མེ་དཔུང་།
ལུས་ཕུང་མེར་བསྲེགས་པར་རིན་ཐང་ཨེ་འདུག
བོད་མི་རིགས་གླེང་མཁན་ཞིག་གིས་ཚོར་ཤུགས་བོར་སོང་བ་ཨེ་ཡིན
དྲ་ཐོག་གི་སྨྱུག་འཛིན་པའི་སེམས་ཚོར་ཆེ་དྲག་པ་ཨེ་ཡིན
ང་ཚོས་བསམ་བློས་དཔྱད་པ་མ་འདང་བས་ཨེ་ཡིན
ཚེ་སྲོག་གི་འགྲོ་གྲོན་ལ་རིན་ཐང་མི་ལྡན་ནི་ཨེ་ཡིན
བསམ་བློ་ཅི་ཡང་མི་གཏོང་བར་ཁ་རྕོད་ཀྱིས་ཨེ་ཕན
སྙན་ངག་པ་ཡིན་ན་སྙན་ངག་བཞུར་རན་རེད་ལ
རྩོམ་པ་པོ་ཞིག་ཡིན་ན་རྩོམ་ཡིག་འབྲི་རན་རེད
ཁྱེད་རང་གི་ཨ་ཕ་རྒྱ་དམར་གྱིས་དམར་གསོད་སོང་ན
ཁྱེད་ཀྱིས་རང་དགའ་སའི་བུ་མོར་སྙན་ངག་བྲིས་ཏེ་སྡོད་ཨེ་བཏུབ
ཁྱེད་རང་གི་ཨ་མ་རྒྱ་དམར་གྱིས་བཟུང་སོང་ན
ཁྱེད་རང་ལ་ཚོར་བ་ཅི་ཞིག་སླེབས་ཀྱི་རེད
ཁྱེད་རང་གི་ཉེ་འབྲེལ་ཞིག་རྒྱ་མིས་བཟུང་སོང་བའམ་དམར་གསོད་བཏང་སོང་ན
ཁྱེད་ཀྱིས་ཟ་མ་ཞིམ་པོ་ཟོས་ནས་ལྷོད་པོར་འདུག་རྒྱུ་ཨེ་རེད
ཁྱེད་ཀྱི་ལོ་སར་གཏོང་རྒྱུ་ཨེ་རེད ཁྱེད་ཀྱིས་ཅི་བྱེད་ས་རེད
བོད་ནང་གི་བོད་མིའི་ལུས་ཕུང་མེར་བསྲེགས་དགོས་ཟེར
ན་གཞོན་དག་གིས་ཧོལ་རྒྱུགས་མ་གཏོགས་མི་ཤེས་ཟེར
ད་དུང་བོད་མི་ཉིས་བརྒྱ་ལྷག་མི་མཐུད་མེར་བསྲེག་རྒྱུའི་དམ་བཅའ་བཞག་ཡོད་ཟེར
ཁོང་ཚོས་ཅིའི་ཕྱིར་རང་གི་ལུས་ཕུང་མེར་བསྲེག་དགོས་སོང་ནི་རེད།
ཁྱེད་ཀྱིས་ཤོད་ཡ
གནད་འགའ་ཅན་གྱི་དྲི་བ་འདི་དག་གིས་ངའི་སྙིང་ལ་ན་ཚ་བཟོ་བཞིན་འདུག།ང་ནང་བཞིན་མི་མང་པོ་ཞིག་ལ་ཡང་བཟོ་ཡོད་སྲིད། ཐུགས་རྗེ་ཆེ་མི་རེ་རེར་འདི་འདྲ་བའི་སེམས་པ་རེ་ཡོད་ན་བཟང་བ་ལའང་།
དྲི་བ་འདི་དག་གིས་བསྐྲུན་པའི་ན་ཟུག་གི་ལྗིད་ཚད་ལ་ང་ཚོས་ངེས་པར་དུ་ལན་ཞིག་བསྐྱོན་དགོས་འདུག།
དངོས་གནས་སེམས་ཁམས་སུ་ཆུ་འཁྱག་རྫ་མ་གང་བླུགས་པ་དང་མི་མཚུངས་སམ།
དངོས་གནས་མིག་མདུན་དུ་ཁྲག་རྣག་གི་རྒྱ་མཚོ་ཞིག་བསྐྱིལ་བ་དང་མི་མཚུངས་སམ།
དངོས་གནས་དགོས་རྒྱུ་དང་གླེང་རྒྱུ་ཡང་ན་འདྲི་རྒྱུ་ཞིག་དྲིས་འདུག
དངོས་ནས་ཡ་ཆུང་ན་ཡོད་ཚད་སྟེང་འོག་རྗེ་གི མིག་ཟུང་ན་ཡོད་ཚད་ཆུ་མ་རེད། བཀྲིན་ཆེ། ཁོངས་རྣམས་སེམས་ཁུང་གི་དྲན་ཤིང་ཡིན། ལུས་སེམས་མ་འགག་པར་དུ། གལ་སྲིད་རྣམ་ཤེས་ལ་རང་དབང་ཡོད་ན་དུས་ནམ་ཡང་།
ད་དངོས་གནས་བཤད་ན་རྨ་ཁ་མེད་པའི་ན་ཟུག་ལྕི་མོ་འདི་ལ་ཞི་འཇམ་གྱི་ཡལ་བའི་སྨན་བཅོས་ཤིག་ཇི་ལྟར་བྱེད་་་་་་་་མེ་འབར་དགོས་པ་དང་མེ་གསོད་དགོས་པ་སུའི་ཚོད་དཔག་ཐུབ་་་་་་ཡིན་ཡང་གདུངས་སེམས་མཉམ་བསྐྱེད་བྱེད་རྒྱུ་ཏག་ཏག་གལ་ཆེན་རེད་སྙམ།