི་ཡོད་པ་མ་རེད་ལ། སྤྱི་བའི་ལས་དོན་ཐོག་ལའང་འཐུས་ཤོར་དང་གྱོང་ཆེན་པོ་རག་པའི་གཞི་རྩ་ཞིག་ཆགས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག་པས་[5] གནས་ཚུལ་འདི་ངའི་ངོ་ཤེས་ལས་བྱེད་གཅིག་པུ་ལ་འཕྲད་པའི་དཀའ་ངལ་ཞིག་མིན་པར་གཞུང་ཞབས་ལས་བྱེད་ཡོངས་ལ་འཕྲད་པའི་དཀའ་ངལ་ཞིག་ཡིན་པ་གསལ་བོ་རེད། མ་ཟད་སྔོན་འགྲོའི་འོས་བསྡུའི་སྐབས་གངས་ཅན་སྐྱིད་གཤོངས་ལས་བྱེད་ཚོས་སྲིད་སྐྱོང་ལས་ཚོགས་གཙོར་འོས་ཤོག་ལྡབ་འགྱུར་གྱི་མང་བ་བླུགས་ཡོད་པས། སྲིད་སྐྱོང་ལ་ལོ་ངོ་བཞི་ལྷག་ཙམ་གྱི་རིང་ཡིད་ཐང་ཆད་ཡོད་པ་གསལ་པོ་རེད།
འོན་ཀྱང་ཁ་དཔེར། །མི་ངན་བྱས་པ་ཆུང་ན་ཡང་། །དྲིན་ཆེའི་ཡུས་ཀྱིས་རྣ་བ་འགེངས། །བུད་ཤིང་རློན་པ་མེ་ཆུང་ཡང་། །དུད་པ་ནག་པོས་ཚང་མང་འགེངས་ཞེས་པ་ལྟར་སྲིད་སྐྱོང་གིས་འཛིན་གྲྭ་བཅུ་གཉིས་བརྒྱ་ཆ་ (༧༥) ལྷག་ཐོན་མཁན་དེ་སྔོན་ལས་མང་བ་བྱུང་ཚུལ་ས་བསྒྲགས་གནམ་བསྒྲགས་བྱེད་པ་ལས་དོན་དངོས་ཀྱི་གོང་གསལ་འཐུས་ཤོར་དེ་དག་ལ་གདོང་ལེན་དང་ངོས་ལེན་རྩ་བ་ནས་བྱེད་ཀྱི་མེད།
ཆང་ལན་ཆུ་ཡིས་འཇལ་བའི་རྣམ་ཐར།
ད་ལྟའི་སྲིད་སྐྱོང་ཆུང་དུས་ནས་གཞིས་ཆགས་སུ་འཚར་ལོངས་བྱུང་ཞིང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསར་འཛུགས་གནང་བའི་སློབ་གྲྭ་ཁག་ཏུ་སློབ་སྦྱོང་བྱས་ཡོད་པ་ཙམ་དུ་མ་ཟད། ནུབ་ཕྱོགས་སུ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཐོབ་པ་དེ་ཡང་༸གོང་ས་མཆོག་གི་བཀའ་དྲིན་ལ་ཉག་གཅིག་ལ་བརྟེན་ནས་བྱུང་བ་བརྗོད་ག་ལ་དགོས། འོན་ཀྱང་སྲིད་སྐྱོང་གིས་བྲིས་ཤིང་ཕྱི་ལོ་ ༢༠༠༣ ལོར་ཕ་ཡུལ་དྲ་རྒྱའི་ནང་བཏོན་པའི་ Tibet exile journey ཞེས་པ་དེའི་ནང་ཚང་མས་མཁྱེན་གསལ་ལྟར་༸གོང་ས་མཆོག་ལ་གུས་ཞབས་ཀྱི་ཚིག་ཙམ་ཡང་མ་སྦྱར་བར་ཏཱ་ལའི་བླ་མ་ཞེས་བྲིས་ཡོད་པ་མ་ཟད། རྩོམ་ཡིག་དེའི་དཀྱིལ་ཙམ་ནས་ཏཱ་ལའི་བླ་མ་ཡང་མ་བྲིས་པར་བླ་མ་ཞེས་བྲིས་ཡོད།
ཁྱེད་ཀྱིས་བསམ་བློ་ཞིག་ཐོངས་དང་། འབྲི་སྟངས་འདི་བོད་པ་ཞིག་དང་། ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་འཚར་ལོངས་བྱུང་བའི་མི་སྣ་ཞིག་གི་འབྲི་སྟངས་རེད་དམ། ཁྱི་རྒན་ཞིག་ཡིན་ཀྱང་རང་གི་བདག་པོར་དགའ་ཞེན་དང་གཅེས་སེམས་ཡོད་པ་རེད། འོན་ཀྱང་བློ་སེང་གིས་ཅི་ཞིག་གི་རྐྱེན་པས་དེ་ལྟར་མ་བྲིས་པ་ཡིན་ནམ། འདི་ནི་ཁ་དཔེར་འཛུགས་དུས་མེ་ཏོག་བཙུགས། །སྐྱེ་དུས་ཚེར་མ་སྐྱེས་ཞེས་པ་ལྟར་མ་ཡིན་ནམ།
གཅིག་བྱས་ན་རྩོམ་ཡིག་དེ་འབྲི་དུས་སློབ་སྟོན་ཞུ་སའི་གྲས་སུ་རྒྱུན་པར་༸གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་འཇམ་དབྱངས་ནོར་བུ་འདུག་པས་ཁོས་ལམ་སྟོན་བྱས་པ་ཡིན་གྱི་རེད། ཡང་གཅིག་བྱས་ན་དུས་སྐབས་དེར་བློ་སེང་བཙན་བྱོལ་གཞུང་དང་འབྲེལ་བ་དེ་ཙམ་མེད་པ་མ་ཟད་རྒྱ་ནག་སོགས་སུ་འགྲོ་རྩིས་ཡོད་སྟབས། སྐབས་འཚོལ་རིང་ལུགས་པའི་བྱ་སྤྱོད་ནི་རའི་སར་རའི་སྐད་དང་ལུག་གི་སར་ལུག་གི་སྐད་རྒྱག་གི་ཡོད་སྟབས། དེའི་དབང་གིས་མ་བྲིས་པ་ཡིན་སྲིད། འོན་ཀྱང་ཕྱི་ལོ་ ༢༠༡༡ ལོར་བོད་པ་ཚོས་བོང་བུས་གཟིག་ལྤགས་གྱོན་པ་མ་མཐོང་བར་འོས་ཤོག་བླུགས་ཏེ་སྲིད་སྐྱོང་ཐོབ་རྗེས་སུ་ཅིའི་ཕྱིར་ཨ་རིའི་དོན་གཅོད་ཁང་གི་༸གོང་ས་མཆོག་གི་སྐུ་པར་གྱི་ཚབ་ཏུ་རང་ཉིད་ཀྱི་པར་བཞག་པ་ཡིན་ནམ། འདི་སྲིད་སྐྱོང་གི་ཁང་པའི་སྦྱིན་བདག་རྒྱ་མི་ཕྱུག་བདག་དེས་ལམ་སྟོན་བྱས་པ་ནི་ཡིན་གྱི་མ་རེད།
གང་ལྟར་སྲིད་སྐྱོང་འདི་ཕྱི་ནས་༸གོང་ས་མཆོག་ལ་དད་པ་ཆེ་མདོག་སྟོན་ཁུལ་བྱེད་པ་ལས་ནང་སེམས་ཀྱི་གཏིང་ན་ཤེས་ནས་ཐོབ་པའི་དད་པ་ལྟ་ཞོག དང་བའི་དད་པ་ཙམ་ཡང་ཡོད་མེད་ཐེ་ཚོམ་གྱི་གནས་སུ་གྱུར་འདུག ཁྱེད་ཚོས་གཅིག་ལྟོས་དང་། དོལ་རྒྱལ་ཚོགས་པས་ད་ལྟའི་སྲིད་སྐྱོང་ལ་རྒྱབ་སྐྱོར་ཡོད་པའི་རྣམ་པ་བསྟན་མི་འདུག་གམ། འདིས་གང་ཞིག་མཚོན་གྱི་ཡོད་དམ་ཞེ་ན། དོལ་རྒྱལ་ཚོགས་པས་༸གོང་ས་མཆོག་གི་སྐུ་ཕྱཱར་ཉེན་ཁ་བཟོ་རྩིས་བྱས་ཀྱང་སྲིད་སྐྱོང་གིས་སྣང་མེད་དུ་རྒྱ་ཡན་དུ་གཏོང་གི་ཡོད་པ་མཚོན་གྱི་ཡོད།
མདོར་ན་ད་ལྟའི་སྲིད་སྐྱོང་གིས་༸གོང་ས་མཆོག་ཐུགས་བདེར་བཞུགས་རྒྱུའི་ཚབ་ཏུ་མཛད་དཀའ་ཇེ་ཆེར་བཟོས་ཡོད། དེའི་རྒྱུ་མཚན་ནི་ཕྱོགས་གཅིག་ནས་དོལ་རྒྱལ་དང་འབྲེལ་བའི་གནས་ཚུལ་དང་། ཕྱོགས་གཞན་ཞིག་ནས་སྲིད་སྐྱོང་གིས་ང་ཚོར་རྒྱལ་ཁབ་ཡོད་མྱོང་མེད་ཚུལ་དང་། བོད་ནང་དམངས་གཙོའི་དགོས་འདུན་འདོན་གྱི་མེད་ཚུལ་སོགས་ཀྱིས་མཚོན་དབུ་མའི་ལམ་གྱི་ལྟ་གྲུབ་འགྲེལ་བཤད་ཁ་གསལ་པོ་ཞིག་རྒྱག་མི་ཐུབ་པའི་ཉེར་ལེན་ལ་བརྟེན་ནས་ ༸གོང་ས་མཆོག་ནས་ཆབ་སྲིད་སྐུ་དབང་མཚམས་འཇོག་གནང་བའི་རྗེས་སུ་ཡང་ཡུལ་ལུང་དུ་མར་དབུ་མའི་ལམ་གྱི་སྐོར་ལ་བཀའ་སློབ་གནང་དགོས་བྱུང་ཡོད་ལ། ཌ་ལ་ཧའོ་སེ་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་སྐབས། ༸གོང་ས་མཆོག་ནས་ཞལ་ཤོབ་དང་འབྲེལ་ནས་ངའི་དབུ་མའི་ལམ་འདི་ལྷག་བསམ་རྣམ་དག་ཡིན། སྲིད་སྐྱོང་གི་དབུ་མའི་ལམ་དེ་གང་ཤེས་ཞེས་གསུངས་ཡོད། ༸གོང་ས་མཆོག་གིས་ཞལ་ཤོབ་དང་འབྲེལ་ནས་གསུངས་པ་འདིས་སྲིད་སྐྱོང་གིས་དབུ་མའི་ལམ་ལ་མཇུག་བསྣོན་ཚད་དང་ལྡན་པ་ཞིག་ཡོང་གི་མེད་པ་གསལ་པོ་རེད།
དེས་ན་༸གོང་ས་མཆོག་ཐུགས་བདེར་བཞུགས་རྒྱུའི་ཚབ་ཏུ་མཛད་དཀའ་བཟོ་གཞིར་གྱུར་པའི་བློ་སེང་ད་དུང་མུ་མཐུད་སྲིད་སྐྱོང་ལ་བདམས་པ་ཡིན་ན། འདི་ནི་ཕྱོགས་རིས་ཀྱིས་བློ་མིག་བསྒྲིབས་ཏེ་ཕྱོགས་མང་པོའི་གནས་ཚུལ་ལ་རྒྱུས་ལོན་དང་ཤེས་རྟོགས་མ་ཐུབ་པའི་ཉེར་ལེན་ལས་བྱུང་བ་ཞིག་ལས། ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་རྒྱུས་ལོན་དང་ཞིབ་འཇུག་གཏིང་ཟབ་བྱས་པའི་འབྲས་བུ་ཞིག་གཏན་ནས་མིན་ནོ། །
དང་པོ་ཁྱེད་རང་གི་མིང་ངོ་མ་བཀོད་རོགས་གནང་དེ་ནས་བདེན་དཔང་ཡོད་ན་ཐུགས་ས་དགའ་ལྡན་ཕོ་བྲང་གི་མཛད་གཙོ་དྲུངཆེ་རྣམ་པ་ཚོ་རེད་འདུག་ན་མི་མང་
གི་ལྷིང་འཇག་ལ་གཟིགས་ནས་དངོས་ཡོད་སུ་བདེན་གསལ་བཤད་མ་ཕེབས་ན་སྲིད་སྐྱོང་གི་འོས་བསྡུ་གནས་སྐབས་ཕྱི་འགྱངས་གནང་དགོས་པ་ནི་བཙན་བྱོལ་བོད་མིའི་བདེ་འཇག་ལ་དགའ་ལྡན་ཕོ་བྲང་དང་བཀའ་ཤག་བོད་མི་མང་སྤྱི་འཐུས་བཅས་ནས་དགོང་པ་གཏིང་ཟབ་བཞེས་དགོས་པ་མ་རེད་དམ་།
བོད་ཀྱི་གཞོན་སྐྱེས་ཀྱི་རང་ལས་མེར་སྲེགས་གནང་། སྲིད་སྐྱོང་ནས་གསུང་གཞས། སྙིང་རེ་རྗེ། འདི་འདྲའི་སྲིད་སྐྱོང་ང་ཚོ་ལ་མི་དགོས།
ཁྱོག་པའི་ཤིང་དེ་བསྲངས་ན་ཡང་། །རླན་དང་འཕྲད་ཚེ་ཡ་ཡོར་འགྱུར། །རང་བཞིན་ངན་པ་བཅོས་ན་ཡང་། །རྐྱེན་དང་འཕྲད་ཚེ་རང་མཚང་འདོན། །བློ་སེང་ལགས་།ད་ཚར་སོང་ཡ།
ཕྱི་ལོ་༢༠༡༦ ཟླ་༢ ཚེས་༢༩ ཉིན་གཞིས་སྡོད་ཁམས་ཉག་རོང་རྫོང་ཨརྱ་གླིང་དགོན་པའི་གྲྭ་སྐལ་བཟང་དབང་འདུས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སོང་བ་དང་། བྱེས་བཞུགས་རྒྱལ་གཅེས་དཔའ་བོ་རྡོ་རྗེ་ཚེ་རིང་ལགས་ཤི་གསོན་ངེས་མེད་ངང་སྨན་ཁང་དུ་སྡོད་མུས་ཀྱི་སྐབས་ཏེ། ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢ ཉིན་སྲིད་སྐྱོང་བློ་བཟང་སེང་གེ་རང་ཉིད་ཀྱི་འོས་ཤོག་ཆེད་ལྷོ་ཕྱོགས་མོན་གྷོ་གཞིས་ཆགས་སུ་ཕྱིན་ཏེ། རྒྱལ་གཅེས་དཔའ་བོ་འདི་གཉིས་དང་ནང་མི་སྤུན་མཆེད་ཀྱི་སྡུག་བསྔལ་མཐའ་དག་གཏིང་བརྗེད་དུ་གྱུར་ཏེ་མང་ཚོགས་འགའ་ཞིག་དང་མཉམ་དུ་ ༼གསུང་དང་ལད་མོ་གསུང་༽ཞེས་པའི་གཞས་འདི་སྐད་གསེང་ཐོན་པོས་བཏང་ཡོད་པ་མ་ཟད། གཡས་གཡོན་རྣམས་ལ་སྐད་ཤུགས་ཆེ་རུ་གཏོང་དགོས་པའི་ལག་གི་སྐུལ་བརྡ་ཡང་བྱས་ཡོད།
བློ་བཟང་སེང་གེ་ལགས།ཁྱོད་རང་ཉིད་ཀྱི་འོས་ཤོག་ཆེད་རྐྱང་རྐྱང་གི་ཆེད་རྒྱལ་གཅེས་དཔའ་བོ་འདི་གཉིས་དང་ནང་མི་སྤུན་མཆེད་ཀྱི་སྡུག་བསྔལ་མཐའ་དག་གཏིང་བརྗེད་དུ་གྱུར་ཏེ་མང་ཚོགས་དང་མཉམ་དུ་ ༼གསུང་དང་ལད་མོ་གསུང་༽ཞེས་པའི་གཞས་སྐད་གསེང་ཐོན་པོས་བཏང་བ་ནི་གཞིས་བཞུགས་བོད་མི་ལ་བཅངས་བའི་བརྩེ་སེམས་ཆེན་དེ་ཡིན་ནམ།
གནད་འགག་ཅན་ཞིག་བྲིས་འདུག །བླ་རྒན་རྩིབ་རི་རྒོད་ཕྲུག་གིས།
ཞིབ་འཇུག་པ་ཟེར་ན་དེ་འདྲ་དགོས་ཀྱི་ཡོད་པ་རེད་། སྐུ་ཉིད་ནས་བྲིས་པའི་རྣམ་ཐར་དེ་སྔོན་གླེང་ལྟ་བུ་ཞིག་རེད་
བློ་སེང་གིས་རྒྱ་ནག་གཞུང་གི་སོ་མྱུལ་བེུད་སོགས་དང་འབྲེལ་བ་ཡོད་པའི་སྐོར་དབྱིན་ཡིག་ནང་ཁུངས་ལྡན་གནས་ཚུལ་མང་པོ་ཡོད་པ་རེད་།
བདེན་རྫུན་ར་སྤྲོད་ཡག་པོ་གནང་འདུག་་ཐུགས་རྗེ་ཆེ་།
ཇུང་ཏོག་།
དང་པོ་ཁྱེད་རང་གི་མིང་ངོ་མ་བཀོད་དང་དེ་ནས་མི་ལ་ལབ་ན་ཡག་པོ་ཡོག་རེད་། གང་ལྟར་ཡང་རྣམ་ཐར་དེ་གློག་པ་ཙམ་གྱིས་བསྔགས་བརྗོད་ཡོད་། ཡིད་ཆེས་བྱས་དང་མ་བྱས་སོ་སོའི་འདོད་པ་རེད་།
བོད་སྤྱི་པའི་རྩ་དོན་ལ་མི་ཚེ་ཧྲིལ་པོ་སྐུ་ལས་བསྐྱོན་མཁན་གྱི་དགེ་རྒན་ཞིག་གིས་དེ་སྔ་སྲིད་སྐྱོང་འོས་བསྡུའི་ནང་བློ་སེང་ལ་འོས་ཤོག་འཕེན་པ་ཡིན་ ད་ཆ་ཡང་བསྐྱར་མི་དེ་སླེབས་པ་ཡིན་ན་རྒས་པོ་བློ་བདེ་པོ་བྱེད་ནས་འཆི་བཅུག་ས་མ་རེད་། ད་བར་མི་བཟང་ངན་ཡག་སྡུག་མང་པོ་མཐོང་མྱོང་། ཡིན་ནའི་ཁོང་ལས་མ་རབས་ཚ་བ་ཞིག་མཐོང་མྱོང་མེད་ཅེས་གསུངས་ཀྱི་ཡོད་། དེ་དངོས་ཡོད་གནས་ཚུལ་གྱི་ཆ་ཤས་གཅིག་རེད་། འོས་ཤོག་གཅིག་ཉུང་དུ་ཕྱིན་པ་དང་དེ་བས་རིན་ཆེ་བ་ནི་སྤྱི་ཚོགས་ཁྲོད་སོ་སོའི་ཆེས་མཐོང་མེད་པ་འགྱུར་བ་དེ་རེད་།
གནམ་འོག་གི་མི་སུ་ཡིན་ནའང་ནོར་བ་འགྲིག་བ་ཡོད་པ་རེད། མྱི་ནོར་མེད་འཛམ་བུ་གླིང་ན་མེད་ཟེར་བའི་གནའ་དཔེ་ཡོད། བློ་སེང་གིས་འོས་ཤོག་བྱ་འགུལ་དེ་མི་སྐྱོན་བསམ། རྒྱུ་མཚན་ཅི་ཡིན་ཞེ་ན། སྲིད་སྐྱོང་ཁོང་གི་ཡིད་སེམས་ན་བོད་མི་དམངས་མེད་ཟེར་བ་སུས་ཀྱང་ཡིད་ཆེས་དཀའ་བ་ཡིན། སྐྱོན་ཞིག་ནི་ཁོང་གིས་དུས་འདིར་དམིགས་བསལ་གྱི་བྱ་འགུལ་དེ་སྤེལ་བ་འཐུན་པ་འཐུན་ཆུང་ཞིག་མ་རེད། བོད་ལ་མཐུན་སྒྲིལ་དགོས། གུས་བའང་བློ་སེང་ལ་མི་དགའ། འོན་ཀྱང་ཁོང་གི་འཇོན་ཐང་ལ་ཁེས་ལེན་ནུ་རེད། བོད་རྒྱལ་ཁབ་ཀྱི་ཆེད་ཁོང་ལ་རྒྱབ་སྐྱོབ་བྱེད་དགོས། འདི་ལ་མིག་རྒྱང་རིང་དགོས།
འདི་ཁ་བརྡ་རེད།་ཁྱོད་ཚོས་འདི་ནས་ཅི་བཤད་ཀྱང་ཆེན་པོ་ཞིག་ཁྱབ་མི་ཐུབ་ལ་ཁྱབ་ས་དེ་ནས་ཀྱང་ཉོག་རྩོམ་འདི་འདྲ་ལ་ཡིད་ཆས་སུས་བྱེད་ཀྱིན་རེད། འོས་མི་གཉིས་དངོས་སུ་མི་མང་སར་བཅར་ནས་བཤད་པ་དེ་ལས་ལྷག་ཅིག་ཁྱོད་ཚོས་གཏན་ནས་མི་ཤོད། མ་གཞི་འོས་ཆོས་གང་ཞིག་འའདེམས་སྒྲིག་བྱས་ཡོད། ང་ཚོའི་དབུ་ཁྲིད་འདེམས་བཞིན་ཡོད་པ་རེད། ང་ཚོས་སྐུ་ཚབ་འདེམ་བཞིན་ཡོད་པ་རེད། དེ་འདྲ་བ་དེ་ལ་ནུས་པ་ཅི་ཞུག་འདུག རེ་བ་གང་འདྲ་ཞིག་བྱས་ན་ཆོག་ས་རེད། མདོར་ན་སྲིད་འབྱོར་རིག་གསུམ་གང་གི་ཐད་ནས་བལྟས་ཀྱང་ནུས་པ་གང་འདྲ་འདུག འདི་ལྟར་བལྟ་དགོས་པ་མ་ཡིན་ནམ། ཆོལ་ཁུངས་གང་ནས་ཡིན་ནམ། ཤོག་ཁ་ཅི་ཙམ་འདུག་གམ་ ཤ་མདོག་གང་འདྲ་འདུག་གམ་སོགས་མདོར་ན་སྲིད་སྐྱོང་ཡིན་པའི་ལས་དོན་ལ་འབྲེལ་བ་མེད་པ་དག་དག་འདི་ན་བྲིས་ཀྱང་ངལ་བ་འབྲ་མེད། ཀྲུང་གཞུང་དགའ་བཅུགས་པ་མ་རེད་དམ། ང་ཚོས་སྲིད་སྐྱོང་བལྟ་བཞིན་ཡོད་པ་མ་གཏོགས་སངས་རྒྱས་དང་བྱང་སེམས་སུ་ཡིན་འདེམ་བཞིན་མེད་པ། དེ་མེད་པས་སྐྱོན་ཡེ་ནས་མེད་པ་བཙལ་ཐབས་མེད། གཉིས་ཀ་ལ་སྐྱན་ཆ་ཡོད་རེད་ལ། ཡོན་ཏན་ཡོད་རེད། ཁས་མ་བླངས་རང་བླངས་རེད། གལ་ཏེ་ཁྱོད་ཀྱིས་ངེས་པར་དུ་དཀོན་མཆོག་དཔང་བཞག་གིས་འོས་ཤོག་ཅིག་འཕེན་འདོད་ན་མ་མཐའ་ཡང་ཀུན་སློང་ལ་སྐྱོན་མེད་པ་ཞིག་དགོས་པ་འོས་འཕེན་མཁན་ཞིག་གི་མ་མཐའི་ཆ་རྐྱེན་རེད། རབ་ཏུ་བྱུང་ན་འོས་མི་གང་དེས་ལས་ཀ་གང་ལས་འདུག། ནུས་པ་ཅི་ཐོན་འདུག ལས་བྱེད་སྔོན་མས་མ་འཇོན་པའམ་མ་བྱས་པ་གང་བྱས་འདུག གྲོས་ཚོགས་སུ་དྲིས་ལན་གང་འདྲ་གནང་འདུག ཡང་ན་གྲོས་ཚོགས་སུ་འགན་གང་འདྲ་ཁུར་འདུག་སོགས་ཞུབ་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་དང་འགྲོ་ལུགས་སོགས་ཤེས་སུ་བཅུགས་ནས་དེ་ནས་འོས་འདེམ་བྱེད་ཚེ་ད་གཟོད་རང་གིས་འདེམ་པ་དེ་དཔྱད་པའི་བློ་མིག་གིས་དྲངས་ནས་འདེམས་པ་ཡིན་པས་ཕྱིས་སུ་འགྱོད་དགོས་པའི་གནས་སུ་མི་ལྷུང་བར་གཏན་ཁེལ་རེད་ཅེས་ཚིག་ཐག་བཅད་དེ་བཤད་ཐུབ།
ལས་ཀ་ནོར་འཁྲུལ་ཡོད་ཆོག་གི་རེད་ཡིན་ན་ཡང་ནོར་འཁྲུལ་དེས་རྐྱེན་པས་བོད་མིའི་བསྒྲིགས་འཛུགས་ལ་སྐྱོན་ཅི་ཙམ་བཟོས་འདུག་ཞིབ་ཏུ་བལྟ་དགོས་པ་མ་གཏོགས་ནོར་འཁྲུལ་ཞིག་གཏན་ནས་ཡོང་མི་ཆོག་པ་དང་ཡོང་ཚར་བ་དེ་སྐྱོན་ཆེ་ཆུང་ཅི་འདྲ་ཡིན་ཡང་ནོར་འཁྲུལ་བྱེད་མཁན་དེ་གདོད་ནས་ནག་པོ་རུ་ལྟ་དགོས་པ་རེད་དམ། ཧ་ཧ་ཧ མ་གཞི་མི་ནི་ཁྲ་ཁྲ་ཞིག་རེད། སྐྱོན་ཡོན་གཉིས་ཀྱི་གང་བུ་ཞིག་རེད། སྐྱོན་མང་པོ་བཙལ་ན་མང་པོ་མཐོང་གི་རེད། དཔེར་ན་ལྷས་སྦྱིན་གྱིས་སྟོན་པ་ཡང་སྐྱོན་གྱི་གང་བུ་ཞིག་ཏུ་མཐོང་བ་དང་། དོལ་ཚོགས་ཀྱིས་གོང་ས་མཆོག་ཞིང་བཅུ་ཚང་བའི་དགྲ་བོར་མཐོང་བ་རེད། དེ་དག་ཚང་མ་བཙལ་ནས་མཐོང་བ་མ་གཏོགས་རང་ཆས་སུ་མཐོང་ཡོང་བ་ཡིན་ན་དད་པ་ཡོད་མེད་ཚང་མས་མཐོང་ཆོག་གི་རེད་རེད་བ། སོམས་དང་། དུས་དབ་སྐོར་དེ་དཔལ་ལྡན་ཚོགས་གཙོས་བཤད་པ་དེ་གསལ་ཁ་དོད་པོ་འདུག་ལ། བཀའ་ཤག་དང་དགའ་ལྡན་ཕོ་བྲང་གི་གསལ་བསྒྲགས་དེ་ཡང་མཉམ་དུ་མ་ཁུར་ཐབས་མེད་ཅིག་རེད་བསམ་བྱུང་། དེ་བཞིན་སོག་པོར་དུས་དབང་དང་། ཕྱི་རྒལ་ཡི་གྲུ་ཁག་གཞན་པ་དག་ཏུ་ཡང་གསུང་ཆོས་ཕྱིར་འཐེན་དགོས་དོན་ག་རེ་ཡིན་ནམ། ལྷག་པར་དུ་གོང་ས་མཆོག་གིས་དོད་དག་ཆུང་ཆུང་དེ་འདྲ་ཞིག་ལ་ཐུགས་ཀྱིས་གཙོད་ཀྱི་རེད་བ། འདི་དག་བསམ་ན་མགོ་སྷད་དེ་ཉོག་གི་འདུག
ངའི་འོས་ཤོག་ནི་་བོད་རྒྱ་ཞི་མོལ་གྱི་འབྲེལ་ལམ་བསྐྱར་འཛུགས་བྱེད་ཐུབ་མཁན་ཞིག་ལ་མ་གཏོགས་བླུགས་རྩིས་མེད།
འདི་གལ་ཆེན་པོ་ཞིག་ཏུ་མཐོང་གི་ཡོད།
ད་མང་པོ་བཤད་རྒྱུ་དང་རྒྱབ་སྐྱོར་ཇི་ཙམ་བྱས་ཕན་ལེ་
མ་རེད་ཕྱི་རྒྱལ་སྐྱེ་དམན་དེ་དང་ཕྱི་དྲིལ་བཀའ་བློན་གཉིས་ནས་རྫུན་རྐུབ་བཏོལ་རྒྱུ་རིན་པ་ཐག་ཆོད་དེ་དུ་ཕྱོགས་གཏོགས་རྒྱབ་སྐྱོར་ཚོའི་ནཙ་ཡང་ཕན་ལེ་མ་རེད་དོ་ད་ཉི་མ་གྲངས་རྒྱབ་ནས་སྡོད་རོགས་གནང་།
ལྷ་ས་ནོར་བུའི་གླིང་ལ།།
ནོར་བུ་མི་འདུག་མ་གསུངས།།
ཇོ་ཤག་ཡིད་བཞིན་ནོར་བུ།།
ནོར་བུ་མིན་ན་གང་རེད།། ཅེས་པའི་ནོར་བུ་ཏེ་ཁྱོད་བློ་བཟང་སེང་གེ་མིན་ན།
བློ་བཟང་སེང་གེའི་ལོ་བཞི་དང་ཕྱེད་རིང་གི་ལས་འབྲས་བོད་རྒྱ་ཞི་མོལ་གྱི་འབྲེལ་ལམ་བསྐྱར་འཛུགས་བྱེད་ཐུབ་མིན་གསལ་པོ་མཚོན་འདུག།དཐམི་རིགས་གྱི་ཞབས་འདྲེནའདི་དག་ཤར་འཕེན་རེན་རེད་ཡ།
དགག་ལན་དྲྭ་འབུའི་ངར་སྐད་བཞུགས་སོ།།
་
ལྐོག་རུལ་ཝ་སྐྱེས་སྐད་ངན་ཤོར་བ་བཟོ་མཁན་སྲིད་སྐྱོང་བློ་སེང་མཆོག
་
༸གོང་ས་མཆོག་གི་བཀའ་དྲིན། བོད་གཞུང་གི་བཀའ་དྲིན་དང་། ཕ་མའི་བཀའ་དྲིན་ལ་བརྟེན་ནས།གཞན་བྱས་དེ་དག་ལ་བརྟེན་ནས་ང་རང་སྒོ་ཐོན་པ་ཡིན་ཟེར་མཁན་གྱི་སྲིད་སྐྱོང་བློ་སེང་མཆོག
་
རྒྱ་གཞུང་གིས། བདེན་དོན་ས་འོག་ཏུ་སྦས་པ་དེ་བློ་སེང་མཆོག་གིས། ཛམ་གླིང་ཡུལ་ལུང་ཀུན་དུ་ཕྱི་གསལ་ནང་གསལ་བྱས་པའི་སྲིད་སྐྱོང་བློ་སེང་མཆོག
་
ལས་བྱེད་རྙིང་པ་འུ་ཐུག་དུས་གཞོན་སྐྱེས་ཕོ་གསར་ལོ་ཆུང་ངས་སྲིད་སྐྱོང་གི་འགན་འཁྱེར་ཐུབ་ཟེར་མཁན་གྱིས། སྲིད་སྐྱོང་བློ་སེང་མཆོག
་
བདེ་སྐྱིད་ཆོས་དབྱངས་སོགས་ཀྱིས། ཆང་ལན་ཆུ་ཡིས་འཇལ་ཡང་སྲིད་སྐྱོང་གིས་ལས་འགན་འཁུར་བའི་ཐོག་ལ། ད་དུང་ལན་གཉིས་པའི་སྲིད་སྟགས་སུ་འཛེགས་པར་ངེས་པའི་སྲིད་སྐྱོང་བློ་སེང་མཆོག
་
ཀརྡོས་རྒྱབ་སྐྱོར་བྱས་པའོ།།
སྲིད་སྐྱོང་བློ་བཟང་སེང་གེ།།
སེང་གེ་དངོས་རེད་བསམ་བྱུང་།།
ཤོག་བུའི་སེང་གེ་ཡིན་པ།།
ད་ལོ་མ་གཏོགས་མ་ཤེས།།
ཐོག་མ་སྲིད་སྐྱོང་བློ་སངས།།
ཀུན་གྱིས་བསྟོད་གླུ་ལྷང་ལྷང་།།
ཐ་མ་འོས་མི་བློ་སངས།།
སྐྱོན་བརྗོད་འབྲུག་སྒྲ་ལྡིར་ལྡིར།།
བློ་སེང་གི་རྒྱུག་ཁྱི་ཀརྡོ་གཉེར་ཕྱག་པ་ལགས།ཁྱི་ཁ་ཟུམ་ན་སྡོད་དང་།
སྲིད་སྐྱོང་འདི་ཕྱི་ནས་༸གོང་ས་མཆོག་ལ་དད་པ་ཆེ་མདོག་སྟོན་ཁུལ་བྱེད་པ་ལས་ནང་སེམས་ཀྱི་གཏིང་ན་ཤེས་ནས་ཐོབ་པའི་དད་པ་ལྟ་ཞོག དང་བའི་དད་པ་ཙམ་ཡང་ཡོད་མེད་ཐེ་ཚོམ་གྱི་གནས་སུ་གྱུར་འདུག
བློ་སེང་གིས་རྫུན་བཤད་པ་མང་དྲག་ནས་ད་ནས་ཅི་ལྟར་བདེན་པ་བཤད་ཀྱང་རྫུན་རེད་བསམ་ཡོད། དེ་ནས་གཤམ་གསལ་འདི་བདེན་པ་ཡིན།
Benjamin Wey, Founder and President of New York Global Group, Arrested and Charged in Manhattan Federal Court for Securities Fraud Arising Out of Fraudulent Reverse Merger Scheme Involving Chinese Companies
Twitter Facebook
Benjamin Wey, Founder and President of New York Global Group, Arrested and Charged in Manhattan Federal Court for Securities Fraud Arising Out of Fraudulent Reverse Merger Scheme Involving Chinese Companies
Charges Also Unsealed Against a Geneva-Based Banker, Who Remains at Large
U.S. Attorney’s Office
September 10, 2015
Southern District of New York
(212) 637-2600
Preet Bharara, the United States Attorney for the Southern District of New York, and Diego Rodriguez, the Assistant Director-in-Charge of the New York Field Office of the Federal Bureau of Investigation (“FBI”), announced the unsealing of an Indictment against BENJAMIN WEY and his Geneva-based banker, SEREF DOGAN ERBEK, charging them with conspiracy, securities fraud, wire fraud, and other charges stemming from WEY’s scheme to obtain and conceal his beneficial ownership interest in publicly trading companies through so-called “reverse merger” transactions between Chinese companies and U.S. shell companies, and then to reap tens of millions of dollars of illegal profit by manipulating the companies’ stock prices. WEY was arrested this morning at his home in Manhattan and is expected to be presented today in federal court in Manhattan before United States Magistrate Judge Frank Maas. ERBEK remains at large.
In a separate action, the U.S. Securities and Exchange Commission (“SEC”) announced civil charges against WEY and ERBEK, among others.
U.S. Attorney Preet Bharara said: “Ben Wey fashioned himself a master of industry, but as alleged, he was merely a master of manipulation. The indictment charges that Wey used reverse merger transactions between Chinese companies and U.S. shell companies to illegally conceal his ownership interest and then, with the help of his alleged co-conspirator, manipulated the market so that he could sell his interest at artificially inflated prices. As alleged, in making tens of millions in illicit profit, Wey refused to let the securities laws or the rules of a fair marketplace get in the way of his dishonest scheme.”
FBI Assistant Director-in-Charge Diego Rodriguez said: “The illegal manipulation of stock prices causes significant losses for innocent investors and creates sizeable profits for fraudsters. Wey and Erbek allegedly falsified the true sales volume, demand, and price of stocks in the over-the-counter marketplace through a series of reverse merger transactions involving shell companies. They are believed to have profited in the tens of millions, while victim shareholders were left holding the bill. The FBI and our partners will continue to investigate and prosecute those who cheat the system in this way.”
According to the eight-count Indictment unsealed today in Manhattan federal court1:
Among other fraudulent and illicit conduct, WEY engineered reverse mergers between Chinese operating companies and publicly traded U.S. shell companies designed to give WEY significant undisclosed ownership in the resulting publicly trading entities, in violation of U.S. securities laws. Specifically, WEY caused entities controlled by a sibling and other nominees to obtain large portions of the shares of certain U.S. shell companies trading over the counter. WEY then identified various Chinese operating companies that wanted to raise capital in the U.S. markets. WEY, through his company, New York Global Group (“NYGG”), facilitated the Chinese companies’ reverse mergers with the U.S. shell companies in which WEY, through his nominees, secretly held significant ownership interest. Not only did WEY defraud the investing public by failing to disclose, as required under the securities laws, his beneficial ownership of more than five percent of the stock of the new companies, but he then manipulated the market price and demand for the shares in these companies, resulting in tens of millions of dollars of undisclosed and illicit profit.
Reverse Merger Scheme That Illegally Hid Ownership Interest
WEY caused certain entities (the “Nominee Entities”) that were owned or otherwise associated with a sibling of WEY’s (“Wey’s Sibling”), certain other members of WEY’s extended family, and employees of an NYGG entity located in Beijing, China, NYGG-Asia (collectively, the “Nominee Owners” and, together with the Nominee Entities, the “Nominees”), to obtain a substantial portion of the shares of certain U.S. shell companies (the “Shell Companies”) that were trading on the National Association of Securities Dealers’ Over-the-Counter Bulletin Board, a regulated quotation service that displays real-time quotes, last-sale prices, and volume information for certain over-the-counter securities.
Although records associated with the Nominee Entities, all of which were incorporated offshore, identify certain of the Nominee Owners as the sole shareholders, directors, and/or signatories of the Nominee Entities, in fact, and unbeknownst to the investing public, WEY actually controlled the Nominee Entities. In executing the scheme to defraud, WEY routinely directed ERBEK, who knew of WEY’s control over the Nominees and knew of the securities laws’ requirements for disclosing beneficial ownership interest of over five percent, to conduct stock trading for accounts held in the names of the Nominees.
In addition, WEY, through NYGG-Asia, identified various Chinese operating companies (the “Operating Companies”) that wanted to raise capital in the U.S. markets, and offered NYGG’s services in facilitating reverse merger transactions for the purpose of gaining access to those capital markets. WEY intentionally caused the Operating Companies to merge with the particular Shell Companies in which WEY, through the Nominees, held significant, illegally undisclosed ownership stakes. The companies that resulted from these reverse merger transactions were SmartHeat, Inc.; Deer Consumer Products, Inc.; and CleanTech Innovations, Inc. (the “Issuers”).
As a further part of the conspiracy and scheme to defraud, WEY caused the Nominees to continue to retain undisclosed control of more than five percent of the shares of each of the Issuers—shares originally of the Shell Companies that, by virtue of the reverse merger transactions, became shares of the Issuers. Although WEY was required by federal securities laws to report his beneficial ownership in the Issuers, he deliberately did not. In fact, to further obscure from the investing public the extent to which he owned and exercised control over Issuers’ stock, and with ERBEK’s knowledge and assistance, WEY purposefully caused the Nominees’ holdings to be structured in such a way as to ensure that no single one of the Nominees held a greater than five percent beneficial ownership interest in any of the Issuers.
Manipulation of the Market for Shares of the Reverse Merger Companies
At the time that the Issuers emerged from reverse merger transactions, their common stock traded only in over-the-counter markets and in low volumes. The Issuers’ stock could not be sold in significant quantities in the open market until a liquid market developed and the shares traded on an exchange. To create liquidity so that WEY could profit from his scheme, WEY caused the Issuers’ management to apply for listings on the Nasdaq, which would increase market interest and liquidity in the Issuers’ securities. To satisfy Nasdaq’s requirement that an issuer have at least 300 “round-lot” shareholders—defined as shareholders owning at least 100 shares of common stock each—WEY deceptively caused shares of some of the Issuers to be transferred from certain of the Nominees to dozens of WEY’s friends, employees, and business associates, among others, as gifts or unsolicited bonuses in increments of 100 or more, thereby artificially inflating the number of shareholders in each of the Issuers.
Both before and after an Issuer became listed on Nasdaq, WEY and ERBEK caused the share price of its stock to be manipulated in various ways. For example, on multiple occasions, WEY caused two retail brokers located in Manhattan to solicit their customers to buy shares of common stock of the Issuers while those brokers simultaneously actively discouraged the sale of these stocks by their customers, so as to artificially maintain the stock price of each Issuer. Similarly, WEY explicitly instructed ERBEK to maintain the share prices of at least two Issuers’ stock held in certain of the Nominees’ accounts. For example, on or about February 7, 2011, WEY sent an e-mail to ERBEK stating, “Cleantech just traded at $4.50 per share. Please make sure the trader buys the stock at $5 per share, stay at $5 per share bid price, not less. Please make sure this happens right away.” ERBEK agreed to do so, but cautioned WEY, “Obviously, we need to be careful to give such orders/make such comments. I may explain it over the phone; please call me if you have time.” WEY also orchestrated match trades in the securities of the Issuers, for the purpose of manipulating the prices of those stocks.
At the same time that WEY and ERBEK were causing the share prices of the Issuers’ stock to be manipulated, WEY caused shares held in the name of Wey’s Sibling and other Nominees at brokerage accounts in the United States and overseas to be sold, thereby generating millions of dollars in proceeds at artificially inflated prices. WEY caused those proceeds to be transferred from accounts in the United States to accounts overseas, only to then send millions of dollars back to the United States for his own benefit. For example, more than $20 million in cash was transferred from a Hong Kong account in the name of Wey’s Sibling to bank accounts in the United States that WEY and/or WEY’s wife controlled.
* * *
WEY, 43, is charged with one count of conspiracy to commit securities fraud and wire fraud; two counts of securities fraud; one count of wire fraud; two counts of failure to disclose ownership in excess of five percent; and two counts of money laundering. Count One carries a maximum sentence of five years in prison. Counts Two and Four through Eight each carry a maximum sentence of 20 years in prison. Count Three carries a maximum sentence of 25 years in prison. The charges also carry a maximum fine of $5 million, or twice the gross gain or loss from the offense. ERBEK, 53, is charged with one count of conspiracy to commit securities fraud and wire fraud, which carries a maximum sentence of five years in prison; two counts of securities fraud, one of which carries a maximum sentence of 20 years in prison, the other of which carries a sentence of 25 years in prison; and one count of wire fraud, which carries a maximum sentence of 20 years in prison. The maximum potential sentences in this case are prescribed by Congress and are provided here for informational purposes only, as any sentencing of the defendants will be determined by the judge.
Mr. Bharara praised the work of the Federal Bureau of Investigation, and thanked the SEC for its assistance. He added that the investigation is continuing.
The charges were brought in connection with the President’s Financial Fraud Enforcement Task Force. The task force was established to wage an aggressive, coordinated and proactive effort to investigate and prosecute financial crimes. With more than 20 federal agencies, 94 U.S. attorneys’ offices, and state and local partners, it’s the broadest coalition of law enforcement, investigatory and regulatory agencies ever assembled to combat fraud. Since its formation, the task force has made great strides in facilitating increased investigation and prosecution of financial crimes; enhancing coordination and cooperation among federal, state and local authorities; addressing discrimination in the lending and financial markets; and conducting outreach to the public, victims, financial institutions and other organizations. Since fiscal year 2009, the Justice Department has filed over 18,000 financial fraud cases against more than 25,000 defendants. For more information on the task force, please visit http://www.StopFraud.gov.
This case is being handled by the Office’s Securities and Commodities Fraud Task Force. Assistant U.S. Attorneys Sarah Eddy McCallum, Andrew C. Adams, and Michael Ferrara are in charge of the prosecution.
The allegations contained in the Indictment are merely accusations, and the defendants are presumed innocent unless and until proven guilty.
15-235
Follow us on Twitter: @SDNYnews
1 As the introductory phrase signifies, the entirety of the text of the Indictment, and the description of the Indictment set forth herein, constitute only allegations, and every fact described should be treated as an allegation.
Follow the FBI’s New York Office on Twitter. Sign up for our e-mail alerts to receive the latest information from the FBI’s New York Office on breaking news, arrests, and fugitives.
This content has been reproduced from its original source.
Get FBI Updates
Submit a Tip on Crime/Terrorism
Site Map | A-Z Index
Contact Usclick to expand contents
About Usclick to expand contents
Most Wantedclick to expand contents
Newsclick to expand contents
Stats & Servicesclick to expand contents
Scams & Safetyclick to expand contents
Resources for: Law Enforcement | Intel Partners |Researchers/Students | Communities | Parents | Victims |Businesses
Follow Us On:
Accessibility | eRulemaking | Freedom of Information Act |Legal Notices | Legal Policies and Disclaimers | Links |Privacy Policy | USA.gov | White House | Español
View Desktop Version
FBI.gov is an official site of the U.S. Federal Government, U.S. Department of Justice
རང་གཞན་ཆེ་ཆུང་སུ་ཡིན་ན་་་དེང་སང་དོག་ཙམ་ནོར་འཁྲུལ་ཤོར་དུས་་གོང་ས་མཆོག་ལ་ཁག་བཀལ་བའི་གོམས་གཤིས་ངན་པ་ཞིག་ཡོད་ཡོད་པ་རེད། ད་དེ་འགྲིག་གི་མི་འདུག་ཟེར་ན་་་གོང་ས་མཆོག་ལ་ངོ་རྒོལ་བྱེད་གིན་འདུག་ཟེར་གི་རེད། ང་ཚོའི་ལས་སྟངས་ཏེ་རེད།
#17 གདོང་དམར ་ལགས་ཀྱིས་སྤེལ་དོན།:
March 6th, 2016 at 12:13 pm
བློ་སེང་གི་རྒྱུག་ཁྱི་ཀརྡོ་གཉེར་ཕྱག་པ་ལགས།ཁྱི་ཁ་ཟུམ་ན་སྡོད་དང་། ་་་་་་་་་
ལགས། ག་རེ་བྱས་ནས། ལགས། ཅིག་གསུངས་དང་། ལགས། !!!!!!!! ??????????
#17 གདོང་དམར ་ལགས།
གདོང་དམར་སྒང་ལ། ད་དུང་གདོང་ནག་མ་བྱུགས་ན་མི་ལེགས་སམ། ལགས།། །།
ཀ་རྡོ་གཉེར་ཕྱག་པ་ལགས་ད་དངོས་གནས་སྨྱོ་ལབ་རྒྱག་རྒྱུ་མང་དྲགས་མ་སོང་ངམ། གནད་ལུགས་ཡོད་པའི་སྐད་ཆ་ནི་ཚིག་གཅིག་མ་མཐོང་། སྒོ་ཁྱི་ཐོག་ཀར་བཞག་ན། ནམ་མཁའི་སྐར་མར་ཟུག་ཅེས་པ་དེ་ཁྱེད་རང་ཡི་་ས་རེད། མི་དེ་འདི་འདྲའི་ཐབས་སྐྱོ་བ་ལ།
ང་བློ་སེང་ལགས་ལ་རྒྱབ་སྐྱོར་བྱས་པ་ནང་བཞིན། ཁྱེད་རང་ཚོས་ཀྱང་ཚོགས་གཙོ་སྤེན་ཚེ་མཆོག་ལ་རྒྱབ་སྐྱོར་གང་ཐུབ་བྲིས་ཤོག དེ་མིན་ན། ཞི་ཅིང་ཕིན་ལ་རྒྱབ་སྒྱོར་གྱིས། དེ་མིན་ན་ཁ་ཁོག་བཙུམ་ནས་སྡོད་ཨ། ཧ་གོ་སོང་ངེ།།
ཀརྡོ་ཟེར་བའི་མིང་མཐོང་ཡོང་ན་སྙོབ་ཀྱི་འདུག ཕྱོགས་ཞེན་དུག་ཆུས་བཟིས་བའི་མི་འདི་ལ་ངོ་མ་ཧམ་པ་འདུག དྲང་པོ་བཤད་ན་རྫུན་རེད་ཟེར། ཧམ་པ་བཤད་པ་ན་བདེན་པ་རེད་ཟེར། གང་ལྟར་ཤོག་བུ་སེང་གེ་དང་འདི་གཉིས་རྐེ་ཐག་བརྒྱབ་ནས་ཧམ་བཤད་།རྫུན་བཤད་ཀྱི་ལུང་པ་ཞིག་ནང་གཏོང་དགོས་ཀྱི་འདུག
ཀརྡོ་ཕྱག་མ་ལག་ཁྱེར་ཁྱེད་རང་སྲིད་སྐྱོང་འོས་མི་སུར་རྒྱབ་སྐྱོར་བྱས་མ་བྱས་སོ་སོའི་འདོད་པ་རེད། ཡིན་ཀྱང་། ཁྱེད་རང་གིས་ག་དུས་ཡིན་རུང་ཁོག་ལ་དོལ་འདྲེ་ཞུགས་འདྲའི་སྐད་ཆ་ཐབས་སྐྱོ་བོ་འདི་འདྲ་བཤད་ནས་གུང་ཁྲན་གྱི་དམིགས་ཡུལ་སྒྲུབ་ཀྱིན་ཡོད་དམ། མི་ཚང་མས་ཁྱེད་རང་ལྟར་དཀྲུགས་བསྡད་ན་བོད་ལ་རེ་བ་མེད་ཐག་ཆོད་རེད།
ཀརྡོ་གཉེར་ཕྱག་པ། ཨ་མའི་བུ་དགའ་བོ། འུ་ཅག་མི་རིགས་འདི་ཡིད་ལ་ཚིག་ཆུད་དཀའ་བ། འཇིག་རྟེན་འདིའི་བྱ་དངོས་གསར་བ་དང་ལེན་དཀའ་བའི་མི་རིགས་ཐ་ཤལ་ཅིག་རེད། ཨ་རི་ནའང་འོས་འདེམས་བྱེད་ཀྱིན་ཡོད། ཕན་ཚུན་ལ་སྐྱོན་བརྗོད་ཀྱིན་ཡོད། དེ་ནི་དམངས་གཙོ་ལམ་ལུགས་འཐུས་ཚང་བའི་སྤྱི་ཚོགས་ཀྱི་རྟགས་རེད། ལྟོས་དང་།ད་ལྟ་བློ་སེང་གིས་སྤེན་ཚེ་སྐྱོན་ཅུང་ཙམ་བཤད་ནའང་ཁྲིམས་ནང་འགྲོ་དགོས་བར་ཐུགས་སོང་། གལ་སྲིད་བློ་སེང་གི་གསུངས་དག་ཁྲིམས་འགལ་ཡིན་ཚེ་བཙན་བྱོལ་དམངས་གཙོ་ཟེར་བ་ད་དུང་སྲོལ་རྒྱུན་གྱི་བསམ་བློས་བཙོན་འཇུག་བྱས་བའི་བྱིས་པ་ཆུང་ཆུང་ཞིག་ལས་སྨྲས་མ་འཆོས།
ངོ་མ་གནད་ལ་འཁེལ་བ་ཞིབ་འཇུག་གནང་འདུག རྩིབས་རི་རྒོད་ཕྲུག་ལགས་ཐུགས་རྗེ་ཆེ།
ཀརྡོ་གཉེར་ཕྱག་པ་ལགས
ཁྱེད་ཀྱིས་མི་དང་ཁྱི་ཡིས་ཁྱད་པར་མི་ཤེས་པར་གཏམ་མྱོག་གང་མང་བཤད།
མི་རྫིན་ཁྱོད་ཀྱིས་མིག་ཕྱེ་ནས་གསལ་བོར་བལྟས་ཤིག
བློ་སེང་འདི་འདྲའི་མི་སྐྱག་རྫིན་ལ་རྒྱབ་སྐྱོར་བྱས་པ་ནོར་འདུག
བློ་སེང་ལ་བལྟས་ན་སྤེན་ཚེ་མི་ཡག་པོ་ཡིན་འདུག་བསམ།
#28 ནག་ཐུག་ལགས།
བློ་སེང་སྐྱག་རྫུན་དང་། སྲིད་དོན་འཁྲབ་ཡོད་བགྱིད་ཡདོ་རེད། སྲིད་དོན་འཁྲབ་དགོས་རེད། སྲིད་སྐྱོང་དང་། ཚོགས་གཙོ་གཉིས་ཀས། རྫུན་བཤད་པ་ང་ལ། ཁུངས་བསྐྱལ་གང་ཡང་མེད། ཡིན་ན་ཡང་། བློ་སེང་ལ། རྒྱ་གཞུང་གིས། ཅུང་ཟད་ཞེད་ན་མ་གཏོགས། དྷ་སའི་ལས་བྱེད་ངོ་མི་ཤེས་པ་ཅིག་ལ། རྒྱ་གཞུང་ལ་ཕན་གནོད་དེ་ཙམ་སྤྲོད་མི་ཐུབ་པས། དེ་ལྟར་བློ་སེང་ལགས་ལ་རྒྱབ་སྐྱོར་བྱས་བཞིན་ཡོད།
བློ་སེང་ད་ལོ་ཐོབ་ན། དེའི་རྗེས་ལ་མུ་མཐུད་ནས་སྲིད་སྐྱོང་ཐེངས་གསུམ་པ་མུ་མཐུད་ནས་བཅའ་ཁྲིམས་ལྟར་ན། བྱེད་ཆོག་བགྱིད་ཡོད་མ་རེད།
སྤེན་ཚེས་འཇོན་ན། ལོ་འཁོར་རྗེས་མ་དེ་དུས་བྱེད་ཆོག་བགྱིད་རེད་པ། ཁྱེད་རང་གིས། ང་ལ་སྐད་ཆ་དྲིས་པར་ང་ཞེ་དྲགས་དགའ་བོ་བྱུང་། ངས་བློ་སེང་ལགས། མི་ཚེ་འདི་ལ་དངོས་སུ་མཐོང་མ་མྱོང་ལ། སྤེན་ཚེ་ཡང་ད་ལྟའི་བར། རྩ་བ་ཉིད་ནས་ཐུག་མ་མྱོང་། ང་ལ་བློ་སེང་བོད་སྤྱི་དོན་ཕན་ན། མ་གཏོགས་ང་སྒེར་དོན་ལ། རེ་བ་སྤུ་ཙམ་རྒྱག་དགོས་མེད་པར་ང་རང་གིས། མི་ཚེ་སྲ་ཐག་ཐག་བཟོས་ནས། མི་གཞན་གྱི་མི་ཚེ་མགོ་ཐོན་པར་རོག་རམ་བྱེད་ཐུབ་མཁན་ཅི་ཆགས་ནས་བསྡད་ཡོད་པས་་་་་་ དེ་དོན་དགོངས་འཇག་འཚལ་ལོ།།
ཀརྡོ་གཉེར་ཕྱག་པས་བློ་སེང་ནམ་ཡང་མཐོང་མ་མྱོང་ཟེར་བཞིན་དུ་རྒྱུས་ཡོད་མདོག་གི་སྐད་ཆ་མང་པོ་བཤད་སོང་། བློ་སེང་ལ་བསྟོད་མ་ཤེས་མཁན་ཞིག་གིས་བསྟོད་པ་ལས། སྨད་ཤེས་མཁན་ཞིག་གིས་སྨད་ན་ལེགས་པར་མཐོང་།
ང་བློ་སེང་ལགས་ལ། རྒྱབ་སྐྱོར་བྱེད་མི་ཆོག་སྟངས་འདི་ཅི་ཡི་ཚུལ་ཡིན་ནམ། ལགས།
ང་བློ་སེང་ལགས་ལ། རྒྱབ་སྐྱོར་བྱས་ན་མ་འགྲིགས་སྟངས་འདི་ཅི་ཡིན་ནམ། ལགས།
ཁྱེད་རང་ཀླད་རྙིང་ཕྱོགས་ཞེན་དུག་ཆུས་བཟིས་པའི་རྐྱེན་རེད།
དབུས་གཙང་དབུས་གཙང་མ་གསུངས།
ཨ་མདོའི་གཡོག་པོ་ཡིན་པ།
སྟོད་ཀྱི་མངའ་རིས་སྐོར་གསུམ།
གཡོག་པོ་རྒྱུགས་དོན་མི་འདུག
ཆོས་ཀྱི་ཆོལ་ཁ་མ་གསུངས།
ཇག་པས་སྒེར་བདག་ཡིན་པ།
སྟོད་ཀྱི་མངའ་རིས་སྐོར་གསུམ།
བྲན་གཡོག་རྒྱུགས་དོན་མི་འདུག་་་་་་་་་་་་ཅེས་གཞས་ཚིག་གསར་པ་ཞིག་བསླེབས་ཤག
བློ་བཟང་སེང་གེ སྐུ་མཁྱེན། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་རོ་ཐོག་ནས་རྟ་མ་རྒྱུགས།
སྤྱིར་བཏང་ང་ནི་བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་ལ་རྒྱུས་མངའ་ཆེན་པོ་མེད་མོད། ཡིན་ཡང་མོས་བཀའ་བློན་ནས་གློ་བུར་དུ་དགོངས་པ་ཞུས་རྗེས་ངས་མོ་ལ་ཉིན་ཤས་རིང་རྒྱུས་ལོན་བྱས་པ་ཡིན། ངས་མོས་སྔོན་མའི་གསུང་བཤད་དང་མི་ཚེ་བརྒྱུད་རིམ། དགོངས་ཚུལ་སོགས་ལ་རྒྱུས་ལོན་བྱས་མཐར་དགའ་ཉག་འཁྱམས་པོ་ཟེར་བ་དང་སྲོང་བཙན་དང་ཕུར་རྡོ་ཁྱོད་ལྟ་བུ་ཕྱོགས་ཞེན་གྱི་དུག་ནག་གིས་བཟི་བས་གནས་ལུགས་དང་བདེན་པ་ཟེར་བ་ཡིད་ལ་ཡོད་ས་མ་རེད། དེ་བས་ཁྱོད་ཅག་གིས་བཤད་པ་ནང་བཞིན་མིན་པ་རྒྱ་ཆེའི་མི་དམངས་ཀྱིས་གསལ་བོ་ལོས་ཤེས། མོས་འདི་ལྟར་བློ་ཐག་བཅད་པ་ནི་འུ་ཅག་གི་ཉི་ཚེ་བའི་བསམ་བློ་ལྟ་བུ་མེད་པ་ངང་གིས་རྟོགས་སོང་། ཁྱོད་ཅག་ལྟ་བུས་གང་འདོད་ལྟར་སྒྲོ་འདོགས་དང་དཀྲུགས་ཤིང་བརྒྱབ་པ་ནི་དགྲ་དགའ་གཉེན་སྡུག་ཏུ་གྱུར་ཡོད་པ་ལོས་ཤེས།
༡༽ དུས་དབང་གི་རྙོག་སློང་གཞི་རྩ་བློ་སེང་ཡིན་པ་ལས་སྤེན་ཚེ་ག་ལ་ཡིན།
༢༽ཆུ་སྒང་གསར་རྙིང་གཉིས་ཡང་བསྐྱར་འགལ་བ་བཟོ་མཁན་བློ་སེང་ལས་སྤེན་ཚེ་ག་ལ་ཡིན།
༣༽རྒྱལ་བའི་གསར་གཏོད་མང་པོ་ཁྲོད་ན་དགེ་སློང་མའི་སྐོར་ཁོའི་བྱས་རྗེས་ཡིན་ཟེར་མཁན་བློ་སེང་ལས་སྤེན་ཚེ་ག་ལ་ཡིན།
༤༽ བོད་ལ་རྒྱལ་ཁབ་ཡོད་མྱོང་མེད་དང་ང་ཚོས་དམངས་གཙོ་རྩོད་ཀྱིན་མེད་ཟེར་མཁན་བློ་སེང་ལས་སྤེན་ཚེ་ག་ལ་ཡིན།
༥༽ རྒྱལ་གཅེས་དཔའ་བོའི་ཚོའི་དུར་ཐོག་ཐོག་ན་གླུ་གཞས་ཞབས་བྲོ་རྒྱག་མཁན་བློ་སེང་ལས་སྤེན་ཚེ་ག་ལ་ཡིན།
ད་དུང་བཅར་འདྲིེ་ཚན་གང་དང་གང་ཡིན་ཡང་ཁོས་མ་གཏོགས་གཞན་སུས་ཀྱང་བྱས་མེད་ཀྱི་རྣམ་འགྱུར་དང་རྫུན་གཏམ་ག་ཚོད་བཤད་ཡོད་པ་བརྙན་འཕྲིན་ཁག་ལ་ལྟོས་དང་རྒྱུ་འབྲས་བློ་མིག་དང་ལྡན་ན་ལོས་ཤེས།
བསམ་ཤེས་གནང་དང་། འདི་ལྟར་ཧམ་བཤད་དང་རྫུན་གྱིས་སྤྱི་དོན་ལ་གནོད་ན་ད་རུང་མ་ཤེས་ཁུལ་དང་བདེན་པ་ཡིན་ཅོག་ཅོག་གིས་མགོ་སྒུར་རམ།
ཁྱོད་ཚོ་ཕྱོགས་ཞེན་ཚོས་གནས་ལུགས་དང་བདེན་པ་མེད་པར་གང་བསམ་པ་དང་གང་འདོད་ལྟར་བསམ་ཚུལ་བྲིས་ན་དམར་གཞུང་ལ་དགོས་པ་དེ་ཡིན་པས་ཁྱེད་ཚོ་རྒྱ་གཞུང་གི་ལག་ཆར་འགྱུར་ཉེན་འདུག གཅིག་བྱས་ན་ཁྱོད་ཚོས་རྒྱ་གཞུང་གི་མངོན་འདོད་བསྒྲུབ་ཡོད་ན་ཐང་།
དེ་བས་བཀའ་ཟུར་བདེ་ཆོས་ནི་སྒམ་ཚུགས་ལྡན་ཞིང་དང་བདེན་པ་ལ་མོས་ཤིང་། རང་གི་ལངས་ཕྱོགས་བརྟན་པོ་གནས་པ། བསམ་པ་དྲང་ཞིང་ཕུགས་རྒྱང་རིང་བ། བཤད་པ་དངོས་ཡོད་དང་མཐུན་ནས་བདེན་པ་ཡིན་པ། བསྒྲུབ་པ་ཚུགས་ཐུབ་ཀྱིས་རང་གིས་གང་བསྒྲུབ་པའི་ལམ་ཁ་མ་ནོར་པ་བཅས་ཁྱོད་དྲ་འབུ་དག་གིས་གཞི་མེད་སྐྱོན་འཛུགས་ཁྱི་ཕྲུག་ཟུག་ན་རྒྱ་གཞུང་ལ་མཁོ་བ་དེ་ཡིན་པས་དོན་མེད་ཀུ་ཅོ་འདོན་རོགས།
ད་དུང་ལོ་ལྔའི་རིང་བློ་སེང་རང་སཻྲིད་སྐྱོང་བཞག་ན་ཡག་བགྱིད་རེད་སྙམ་ཡང་་་་་་་
#ཀརྡོ་གཉེར་ཕྱག་པ། ངོ་མ་བཤད་ན་བློ་སེང་དགེ་རྒན་ཞིག་ལས་ཅི་ཡང་མ་རེད། སྲིད་འཛིན་ལས་ཀའི་བྱེད་སྟངས་ཀྱང་རྒྱ་ནག་བཞིན་སྒེར་གཅོད་ལ་དགའ་བོ་ཡོད། མི་སེམས་འགུག་མི་ཤེས། མི་དོན་སྐྱོང་མི་ཤེས། ད་དུང་བོད་སྐད་བོད་ཡིག་དང་བོད་བསྟན་སྲིད་གཉིས་ཀྱི་མ་འོངས་དར་སྤེལ་གཏོང་མི་ཤེས། སྤེན་ཚེ་ཚང་གི་ཁང་པ་དང་བློ་སེང་གི་ཨ་རིའི་ཁང་བ་སྡུར་རྒྱུ་ཡོད་དམ།
ཁྲག་གཏམ་མ་བཤད། འདི་མདོ་དབུས་ཁམས་གསུམ་དབྱེ་དགོས་བའི་ལས་ཀ་མ་རེད། འདི་བོད་ཡོངས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་ལས་ཀ་ཞིག་རེད།
ཁྱོད་བོད་པ་ཞིག་ཡིན་ན སྤེན་ཚེ་འདེམས་པར་ཐུགས་རྗེ་ཆེ་།
ང་ཚོ་སྲིད་སྐྱོང་དགོས་ལ་བློ་སེང་འདྲ་བའི་བོད་རྫུན་མ་མི་དགོས།
བློ་སེང་གིས་རྫུན་བཤད་པ་ངས། ཁས་མི་ལེན། ཧམ་པ་དང་དབང་ཤུགས་ཆེ་ཙམ་ཡོད་པ་ངས་ཀྱང་ཤེས། འདི་ཙམ་གྱིས་སྲིད་སྐྱོང་གི་ལས་འགན་གནོད་པས་ཁྱབ་པ་མེད། ང་ལ་ནི། སྤེན་ཚེ་ཐོབ་ན་ཐོབ། བློ་སེང་ཐོབ་ན་ཡང་ཐོབ། ཁོང་གཉིས་ལས་ད་ལོ་བློ་སེང་སླར་ཡང་འཁོད་ན་ཡག་པ་མིན་འགྲོ་སྙམ་ནས་བསྡ་ཡོད་ལ། རྒྱབ་སྐྱོར་ཡང་བྱེད་བཞིན་ཡོད།
སྤེན་ཚེས་བློ་སེང་ལ་སྐྱོན་བརྗོད་བྱས་པ་དང་། བདེ་ཆོས་རྩ་དགོངས་ཞུས་པ་ལ་ནི། ངས་ནི་རྩི་མཐོང་གང་ཡང་བྱེད་མི་ཐུབ། དེ་དག་བློ་སེང་གི་ཕམ་ཁ་ཡིན་པ་ཡང་ཤེས། འདི་ཙམ་གྱིས་བློ་སེང་བྱེད་རྗེས་ཚང་མ་ནག་བསུབ་བཏང་ན། ལས་འབྲས་ལ་ཡང་འགྲོ་མི་འོང་ངོ་།།
བོད་པ་ཡ་བོད་པ། དངོས་ནས་སྙིང་རྗེ་བོའི་མི་རིགས་ཤིག་རེད་ཡ།
ན་ནིང་བློ་སེང་ཐོག་མར་སྲིད་སྟེགས་སུ་བུད་དུས། བོད་མིའི་བསྟོད་ཚིག་གི་མེ་ཏོག་དགུངས་ནས་འཐོར། ད་ལོ་སླར་ཡང་འདེམས་བསྐོ་ལ་བྲེལ་དུས། ངན་བསྔགས་ཀྱི་མཆིལ་མ་རླབས་བཞིན་འཕྱོ།།
བོད་མི་རིགས་འདི་ད་དགེ་ཆོས་ཀྱིས་བཤད་པ་ནང་བཞིན’འབྱོར་ཚེ་ཉེ་བའི་དྲུང་དུ་ཞུམ་ཞུམ་དུ་འགྲོ་ཞིང་།། རྒུད་ཚེ་རིང་བའི་ས་ན་མཛུབ་གུར་གྱིས་འཕྱ་བའི།། དྲིན་བྱས་དྲིན་དུ་མི་གོ་གྲོགས་ངན་གྱི་གཤིས་ལ།། བསམ་ཞིང་ངུ་མ་ཤོར་གྱི་སྣང་བ་ཞིག་ཤར་སོང་།།’ཟེར་བ་རང་རེད་ཡ།
ཧ་ཧ་ཧ། བློ་བཟང་སེང་གེ་རྒྱབ་སྐྱོར་དྲག་པོ་ཡོད།
བོད་པས་བོད་ལ་རྒྱུག་ཁྱི་སོགས་མི་མཐུན་པའི་ཚིག་འཁྱོག་མ་རྒྱག་ཡ། རོང་བ་རྣམས་ཀྱིས་མར་ཁུ་འཐུང་བ་དང་འབྲོག་པ་རྣམས་ཀྱིས་ཕག་ཤ་ཟ་བ་སོགས་རང་འདོད་གང་འདོད་ཀྱི་གཏམ་སྨྲ་ཆོག་གི་རེད། དགའ་ཆོག་གི་རེད།
གངས་ཅན་ཕ་ས་གཅིག་གི་གདོང་དམར་བོད་པ་རྣམ་པ། ད་མ་འཁོན་ལགས
རེ་བ་ཅན་རེ་བཞག་བྱས། རེ་བ་མེད་ན་དམའ་དབེབས་མི་དགོས་བསམ།
ཚང་མས་བཤད་པ་བདེན་གི
ཀརྡོ་གཉེར་ཕྱག་པ་ལགས། ཁྱེད་ཨ་རི་དོན་གཅོད་ཁང་གི་སྐལ་རྡོ་ཡིན་ནམ།
ལགས་མིན། ལགས། གཡག་རྒན་ལགས།
ཀརྡོ་གཉེར་ཕྱག་པ་ལགས།
ཁྱེད་རང་གི་ལྟ་བ་ལ་ངས་མོས་མཐུན་ཡོད། སྲིད་སྐྱོང་འོས་བསྡུ་ཡི་ལས་ཀ་དེ་བོད་མི་རིགས་ཡོངས་ཀྱི་མ་འོངས་པའི་མདུན་ལམ་དང་བདེ་སྐྱིད་ཀྱི་སྲོག་ཤིང་ཡིན། དེ་ལ་རྙོག་དྲ་དང་ལོག་ལྟ་ཡོད་མི་ཉན། སྒེར་སེམས་དང་ཕྲག་དོག་ཡོད་མི་ཉན། སྤུན་ཟླ་རྒྱབ་འགལ་གྱི་སྐྱོ་གར་བྱུང་མི་ཉན།
བློ་བཟང་སེང་གེ་ང་ཚོའི་སྲིད་སྐྱོང་ལ་རན་མི་འདུག འདས་ཚར་བའི་ལོ་བཞིའི་ནང་ང་ཚོ་ལ་ཁེ་ཕན་ཅི་ཞིག་ལོན་སོང་། མུ་མཐུད་ནས་ཁོས་སྲིད་སྐྱོད་བྱེད་ན་ང་ཚོའི་དུས་ཚོད་བརླག་པ་ཁོ་ན་ལས་ཅི་ཡང་མེད་དོ།།
ཁྱོད་ཚོ་འུར་ཚ་བོ་བྱེད་དགོས་དོན་མི་འདུག བློ་སེང་གི་འདས་སོང་ལོ་ལྔ་དོན་མེད་དུ་འཁྱོལ་སོང་བ་ག་ལ་ཡིན། བཀག་སྡོམ་མང་པོའི་མདུན་སྔ་ནས་གསལ་སྐྱ་ལེར་ལམ་ཞིག་ཕུད་མཁན་དེ་ཁོ་རང་མིན་ན་སུ་རེད། དྲིན་ཆེན་ལ་དྲིན་ལོག་བྱེད། ཁོ་ལ་ཐུགས་རྗེ་ཆེ་ཞུ་ཡི་ཡིན།
དྲ་འབུ་ལྷན་རྒྱས་ཁ་ཆ་གསུང་ཡ།
སྒྲོན་མེ་ལགས་ཀྱི་གསུང་བ་ཐལ་དྲག་སོང་།
ང་ཚོས་རྣམ་ཤེས་ཀྱི་བློ་མིག་གིས་རང་ཉིད་ཀྱི་གསུང་དེ་རྒྱུ་མཚན་གྱིས་སྒྲུབ་པ་ལས་ར་མ་ཕག་གི་ཚིག་འཆོལ་ལམ་ནས་མི་ལ་མཚན་སྨོད་བྱེད་ཡ་དེ་ཧ་ཅང་ནས་ཡག་པོ་མི་འདུག བློ་སེང་ལ་རྒྱབ་སྐྱོར་ཡོད་པ་ངེས་བ་དོན་གྱིས་བསྒྲུབས་ཐུབ་པས་ངས་དེ་ལྟར་སྨྲས་བ་ཡིན། རང་ནས་སུ་ལ་རྒྱབ་སྐྱོར་བྱེད་ཡ་ཡོད།
སྤུན་ཟླ་ཚོ། བདེན་པ་དེ་ནམ་ཡང་རྫུན་མ་འགྱུར་མི་ཐུབ། ངས་རང་མོས་ཀྱི་འོས་མི་ལ་ཡིད་ཆེས་ཡོད། གལ་སྲིད་ཁོང་སྲིད་སྐྱོང་གི་ཐོབ་ཐང་མ་རག་ན་ངས་བོད་དོན་ལ་རེ་བ་མེད།
དཔྱད་ཞིབ་གང་ལེགས་གནང་ནས་བྲིས་འདུག སྲིད་སྐྱོང་བློ་སེང་ལགས་སུ་སླར་ལོ་ ༥ གོ་སྐབས་ཕུལ་ན་བོད་མིའི་འཐབ་རྩོད་ལ་གྱོང་གུན་ཆེན་པོ་ཕོགས་རྒྱུ་མ་ཟད། ༧གོང་ས་མཆོག་ལ་མཛད་དཀའ་མུ་མཐུད་འཕྲད་ངེས་ཡིན་པ་གསལ་པོ་རེད། དེ་རྩིས་མང་ཚོགས་ནང་མ་ནོར་སྲིད་སྐྱོང་འོས་འདེབས་གནང་རོགས་ཞེས་འབོད་བསྐུལ་ཞུ་རྒྱུ་ཡིན། བོད་རྒྱལ་ལོ།
ད་ལོ། བློ་སེང་ལགས་ལ། མུ་མཐུད་ནས། སྲིད་སྐྱོང་ཕྱག་ལས། གནང་མ་བཅུག་ན། བོད་སྤྱི་པར། གྱོང་གུན་མང་པོ། ཕོག་མི་སྲིད་པ། མ་རེད་དོ།།