རེབ་ཐོག་མདའ།
དབུས་ཀྱི་ཕོ་བྲང་གི་བདག་པོ་བོར་ནས།།
ལོ་ཟླ་ནག་པོ་ཞིག་ག་ལེར་བགྲོད་དུས།།
ཨ་མདོ་ཁམས་པ་ཡི་ཕུ་ནུ་མིང་སྲིང་།།
སྐུ་ལུས་མར་མེ་ལ་ཡང་ཡང་སྒྲོན་གི།།
སྟོད་ཀྱི་མངའ་རིས་ན་ཁེར་རྐྱང་ལྷག་པས།།
བཙན་པོའི་བླ་མཁར་དེ་རྩྭ་སྐྱའི་བཟུང་ཡང་།།
སྨད་ཀྱི་རྒྱ་ནག་གི་སྒོར་མོ་ཡོད་ན།།
དབུས་ཀྱི་ཨ་མ་ལགས་དེ་ཡིས་ཚིམས་འདུག།
གཙང་བོའི་བཞུར་རྒྱུན་དེ་བཙན་གྱིས་བཀག་སོང་།།
རི་ལུང་ཐང་གསུམ་ཡང་བྱེ་མས་ཁེངས་ཐལ།།
མཐོ་སྒང་བོད་པ་ཚང་འཇིག་ལ་ཉེ་ཡང་།།
དབུས་ཀྱི་ཇོ་བོ་ལ་ཞལ་གཟིགས་མི་འདུག།
བཅུ་དྲུག་ལང་ཚོ་ཡི་གཉོམ་ལག་མ་རྒྱས།།
སྨད་ཀྱི་སློབ་མ་ཞིག་མེ་ལ་འཐིམ་ཐལ།།
སྟོད་ཕྱོགས་ཉི་མ་དེ་ལྷ་སའི་ཕྱོགས་ན།།
རྒྱ་སྐད་བསྲེས་མ་ཡི་ཁ་ལྕེ་བདེ་གི།
ཁམས་ཀྱི་ཕོ་གསར་དེའི་ཁ་ཆེམས་ཡི་གེས།།
བཙན་བྱོལ་བོད་པ་ཚོར་བརྡ་ཞིག་བསྟན་སོང་།།
རྡ་སའི་རི་ལུང་གི་མི་བུ་འདི་ཚོ།།
ཁོག་ན་ལར་ཞེན་ཅིག་ཨེ་ཡོད་འདོད་གི།།
ཀ་ཁ་སུམ་ཅུ་དེ་བོར་ནས་འགྲོ་གི།།
ཕ་ས་སྨུག་པོ་དེ་བརྗེད་དེ་ཡོད་གི
ཕུ་ནུ་དྲུག་ཅུ་ཡི་ཚེ་སྲོག་དེ་ཡང་།།
རྣ་བའི་རྒྱབ་ལོགས་གི་སྐད་ཆར་གྱུར་འདུག།
ཉལ་ས་བདེ་ས་ན་གཉིད་དུ་ཡུར་བའི།།
བྱེས་ཀྱི་བོད་པ་ཚོར་ལར་ཞེན་མེད་ཀི།
སྒེར་དོན་ཆུང་ཆུང་གི་སྣེ་མོ་དེ་ན།།
མི་རིགས་རྩ་དོན་ཡང་བརྗེད་ལ་ཡོད་ཀི།
གཞོན་ནུའི་སྐར་ཅོར་ཡང་ཐོས་རྒྱུ་མི་འདུག།
སློབ་ཕྲུག་བུད་མེད་དག་གང་དུ་ཡིབ་ཡོད།།
རེ་བ་ལྷག་མ་ཞིག་ཕྱི་ལ་རྒྱག་བཞིན།།
རང་དོན་སྣེ་མོ་ནས་ཉི་མ་མ་གཏོང་།།
ཆབ་སྲིད་བཙོན་མ་ཡི་མིང་བྱང་ཅན་ཚོ།།
ནུབ་ཕྱོགས་འཇིག་རྟེན་ན་གཡོག་ལ་འདུར་གི།།
སྔོན་ཆད་བྱས་རྗེས་ཤིག་ཡོད་རབས་གླེང་བཞིན།།
ནང་མི་སྤུན་ཟླ་དག་ནུབ་ལ་ཆས་ཐ།།
གླུ་གར་དགོང་ཚོགས་ལ་ཤུར་ཤུར་་བཞུར་བའི།།
རི་ཁུག་ལུང་པ་འདིའི་སེར་སྐྱ་རྒན་གཞོན།།
ཡ་ཆུང་ཁོག་པ་ན་སྙིང་ཞིག་ཡོད་ན།།
མྱ་ངན་མིག་ཆུ་ཞིག་ལྷུང་ན་ཆོག་མོད།།
མཐོ་སྒང་ཕ་ཡུལ་གྱི་ཕུ་ནུ་མིང་སྲིང་།།
རྒྱལ་བའི་ཞལ་མཇལ་ལ་རེ་བས་སྒུག་འདུག།།།
རྐུབ་སྟེགས་མཐོན་པོ་དེའི་ངོ་གདོང་རུམ་པའི།།
དབང་ཆེན་ངོ་ཆེན་ཚོ་གང་ན་ཡོད་དམ།།
དགོན་པ་མཐའ་སྐོར་དག་རྒྱ་ཁྱིས་ཁེངས་ནས།།
གཟན་ཤམ་དམར་པོ་དག་རྐུན་ལ་ཤོར་ཐལ།།
རང་དབང་ལུང་པ་ཡི་རིགས་མཐུན་བོད་པ།།
མིག་ཟུང་ཆེན་པོ་དེ་བཙུམ་ནས་མ་འདུག།
ཉིན་མཚན་འགྲོ་འདུག་གི་རང་དབང་མེད་ཅིང་།།
མེ་མདའི་འཇིགས་སྣང་གི་འཚོ་བའི་ཀློང་ན།།
གདོང་དམར་བོད་པ་ཚོ་མེ་ལ་བཞུད་དུས།།
ཕྱི་རོལ་བོད་པ་ཚོ་འཛུམ་ནས་མ་འདུག།
ཕ་ས་གོར་མོ་དེ་འཁྱག་གིས་བསྡམས་ནས།།
ཙག་དང་བསེར་བུ་ཡི་རྒོལ་རྡུང་བཙན་ཡང་།།
གདང་དམར་བཙན་པོ་ཡི་རྒྱུད་པ་ཡིན་ན།།
ཁ་བ་བོད་པ་ཚང་སེམས་ནས་མ་བོར།།
ཕྱི་ལོ ༢༠༡༢ ལོའི ༡༠ ཚེས ༢༤ ཉིན་རླབས་ཆེན་ཀྱི་མི་བུ་དེ་དག་ལ་མྱ་ངན་ཞིག་གི་ཚབ་དུ་ཕུལ།
དཔའ་བོ་རྒྱལ་གཅེས་པ་ཚོའི་ཤིན་ཏུ་གཅེས་པའི་་ལུས་སྲོག་ལོངས་སྤྱོད་བཏང་བ་འདི་དག་མགོ་ནག་བོད་པ་ཡོངས་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་ལས་ལང་ཤོར་བལྟས་ངན། ང་རྒྱལ་གྱི་ལྟོ་བ་སྦོས་སྡད་མཁན་ཨ་མདོ་བ་མགོ་སྟོང་ཁ་ཤས་ཀྱིས་བྲོད་ཁོག་རྒྱག་ཐབས་དང་། ཉིན་མ་འཕུལ་བྱེད་ཀྱི་རྩོམ་ཆག་ཁ་ཤས་བྲིས་རྒྱུའི་ཆེད་མིན་པར་ཤེས་པར་གྱིས།
རྡ་ས་ལ་ཁྱི་ལྡོམ་ཉུག་ཉུག་གིས་བྲོད་ཁོག་རྒྱག་པ་དང་རྡ་ས་ཅིག་ཅིག་ཉིག་ཉིག
གཞན་གྱིས་མི་འགྲིག་རབ་རྐྱང་བཤད་ནས་ལང་ལ་ཤོར་བ། ཁྱོད་ལ་དེ་འདྲའི་ལ་རྒྱ་ཡོད་ན་རྒྱལ་གཅེས་པ་ཁོང་རྣམ་པའི་སྐུ་སྲོག་བཏང་བའི་ངོ་མ་ཁྱེར་བར་དི་ལིར་སོང་ལ་རྒྱ་ནག་གཞུང་ཚབ་ཁང་མདུན་མེ་ལ་སྦོར་དང་ཕོ་དཔའ་བོ་ཡིན། གཞན་རྒྱལ་གཅེས་པའི་མཛད་ཕྲིན་ཉི་མ་འདྲ་བ་སྤྱི་པ་དེ་ཁྱོད་སྤྲང་འཁྱམ་མགོ་སྟོང་ཁ་ཤས་ཀྱི་ཁྱིམ་གྱི་སྒྲོན་མེ་རུ་བེད་སྤྱོད་གཏོང་བ་ནི་བལྟས་ངན་ངོ་མ་རེད།
ངན་རྩོམ་འདིའི་མིང་ལ་་་་་ངས་ཁྱེད་ཚོར་མྱ་ངན་བྱེད་ཀྱིན་ཡོད་་་་མ་ཡིན་པར། ངས་ཁྱེད་ཚོའི་མིང་ཁུར་ནས་དཀྲུག་ཤིང་རྒྱག་གི་ཡོད། ཅེས་བཏགས་ན་དོན་དང་འབྱོར།
རྩོམ་དེ་ཡག་པོ་འདུགཧ་ཅང་ཡག་པོ་འདུག དྲ་གྲོགས་མེ་ཏོག་དཀར་པོ་དེ་འདྲ་ག་རེ་བྱས་སོང། ཨ་ཙི་སེམས་པ་ལྷོད་ལ་བབ་ནས་བྲིས། གནོང་འདྲ་ཡོད་པ་མིན་ནམ། དཀྲུག་ཤིང་མ་རེད་བདེན་པ་བདེན་ཀྱང་བྲིས་འདུག ངས་ཁོང་ལ་བསྔག་བརྗོད་ཡོད།
བོད་མའིི་ཚོའི་གཅེས་སྲོག་སུས་སོྐྱབས་ཐུབ་བམ????
བོད་ཡུལ་སྐྱོ་གདུང་མུན་ནག་སྟུག་པོ་དང།
གཤན་འདྲེ་རྒྱ་མི་དྲག་བརྩན་གཏུམ་པོ་ཡིས།
ཉམ་ཆུང་བོད་པ་གནས་སུ་མ་བཅུག་པས།
དཔའ་བརྟུལ་དག་གི་སྙིང་སྟོབས་ཆེན་པོའི་ངང་།
རང་གི་རིགས་ལ་ཕུགས་ཀྱི་ཕན་བདེའི་སླད།
སྐྱབས་མགོན་བོད་ལ་ཕེབས་རྒྱུའི་མངོན་འདོད་གཙོས།
གཅེས་པའི་ཚེ་སྲོག་མེ་ལ་བརྗངས་པའི་རིགས།
སྐྱབས་མཁན་མགོན་དེ་༸གོང་ས་མཆོག་ཉིད་སྣང།
གངས་རིའི་སྒྲོལ་མས ༢༠༡༢།༡༠།༢༣ ཉིན།
ངོ་མ་དེ་འདྲ་ཞིག་རེད། བཙན་བྱོལ་ནང་གི་བོད་མི་ལ་རེ་བ་ཞིག་འདུག་གམ། གྱོང་ཚང་མ་བོད་ནང་གི་བོད་མི་ཚོ་རེག་ཁེ་ཕེན་ཚང་མ་བཙན་བྱོལ་ནང་གི་བོད་མི་ཁ་ཤས་ཞིག་ལ་ཐོབ།
དགོང་དག་ལ་རེབ་ཐོག་གི་བདེན་བརྗོད་དེ་ཡི་སུ་ཞིག་གི་སྙིང་གས་སོང་
གང་ཞིག་གི་ཀླད་པ་འཁྲུག་འདུག་།
ལུང་ཚན་ཁ་ཤས་ལ་དམིགས་ནས་རྡིག་པ་དང་། བཙན་བྱོལ་ལ་རྡིག་པ། དཔོན་པོ་ལ་སྐྱོན་བརྗོད་པ། འོ་རང་ལུས་མེ་ལ་སྲེག་པའི་དཔའ་མོ་དཔའ་བོ་རྣམས་ཀྱིས་འདོད་པ་དེ་ཡིན་ནམ། ཁོང་ཚོའི་སྲོག་བློས་གཏོང་གི་ལས་ཀ་དེ་ང་ཚོས་ཁྱོད་དང་ང་ཟེར་ནས་འདུག་ཏུ་རུང་ངམ། འདས་པོ་ཚོའི་དམིགས་ཡུལ་དེ་ཡིན་ནམ། གལ་ཏེ་ཡིན་ན་ཤིག་བསད་པ་ལ་སྟ་གྲི་འཕྱར་བ་རེད། མིན་ན་ཁོང་ཚོའི་ཞེ་འདོད་དེ་ལ་ང་ཚོས་ཅི་ནུས་ཀྱིས་རམ་འདེགས་བྱ་མི་དགོས་སམ། ཡར་ལོངས་བོད་པ་ཚོ། གུང་ཕྲན་རིང་ལུགས་པ་བཞིན་ཡག་ས་མཐོ་ས་ཕྱུག་ས་ཚོར་མར་བབ་དགོས་ཟེར་ནས་ཁུ་ཚུར་མ་སྒྲེང་རོགས། སྤྱི་ཚོགས་གཅིག་ཡིན་ན། དབུལ་ཕྱུག མཐོ་དམན། ཤེས་ཡོན་ཡོད་མེད། སོགས་ལྷན་སྐྱེས་ཀྱིས་འོངས་རྒྱུ་ལ་རང་ལ་མེད་པ་དང་མ་འགྲིག་པའི་སྒེར་ཡུས་དེ་སྤྱི་ལྡོག་ལ་ཁྲིད་ནས་མ་འོངས་རོགས། བོད་པ་ཚོ་རྨོངས་གཉིད་ལས་སད་དགོས།
ཆག་འཇིག་གི་ལོ་ཟླ་འདི་ལ་མཐུན་སྒྲིལ་གྱི་དཔུང་པ་མཉམ་གཤུབ་སྤུན་ཟླ་ཚོ་།
ངོ་མ་རྡ་རམ་ས་ལའི་ཁྱི་ལྡོམ་སྐྲ་རིང་དེ་ཚོས་དབྱིན་ཇིའི་སྟུ་ལྡག་རྒྱུ་མ་བྱུང་ན་སྤྱི་ཚོགས་ལ་དཀྲུག་ཤིང་རྒྱག་རྒྱུ་དང་ངན་སྨད་བྱེད་རྒྱུ་ལས་མེད། ཀླད་སྟོང་དེ་ཚོ་ངོ་མ་སྤྱི་ཚོགས་ཀྱི་གད་སྙིགས་རང་རེད།
ཀླད་པ་སྟོང་པ། གྲོད་ཁོག་སྟོང་པ། དངུལ་ཁུག་སྟོང་པ། སྟོང་པ་རྣམ་གསུམ་གྱི་གཞས་དེ་མི་འདི་ཚོའི་གྲས་ལ་བཏང་བ་ཞིག་རེད།
དབུས་པའི་བྱས་རྗེས་ཁམས་མདོས་མ་བརྗེད་ཅིག །
ཁམས་པའི་བྱས་རྗེས་དབུས་མདོས་མ་བརྗེད་ཅིག །
ཨ་མདོའི་བྱས་རྗེས་ཁམས་དབུས་མ་བརྗེད་ཅིག །
ཆོལ་གསུམ་ཕྱག་རྗེས་མཉམ་དྲིལ་བསམས་ནས་ཤོད། །
རྒྱ་སྒོར་མཐོང་ན་སྨྱོན་ལ་ཁད་ཀྱི་ལྷ་ས་བ། །
ཚོང་རྫས་རིག་ན་ཁ་ཤ་མདར་བའི་ཁམས་པ་བ། །
ཟ་ཁ་འཐུང་ཁར་ལབ་རིང་འཐེན་པའི་ཨ་མདོ་བ། །
ཆོལ་ཁ་གསུམ་པོ་བཟང་རུང་ངན་རུང་གཅིག་རེད་དོ། །
མེ་ཏོག་དཀར་པོས་བཤད་པ་བདེན། ཁ་ཤས་ཀྱིས་ལྷག་བསམ་ཡིན་མདོག་གིས་ཆོལ་ཁ་ཕན་ཚུན་དཀྲུགས་པ་དང་། གཞིས་བྱེས་ཕན་ཚུན་དཀྲུགས་ཀྱི་འདུག དེ བཞིན་ཀརྡོ་དང་འདྲེ་རྐང་ཐོ་ཡང་བདེན་པ་རེད། བྱས་རྗེས་ལ་བསམ་ན་ཆོལ་ཁ་གསུམ་ཁར་དང་གཞིས་བྱེས་གཉིས་ཀ་ལ་ཡང་ཡོད། སྐྱོན་དང་ཞབས་འདྲེན་བཞག་ས་ལ་བསམ་ན་ཆོལ་ཁ་གསུམ་ཁར་ལ་ཡང་ཡོད།
དཀྲུག། ཟེར་བའི་མིང་ཚིག་འདི་བེད་སྤྱོད་གཏོང་མཁན་ཡོངས་ལ་ཞུ་རྒྱུ།
དཀྲུག་ཐུབ་ནིའི་མི་བུ་ནུས་ཤུགས་ཅན་ཞིག་ད་ལྟ་བོད་ཆོལ་ཁ་གསུམ་གང་ན་ཡང་མེད་པ་རེད།
ཁ་ལ་ནི་ཁ་ཤས་ཡོད་ན་ཡང་། ཁར་རྒྱུག་ནི་མེད་པས་ཁྱེད་ཚོ་དེ་འདྲའི་སྐྲག་སྐྲག་འཇིགས་འཇིགས་བྱེད་དགོས་བ་མ་རེད།
འདོད་ཕྱོགས་མི་མཐུན་པའི་བསམ་བློ་དང་ལྟ་བ་ནི་ཡོད་དགོས་བ་ཞིག་དང་། དེ་ནི་རང་སོ་སོ། སོ་སོའི་སྐྱག་ཁུག་ནང་ལ་མགོ་བརྒྱབ་ནས་མི་འདུག་པར། དཔྱད་གླེང་དང་བསམ་བློ་སོགས་ཡག་འདེམས་ལ་ཡར་ཐོན་ཡོང་བའི་བསླབས་བྱ་བཟང་ཤས་དེ་རེད།
ད་ལྟ་བར་དུ་འགྲིག་གི་མི་འདུག་ཟེར་མཁན་གྱི་རང་རློམ་ཆེ་བ་འགའ་ཞིག་གིས། མི་འགྲིག་པའི་རྒྱུ་མཚན་ཡང་དག་གི་དཔྱད་གླེང་སོགས་གང་ཡང་མེད་པར། དགག་སྒྲ་འགའ་བེད་སྤྱད་ནས་ཅིག་འབྲི་ཁུལ་བྱེད་པ་ནི་ཡིད་སྐྱོ་དགོས་བ་རང་རེད།
མྱི་ལྡོམ་སྐྲ་རིང་ཞིག་ཡིན་པ་ལྡན་པ་རེད། ཁྱོད་རང་ཡང་ལྡོམ་པོ་ཞིག་གི་ཚོགས་ལ་ཡོད་པ་གསལ་བོ་རེད། ང་ཚོ་ག་འདྲ་ཞིག་བྱས་ནས་ཁྱི་ལྡོམ་ལ་ཆགས་པ་རེད། གསལ་བཤད་ཅིག་ཡོད་ན་ཕན་རེ་ཆེ། ཕུག་རོན་ནག་པོ་ལགས།
སྟོང་པ་མིན་པའི་རྒྱུ་ཆེན་ཞིག་ཡིན་ན་རོགས་པ་རེ་གནོང་དང་། ཨ་མའི་བུ་རེད། རྒོད་མའི་རྟེའུ་རེད། དེ་མིན་ངོ་ལྟ་ཞིག་གི་ནང་ནས་རང་གི་ངོ་ལ་ཅིག་ལྟོས་ནས་”ཁྱི་ལྡོམ”ཞེས་ཐང་གཅིག་འབོད་རོགས་གནོང་། ཕུག་རོན་དཀར་པོ་ལགས།
བོད་ཀ་ྱི་འདས་མ་འོངས་ད་ལྟ་གང་ལ་གཞིར་བཅོར་ཡང་དབུས་པས་བོད་པ་བསྐྱལ་ས་གཅིག་ལ་བསྐྱལ་བ་རེད། ང་ཚོས་མཡུན་འབྲེལ་གི་ཆེད་འཛེམ་ཟོན་གྱིས་ཁ་ནས་བཤད་མ་ཕོད་པ་རེད། དབུས་་པ་ལ་ལ་་རྒྱ་ཡོད་ན། ཁྱི་མོ་ལ་སྡོམ་པ་ཡོད།
ངའི་དེ་རིང་རྩོམ་འདི་སྤེལ་དགོས་པའི་རྒྱུ་མཚན་ནི་ཆོལ་ཁ་དཀྲུག་འདོད་གི་ཀུན་སློང་མེད། དེའི་རྐྱེན་ཀྱིས་གསལ་བཤད་ཅུང་ཙམ་ཞུ་འདོད་བྱུང་། བདག་གིས་འདི་ལ་དངོས་ཡོད་ཀྱིས་དོན་དག་ཤིག་འཆད་ཀྱིན་ཡོད། སྐད་ཆ་དྲང་པོ་བཤད་ན་ཉིས་སྟོང་དགུ་ནས་དེ་རིང་བར་དུ་ཁམས་ཨ་མདོ་ཕྱོགས་ནས་མི་བུ་༥༨་མེ་རུ་སྦར་བ་རེད། ལྷག་པར་ཁམས་ཨ་མདོ་ཕྱོགས་གི་མི་བུ་ཁ་ཤས་ཤིག་གིས་ལྷ་སའི་བར་སྐོར་ལ་ཐོན་དེ་མེ་རི་སྒྲོན་པ་རེད། ཡིན་ཡང་ལྷ་སའི་གྲོང་ཁྱེར་དུ་ཡོད་པས་དབུས་པ་དག་གི་ཕལ་ཆེར་ཁོང་གཉིས་མ་མཐོང་བ་རེད། ལྷ་ས་ནི་བོད་ཆོལ་ཁ་གསུམ་གི་ཡ་གྱལ་བོད་ཀྱི་རྒྱལ་ས་རེད་ཡིན་ཡང་དབུས་པ་གཅིག་ཀྱང་མི་རུ་སྦར་ཐུབ་པ་མ་རེད།དེ་ང་ཚོས་ང་ཚོ་ལ་དྲི་བ་གཅིག་བཏང་ན་འགྲིག་གི་བསམ། མ་ཟད་དབུས་བོད་པའི་མགོ་ཁྲིད་དེ་དག་ལ་བལྟས་དང་ཁོང་ཚོ་ག་དུས་ཡིན་ཡང་གོ་སྐབས་ཞིག་རག་པ་ཡིན་ན་བོད་པ་ལས་ལྡོག་ཕྱོགས་གི་བསྡད་དེ་གོང་ས་མཆོག་ལ་མཚན་སྨོད་བྱེད་གི་ཡོད་རེད། ད་དུང་ལྷ་ས་དབུས་བརྙེས་པའི་དུས་ཆེན་དང་རྒྱ་ནག་གི་དུས་ཆེན་མང་པོ་ཞིག་གསུངས་བརྩི་བྱེད་དུས་ཡང་བོད་ལ་བདེ་སྐྱེད་ལྡན་རབ་དང་སྐྱིད་གི་ཉི་མ་ཤར་ཡོད་རབ་སོགས་གི་གཞས་ལེན་གི་ཡོད་རེད། ཡིན་ཡང་ཁམས་དང་ཨ་མདོ་ཕྱོགས་གི་གཞས་པ་དེ་དག་གི་བོད་ཞེན་ལ་རྒྱའི་གླུ་ལས་རྒྱ་གཞས་བླངས་ན་ངོ་ཚོ་ཞིག་དུ་ཚོར་གི་ཡོད་རེད། ག་རེ་བྱས་ནས་ང་ཚོ་བར་ལ་དེ་འདྲའི་ཁྱད་པར་ཞིག་ཡོད་དགོས་སམ།
ཁམས་དང་ཨ མདོ་གཉིས་ནས་མྱི་དེ་འདྲ་མང་པོ་ཞིག་མེ་རུ་སྒྲོན་ཀྱང་ད་དུང་རྡ་ས་ན་མི་ལ་ལས་སྐད་ཆ་ཉན་མི་ཐུབ་པ་དེ་འདྲ་འཆད་ཀྱིན་འདུག། ཁ་སང་བདག་ཟ་ཁང་ཞིག་སོང་བའི་སྐབས་བདག་གི་འགྲམ་ལ་གངས་སྐྱིད་གི་ལས་བྱེད་ཁ་ཤས་ཤིག་འདུག། ཁོང་ཚོ་ག་རེ་གླབ་གིན་འདུག་གླབ་ན། ཨ ་མདོ་དེ་ཚོ་ག་རེ་བྱེད་གོ་ནི་རེད།་སྡོད་མི་ཚུགས་པར་མེ་རུ་སྒྲོན་ནས་ག་རེ་ཡིན་གླབ་གོ་ནི་རེད་ཟེར། སྐབས་དེ་བདག་སེམས་པའི་གཏིང་ནས་སྐྱོ་སོང་ལ་ཕྱི་ལོག་གི་བོད་པ་ཚོར་ལ་ཡིད་ཆད་སོང་། དེའི་རྐྱེན་ཀྱིས་བདག་གིས་འདི་འདྲ་ཞིག་མ་འབྲི་རང་འབྲི་ཆགས་སོང་། བདག་གིས་དོན་དངོས་ཞིག་འཆད་ཀྱིན་ཡོད་པ་ལས་ཕྱོགས་རུས་དང་ངོ་སོ་ཞིག་གི་ཆེད་དུ་ག་དུས་ཡིན་ཡང་བསྡད་གི་མིན། རྣམ་དཔྱོད་ཡོད་ན་དེང་སང་ཆ་རྐྱེན་བཟང་པའི་ག་རེ་ཡིན་ཡང་དྲ་རྒྱའི་ནང་དུ་བྲིས་ཤོག་དང་དགའ་བསུ་ཡོད་། དེ་མ་གཏོགས་ཁོང་ཁྲོ་ཟས་དེ་རང་ཉིད་སྐྱིད་པོ་མེད་པར་ཆགས་ན་གཟུགས་པ་དང་སེམས་ལ་ན་ཚ་འདྲ་བྱུང་ན་བདག་ལ་ནི་སྨན་རིན་མེད་དོ
་་་་་་་ ཁ་སང་བདག་ཟ་ཁང་ཞིག་སོང་བའི་སྐབས་བདག་གི་འགྲམ་ལ་གངས་སྐྱིད་གི་ལས་བྱེད་ཁ་ཤས་ཤིག་འདུག། ཁོང་ཚོ་ག་རེ་གླབ་གིན་འདུག་གླབ་ན། ཨ ་མདོ་དེ་ཚོ་ག་རེ་བྱེད་གོ་ནི་རེད།་སྡོད་མི་ཚུགས་པར་མེ་རུ་སྒྲོན་ནས་ག་རེ་ཡིན་གླབ་གོ་ནི་རེད་ཟེར། སྐབས་དེ་བདག་སེམས་པའི་གཏིང་ནས་སྐྱོ་སོང་ལ་ཕྱི་ལོག་གི་བོད་པ་ཚོར་ལ་ཡིད་ཆད་སོང་། ་་་་་་་ཟེར།
མེ་རུ་སྤར་བས་བོད་སེམས་ཅན་མཚོན་ཐུབ་ལ་སྨྲོས་མེད་ལ། མེ་རུ་མ་སྒྲོན་པས་བོད་སེམས་ཅན་མིན་པ་མཚོན་མི་ཐུབ། གལ་ཏེ་དེ་ལྟར་ཡིན་ན། རེབ་ཀྱི་མིང་ཅན་འདི་དག་ད་ལྟ་གསོན་བཞིན་པ་འདིས་སོ།། དེ་ཤེས་པར་གྱིས། འདི་ན་དཀྲུག་ཤིང་རྒྱག་གི་ཡོད་པ་རོ་རྩོམ་དེ་བཀླགས་པས་ཤེས་ལ། དཀྲུག་ཤིང་ཐེབས་དང་མི་ཐེབས་སྐོར་བཤད་མེད།
ངས་ཤེས་པ་ལྟར་ན། སྤྱི་ལོ་ ༨༠ ནང་གི་བོད་ཀྱི་དུས་ཟིང་སྐབས་ཕྱི་སྡོད་བོད་པས་ཁོང་ཚོར་ཡི་རངས་དང་བསྔགས་བརྗོད་བཅས་གདུང་སེམས་མཉམ་བསྐྱེད་ལས་ཨ་མདོས་མ་བྱས་རབས་དང་། ཁམས་པས་མ་བྱས་རབས་ཟེར་བ་སོགས་གཏན་ནས་མ་ཐོས། ད་ལས་ངན་ངའི་རྣ་ཟུང་དང་མིག་ཟུག་འདིས་འདི་འདྲ་གོ་གི་འདུག་ཨ།
ཕྱི་སྡོད་བོད་མི་ལ་ཡི་ཆད་སོང་ན་བོད་ལ་ལོག་ཕེབས། བཙན་བྱོལ་ནང་དུ་་གད་སྙིགས་གཅིག་མེད་སོང་ནའང་དགའ་བ་རེད། མི་འདོད་བཞིན་དུ་སྡོད་དགོས་པའི་ཁྲལ་སུས་འགེལ།
རེབ་ཐོག་མདའ་ཡིས་སྐད་ཆ་དེ་སྐད་ཆ་གསོན་པོ་ཞིག་ཡིན་པས་སུ་ཡི་མཚང་ལ་ཕོག་སོང་ན་སོ་སོའི་གདོང་པ་གཙང་འཁྲུ་བྱེད་རོགས།
མེ་ཏོག་དཀར་པོ་ལགས་༨༠ལོའི་ཟུང་འཁྲུག་ལྷ་ས་བྱུང་བ་བདེན་ཡང་སྐབས་དེ་ཨ་མདོ་ནས་བདག་ཕ་ཡུལ་ཀྱིས་དགེ་སློབ་ཡོངས་དང་གྲྭ་བཙུན་དག་གཙོ་བྱས་མི་རིགས་འདིས་བདེ་སྡུག་དང་སྐད་ཡིག་གི་ཆེད་དུ་ཡར་ལངས་རྒྱབ་པ་མ་ཟད་རྒྱ་མིའི་ལས་ཁུངས་དང་སྲིད་གཞུང་སྐད་རྒྱག་དུས་བདག་སློབ་མ་ཞིག་ཡིན་སོང་ཡོད། ཡིན་ཡང་བདག་དབུས་བ་ཚོས་འདྲ་བར་ཆབ་སྲིད་བཙོན་མ་བྱེད་དུ་ཕྱི་ཡུལ་ལ་གཡོག་ལ་འགྲོ་གི་མེད། བདག་སྐྱེས་གངས་ཅན་ལྗོངས་ཡིན་ལ་བདག་འཆི་ས་ཡང་གངས་ཅན་ལྗོངས་ཡིན།
བདག་གིས་བཤད་ཡོད་པ་ནི་བཙན་བྱོལ་གི་མི་བུ་ཁྱོད་དང་ཁྱོད་འདྲ་བ་ད་དུང་ཁ་སང་ཟ་ཁང་ནས་འཕྲད་པ་ཕ་སྐད་གཙང་མ་ཡང་མི་ཤེས་ལ་གཞན་སྐད་དག་མ་ཡང་མི་ཤེས་ཁྱོད་ཚོ་མཐོང་དུས་ཡིད་ཆད་པ་ལས།
བདག་བཙན་བྱོལ་གཞུང་དང་གོང་ས་མཆོག་ད་དུང་སྲིད་སྐྱོང་དང་འདྲ་མི་རིགས་འདིའི་བདེ་སྡུག་སེམས་ལ་བཟུང་མཁན་དག་ལ་རྗེས་སུ་ཡིད་རིང་དང་རྒྱབ་སྐྱོར་ཡོད། མ་ཟད་བདག་རྒྱ་གར་ལ་ཡོངས་དོན་ཡང་གོང་ས་མཆོག་གི་ཞལ་མཇལ་གསུངས་ཐོས་པ་ལས་ཆབ་སྲིད་གི་ཞྭ་མོ་གོན་དེ་རང་དོན་བསྒྲུབས་འདོད་ཡང་མེད་ལ། སྒང་པ་བོད་པ་ཚང་ལ་དུངས་ཞེན་དཀར་པོ་ཡིན་པ་དག་ལ་དམའ་འབོད་བཤད་འདོད་ཡང་མེད་དོ།
ཁྱོད་ཀྱིས་སྔོན་མས་སྐད་ཆ་གླེང་མ་ཡོངས། ང་ལ་བཤད་ཡ་མང་པོ་ཡོད། ཡང་བདག་གི་ད་ལྟའི་དངོས་ཡོད་གནས་ཚུལ་དང་བསྟུན་དེ་སྐད་ཆ་བཤད་པ་ལས་ལོ་རྒྱུས་ལ་ཁག་དཀྲི་རྒྱུས་འདུན་པ་མེད། སྐད་ཆ་དྲང་མོ་ཤོད་དང་བོད་ཀྱི་སྐད་ཡིག་གི་གཏིང་མ་སུ་གཉར་འདུག། སྐད་ཡིག་གི་དོན་དུ་རང་སྲོག་འབེན་དུ་བཞག་དེ་སློབ་མ་ཚོ་བསྡེབས་ལངས་གང་དུ་བྱས་སོང་། དེ་དག་ཚང་མ་ད་དུང་ཕྱི་ལོག་དབུས་བ་ཚོས་ཡིན་ནམ། ཁྱོད་ཀྱི་མིག་གི་མ་མཐོང་ལ་རྣ་བའི་མ་གོ་ནི་མ་གཏོགས་ཁམས་དང་མདོ་ན་ད་ལྟ་བོད་སྐད་ཡིག་དང་ཕ་སྐད་གཙང་མའི་ཐོག་ལ་ལས་འགུལ་ག་ཚོད་སྤེལ་ཀྱིན་འདུག། ཕྱོགས་ཞེན་མ་བཤད་གནས་ལུགས་ཤོད་དང་ཡག་པོ་ཡོད་རེད། གལ་སྲིད་ཁྱོད་ཁམས་དང་ཨ་མདོ་ད་ལྟའི་བོད་མི་རིགས་ལ་བཅིང་བའི་བརྩེ་བ་དེའི་སྟེང་མི་འགྲིག་པའི་བསམ་ཚུལ་ཡོད་ན་ཤོད་དགའ་བསུ་ཡོད།
གནས་ལུགས་ཟེར་བ་འདི་ཡང་ངེས་གཏན་མེད་པ་ཞིག་རེད་ཨང་། ངའི་ངོར་གནས་ལུགས་དེ་ཁྱོད་ལ་མི་ཕྱོགས་ཞེན། ཁྱོད་ཀྱི་ངོར་ཕྱོགས་ཞེན་གྱི་སྐད་ཆ་དེ་ངའི་ངོར་གནས་ལུགས་ཡིན་སྲིད། ད་འགྲིག་སོང་། ངས་ཁབ་བཙག་རྒྱག་པས་རྒྱག་གོ་ཆོད་སོང་། ཁྱོད་ཀྱི་རྣ་བ་ལས་ངན་དེས་གོ་བའི་སྐད་ཆ་བཤད་མཁན་བོད་པ་དེ་དག་ཨ་མདོ་བ་དང་ཁམས་པའང་ཡིན་སྲིད། བཙན་བྱོལ་ཕྲུ་གུ་ཚོར་བོད་པ་ཟེར་བ་ལས་ཁམས་དང་ཨ་མདོ་དབུས་པ་གཙང་པ་ཡིན་པ་སྐད་ནས་གོ་ཁག་ཙམ་ཡོད།
ང་ལ་སྔ་མོའི་སྐད་ཆ་ཤོད་མ་ཡོང་ཟེར། འོ་ན་ཁྱོད་ཀྱང་ད་ལྟའི་སྐད་ཆ་ཤོད་མ་ཡོངས།
ང་འདྲ་བ་དག་མཐོང་ནས་ཡི་ཆད་པ་ཡིན་ན་བཙན་བྱོལ་ཡི་ཆད་སོང་མ་ཟེར་ཨེ་གོ ངས་བཙན་བྱོལ་བའི་ཚབ་བྱེད་པར་ག་ལ་རུང་། ༧གོང་ས་མཆོག་དང་བཙན་བྱོལ་གཞུང་ལ་ཡིད་ཆེས་དང་གུས་ཞབས་ཡོད་ཟེར་བ་ནི་ཤིན་ཏུ་ལེགས་ཏེ་ཁྱོད་བོད་པ་ཡིན་གོ་ཆོད་འདུག་ཟེར་རྒྱུ་ཡིན།
སྤྲོས་པས་ཆོག
“བདག་དབུས་བ་ཚོས་འདྲ་བར་ཆབ་སྲིད་བཙོན་མ་བྱེད་དུ་ཕྱི་ཡུལ་ལ་གཡོག་ལ་འགྲོ་གི་མེད” དགུ་བཅུ་གསུམ་གྱི་ཆབ་སྲིད་བཙོན་ཟུར་བ་ཚོ་སུད་སི་ནས་བརླག་སོང་བ་རེད། དེ་སྐབས་མི་གྲངས་ག་ཚོད་ཡོད། དབུས་པ་དང་གཙང་པ་དུ་ཡོད། རྒྱལ་གཅེས་ཨ་མདོ་བ་ག་ཚོད་ཡོད། ངར་རྒོད་ཁམས་པ་ག་ཚོད་ཡོད། དེ་ཟུར་ཙམ་ཡིན། ཧ་ཧ་ཧཧ་་
“སྐད་ཆ་དྲང་མོ་ཤོད་དང་བོད་ཀྱི་སྐད་ཡིག་གི་གཏིང་མ་སུ་གཉར་འདུག” ཡི་གེ་ཁོ་རང་གིས་ཁ་གྲགས་འོང་གི་འདུག་གོ
མདོ་དབུས་ཁམས་གསུམ་གྱི་བོད་རིགས་སྤུན་ཟླ་ཚོ། དེ་འདྲའི་སྐད་ཅོར་མ་མང་། བྱས་རྗེས་ཡོད་པ་དང་ཞབས་འདྲེན་ཞུས་མྱོང་བ་འདྲ་འདྲ་རེད། ཨ་ལེ་གཅིག་གཟིགས་དང་དཔེར་ན། ལོ་རབས་བརྒྱད་བཅུ་དང་དགུ་བཅུ་ནང་དབུས་པས་སྐད་འབོད་དང་ངོ་རྒོལ་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་རབ་དང་རིམ་པ་སྤེལ་དུས་མདོ་ཁམས་གཉིས་ཀྱིས་ལྟད་མོ་བལྟས་བསྡད་པ་རེད།
ད་ཆ་མདོ་ཁམས་གཉིས་ཀྱིས་རང་ལུས་ཕུལ་ནས་རྩ་དོན་ལས་འགུལ་སྤེལ་དུས་དབུས་པས་ལྟད་མོ་བལྟས་བསྡད་པ་འདྲ་ཞིག་རེད་འདུག། བྱས་ཙང་རྡོག་རྡོག་བྱས་ནས་ལས་འགུལ་སྤེལ་མ་ཐུབ་པ་དེ་ཞན་ཆ་ཞིག་རེད། ཕལ་ཆེར་མི་གཤིས་ལ་བལྟས་ན་མདོ་ཁམས་གཉིས་བློ་ཁོག་ཆེ་ཆེ་འདྲ་དང་ཡ་ཡུད་ཚ་ཚ་འདྲ་ཞིག་རེད། བྱས་ཙང་རང་ལུས་མེར་མཆོད་གནང་མཁན་བྱུང་བ་མིན་དྲོ། དབུས་པ་དེ་ཚོ་ལོ་རབས་བརྒྱད་བཅུ་ནང་ནས་བཟུང་ཏེས་དམ་དྲག་དང་བཅག་བཅག་བྱས་བྱས་ཉིད་ཀྱིས་ཡིད་ཐང་ཆད་པ་དང་འབུར་རྒྱུ་མེད་པ་བཟོས་ཚར་བ་འདྲ་ཞིག་མིན་དྲོ། མི་འབོར་ཆ་ནས་མདོ་ཁམས་གཉིས་རྦད་དེེ་མང་གི་རེད། དཔེར་ན་ཆོལ་ཁའི་བཤད་པ་ནང་ལ། མདོ་སྟོད་མི་ཡི་ཆོལ་ཁ། མདོ་སྨད་རྟ་ཡི་ཆོལ་ཁ། དབུས་གཙང་ཆོས་ཀྱི་ཆོལ་ཁ། ཞེས་པ་ལྟར་རོ།
ཡང་བོད་ཕྱི་ནང་གཉིས་ལ་བཤད་ན། ཕྱི་སྡོད་བོད་མིར་མཚོན་ན་སེམས་ཤུགས་མེད་པ་ལྟ་མིན་ཡང་རང་བཞིན་གྱིས་འགྲོ་འདུག་ལ་རང་དབང་ཡོད་པ་མ་ཟད་གང་སྤྱིའི་ཐད་ནས་བོད་ནང་ལས་རང་དབང་ཆེ་བ་ཡོད་ཙང་གནས་སྐབས་ཀྱི་ཉེན་ཁ་དང་དཀའ་ངལ་ལས་གྲོལ་བ་ཡིན་ཙང་། རང་ཉིད་ཀྱི་འཚོ་གོས་སོགས་ཀྱིས་གཞན་དབང་གིས་བོད་ཀྱི་རྩ་དོན་ཆེད་རང་བཞིན་གྱིས་མཐུས་ཤོར་འགྲོ་གི་ཡོད་པ་རེད། མ་ཟད་ནུབ་ཕྱོགས་ཡུལ་གྲུ་ཁག་ནང་གི་བོད་མི་ལྟ་བུར་མཚོན་ན་རང་རང་སོ་སོའི་ལས་གནས་དོན་དུ་རྒྱུགས་མི་ཚར་བ་བསྡོད་ཀྱི་ཡོད་པ་རེད་ལ། རྒྱ་གར་ནང་གནས་སྡོད་ལ་མཚོན་ན་ཕལ་ཆེ་བ་ནུབ་ཕྱོགས་སུ་བཞུད་རྒྱུར་རྔམ་སྐྲག་གིས་བོད་པའི་རྩ་དོན་ཨང་རིམ་གསུམ་པ་བཞི་པར་འཇོག་གི་ཡོད་པ་རེད། བོད་ནང་ལ་མཚོན་ན་གུང་ཁྲན་དེ་གཏུམ་དྲག་དང་གདུག་རྩུབ་ཆེ་རང་དྲག་ནས་རང་དབང་དང་བདེ་སྐྱིད་དམངས་གཙོ་ཐོབ་ཐང་སོགས་ཀྱི་དོན་སྙིང་རྟོགས་ཀྱི་ཡོད་པ་རེད་ལ། རང་ཡུལ་གཞན་ལག་ཏུ་ཤོར་སོང་བའི་ངན་འབྲས་དང་རང་ཡུལ་རང་ལ་མི་བདག་པའི་དོན་སྙིང་རྟོགས་ཀྱི་ཡོད་པ་རེད།
སྨད་ཨ་མདོའི་བུ་བློ་བཟང་གྲགས་པ་ནས་བསྟན་འཛིན་རྒྱ་མཚོའི་བར་འབུར་འབུར་ཚང་མ་དབུས་པས་འཇོན་པ་རེད། དབུས་པའི་བློ་ཁོག་ནི་རང་ལུས་མེ་རུ་སྒྲོན་པ་ལས་མི་འདྲ་བ་རྣམ་དཔྱོད་ཅན་ཚོ་བདག་པོ་རྒྱག་གི་ཡོད། ཕུགས་ལ་དེས་ཕན་ཆེ་བ་མིན་འདུག་གམ། ཡང་འདས་པོ་རྒྱལ་གཅེས་པ་རྣམས་ལ་ཁ་ཟེར་གི་འདུག་མ་ལབ་ཨ།
མེ་ཏོག་དཀར་པོ་ཀླད་སྟོང་དང། རེབ་ཐོག་མདའ་ལ་བློ་སཏོབས་ལྡན། གཞུང་དྲང་དང་སྤྱི་སྨན་དཔྱད་རྩོམ་སྤེལ་འདུག
རྒྱ་བཤད་སྟོང་བཤད་བྱས་ཀྱང། ཡོས་ལ་བབ་རྒྱུ་རྩམ་པ་རེད། དབུས་པ་བོད་ཀྱི་ནང་དགྲ་རེད་རེད།
དབུས་པ་ལ་སྙིང་སྟོྟོབས་དང་ལ་རྒྱ་ཡོད་ན། ཁྱི་མོ་ལ་སྡོམ་པ་དང་ཚུལ་འཁྲིམ་ཡོད། འཛིམ་ཟོན་བྱས་དྲག་ན་སྐྱག་ལང་ཤོར་གི་རེད། བདེན་གཏམ་བརྗོད་པར་ཡི་རང་ཞུ།
དེ་ཤིན་ཏུ་ལེགས། དེས་ན་བོད་བོད་བྱས། ཨ་མདོ་སི་ཁྲོན་བྱས་སྡད་ན་ཡག་ཤོས་རེད།
རེད། མེ་དཀར་ཀླད་སྟོང་ཡིན་པའི་རྒྱུ་མཚན་ཨ་མདོ་མགོ་སྟོང་དེ་ཚོའི་གང་ཟེར་མ་ཉན་པ་དེ་ཡིན་རྒྱུ་རེད། མ་གཞི་ཁྭ་ཏ་ནག་པོ་འདི་རིགས་ཀྱིས་མི་སྐད་རྒྱག་མི་ཤེས་ཡ།
མེ་ཏོག་དཀར་པོ་ལགས་བདག་གིས་བསམ་ན་བདག་གི་ཉོག་རྩོམ་དེའི་ཁྱོད་ཀྱི་ཐུགས་ལ་ཕོག་ཡོད་ས་རེད། དགོངས་དག་ཞུ་བ་ཡིན། ཡིན་ཡང་ཁྱེད་ཀྱིས་རྒྱལ་བ་གཉིས་པ་བློ་བཟང་གྲགས་པ་དང་གོང་ས་མཆོག་ཁ་ལ་འཁྱེར་དེ་དབུས་བ་ཚོས་འཇོན་ཡོད་པའི་སྐད་ཆ་མ་བཤད་རོགས། གོང་ས་མཆོག་དབུས་ལ་སླེབས་དེ་དཀའ་ངལ་ག་འདྲ་ཞིག་འཕྲད་ཡོད་མེད་ཁྱོད་ཀྱི་མིག་གཉིས་བཙུམ་ནས་བསྡད་མེད་ན། རྒྱལ་ཡུམ་ཆེན་མོའི་(ཨ་མའི་བུ)་ཞེས་པའི་དེབ་དངོས་དེ་ཐེངས་གཅིག་ཀློག་དང་ཧ་གོ་གི་རེད། རྒྱལ་བ་བློ་བཟང་གྲགས་པ་ཡང་དབུས་་སུ་སླེབས་དུས་དབུས་ཕྱོགས་ལ་ཆོས་ལུགས་ནང་འཁྲུག་རྒྱག་བཞིན་པའི་དུས་རེད། ད་ལྟ་སེར་འབྲས་དགའ་གསུམ་ཞེས་བོད་གངས་ཅན་ལ་མིང་གྲགས་གི་ཁྱབ་ཡོད་པ་དེ་ཡང་ཨ་མདོ་བ་བློ་བཟང་གྲགས་པའི་བཀའ་དྲིན་རེད། མ་ཟད་ད་ལྟ་ང་ཚོས་འབོད་བཞིན་པའི་ཆོལ་ཁ་གསུམ་ཞེས་འཛམ་གླིང་འདིས་ནང་དུ་མགོ་བོ་མཐོན་པོ་ཞེས་ནས་བསྡད་ཐུབ་པ་དེ་ཡང་སུ་བཀའ་དྲིན་ཡིན་པ་ཤེས་ན་དགའ། མ་ཟད་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་འདི་ཆོས་ལུགས་རིས་མེད་དང་ས་སྒང་འདིས་ཐོག་དུ་དར་སྤེལ་བྱེད་མཁན་སུ་ཡིན་ངའི་ཁྱོད་ལ་མ་བཤད་ཀྱང་ཁྱོད་སེམས་ན་ཡོད་ནི་རེད། ཁྱོད་འདི་ཡང་དབུས་བ་ཞིག་གི་བཀའ་དྲིན་རེད་བསམ་ཡོད་ཀྱི་རེད། ད་དུང་མཁས་པའི་དབང་བོ་དགེ་ཆོས་དང་རྒྱལ་ཡབ་གཉིས་གྲོང་མཁན་སུ་རེད། ད་མི་བཤད་ཁྱོད་འདྲ་བ་ལ་གནས་ལུགས་བཤད་དེ་ཅང་ཐོབ་ཡ་མི་འདུག། བཤད་ཀྱང་སྤྱང་ཁུའི་རྣ་ལ་ཆོས་བཤད་རེད། སྐད་ཆ་དྲང་མོ་ཡིན་གལ་སྲིད་ཁམས་དང་ཨ་མདོ་གཉིས་ནི་བོད་གདོང་དམར་པའི་རིགས་རུས་གཙང་མ་དེ་རེད། ལྷ་སའི་གྲོང་ཁྱེར་དང་དེའི་མཐའ་ན་ཡོད་པའི་དབུས་བ་དག་ནི་རྒྱ་བཟལ་གོང་ཇོ་བོད་དུ་སླེབས་དུས་ཁོ་མོ་དང་མཉམ་ཏུ་སླེབས་པའི་གཡོག་མོ་ལྔ་བརྒྱ་གཉེན་སྒྲིག་དང་དེ་རྗེས་ལ་བོད་ཀྱི་རྒྱལ་གཞན་ཞིག་གི་ཡང་རྒྱ་ནག་གི་བུ་མོ་ཞིག་བཙུན་མོ་བླངས་དུས་སླེབས་པའི་རྒྱ་མོ་ལྔ་བརྒྱ་གཉེན་སྒྲིག་དེ་ནས་ལྔ་བཅུ་ང་དགུ་ལོ་རྒྱ་མིའི་བོད་དུ་སླེབས་དུས་དམག་མི་མང་པོ་ཞིག་མཐའ་ལྷ་སའི་ཉེ་སར་བསྡད་པ་དག་གི་རིགས་རྒྱུད་ཡིན་པ་དེ་ཡོངས་གྲགས་ཡིན་པས་ན་ཁྱོད་ཀྱི་ཁ་རྒྱག་པའི་ངང་ནས་ཨ་མདོ་དང་ཁམས་པ་གཉིས་ཕྱོགས་གཅིག་སྡོད་ཟེར་བ་ངོ་གནོངས་གི་མི་འདག་གམ། ལོ་རྒྱུས་ཀྱིས་སྐོར་ནས་ཡིན་ཡང་རེད། ད་ལྟའི་དངོས་ཡོད་གི་ཆ་ནས་ཡང་རེད། ངེད་གཉིས་ཀྱིས་རྩོད་རྒྱག་དགོས་དོན་མི་འདུག་ཡོད་ཚད་ང་ཚོ་སེམས་ལ་གསལ་ནི་རེད། མ་ཟད་ཐམས་ཅད་མིག་ལ་བཤམས་ནས་འདུག་ག།
ེེབ་ཐོག་མདའ་ལགས། ཁྱེད་རང་གི་གསུང་པ་ལ་རྒྱ་ཆ་བརྒྱ་རྒྱབ་བཅོར་ཡོད། གནད་རྐྱང་གསུང་འདུག དབུལ་པ་རྒྱལ་ཚོང་བ་དང་ཁ་བརྡ་མ་བྱས་བཟང་། དོན་དག་ཅིག་ལྱང་མིན་འདུག