སྙན་ཚེ་བ།
ངས་དམའ་ས་དམའ་ས་ཞིག་ནས་
ཁྱེད་བཙལ་ནས་རྙེད་ཡོད་ཀྱང་།
ཁྱེད་མཐོ་ས་མཐོ་ས་ཞིག་ལ་ལྟ་བར་གོམས་ཏེ་
མེ་ཏོག་གི་དྲི་མ་མི་ཤེས་ཟེར།
ཐ་ན། མེ་ཏོག་ལ་མི་དགའ་བས་མེ་ཏོག་མི་གསོ་ཟེར།
ངོ་མ། མེ་ཏོག་དང་ལྡུམ་ར་སྙིང་རྗེ།
མེ་ཏོག་གི་བདག་པོ་དང་
མེ་ཏོག་ལ་དགའ་བ་དག་ཤ་ཚ།
མཚན་མོར་ཟླ་བ་ཁེར་རྐྱང་དུ་འགྲོ་བར་གོམས་ཤིང་།
མུན་པ་རྨི་ལམ་ལ་འགྲིམ་པར་ལོབས།
ལས་དབང་གི་རི་ལུང་སྟུག་པོས་དལ་འཇགས་སེར་
ད་དུང་ཅི་ཞིག་ལ་སྒུག་བཞིན་ཡོད་ཨང་།
ཨ་ཁུ་གནམ་མཁའ་ལགས་ངོ་མ་སྙན་མོ་འདུག བཀའ་དྲིན་ཆེ།
ངོ་མ་ཨ་ཧོ་ཧོར་གྱི་ལྡོབ་ཟེར་བ་དེ་ཡིན་པ་འདྲ་ལུག་སྨུག་པའི་གསེང་ལ་འགྲོ་བ་ནང་བཞིན་བརྗོད་དོན་མི་གསལ་བའི་གབ་ཚིག་འདི་རིགས་མི་ལས་མེད་དེ་ཚོས་ཉིན་མ་བསྐྱེལ་རྒྱུའི་ཆེད་དུ་རང་རེད།