འབའ་སྲས།
གླེགས་བམ་མཐུག་པོ་ཞིག་ཆུ་ལ་བསྐྱེར་ཞིང་།།
ལོ་རྒྱུས་དེབ་ཐེར་ཞིག་མེ་ལ་བསྒྲོན་པའི།།
ན་ནིང་དགུན་ཁ་ཡི་རླུང་གི་རལ་གྲིས།།
ཁྱོད་ཀྱི་སྙིང་ངོས་ལ་རྨ་ཁ་བཟོས་སམ།།
གསེར་ཆེན་མེ་ཏོག་ཅིག་བྲེགས་པའི་ཤུལ་ཏུ།།
ཧ་ལོ་མེ་ཏོག་ཅིག་བཙན་གྱི་སྐྱེས་དུས།།
ན་ནིང་མཚན་གུང་དུ་བོར་བའི་ཟླ་བ།།
དེ་རིང་གང་ཞིག་ན་འཛུམ་པ་མཐོང་ངམ།།
ལྷ་ཤིང་ཤུག་པ་ཡི་ལྗོན་པའི་རྩེ་ནས།།
ཁུ་བྱུག་སྔོན་མོ་ཞིག་རྒྱང་ལ་འཕུར་ཤུལ།།
བྱ་རོག་ཁྱུ་གཅིག་གི་གླུ་དབྱངས་དེ་ཉིད།།
ཁྱོད་ཀྱི་རྣ་བ་ཡི་གསོས་སུ་འགྲོ་འམ།།
ཁ་སང་ཞི་བདེའི་ངང་འཁྱིལ་བའི་རྒྱ་མཚོ།།
དེ་རིང་ལུས་སྟེང་ལ་འཕྱུར་ནས་བསླེབས་སོང་།།
ཁྱོད་ཀྱིས་ད་དུང་ཡང་ཉལ་ས་དེ་རུ།།
རྨི་ལམ་སྐྱིད་པོ་ཞིག་རྨིས་ན་འདོད་དམ།།
ཁྱོད་ཀྱི་རུས་པ་དེ་དཀར་པོ་ཨེ་ཡིན།།
ཁྱོད་ཀྱི་ཟུངས་ཁྲག་དེ་དམར་པོ་ཡིན་ནམ།།
ཁྱོད་ཀྱི་ཁ་ཟས་དེ་རྩམ་པ་ཡིན་ན།།
ཁྱོད་ཀྱི་ཡ་ཐོད་ཀྱི་མིག་ཁ་ཕྱེས་དང་།།
གནའ་བོའི་གྲོང་མཁར་གྱི་གྱང་ངོས་དེ་རུ།།
ང་ཚོ་ཚང་མ་ཡི་མིང་ཡིག་བྲིས་འདུག །
མིང་ཡིག་འདི་ནག་བསུབ་གཏོང་འདོད་མེད་ན།།
མེ་ཡི་གྲོང་ཁྱེར་ཞིག་བསྐྲུན་དང་ཆོག་གམ།།
ཁྱོད་ཀྱི་ལུས་སྟེང་ན་རུས་པ་ཡོད་ན།།
ཁྱོད་ཀྱི་སྙིང་ཤ་དེ་ལྷོག་ལྷོག་ལྡིང་ན།།
ང་དང་ཁྱོད་ཅག་ཚོ་ལག་འཇུ་བྱས་ནས།།
འཇིག་རྟེན་གཞན་ཞིག་ལ་ཆས་དང་ཆོག་གམ།།
ངེད་ཚོའི་ཕ་མ་ཡི་རྣམ་ཤེས་དེ་ཡིས།།
འུ་ཚང་སྒོ་མོ་འདི་ཡང་ཡང་བརྡུངས་ཀི།།
ཨ་རོགས་བུ་སྡུག་ཁྱོད་སྐྱག་གཟན་མིན་ན།།
ཕ་མ་ཡབ་མོས་ལ་ཁས་ལེན་མཛོད་ཅིག །
མེ་ཡི་དཀྱིལ་འཁོར་སྟེང་སངས་རྒྱས་འདོད་ན།།
འཇིག་རྟེན་འཚོ་བ་འདི་བློ་གཏོང་མཛོད་ཅིག །
ཁྱོད་རང་ངེད་ཕྱོགས་སུ་མགྱོགས་སུ་ཕེབས་དང་།།
ངེད་གཉིས་ལག་འཇུ་ཞིག་བྱས་ནས་འགྲོ་ཡ།།
མདོར་ན་གངས་ཅན་པོའི་དཔའ་བོའི་བུ་ཞིག །
ངེད་ཚང་བཙན་པོ་ཡི་གདུང་རྒྱུན་ཡིན་ན།།
ཕ་མོས་ཡང་མོས་ལ་འདང་ཞིག་བརྒྱབ་ནས།།
རང་གི་ལུས་ཕུང་འདི་མཆོད་པ་འབུལ་ཡ།།
དག་བཅོས་བྱེད་ཁུལ་ཡིན། མོས བཅོས མེས། ཡག་པོ་འདུག་མུ་མཐུད་ནས་ཡིན་ད
ངོ་མ་རེད། མེས། མོས་ལ་བྲིས་འདུག དགོངས་དག
སྙན་མོ་བྱུང་།
གླེགས་བམ་འཐུག་པོ་དེ་གངས་ཅན་བོད་པ་།
ལོ་རྒྱུའི་དེབ་ཐེར་དེ་བདེན་པ་དཀར་པོ་།
ན་ནིང་ད་ལོ་ཡི་རྫུན་གཏམ་དེ་ཡིས་།
ང་ཡི་སྙིང་དམར་ལ་་ཁྲག་རྒྱུན་བཞུར་གི་།
སེར་ཆེན་མེ་་ཏོག་དེ་བཞུད་པའི་ཉི་མ་།
ཧ་ལོའི་དུག་ཤིང་་དེ་སྐྱེས་པའི་ད་ལྟ་།
བསིལ་འཇམ་ཟླ་བ་ལ་རེ་རྒུག་བྱས་མོད་།
ད་དུང་འཛུམ་ཞལ་དེ་མཐོང་བ་མ་བྱུང་།
ལྷ་ཤིང་གཡུ་ལོའི་སྐྱེདཚལ་འདི་ན་།
ཁུ་བྱུག་འཇོལ་མོའི་གསུང་སྙན་མེད་གི་།
ཁ་ཏ་རོག་པོའི་འག་སྐད་རེ་རའི་།
རྣ་བ་ལག་པས་འགེབ་དགོས་ཐུགསོང་།
རིམ་གྱིས་ལན་འདེབ་རྒྱུའི་རེ་བ་ཡོད་འབའ་སྲས་ལགས་་།
ཀ་ར་དང་འོ་མ་བསྲེས་ཏེ།
ཁ་ནང་ལ་བླུག་པ་ལྟ་བའི།
ག་ཚོག་ཞིག་ཀློག་ཀྱང་སྙན་པས།
ང་རང་གི་སེམས་ལ་བབས་སོང་།
སྙན་ངག་འདི་སྙན་པོ་སྙན་པོ།
ཚིག་སྦྱོར་ཡང་བདེ་བོ་བདེ་བོ།
གླུ་སྨྱོན་གྱི་རླུག་པ་རིང་རུང་།
འབའ་སྲས་འདི་འབུར་དུ་ཐོན་འདུག
ན་ནིང་ཞི་འཇམ་དུ་འཁྱིལ་བའི་རྒྱ་མཚོ་།
ད་ལྟའི་སྦར་ཟླབ་གི་ཡོ་ལང་ཆེན་པོའི་།
ང་ཡི་རྨི་ལམ་དེ་འཕྲེད་གྱིས་བཅད་ནས་།
ཉལ་ས་སྐྱིད་པོ་དེ་རྨང་ནས་སྐྲོགས་སོང་།
ང་ཡི་ཡ་ཐོད་གྱི་མིག་ཟུང་བསྒྲད་ཚེ་་།
རུས་པ་དཀར་པོ་དེ་ཨ་ན་མ་ན་།
ཟུང་ཁྲག་དམར་པོ་དེ་གཅིག་པ་གཅིག་སྐྱང་།
བསྦྲང་དཀར་རྩམ་པ་དེ་བོད་པའི་ཁ་ཟས་།
སྙན་སྙན་སྙན་ངག་འདི་སྙན་པ།།
མཛེས་མཛེས་ཚིག་སྦྱོར་འདི་མཛེས་པ།།
འཕྲོག་འཕྲོག་ཡིད་སེམས་འདི་འཕྲོག་པས།།
དུང་དུང་སྙིང་གཏམ་ཞིག་ཤོར་སོང་།།
འབའ་སྲས་ལགས་ཀྱི་ཚིག་བཅད་སྙན་ངག་ལ་དངོས་ནས་བྲོ་བ་ཁྱད་པ་ཅན་ཞིག་འདུག
འབབ་སྲས་འདི་བུ་མོ་ཞིག་ཡིན་ན།།
སྙན་ངག་འདི་ཨ་རག་ཅིག་ཡིན་ན།།
ཚིག་སྦྱོར་འདི་མུ་ཏིག་ཅིག་ཡིན་ན།།
བརྗོད་བྱ་འདི་གསེར་རྟོག་ཅིག་ཡིན་ན།།
དགོངས་དག གསེར་རྡོག་ཅིག་ཡིན་ན་
སྙན་ངག་སྙན་ནོ་ཟེར་ན་དགའ་འོ།།
མང་མང་བཀླགས་པ་མཐོང་ན་སྐྱིད་དོ།།
གཞན་གྱིས་ཀློག་འདོད་མེད་ན་སྡུག་གོ །
ཨུ་ཚུགས་བྱས་ནས་བྲིས་ན་ངན་ནོ།།
མཚོ་བུ་དཀར་པོ་ལགས། དེ་འདྲ་ཞིག་ཡིན་ན་ཅི་བྱ་རྩིས་ཡོད། ཧ་ཧ། ཀུ་རེ་ཡིན། བཀླགས་པས་སྤྲོ།
གནའ་བོའི་གྲོང་མཁར་ཞེས་པ་ལ་ལན་ཐེབ་མ་སོང་།། དགོང་དག་་ཞུ་།
ང་ཡི་ལུས་གསང་ན་རུས་པ་ལུས་ཡོད་།
ང་ཡི་སེམས་ཁོང་ན་སྙིང་སྟོབས་རི་ཡིན་།
ང་དང་ཁྱོད་གཉིས་ལག་ཟུང་ཞིག་སྦྲེལ་ནས་།
སྙན་ངག་རིང་མོ་དེ་དལ་གྱིིིི་འབྲི་འདོད་།
ཕ་མའི་དུར་ཁུང་ནས་བལྟས་པ་ཡང་ཤེས་ཡོད་་།
གཤེད་མ་སྒོ་རྩ་ན་་ཐོན་པ་དེ་མཐོང་སོང་།
རྒོ་གླེག་ཤར་གྱི་ཕྱེ་བ་ལ་བྲེལ་ཡང་།
རང་སྲོག་རང་ལ་མཁོ་བ་དེ་དྲན་སོང་།
ཧ ཧ་འབབ་སྲས་ལགས།དེ་འདྲ་ཡིན་ན།
མགོ་མཇུག་མེད་ལ་ལྡག་ན་འདོད་གི།
ལྷག་མ་མེད་ལ་འཐུང་ན་འདོད་གི།
ཉིན་མཚན་མེད་ལ་བཏགས་ན་འདོད་གི།
སེར་སྣ་མེད་ལ་གཏོར་ན་འདོད་གི།
ལུག་གུའི་འབབ་སྒྲ་རྣ་ལ་སྙན་གི།
བལ་ཁ་འཇམ་པོ་རེག་ན་སྐྱིད་གི།
རིལ་མ་ཆུང་ཆུང་འབར་ན་དྲོས་གི།
དམར་ཆུང་སེམས་པ་འདི་ལ་ཤོར་ཐལ།
སྙན་པོ་འདུས ཀློག་ཚར
སྙན་ངག་ཟེར་ན་འདི་རེད་པས། ང་ཀྱང་འདི་འདྲ་བ་ཞིག་འབྲི་ཐབས་བྱེད་ངེས་ཡིན། ཁྱེད་ཚོས་སྒུག་ཨ།
བྱ་ཁྭ་ཏའི་སྒྲོ་བསྟོད།།
མི་ངན་པའི་རང་བསྟོད།།
ཧ་ཧ་ཡང་ཁ་ཏ་ནག་པོ་སླེབས་སོང་།
ཡང་
ང་ཚོའི་རིག་གཞུང་གླེགས་བམ་ཆུ་ལ་བསྒྱུར་སོང་།།
ང་ཚོའི་བདེན་པའི་ལོ་རྒྱུས་རྫུན་གྱིས་སིབ་པས།།
འདས་པའི་ལོ་ཟླ་རིང་མོས་ཡིས་ང་ཚོ་བསྐྱུར་ཀྱང་།།
རང་སེམས་རྨ་ཁ་དྲོན་མོས་ང་ཚོ་སྒུག་ཡོད།།
སྐྱབས་མཆོག་པཎ་ཆེན་བླ་མ་དུག་གིས་དགྲོང་ནས།།
རང་འདོད་སྤྲུལ་རྫུན་བླ་གཟུགས་ཁྲི་ལ་བཞགས་ཐལ།།
དོན་གྱི་མཆོག་སྤྲུལ་ངོ་མ་བཙོན་ལ་བཅུགས་ནས།།
མི་ལོ་བཅུ་གྲངས་ཤིག་ལ་བོར་བརླག་ཕྱིན་སོང་།།
ཚིག་གི་མཚོ་མོ་ཡི་དཀྱིལ་ན།།
གསེར་བྲིས་ཉ་མོ་ཞིག་རྩེན་ཀི།
ལོ་རྒྱུས་ཀློག་སྐབས་རེར་ཡོད་ན།།
ང་ཚོའི་བདེན་པ་དེ་ཅི་ཡིན།།
སྙན་རྩོམ་སྙན་མོ་རེ་བྲིས་ན།།
མཆན་བུ་འདེབས་མཁན་ནི་ཉུང་ཉུང་།།
ལོང་གཏམ་ཉོག་བཤད་རེ་བྲིས་ན།།
མཆན་བུ་བརྒྱ་ཕྲག་ལས་བརྒལ་བ།།
དྲ་གྲོགས་ཚོའི་སྐྱོན་ངོ་ནས་དེ་འདི་ལྟར་ལྷང་ལ་བུད་འདུག།