ཤར་ཕྱོགས་ཁུག་རྟ།
༄༅།། ངས་དར་དམར་འཕྱར་བར་རྒྱབ་སྐྱོར་བྱ་དགོས་པའི་རྒྱུ་མཚན་ཆེན་པོ་བཅུ་གཉིས་གཤམ་དུ་བཀོད་ཡོད་ལ། ཆོས་རྣམ་འབྱེད་ཀྱི་ཤེས་རབ་མེད་པ་དང་དབང་རྟུལ་ཚོར་བའི་རྗེས་འབྲངས་ཚོའི་ཡིད་ལ་ཤོང་མ་ཤོང་རེ་ཡོང་ན་བཟོད་གསོལ་ཞུ་རྒྱུ་ལས་བྱ་ཐབས་བྲལ་ཞིང། གལ་སྲིད་རྒྱུ་མཚན་ཆེན་པོ་བཅུ་གཉིས་ལ་རྒྱུ་མཚན་གཞན་ཞིག་གིས་གས་ཆག་གཏོང་ཐུབ་མཁན་ཡོད་ན། ཉིན་མོ་དེ་ནས་ངས་དར་དམར་འཕྱར་རྒྱུ་མཚམས་འཇོག་བྱེད་པར་ཐེ་ཚོམ་ནེམ་ནུར་གང་ཡང་མེད།
༡ གཉིས་སྨན་ནི་དབུ་མའི་ལམ་གྱི་སྙིང་དོན་ཡིན་ལ། དབུ་མའི་གྱི་སྲིད་བྱུས་ཀྱི་སྙིང་དོན་རྒྱ་ནག་གི་རྩ་ཁྲིམས་འོག་བོད་ལ་རང་སྐྱོང་ཐོབ་རྒྱུ་དེ་ཡིན་པས། དར་དམར་འཕྱར་བ་ཡིན་ན་གཉིས་སྨན་དང་རང་སྐྱོང་ཐོབ་རྒྱུ་གཉིས་ཀར་འགལ་བ་གང་ཡང་མེད།
༢ བོད་མིའི་འཐབ་རྩོད་ནི་རྒྱ་ནག་རྒྱལ་ཁབ་དང་མི་མང་གི་ཁ་གཏད་མིན་པ་སྲིད་སྐྱོང་མཆོག་ནས་ལན་མང་གསུངས་པ་ལྟར། སྲིད་བྱུས་བསྒྱུར་བཅོས་ལ་འཐབ་རྩོད་བྱེད་སྐབས་རྒྱ་ནག་རྒྱལ་ཁབ་ཀྱི་ཆེ་མཐོང་མི་བརླག་པ་དང་དམངས་སེམས་ལ་ཞེ་འཁོན་མི་བསྐྲུན་པའི་ཐབས་ཚུལ་ཡང་དག་གཅིག་དར་དམར་འཕྱར་ནས་དགོས་འདུན་འདོན་པ་འདི་རེད།
༣ འབུ་ཆེས་ཆུང་ཟོས་མིན་པར་དྲང་བདེན་དང་ཡ་རབས། ཞི་བདེ། མཐུན་སྒྲིལ་བཅས་མིའི་རིན་ཐང་གོང་མཐོར་སྤེལ་གཞིའི་དཀྱིལ་སྙིང་དུ་འགྱུར་ཆེད་གཉིས་སྨན་གྲོས་མོལ་དང་གུ་ཡངས། ཞི་བའི་སྤྱོད་པ་རྒྱུན་འཁྱོངས་བྱ་དགོས་སྟབས། དར་དམར་འཕྱར་ཏེ་ཞི་བའི་སྤྱོད་པ་དམ་པ་རྒྱུན་འཁྱོངས་བྱས་པས། བོད་མི་ཚོར་འཚེ་མེད་ཞི་བ་ཉག་ཅིག་གི་ལམ་ནས་བོད་དོན་དཀའ་ངལ་སེལ་འདོད་ཡོད་པ་གསལ་སྟོན་བྱ་ཐུབ།
༤ བོད་རིགས་ཡོངས་རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་ཏུ་སྒྲིལ་ཆེད། རྒྱ་ནག་གི་རྩ་ཁྲིམས་ལ་བརྩི་བཀུར་བྱས་ཏེ་༼ བསམ་འཆར ༽་གྲོས་གཞིར་སྤྲད་ཟིན་སྟབས། ༼ བསམ་འཆར་༽མངོན་གྱུར་ཡོང་བར་འཐབ་རྩོད་བྱེད་པའི་ལས་འགུལ་གྱི་རྣམ་གྲངས་ནང་དར་དམར་འཕྱར་ཏེ་ནག་འདེད་བྱེད་པ་འདི་ཚུད་ཡོད།
༥ བོད་ལ་མ་འོངས་པར་གནས་སྟངས་གང་འདྲ་ཞིག་འབྱུང་མིན་ལ་མ་བལྟས་པར། རྒྱ་ནག་དབང་འཛིན་པ་ཚོའི་མཉམ་མཐའ་གཅིག་ཏུ་ཞི་བ་དང། ཤེས་ཡོན་ལྡན་པ། ཆེ་མཐོང་ཡོད་པ་བཅས་ཀྱི་འཐབ་རྩོད་རིམ་པར་བྱ་དགོས་སྟབས། དར་དམར་འཕྱར་ཏེ་འཐབ་རྩོད་བྱེད་པ་དེ་དེ་རིང་གི་གནས་བབ་དང་མཐུན་ལ། ཆེ་མཐོང་ཡོད་པ། ཤེས་ཡོན་ཅན་གྱི་ལས་འགུལ་སྤེལ་སྟངས་ཤིག་རེད།
༦ རྒྱལ་སྤྱིས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་བཞིན་པ་ཟེར་བའི་རྒྱ་གཞུང་གི་བཤད་སྟངས་འགོག་ཆེད། དར་དམར་འཕྱར་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འབྲུ་དོན་ཐད་རྩོད་ལེན་དང། བསྒྱུར་བཅོས་ཀྱི་རེ་འདུན་བཏོན་སྟེ་འཐབ་རྩོད་བྱེད་པ་དེས། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་མེད་པ་དང། ཁྲིམས་ལུགས་ལ་སྲུང་གཙི་མེད་པའི་རུལ་སུངས་ཀྱི་གནས་སྟངས་རྣམས་རྒྱལ་སྤྱིར་གསལ་སྟོན་བྱ་ཐུབ།
༧ དར་དམར་འཕྱར་ཏེ་རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་བྱེད་པ་དེར། རྒྱ་ནག་གི་མི་མང་གིས་རྒྱབ་སྐྱོར་བྱེད་ཐུབ་པ་མ་ཟད། མཐོང་བ་ཙམ་གྱིས་མིག་ལ་འགྲོ་བ། དེ་དང་མཉམ་དུ་རྒྱ་ནག་མི་མང་རང་ལའང་རང་དབང་ཚད་ལྡན་ཞིག་དགོས་རྒྱུར་ཞི་བའི་འཐབ་རྩོད་བྱེད་དགོས་པའི་དྲན་སྐུལ་བྱེད་ཐུབ་པས། རྒྱ་ནག་ཁྱོན་ཡོངས་ལ་གཡོ་འགུལ་ཐེབས་གཞིར་འགྱུར་སྲིད་པའི་རྟགས་མཚན་མང་བ།
༨ མི་གསོད་ཁྲག་སྦྱོར་གྱི་ཐབས་ལམ་དང། ཡང་ན་བོད་ཀྱི་རིག་གནས་དང་གོམས་གཤིས་ཉམས་ཆག་ཟིན་མཚམས་བོད་ལ་རང་བཙན་གཙང་མ་སྟོབས་འབྱོར་རྒྱ་གང་ཆེ་བྱུང་ཡང་དེ་ལ་དོན་སྙིང་གང་ཡང་མེད་པ། ཕྱིའི་དངོས་པོ་ཡར་རྒྱས་ཀྱི་རྩེ་མོར་སོན་པའི་སྤྱི་ཚོགས་དང་རྒྱལ་ཁབ་དག་གིས་ང་ཚོར་མིག་སྟོན་བྱེད་བཞིན་པས། དར་དམར་འཕྱར་ཏེ་འཐབ་རྩོད་བྱེད་པ་དེས་དེ་རིང་གི་གནས་བབ་འདི་འདྲའི་འོག་ཏུའང་མི་གསོད་ཁྲག་སྦྱོར་འགོག་པ་དང། བོད་ཀྱི་སྐད་ཡིག་རིག་གནས་སྲུང་སྐྱོབ་ཐུབ་པར་ནུས་བ་ཐོན་ངེས།
༩ རང་སྐྱོང་ཐོབ་མཚམས་མ་གཏོགས་དར་དམར་མི་འཕྱར་ཞེས་པ་དང། དར་དམར་འཕྱར་ཏེ་རང་སྐྱོང་ཐོབ་རྒྱུར་འཐབ་རྩོད་བྱེད་པ་གཉིས་རྦད་དེ་ཁ་ཁ་ཡིན། སྔ་མ་ནི་ཐག་གཅོད་ཟིན་རྗེས་ཀྱི་ཁྲིམས་ཐོག་དང་ལོ་རྒྱུས་ཀྱི་གནས་སྟངས་ཤིག་དང། ཕྱི་མ་ནི་འཐབ་རྩོད་ཀྱི་གནས་སྐབས་ཡིན་པས་དེ་གཉིས་བསྡུར་ཐབས་བྲལ།
༡༠ ༧རྒྱལ་བ་བཅུ་བཞི་པ་ཆེན་པོ་དང་དབུ་མའི་ལམ་གྱི་རྗེས་འཇུག་པ་ཚོས་བོད་རིགས་ཡོངས་རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་ཏུ་སྒྲིལ་རྒྱུ་རྩ་དོན་དུ་བརྩི་བ་ལྟར། རང་བཙན་འཐབ་རྩོད་པའི་ཕྱོགས་ན་རང་བཙན་གྱི་སྒྲོམ་གཞིས་མཚོན་སྦྱོར་དངོས་རྗེས་གསུམ་གང་འདྲ་ཞིག་ཐོབ་རྒྱུར་ཁ་གསལ་མེད་སྟབས། དར་དམར་འཕྱར་ཏེ་རང་སྐྱོང་འཐབ་རྩོད་བྱེད་པ་འདིས་རང་བཙན་ཆུང་ཆུང་ཞིག་བྱུང་ནའང་འགྲིག་པའི་འདོད་ཚུལ་རྣམས་གཏན་འགོག་བྱ་ཐུབ།
༡༡ རྒྱ་ནག་གིས་དབུ་མའི་ལམ་གྱི་གྲོས་མོལ་ལ་དམིགས་ཡུལ་གཞན་ཞིག་ཡོད་པར་ཁ་གཡར་བ་དེའང། དར་དམར་འཕྱར་ཏེ་མི་མང་སྡེབས་ལངས་ཀྱིས་རང་སྐྱོང་དགོས་པའི་མངོན་འདོད་གསལ་སྟོན་ཐུབ་པ་ཡིན་ན། རྒྱ་ནག་གིས་ངེས་པར་དུ་བཤད་སྟངས་གཞན་ཞིག་ཏུ་བསྒྱུར་དགོས་སྟབས། རང་སྐྱོང་སྤྲོད་འདོད་ཡོད་མེད་ཀྱི་གནས་བབ་དུས་ཐུང་ནང་ཐག་ཆོད་ཐུབ་ངེས།
༡༢ བཙན་བྱོལ་མི་མང་གིས་དར་དམར་འཕྱར་ཏེ་རང་སྐྱོང་འཐབ་རྩོད་གནང་བ་ཡིན་ན། ༧ཏཱ་ལའི་རུ་ཚོགས་ཀྱིས་ཁ་ཕྲལ་རྩོད་ཀྱི་འདུག་ཅེས་པའི་འཁྱོག་བཤད་དེ་གཞི་རྩ་ཁྱོན་ནས་མེད་པ་ཞིག་རང་བཞིན་གྱིས་ཆགས་པ་མ་ཟད། ༧གོང་ས་མཆོག་གི་རླབས་ཆེན་མཛད་འཕྲིན་ལ་དངོས་ཤུགས་བརྒྱུད་གསུམ་ནས་བར་ཆད་རྩོམ་པའི་རྒྱ་གཞུང་གི་གཡོ་ཇུས་རྣམས་མཇུག་སྒྲིལ་ངེས་སོ།།
བཙན་བྱོལ་སྤྱི་ཚོགས་ནང་མང་གཙོའི་ལམ་ནས་རིམ་པ་དུ་མར་བོད་མི་མང་གིས་རང་དབང་ངང་འོས་ཤོག་འཕངས་ཏེ། མ་འོངས་བོད་ཀྱི་མདུན་ལམ་དབུ་མའི་ལམ་ནས་བོད་རིགས་ཡོངས་རྫོགས་རང་སྐྱོང་གཅིག་ནང་སྒྲིལ་རྒྱུར་སྤྱི་མོས་རྒྱབ་སྐྱོར་ཐོབ་པ་བཞིན། མང་གཙོའི་ལྟ་གྲུབ་ལ་ཡིད་ཆེས་བློ་གཏོད་ཞུ་མཁན་ཞིག་ཡིན་ན། ད་ནི་མི་མང་གི་མངོན་འདོད་སྒྲུབ་ཐབས་སུ་རང་ནུས་ཡོད་ཚད་འདོན་དགོས་པར་སོང། དར་དམར་འཕྱར་ཏེ་ཡང་དག་པའི་མངོན་འདོད་དེ་འཐབ་རྩོད་བྱེད་པ་ལ། བོད་ཀྱི་བདག་པོ་བོད་མི་མང་གི་བཀའ་ཡི་གནང་བ་ཆ་ཚང་ཡོད་པས་མ་ཟད། སྤྱི་མོས་རྒྱབ་སྐྱོར་ཀྱང་ཡོད་ཡོད་པ་རེད།།
༢༠༡༣། ༢། ༡༩། ཉིན་ལྡི་ལི་ནས་སྤེལ།།
འདི་ལ་ལན་བཀའ་སྤྱི་གཉིས་ཀྱིས་བརྒྱབ་དགོས།
xxx
ཆོས་རྣམ་འབྱེད་ཀྱི་ཤེས་རབ་ཕྱུག་པའི་ཁུག་རྟ་ལགས། ཁྱེད་ནས་དྲངས་པའི་རྒྱུ་མཚནལ་དོན་སྙིང་འདུག་ཀྱང་དོན་འབྲས་ཤིག་ཡོང་རྒྱུའི་ངེས་པ་མིན་འདུག དེར་བརྟེན་ད་སྐབས་ཀྱི་རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་གྱི་འགྱུར་འགྲོས་ལ་བལྟས་ནས་ཁྱེད་ཀྱི་རྨིས་ལམ་རྒྱུ་མཚན་བཅིུས་པོར་ལན་འདེབས་ཤིག་ཞུས་ན།
༡》 གཉིས་སྨན་ནི་དབུས་མའི་ལམ་ཙམ་མིན་པར་རྒྱལ་ཡོངས་ཆབ་སྲིད་ཀྱི་འབྲེལ་མོལ་ཚང་མའི་རྨང་གཞི་ཞིག་རེད། ཨ་རི་དང་རྒྱ་ནག་གཉིས་ཀྱི་ཕན་ཚུལ་དཔལ་འབྱོར་ལ་དོ་ཕོག་མི་ཡོང་བའི་ཕྱིར་གཉིས་སྨན་གྱི་འཁོན་འཛིན་སྤོང་བ་ལྟ་བུ་རེད། ཆབ་སྲིད་ཀྱི་ཐོག་ནས་གཉིས་སྨན་འོང་རྒྱུར་ང་ཚོའི་གམ་དུ་བརྗེ་རེས་བྱེད་རྒྱུ་ག་རེ་ཡོད་དམ།
༢》 ཁྱེད་ཀྱི་རྒྱ་ནག་རྒྱལ་ཁབ་ཀྱི་ཆེ་མཐོང་དང་མང་སེམས་ལ་ཞེ་ཁོན་ལ་མི་བསྐྲུན་རྒྱུ་གསུངས་འདུག་པ་བདེན་ཀྱང་། ང་ཚོ་བོད་མི་རྣམས་ཀྱང་འགྲོ་བ་མི་གཅིག་ཡིན་པས་ཆ་ནས་ད་བར་ང་ཚོར་ཉ་ནོན་དང་སྡུག་སྦྱོང་བཏང་བ་དེ་དག་ལམ་སེང་བརྗེད་དགོས་པ་རེད་དམ། ཕར་ལ་གུ་ཡངས་བྱེད་པ་ནང་བཞིན་ཚུར་ལའང་ཆེས་མཐོང་སྤྲད་མི་དགོས་སམ།
༣》 དར་དམར་འཕྱར་བ་དེ་ཞི་བའི་སྤྱོད་ལམ་ཞིག་ཡིན་ན། དར་དམར་མི་འཕྱར་བ་དེ་ཞི་བའི་སྤྱོད་ལམ་དང་འགལ་བ་རེད་དམ། བོད་མིར་དཀའ་སྡུག་དང་བོད་ཀྱི་རིག་གཞུང་ལ་གཏོར་བཅོམ་ཇི་ཙམ་བྱས་པ་རྣམས་ལ་ངོས་ལེན་རྟིལ་འབྲུ་ཙམ་ཡང་མེད་པར། ཞི་སྒྲིག་དང་གྲོས་མོལ་དང་གུས་ཡངས་གང་ན་འདུག
༤》 ད་བར་རང་སྐྱོད་ཐབ་རྩོད་ལམ་ལྷོང་མ་ཡོང་བ་དེ་བྱས་ན་དར་དམར་འཕྱར་རྒྱུ་བརྗེད་པ་དེས་དབང་གི་ཡིན་པ་རེད། དེ་འདྲ་སྟབས་བདེ་པོ་ཞིག་ཨེ་ཡོད་སྙམ། ༸རྒྱལ་དབང་མཆོག་གིས་དེ་ལྟར་ལམ་སྟོན་གནང་རྒྱུ་དབུ་བརྙེས་པ་རེད་དམ། ཡང་ན། ཁྱེད་ཀྱི་མཁྱེན་རྒྱ་དེ་སྐབས་དེར་ཆད་པ་རེད་དམ།
༥》 ད་བར་ང་ཚོས་རྒྱ་ནག་དབང་འཛིན་པ་ཚོ་ལ་འཚེ་བ་དང་། ཆེ་མཐོང་མེད་པའི་ལས་རིགས་ཅི་སྤེལ་འདུག འོ་ན་ད་བར་ལས་འགུལ་སྤེལ་བ་ཐམས་ཅད་ཤེས་ཡོན་མེད་པའི་འཐབ་རྩོད་དུ་བརྩི་རྒྱུ་ཡིན་ནམ།
༦》 ཇི་སྲིད་དར་དམར་འཕྱར་དེ་རྒྱ་ཡིན་ཁུལ་བྱས་རྗེས། རྒྱལ་ནང་གི་གནད་དོན་ཞིག་ཏུ་འགྱུར་ཟིན་པས་ཕྱི་ལ་སྡུག་སྐད་ཇི་ཙམ་རྒྱབ་ཀྱང་དོན་འབྲས་འོང་རྒྱུ་ཞིག་མེད། རྒྱལ་ནང་གི་གནད་དོན་ལ་ཐེ་བྱུས་མི་བྱེད་པ་ནི་རྒྱལ་སྤྱིའི་འགྲོ་ལུགས་ཡིན་པ་མི་ཤེས་སམ།
༧》 ཡང་སྙིང་རྒྱ་ནག་མི་དམངས་དང་མཉམ་དུ་དམར་གཞུང་མགོ་སྟིང་སློག་རྒྱུ་དེ་བཤད་ཀྱི་ཡོད་ན་རེ་བ་མ་བྱེད། ད་དུང་ལོ་ལྔ་བཅུ་འགུག་ནས་སྡོད།
༨》 བོད་ཀྱི་རིག་གནས་དང་གོམས་གཤིས་ནི་ཡུལ་དུས་ལ་ལྟོས་ནས་འགྱུར་བ་འགྲོ་བ་ནི་ཆོས་ཉིད་ཡིན་པ་ལས་རང་སྐྱོད་རྩོད་ནས་འགྱུར་མེད་བརྟན་གནས་ཤིག་འོང་རྒྱུ་ནི་རྨི་ལམ་རེད། བོད་ཀྱི་བླ་གྲྭ་མཁས་པ་ཚང་མ་ནུབ་ཕྱོགས་སུ་བསྐྱོད་བཞིན་པའི་གཏམ་རྒྱུད་དེ་ད་ལྟ་སྒྲིག་སྦྱོར་བྱེད་བཞིན་པ་རེད།
༩》 རང་སྐྱོང་གནང་མཚམས་དར་དམར་འཕྱར་བར་ངོས་ལེན་ཡོད་མ་གཏོགས། ལོ་རྒྱུས་དང་དྲང་བདེན་རྒྱབ་བསྐྱུར་གྱི་ཁྱེད་ཀྱི་ཐབས་ལམ་དེར་ངོས་ལེན་མེད།
༡༠》 ད་ལྟའི་གནད་དོན་འདི་ནི་རང་བཙན་པ་དང་འབྲེལ་བ་ཆེར་མ་མཐོང་། དེ་ལས་དབུ་མ་བ་ཚོ་ནང་ཁུལ་དུ་གྲོས་བསྡུར་ལྷུག་པོ་ཞིག་བྱས་རྗེས། རང་བཙན་པ་དང་འགག་བཞག་བྱེད་ན་མི་ལེགས་སམ།
༡༡》 ཧ་ཧ་དར་དམར་དར་དམར། ༸རྒྱལ་དབང་ནས་ཁ་ཞེ་གཉིས་མེད་ཀྱིས་ད་བར་རང་སྐྱོང་དགོས་དང་རྒྱ་ཁོངས་དུ་སྡོད་རྒྱུ་ཡིན་སྐོར་རྒྱ་གྲགས་བོད་གྲགས་བྱས་ཡོང་པས་མནོ་བསམ་ཡོད་མཁན་ཞིག་ཡིན་ན་ད་ཟོད་ཤེས་དགོས་རྩོད་རེད། འོ་ན་ཁོང་གི་མཛད་འཕྲིན་ལ་ཟུར་ཟ་བྱེད་ཀྱི་ཡོད་པས།
༡༢》 ནམ་ཞིག་བཙན་བྱོལ་མི་མང་གི་དར་དམར་འཕྱར་རྗེས། རྒྱས་༼༸ཏ་ལའི་རུ་ཚོགས་བོད་ལ་ཕེབས་ཤོག་རང་སྐྱོང་ཡོད་ཡོད་པ་ཡིན། དེ་ནས་དབུགས་རིང་ཐེན་ནས་་་་་ད་བོད་གནད་འཇུག་སྒྲིལ་ཐུབ་སོང་༽ཟེར་མདོག་ཁ་པོ་རེད།
མཐའ་དོན་དར་དམར་འོག་བཞུགས་པ་ནི་སོ་སོ་སྒེར་གྱི་རང་དབང་རེད། འོན་ཀྱང་མ་ཞུགས་གོང་ད་བར་བོད་མི་དམར་གསོད་ག་ཚོད་བཏང་བ་དང་། བཙོན་ནང་གནར་གཅོད་མྱོང་ཟིན་པ་དང་བཞིན་པ་ཚོ་དང། དེ་དག་གི་ཕུ་ནུ་རྣམས་སེམས་ཁོངས་སུ་མ་བརྗེད་པར་དར་དམར་དེ་དཀྲི་རོགས། ཇི་སྲིད་རྒྱ་ནག་མི་མང་དང་རྒྱལ་ཁབ་འཐུས་མིས་ལོ་རྒྱུས་ནང་བོད་མིར་དཀའ་སྡུག་ཚད་ལས་འགལ་བ་བཏང་བ་དེ་དག་ངོས་ལེན་དང་དགོངས་སེལ་མ་ཞུས་བར་དར་དམར་དེའི་འོག་ཞུགས་འདོད་མེད། ཇི་སྲིད་དེ་ལྟར་ངོས་ལེན་བྱུང་རྗེས་རང་སྐྱོང་དང་རང་བཙན་གང་རྩོད་ཁྱད་པ་མ་མཐོང་།
ཁོས་བཤད་པ་དེ་ནི་འུ་ཚང་གི་སྤྱི་ཚོགས་ཆུང་ཆུང་བོ་འདིའི་ནང་འཆལ་གཏམ་འདྲ་མིན་ཡོང་ཐབས་བྱེད་པ་་དེ་རེད་། དོན་དངོས་ལ་འུ་ཅག་ལ་དགོས་བ་ནི་བྱ་བ་གང་བྱས་བར་འབྲས་བུ་ཆེན་པོ་མེད་ཀྱང་ཅུང་ཙམ་དགོས་བ་དེ་རེད་། བློ་ཕམ་པ་ཞིག་ལ་། ཤར་ཁུག་དང་དེའི་རྗེས་འབྲང་བས་དར་དམར་ལ་སྟོད་པ་དང་ལག་དུ་བཟུངས་ནས་ལོ་གཅིག་ལྷག་བུད་སོང་ཡང་རྒྱའི་སྲིད་གཞུང་མ་དགོས་རྒྱ་མི་སྒེར་བ་གཅིག་གིས་ཀྱང་རྒྱབ་བསྐྱོར་བྱེད་པ་ནི་ཉིན་མོའི་སྐར་མ་བཞིན་མིག་ལམ་ལ་མཐོང་བའམ་གོ་ཡི་གང་མི་འདུག
རྒྱ་དར་འཕྱར་ན་རང་དབང་རེད།
བོད་བརླ་བཙོང་ན་ཐོབ་ཐང་རེད།
ཕ་ཤ་ཟོས་ནས་ཕོ་བ་བརྒྱག
མ་ལ་རོལ་ནས་བདེ་བ་ཐོབ།
དེ་འདྲའི་གླིང་ཚ་ཤར་ཁུག་སོགས།
བྱེས་ཀྱི་ཡུལ་ན་བྱུང་བ་མཚར།
རྒྱ་དར་འཕྱར་ན་རང་སྐྱོང་དགོས།
རང་སྐྱོང་མེད་པར་འཕྱར་བ་དེ།
དམ་ཚིག་ཉམས་པའི་དན་རྟགས་རེད།
ཕུང་དང་ཁ་མཆུ་སྣ་འདྲེན་རེད།
ཇི་སྲིད་རང་སྐྱོང་མ་ཐོབ་པར།
རྒྱ་ཡི་དར་དམར་འཕྱར་མི་བྱ།
མགྲོན་ནས་རྒྱུན་ཏུ་འདུག་འདོད་ན།
མགྲོན་གྱི་དགྲ་ལ་འདུད་པ་འཚང་།
ཤིག་གིས་མི་ཤ་ཟོས། དུག་སྦྲང་གིས་མི་ཁྲག་འཇིབས། གླིང་ཚས་དགྲ་དར་ཕྱར། ཐན་བྱས་སྐད་ངན་བསྒྲགས།
མགྲོན་གྱི་དགྲ་ལ་འདུད་པ་མཚང་དུ་བཅོས་རོགས།
ཚིག་པ་ཟོས་ན་ཡིག་ནོར་མང་།
བོད་ནང་གི་ཨ་མདོ་མི་དམངས་ཚོའི་སྙིང་སྟོབས་ཡིད་སྨོན་འཆོར་ཀི་འདུག བཙན་བྱོལ་ནང་གི་ཐན་བྱ་སོགས་ལ་སྐྱུགས་མེར་ལངས་སོང་། རྒྱ་མིའི་རྒྱལ་དར་ལ་ནམ་ཡང་ངོས་ལེན་མེད།
བོད་དར་གདན་འོག་ཏུ་མནན་ནས་རྒྱ་དར་ཨར་སྔོན་དབྱིངས་སུ་འཕྱར་བའི་ངང་ཚུལ་འདིས་ཕ་གསོད་རྒྱལ་རྔ་རྡུང་བའི་གཏམ་རྒྱུད་དང་ཅིས་མི་མཚུངས། ཤར་ཁུག་ལགས།
རང་མགོ་བསྐོར་བྱེད་ཀྱི་འགྲེལ་བཤད་དེ་འདྲ་སུའི་ཡང་རྒྱག་ཐུབ་ཀྱང་། དེས་དངོས་བདེན་ལ་འགྱུར་བ་གཏོང་མི་ཐུབ། བཀྲ་མི་ཤིས་པའི་ཤར་ཁུག་ཁྱོད་ལྟས་ངན་པ་འདི་དག་གི་ལྐོག་ན་ཡོད་པ་མི་ཚོས་ཤེས་ཀྱི་ཡོད་རེད། ཁྱེད་ཀྱིས་སྐྱག་ཐོག་ས་འགེབས་བྱེད་དགོས་མ་རེད།
མིག་གིས་མཐོང་ན་མཛེས། ཡིད་ཀྱིས་མཇལ་ན་སྤྲོ། རྣ་བས་ཉན་ན་སྙན་པའི་གཏམ་བཟང་འདི་འདྲ་ཞིག སྐུ་ཞབས་ཁྱེད་ཀྱིས་ང་ཚོ་ཐུན་མོང་ལ་བྱིན་པར་བཀའ་དྲིན་ཆེ། ཤར་ཕྱོགས་པ་ལགས།
༼༢ བོད་མིའི་འཐབ་རྩོད་ནི་རྒྱ་ནག་རྒྱལ་ཁབ་དང་མི་མང་གི་ཁ་གཏད་མིན་པ་སྲིད་སྐྱོང་མཆོག་ནས་ལན་མང་གསུངས་པ་ལྟར། སྲིད་བྱུས་བསྒྱུར་བཅོས་ལ་འཐབ་རྩོད་བྱེད་སྐབས་རྒྱ་ནག་རྒྱལ་ཁབ་ཀྱི་ཆེ་མཐོང་དང་དམངས་སེམས་ལ་ཞེ་འཁོན་མི་བསྐྲུན་པའི་ཐབས་ཚུལ་ཡང་དག་གཅིག་དར་དམར་འཕྱར་ནས་དགོས་འདུན་འདོན་རྒྱུ་འདི་རེད།༽
འདི་གཅིག་པོ་ཙམ་ལ་ལན་བྲིས་ན། ད་འོ་ན་ཤར་ཁུག་ལས་སོགས་ཀྱི་བསམ་ཚུལ་ལྟར་བྱས་ན་རྒྱ་ནག་རྒྱལ་ཁབ་དང་མི་དམངས་ཀྱི་སེམས་ལ་ཕོག་ཐུག་མི་འགྲོ་བའི་ཐོག་ནས་རང་སྐྱོངས་འཐབ་རྩོད་བྱེད་དགོས་ཀྱི་ཡོད་ན། བོད་ཀྱི་རྒྱལ་དར་འཕྱར་རྒྱུ་དེའང་མཚམས་འཇོག་རོགས། དེས་རྒྱ་ནག་རྒྱལ་ཾཁབ་དང་རྒྱ་ནག་མི་དམངས་ཀྱི་སེམས་ལ་ཕོག་ཐུག་ཆེ་ཤོས་དེ་ཡིན། རྒྱལ་ཁབ་མི་རྩོད་དུས་རྒྱལ་དར་འཕྱར་བ་ནི་རི་བོང་མེད་པའི་རི་བོང་གི་རྭ་འཁྱེར་ནས་འགྲོ་བ་དང་མཚུངས་སོ།
ཤར་ཁུག་གིས་འགྲེལ་བཤད་བྱས་ཀྱང་དགྲ་དར་ཤར་བ་ལ་ཚུལ་མཚུན་གྱི་མི་སུ་ཞིག་གིས་ངོས་ལེན་བྱེད་མི་སྲིད་དེ། ཤ་འཁོན་འཇིགས་ནས་ཕ་གསོད་ཀྱི་ལག་དམར་ལ་དཔའ་དར་སྤྲད་པ་ལྟ་བུ་རེད། གླིང་ཚས་ཅི་ལྟར་བཤད་ཀྱང་དགྲ་དར་ཤར་བས་ང་ལ་མཚོན་ན་རིན་ཐང་མེད། དེ་ནི་མིག་དཔེ་ངན་པ་རེད།
ཤར་ཁུག་གིས་ཁ་སྟོང་ནས་ཚིག་སྟོང་རེ་བཤད་ནས་རང་ཉིད་ཀྱིས་རང་ཉིད་སྐྱིད་པོར་བཟོེས་པ་རང་རེད་མ་གཏོགས་རྒྱུ་མཚན་ཡོད་པའི་སྐད་ཆ་གཅིག་ཀྱང་མི་འདུག་ཟེར་ན་མི་འགྲིག་རྒྱུ་མེད་ལ་ད་དུང་ཚེ་བརྟན་རྡོ་རྗེས་རྒྱ་མིའི་རྒྱལ་དར་སྒྲེངས་ཚུལ་ལ་རྒྱབ་སྐྱོར་ཡོད་ཚུལ་གླེང་བ་བོད་མི་རིགས་ཀྱི་ལོ་རྒྱུས་ལ་ཉིད་ཀྱིས་ནག་སུབ་མ་བཟོ་རོགས། བདག་ལ་མཚོན་ན་རྒྱ་མིའི་རྒྱ་དར་སྒྲེངས་ནས་ངོ་རྒོལ་ནས་རྒད་མོ་ཡོད་སར་ལོག་ནས་སྐྱིད་པོ་བྱས་ནས་བསྡད་ན་ལེགས་པར་འདོད།
འཛམ་གླིང་གི་རྒྱལ་ཁབ་སུ་ཡིན་ཀྱང་ཚད་ལྡན་རྒྱལ་ཁབ་གཅིག་ལ་རྒྱལ་དར་གཅིས་མ་གཏོགས་ཡོད་མི་སྲིད་པས་ཁྱེད་ཚོ་དགྲ་དར་དམར་པོ་འདིའི་འོག་ཏུ་འདུག་འདོད་ན་གང་སེང་རྟགས་ཅན་གྱི་བོད་ཀྱི་རྒྱལ་དར་དེ་དང་བོད་ཀྱི་རྒྱལ་གླུ་གཉིས་པོ་མེ་ལ་སྤོར་ཅིག དེ་ནས་ཁྲག་མདོག་གི་དར་དམར་དེ་སྤྱི་བོར་རིགས་བདག་བཞིན་བཀུར་དང་འོས་ཤིང་འཐད་པ་རེད་དོ་རྒྱ་བྱ་ཁུག་རྟ།
ཡང་ཤར་ཁུག་གིས། རྒྱུ་མཚན་དང་སྒྲུབ་བྱེད་གང་ཡང་མེད་པའི་རྨོངས་བཤད་ཀྱིས་ཅི་འདྲའི་རང་མདོག་སྟན་འདུག གཅིག་རེད་གཉིས་རེད་ཟེར། ཁོ་རང་རྒྱལ་པོ་ལྟ་བུ་ཐག་བཅད་ཀྱང་བྱས་འདུག རྒྱུ་མཚན་བཅུ་གཅིག་ནང་ནས་རྒྱུ་མཚན་ཡོད་པའི་རྒྱུ་མཚན་རྐང་གཅིག་མི་འདུག ཁྱོད་ཚོ་རྫུན་གྱི་འཁོར་ལོ་བསྐོར་ཏེ། ཇི་ལྟར་བཤད་མཁས་པ་བྱས་ནའང་། འཕོངས་ཚུམས་འགེབ་བྱེད་ཀྱི་འདོམས་རས་ཤིག་ཐོན་རྒྱུ་ཕར་ཞོག རང་ཉིད་ཀྱི་གདོང་རིལ་བོད་མི་ནང་སྟན་མ་ཕོད་པ་ཡོང་རྒྱུ་ལས་མ་འདས། ཉན་ཤེས་ན་ཞབས་འདྲེན་ཤར་ཁུག་ལ་སླབ་བྱ་ཡིན། ཉན་མ་ཤེས་ན་རང་སྡུག་རང་གིས་ཉོས།
སྲིན་བྱས་སྙན་པར་སྒྲོག་པ་ནི། །ལྟས་ངན་གཏོང་གིས་དགའ་བས་མིན། །
འཇིག་རྟེན་ཆགས་པ་དང་།མིའི་སྤྱི་ཚོགས་གྲུབ་པ་ནས་བཟུང་རྒྱལ་ཁབ་དང་རྒྱལ་ཁབ་དབར།ཚོགས་སྡེ་དང་ཚོགས་སྡེ་དབར་འཐབ་རྩོད་རྒྱུན་མ་ཆད་པར་ཡོང་ཡོད་ན་ཡང་། རྒྱལ་ཕམ་ཅི་ཞིག་བྱུང་ཡང་རང་གི་དར་ཆ་ཁོ་ན་ཤི་བའི་སྲོག་གི་མཐའ་ལ་མ་ཐུག་གི་བར་དུ་དམ་པོར་འཛིན་པ་མ་གཏོགས་ཕ་རོལ་དགྲ་ཡི་དར་ཆ་འཕྱར་ནས་འཐབ་རྩོད་བྱེད་སྟངས་ཤིག་ད་སྔ་འཛམ་གླིང་ཐོག་བྱུང་མེད།
ཕ་གསོད་བུ་ཡི་འགྲེལ་བཤད་འདྲ་བ་དེར་ཉན་མཁན་ཅིག་རང་སེམས་ན་སྙིང་རུས་ཡོད་མཁན་གྱི་བོད་བུ་ཞིག་མེད་ཁར། ཕ་རོལ་རྒྱ་ཡི་ཕྱོགས་ནས་ཀྱང་ཅོལ་ཆུང་མདོ་མེད་ཞིག་ཏུ་ངོས་འཛིན་ཏེ་ཁོང་དགོད་ཤོར་པ་ལས་དོན་དངོས་གྱི་མཐོང་འཇོག་མཁན་ཡོང་གི་མ་རེད། རྒྱ་ནག་པ་འདི་ཚོ་ལྷག་པར་དུ་ཡང་མི་རིགས་ཀྱི་ལ་རྒྱ་ཤུགས་ཆེ་སྟབས་མདོ་མེད་པ་དེ་ཚོ་བེད་སྤྱོད་བཏང་མཐར་མི་གྲལ་དུ་ཡང་འཇོག་གི་མ་རེད།
གང་ལྟར། སྤྱང་ཀིའི་ངོ་ལ་ལུ་གུས་ཆོས་བཤད་དེ་འགྲུབ་དོགས་ཡོད་མ་རེད།
རེད་རེད་བློ་སེང་མཆོག་གི་འཆར་ན་དེ་ལས་ཡག་ག་་་་་་་སྙིང་རྗེ་བོད་མིང་ཚོ་གང་འདྲ་་་་་་་དར་དམར་འཆར་ཏེ་ད་དུང་འབྲེལ་བཤད་ཡག་འདོག་ཁ་པོ་་་་་་་་བོད་མིང་ཞབས་འདྲེན་རང་རེད་་་་་་་
བོད་མིང་ཚོ་་་་་་རྒྱ་མིང་ངོ་མ་དེ་་་་་་་དར་དམར་འཆར་མཁན་དེ་རེད་ད་་་་་་་་ཚང་མའི་ཧ་གོ་པ་བྱེད་རོགས་གནང་་་་་་་་
ད་རྒྱ་མིའི་དྲ་འབུ་ཚོ་དང་བོད་མི་གླེན་པ་ཚོས་གླེན་བཤད་བྱས་པ་མང་དྲག་འདུག འོ་ན་རྒྱ་ནག་ལ་ཤ་འཁོན་ཡོད་ན་བཤད་ནས་ཅི་ཕན། གླིང་ཚ་ནང་བཞིན་རྩོད་དུ་རྒྱུགས་དང། སུས་བཀག་འདུག གཞོན་ནུ་ལྷན་ཚོགས་དང་འཇམ་དབྱངས་ནོར་བུ། ལྷ་བཟང་ཚེ་རིང་སོགས་ཤ་འཁོན་རྩོད་དུ་ཆས་དང། འགོག་མཁན་སུ་ཡང་ཡོད་པ་མ་རེད། ད་གོ་སྐབས་ཡག་ཤོས་རེད། ༧གོང་ས་མཆོག་གིས་ཀྱང་འགོག་གི་མ་རེད། ཤ་འཁོན་ཡོད་ན་རྩོད་དང། དབུ་མའི་འཐབ་རྩོད་པ་ཚོར་གཤེ་གཤེ་བཏང་ནས་ཅི་ཕན། རྒྱ་བོད་བར་ལ་ཞེ་འཁོན་བསླངས་ནས་ཅི་ཕན། དེ་ལས་སོ་སོས་གླིང་ཚ་ནང་བཞིན་འགུལ་བསྐྱོད་རྒྱག་རོགས།།་
ཤར་ཁུག་འདིས་ཅི་ཞིག་བཤད་ཀྱི་ཡོད་མེད་དམ། ༼ངས་དར་དམར་འཕྱར་བར་རྒྱབ་སྐྱོར་བྱ་དགོས་པའི་རྒྱུ་མཚན་ཆེན་པོ་བཅུ་གཉིས་གཤམ་དུ་བཀོད་ཡོད་ལ། ཆོས་རྣམ་འབྱེད་ཀྱི་ཤེས་རབ་མེད་པ་དང་དབང་རྟུལ་ཚོར་བའི་རྗེས་འབྲངས་ཚོའི་ཡིད་ལ་ཤོང་མ་ཤོང་རེ་ཡོང་ན་བཟོད་གསོལ་ཞུ་རྒྱུ་ལས་བྱ་ཐབས་བྲལ་ཞིང།༽ ཧཧཧཧཧ། སྟོང་ཉིད་དམ་གནད་ལུགས་མ་རྟོག་པའི་མི་རྣམས་ཀྱི་ཁོས་བཤད་པའི་རྒྱུ་མཚན་བཅུ་གཉིས་པོ་དེ་ཡིད་ལ་ཤོང་གི་མེད་ཚུལ་བཤད།
༼༡ གཉིས་སྨན་ནི་དབུ་མའི་ལམ་གྱི་སྙིང་དོན་ཡིན་ལ། དབུ་མའི་གྱི་སྲིད་བྱུས་ཀྱི་སྙིང་དོན་རྒྱ་ནག་གི་རྩ་ཁྲིམས་འོག་བོད་ལ་རང་སྐྱོང་ཐོབ་རྒྱུ་དེ་ཡིན་པས། དར་དམར་འཕྱར་བ་ཡིན་ན་གཉིས་སྨན་དང་རང་སྐྱོང་ཐོབ་རྒྱུ་གཉིས་ཀའི་མཐུན་གྲོགས་སུ་འགྲོ་བ་ཡིན།༽
1 རྒྱའི་རྩ་ཁྲིམས་འོག་ཏུ་རང་སྐྱོང་ནི་ད་ལྟ་བོད་ལ་ཡོད་བཞིན་པ་ཡིན་པས་དར་དམར་འཕྱར་ནས་རང་སྐྱོང་ཐོབ་རྒྱུར་འབོད་པ་ནི་དགོས་མེད་དུ་གྱུར་འདུག་པ་མ་ཟད། དམར་དར་འཕྱར་ནས་རྒྱ་བོད་མཐུན་གྲོགས་སུ་འགྱུར་ན། མི་ལོ་དྲུག་བཅུ་ལྷག་གི་རིང་ལ་དམར་དར་འཕྱར་ནས་སྡོད་པ་རེད། དེས་རྒྱ་བོད་ཞི་མཐུན་མཉམ་གནས་ལ་ཇི་ཙམ་ཕན་འདུག་དཔྱད་པའི་སེམས་དང་ལྟ་བའི་མིག་ཡོད་ན་གསལ་པོ་མཐོང་རྒྱུ་ཡོད།
༼༢ བོད་མིའི་འཐབ་རྩོད་ནི་རྒྱ་ནག་རྒྱལ་ཁབ་དང་མི་མང་གི་ཁ་གཏད་མིན་པ་སྲིད་སྐྱོང་མཆོག་ནས་ལན་མང་གསུངས་པ་ལྟར། སྲིད་བྱུས་བསྒྱུར་བཅོས་ལ་འཐབ་རྩོད་བྱེད་སྐབས་རྒྱ་ནག་རྒྱལ་ཁབ་ཀྱི་ཆེ་མཐོང་དང་དམངས་སེམས་ལ་ཞེ་འཁོན་མི་བསྐྲུན་པའི་ཐབས་ཚུལ་ཡང་དག་གཅིག་དར་དམར་འཕྱར་ནས་དགོས་འདུན་འདོན་རྒྱུ་འདི་རེད།༽
2 སྲིད་སྐྱོང་གི་བཀའ་ལ་ཉན་མཁན་ཁྱེད་ཨེ། སྐབས་འཚོ་བས་རྒོད་སློང་གིན་ཧཧཧཧཧཧ། རྒྱ་ནག་རྒྱལ་ཁབ་ཀྱི་ཆེ་མཐོང་ལ་གུས་སྐུལ་ཡོད་ན་རྒྱ་ལ་མི་སྡོད་པར་འདིར་ཡར་མར་ཟུར་གྱིས་སྐད་རྒྱབ་ནས་དམར་དར་འཕྱར་ན་ཅི་ཡང་མི་ཕན། ལར་ནི་མི་ཁྱེད་ཚོ་ལྟ་བུའི་ངོ་གཉིས་མ་པར་རྒྱ་ཡིས་ཤེས་ནི་རེད་ལ་རྒྱ་ལ་དགོས་ཀྱི་ཡང་མ་རེད།
༼༣ གོ་ལ་གཅིག་གྱུར་དང་མིའི་རིན་ཐང་གོང་མཐོར་སྤེལ་ཆེད་གྲོས་མོལ་དང་གུ་ཡངས། ཞི་བའི་སྤྱོད་པ་རྒྱུན་འཁྱོངས་བྱ་དགོས་སྟབས། དར་དམར་འཕྱར་བས་ཞི་བའི་སྤྱོད་པ་དམ་པ་རྨང་གཞི་བྱས་ཏེ་གུ་ཡངས་ངང་གྲོས་མོལ་གྱི་ལམ་ནས་བོད་དོན་དཀའ་ངལ་སེལ་འདོད་ཡོད་པ་གསལ་སྟོན་བྱ་ཐུབ།༽
3 དམར་དར་འཕྱར་ནས་གོ་ལ་གཅིག་གྱུར་དང་མིའི་རིན་ཐང་གོང་མཐོར་ཆེད་གྲོས་མོལ་དང་གུ་ཡངས། ཞི་བའི་སྤྱོད་པ་རྒྱུན་འཁྱོངས་ཇི་ལྟར་ཡོང་ངམ། དམར་དར་དེས་ཞི་བའི་སྤྱོད་པ་དམ་པ་རྨང་གཞི་ཇི་ལྟར་འགྱུར་རམ། དེ་ཞི་བདེའི་མཚན་རྟགས་ཞིག་ཡིན་ནམ། དེ་འཕྱར་བས་བོད་དོན་དཀའ་ངལ་སེལ་འདོད་ཡོད་པས་གསལ་སྟོན་ལས་ལྡོག་ཏེ་དེའི་འོག་ཏུ་བོད་དོན་དཀའ་ངལ་མེད་པའི་རྣམ་པ་གསལ་སྟོན་བྱེད་པ་རེད།
༼༤ བོད་རིགས་ཡོངས་རྫོགས་རང་སྐྱོང་གཅིག་ཏུ་སྒྲིལ་ཆེད། རྒྱ་ནག་གི་རྩ་ཁྲིམས་ལ་བརྩི་བཀུར་བྱས་ཏེ་༼ བསམ་འཆར ༽་གྲོས་གཞིར་སྤྲད་ཟིན་སྟབས། ༼ བསམ་འཆར་༽མངོན་གྱུར་ཡོང་བར་འཐབ་རྩོད་བྱེད་པའི་རྣམ་གྲངས་ནང་དར་དམར་འཕྱར་ཏེ་ནག་འདེད་བྱེད་པ་ཚུད་ཡོད།༽
4 རྒྱ་དམར་གྱི་རྩ་ཁྲིམས་འོག་ཏུ་བོད་རིགས་ཡོངས་རྫོགས་རང་སྐྱོང་ཡོང་མི་སྲིད་ལ། བསམ་འཆར་གྲོས་གཞི་དེ་རྒྱའི་རྐང་པའི་འོག་ནས་ཕྱིར་སྤྲོད་བྱས་པ་མ་ཟད། རྣམ་པ་འགྱུར་བའི་རང་བཙན་དེར་ངེས་ལེན་མེད་པས་གསལ་སྒྲགས་རྒྱལ་སྤྱི་དང་རྒྱལ་ནང་གང་སར་བསྒྲགས་ཟིན་པས་ད་དུང་ཁྱེད་ཀྱི་དེར་གཡོལ་རྫུན་གྱིས་སྐད་ཆ་འདི་དག་ལ་སུས་བདེན་ཁ་འཛིན། དེར་ནག་དེད་ཀྱི་འཐབ་རྩོད་བྱེད་པ་ནི་འབྲས་མེད་ངལ་བའི་རྒྱུ་ལས་མེད་དོ།
༼༥ བོད་ལ་མ་འོངས་པར་གནས་སྟངས་གང་འདྲ་ཞིག་འབྱུང་མིན་ལ་མ བལྟས་པར། རྒྱ་ནག་དབང་འཛིན་པ་ཚོའི་མཉམ་མཐའ་གཅིག་ཏུ་ཞི་བ་དང། ཤེས་ཡོན་ལྡན་པ། ཆེ་མཐོང་ཡོད་པ་བཅས་ཀྱི་འཐབ་རྩོད་རིམ་པར་བྱ་དགོས་སྟབས། དར་དམར་འཕྱར་ཏེ་འཐབ་རྩོད་བྱེད་པ་དེ་དེ་རིང་གི་གནས་བབ་དང་མཐུན་ལ། ཆེ་མཐོང་ཡོད་པ། ཤེས་ཡོན་ཅན་གྱི་ལས་འགུལ་སྤེལ་སྟངས་ཤིག་ཡིན།༽
5 ཁ་ཕྱོགས་མེད་པའི་མ་འོངས་བོད་ཀྱི་གནས་སྟངས་ཀྱི་ཆེད་དུ་དམར་དར་འཕྱར་བ་ནི་རྨོངས་རྟགས་ཀྱི་ལས་འགུལ་ཞིག་ཡིན་མ་ཟད། བོད་མིའི་ནང་དམེ་བའི་རྒྱུ་རུ་མི་འགྱུར་བས་ངེས་པ་མེད།
༼༦ རྒྱལ་སྤྱིས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་བཞིན་པ་ཟེར་བའི་རྒྱ་གཞུང་གི་བཤད་སྟངས་འགོག་ཆེད། དར་དམར་འཕྱར་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འབྲུ་དོན་ཐད་རྩོད་ལེན་དང། བསྒྱུར་བཅོས་ཀྱི་རེ་འདུན་བཏོན་སྟེ་འཐབ་རྩོད་བྱེད་པ་དེས། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་མེད་པ་དང། ཁྲིམས་ལུགས་ལ་སྲུང་གཙི་མེད་པའི་རུལ་སུངས་གནས་སྟངས་རྣམས་རྒྱལ་སྤྱིར་གསལ་སྟོན་བྱ་ཐུབ།༽
6 རྒྱ་ནག་གི་ཕྱིར་རོལ་དུ་གྱུར་ནས་རྒྱ་ནགི་རྩ་ཁྲིམས་ལ་རྩོད་ལེན་བྱེད་པ་ནི་རྒྱ་དམར་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་པ་ཡིན་པས་རྒྱའི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འབྲུ་དོན་ཐད་རྩོད་ལེན་དང་བསྒྱུར་བཅོས་ཀྱི་རེ་འདུན་ཡོད་ན་རྒྱལ་ཁོངས་སུ་ཞུགས་ནས་རྩོད་རྒྱུ་དེ་རེད། སྤྱིར་རྒྱ་དམར་གྱིས་ཁྲིམས་ལུགས་སྲུང་གཙིས་མེད་ཁར་འགྲོ་བ་མིའི་ཐོབ་ཐང་དང་རུལ་སུངས་སོགས་རྒྱལ་སྤྱིར་གསལ་སྟོན་བྱེད་པ་ལ་དམར་དར་འཕྱར་དགོས་རྒྱུ་ནི་ཀླད་མེད་ཀྱི་ལྟ་ཚུལ་ཡིན་པ་ལས་གནས་ལུགས་རྒྱུ་མཚན་མེད།
༼༧ དར་དམར་འཕྱར་ཏེ་རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་བྱེད་པ་དེར། རྒྱ་ནག་གི་མི་མང་གིས་རྒྱབ་སྐྱོར་བྱེད་ཐུབ་པ་མ་ཟད། མཐོང་བ་ཙམ་གྱིས་མིག་ལ་འགྲོ་བ། དེ་དང་མཉམ་དུ་རྒྱ་ནག་མི་མང་རང་གི་རང་དབང་ལའང་འགན་སྲུང་བྱེད་ཐུབ་པས། རྒྱ་ནག་ཁྱོན་ཡོངས་ལ་གཡོ་འགུལ་ཐེབས་གཞིར་འགྱུར་སྲིད་པའི་རྟགས་མཚན་མང་བ།༽
7 སྐད་ཆ་འདི་ལ་གཅིག་ཉན་དང་། ཧཧཧཧཧ། རྒྱ་མིས་དམར་དར་འཕྱར་ནས་རྒྱ་ནག་མི་མང་གི་རང་དབང་ལ་འགན་སྲུང་ཐུབ་ཀྱི་མེད་པས་བོད་མིས་དམར་དར་འཕྱར་ནས་རྒྱ་ནག་མི་མང་གི་རང་དབང་ལ་འགན་སྲུང་ཐུབ་རྒྱུ་ནི་ཁྱེད་ཀྱིས་འཇོན་ཐངས་ཡིན་གྱི་རེད།
༼༨ མི་གསོད་ཁྲག་སྦྱོར་གྱི་ཐབས་ལམ་དང། ཡང་ན་བོད་ཀྱི་རིག་གནས་དང་གོམས་གཤིས་ཉམས་ཆག་ཟིན་མཚམས་བོད་ལ་རང་བཙན་གཙང་མ་སྟོབས་འབྱོར་རྒྱ་གང་ཆེ་བྱུང་ཡང་དེ་ལ་དོན་སྙིང་གང་ཡང་མེད་པ། ཕྱིའི་དངོས་པོ་ཡར་རྒྱས་ཀྱི་རྩེ་མོར་སོན་པའི་སྤྱི་ཚོགས་དང་རྒྱལ་ཁབ་དག་གིས་ང་ཚོར་མིག་སྟོན་བྱེད་བཞིན་སྟབས། དར་དམར་འཕྱར་ཏེ་འཐབ་རྩོད་བྱེད་པ་དེས་དེ་རིང་གི་གནས་བབ་འདི་འདྲའི་འོག་ཏུའང་མི་གསོད་ཁྲག་སྦྱོར་འགོག་པ་དང། བོད་ཀྱི་སྐད་ཡིག་རིག་གནས་སྲུང་སྐྱོབ་ཐུབ་པར་ནུས་བ་ཐོན་ངེས།༽
8 དམར་དར་འཕྱར་ནས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་མི་གསོད་ཁྲག་སྦྱོར་མི་རྒྱུར་ནུས་པ་ཐོན་ཡིན་ན། མི་ལོ་དྲུག་བཅུ་ལྷག་ཙམ་རིང་འདི་བཞིན་སྤྱོད་པ་ཡིན་པས་གོང་དུ་བཤད་ཟིན་པས་བཟླས་རྐྱེན་མི་བྱ།
༼༩ རང་སྐྱོང་ཐོབ་མཚམས་མ་གཏོགས་དར་དམར་མི་འཕྱར་ཞེས་པ་དང། དར་དམར་འཕྱར་ཏེ་རང་སྐྱོང་ཐོབ་རྒྱུར་འཐབ་རྩོད་བྱེད་པ་གཉིས་རྦད་དེ་ཁ་ཁ་ཡིན། སྔ་མ་ནི་ཐག་གཅོད་ཟིན་རྗེས་ཀྱི་གནས་སྟངས་ཤིག་དང་ཕྱི་མ་འཐབ་རྩོད་ཀྱི་གནས་སྐབས་ཡིན་པས་དེ་གཉིས་བསྡུར་ཐབས་བྲལ།༽
9 རང་སྐྱོང་ཐབ་མཚམས་སུ་དར་དམར་འཕྱར་བ་ནི་བདག་ཐོབ་ཀྱིས་རྒྱལ་ཞེན་གྱི་བྱ་བ་ཞིག་དང་ རྒྱལ་ཁོངས་མིན་པའི་རྒྱལ་དར་འཕྱར་བ་ནི་སྐབས་འཚོ་བའི་སྤྱོད་ཚུལ་ཞིག་ལས་མ་འདས།
༼༡༠ ༧རྒྱལ་བ་བཅུ་བཞི་པ་ཆེན་པོ་དང་དབུ་མའི་ལམ་གྱི་རྗེས་འཇུག་པ་ཚོས་བོད་རིགས་ཡོངས་རྫོགས་རང་སྐྱོང་གཅིག་ཏུ་སྒྲིལ་རྒྱུ་རྩ་དོན་དུ་བརྩི་བ་ལྟར། རང་བཙན་འཐབ་རྩོད་པའི་ཕྱོགས་ན་རང་བཙན་གྱི་སྒྲོམ་གཞིས་མཚོན་སྦྱོར་དངོས་རྗེས་གསུམ་གང་འདྲ་ཞིག་ཐོབ་རྒྱུར་ཁ་གསལ་མེད་སྟབས། དར་དམར་འཕྱར་ཏེ་རང་སྐྱོང་འཐབ་རྩོད་བྱེད་པ་འདིས་རང་བཙན་ཆུང་ཆུང་ཞིག་བྱུང་ནའང་འགྲིག་པའི་འདོད་ཚུལ་རྣམས་གཏན་འགོག་བྱ་ཐུབ།
10 ཁྱེད་ཀྱིས་འདོད་པའི་དབུ་མའི་ལམ་གྱི་ཁ་ཕྱོགས་མེད་ལ། ལངས་ཕྱོགས་ཡང་མེད། དེར་ཡོད་པ་ནི་རྒྱ་དམར་གྱི་ཁ་ཁོག་འོག་ཏུ་བཅོས་སྒྱུར་གྱིས་ཁྱིམ་ཚང་ཆེན་མོ་འཛུགས་རྒྱུ་དེ་ལས་མེད་སོང་བ་རེད།
༼༡༡ རྒྱ་ནག་གིས་དབུ་མའི་ལམ་གྱི་གྲོས་མོལ་ལ་དམིགས་ཡུལ་གཞན་ཡོད་པར་ཁ་གཡར་བ་དེའང། དར་དམར་འཕྱར་ཏེ་མི་མང་ནང་རང་སྐྱོང་མངོན་འདོད་གསལ་སྟོན་ཐུབ་པ་ཡིན་ན། རྒྱ་ནག་གིས་ངེས་པར་དུ་བཤད་སྟངས་གཞན་ཞིག་ཏུ་བསྒྱུར་དགོས་སྟབས། རང་སྐྱོང་མགྱོགས་པོར་ཐོབ་པ་ལ་ཕན་ཐོག་བླ་ལྷག་ཏུ་ཆེ།༽
11 ཧཧཧཧ། རྒྱ་དམར་གྱིས་ཁྱེད་ཀྱི་གློ་བ་དང་རྒྱུ་མ་འགུལ་གྱི་ཡོད་པ་ཡང་ཤེས་ནི་རེད། རང་སྐྱོང་མགྱོགས་པོ་ཐོབ་རྒྱུ་ཕན་ཐོག་ཨེ། བྱིས་པ་ལོ་ལྔའི་སྐད་ཆ་འདྲ་པོས་ཁའི་རླངས་ཕུད་ནས་ཅི་ཕན།
༼༡༢ བཙན་བྱོལ་མི་མང་ནང་དར་དམར་འཕྱར་ཏེ་རང་སྐྱོང་འཐབ་རྩོད་གནང་བ་ཡིན་ན། ༧ཏཱ་ལའི་རུ་ཚོགས་ཀྱིས་ཁ་ཕྲལ་རྩོད་ཀྱི་འདུག་ཅེས་པའི་འཁྱོག་བཤད་དེ་གཞི་རྩ་ཁྱོན་ནས་མེད་པ་ཞིག་རང་བཞིན་གྱིས་ཆགས་ཐུབ་པ་བཅས་སོ།།༽
12 ༸ཏཱ་ལའི་རུ་ཚོགས་ཀྱིས་ཁ་བྲལ་གྱི་བྱ་སྤྱོད་སྤེལ་ཚུལ་བཤད་པ་དེ་གཞི་རྩ་དེ་ལས་མང་སོང་ནི་རེད་དོ།།
གླིང་ཚས་ཞི་བའི་གོམ་བསྒྲོད་བྱས་པ་ལ་བསྔགས་བརྗོད་དང་ཡི་རང་ཞུ་འོན་ཀྱང་དགྲ་དར་ཕྱར་བར་མཐའ་གཅིག་གཅིག་ཏུ་དགགས་པ་ཡོད། ལྟས་ངམ་ཁུག་རྟིའ་སྣ་འདྲེན་ཡོང་བའི་དགྲ་དར་དེ་མ་ཕྱར་ན་ཕལ་ཆེར་ཁོ་མྱི་གཅིག་ཁེ་རུ་དང་རྟ་གཅིག་སྒུ་རུ་ཡིན་གྱི་མ་རེད་བསམ་གི
བོད་ནང་གི་ཨ་མདོ་བ་སྙིང་སྟོབས་དང་ལྷག་བསམ་ཅན་གྱི་བོད་བསྟན་སྲིད་དོན་དུ་སྐུ་སྲོག་གཏོང་མཁན་རྣམས་ལ་ཁ་ཞེ་གཉིས་མེད་ཀྱི་གུས་བཀུར་དང་བཀའ་དྲིན་བླ་ལྷག་ཞུ་རྒྱུ་དང་། བཙན་བྱོལ་ནང་གི་ཨ་མདོ་བ་ཕུང་འདྲེ་རྒྱལ་འཚོང་བ་དེ་ཚོ་མཐོང་སྐབས་སྐྱུག་མེར་གཏིང་ནས་ལངས་བྱུང་།
དེ་རིང་ཤར་ཕྱོགས་ཁུག་རྟས་གོ་རབ་ཅིག་བཅད་འདུག །རྒྱུ་མཚན་ཆེན་མོ་བཅུ་གཉིས་ལ་སྡོམ་ཚིགས་གཅིག་རུང་རེད། དེ་ནི་དབུ་མའི་ལམ་གྱི་ཚད་མཐོའི་རང་བཞིན་ཅན་གྱི་དམིགས་འདུན་གཙོ་བོ་དེ་རྒྱ་ནག་སྒྲིག་ལམ་དང་སྒྲིག་གཞིའི་འོག་ནས་དར་དམར་མཁའ་ལ་འཕྱར་ཏེ་རྒྱ་ནག་པོ་དང་མཉམ་དུ་སྡུག་ན་སྡུག་རོགས་དང་སྐྱིད་ན་རོགས་བྱས་ནས་འདུག་དགོས་པས་མཚོན་རྟགས་རེད། ད་དབུ་མའི་དམིགས་ཡུལ་མཐར་ཐུག་དེ་ཚང་མའི་ཤེས་དགོས་པ་གལ་ཆེན་པོ་རེད་སྙམ། ཤར་ཁུག་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན། འདི་མཁས་པའི་ཚིགས་ཀྱིས་ཟུར་དང་གནམ་ལྕགས་རལ་གྲིས་འོད་ཟེར་བ་དེ་རེད།
རྒྱང་རིང་གི་ཕུག་རོན་དཀ་པོ་ལགས། བཙན་བྱོལ་ནང་གི་ཨ་མདོ་བ་རྣམ་ཁྱེད་གྱི་ཕ་གསོད་གྱི་ལག་དམར་ཡིན་རྒྱུ་མ་རེད།
ཧ་ཧ་ཧ་ཧཧ་ཧ་ཧ་ཧ་ཧ་་་་ཤར་ཁུག་ལགས་་ཁ་སང་རྩོམ་ཡིག་གོང་དུ་དམར་ལྷབ་ལྷབ་གཡོ་བས་སྐར་ལྔའི་དར་དམར་དེ་དེ་རིང་སྒོམ་ནང་བླུགས་ཚར་བ་ཡིན་པེས་་་་་་་ད་ཡིན་ན་ཁྱོད་རང་ཚུག་གཏན་པོ་མེད་མཁན་མིན་ནམ་་་་་་
ཨོ་ཨོ་ཨོ་་་་་་་་་མཆན་འགོད་ནང་ཤོར་འདུག་་་དགོངས་སེལ་ཞུ་་་་་་་་་་་་་་
ང་ཚོའི་མི་མང་གི་རྒྱ་གར་དང་བལ་བོ་ལ་ལག་འབྲེལ་གྱིས། ཤར་ཁུག་དང་གླིང་ཚ་གཉིས་ཕར་ལ་རྒྱ་གར་དང་བལ་བོའི་ས་མཚམས་སུ་རྐང་པ་རྒྱག་མ་དགོས་པར་དགྲ་དར་ལག་པ་བཞག་ནས་བསྐྱལ་ན་ཡག་ཤོས་རེད། མི་འདི་ཚོ་ཕན་ཐོག་མཁན་མ་རེད། གནོད་སྐྱེལ་མཁན་རེད། སྨྱོན་པའི་ཁ་ལ་ཧམ་པ་རྐྱང་བཤད་མཁན་གྱི་མགོ་འབུར་ལུས་འབུར་མེད་ན་ཡག་པ་རེད། འདིའི་རིགས་མང་པོ་མ་རེད། གཅིག་དང་གཉིས་རེད། བཙན་བྱོལ་ཡུལ་དགྲ་ལ་ངོ་སོ་བྱེད་ས་མ་རེད། བཙན་བྱོལ་ཡུལ་དགྲ་ལ་ཁ་གཏད་བཅོག་ས་རེད། དགྲ་ལ་ཁ་གཏད་མི་གཅོག་ན་ལམ་དབུ་མ་དང་བླ་མའི་རྩེད་སྤྱད་བྱེད་མཁན་གྱི་ནང་དགྲ་འདི་ཚོ་གཙང་དག་བྱོས་ན་བཟང་བ་རེད།
ངས་སྲིད་བྱུས་ལེགས་པར་མི་ཤེས། ༡༩༨༧ ལ་པཎ་ཆེན་རིན་པོ་ཆེ་ལོ་མང་རྗེས་གདན་ས་བཀྲ་ཤིས་ལྷུན་པོར་བྱོན་དུས་ཕེགས་བསུའི་ཕྱིར་མི་མངས་པོ་ཁྱུང་རིའོ་ལོགས་སུ་འདུག། བདག་ཀྱང་ཨ་རི་ནས་འོངས་ཏེ། དེར་འཁོད་པའི་སྐལ་བཟང་བྱུང་། དེའི་དུས་གཞིས་ཀ་རྩེ་པ་མི་ཞིག་གིས། པཎ་ཆེན་གྱིས་བོད་ལ་རང་བཙན་ཐོབ་མི་འོང་། ཞེས་བཤད་འདུག་ཅེས་མི་དགའ་བའི་རྣམ་འགྱུར་བསྟན་པ་མཐོང་། འོན་ཀྱང་པཎ་ཆེན་སྐུ་འཕྲེང་བཅུ་པས་རྒྱ་ནག་དང་མཉན་འབྲེལ་བོད་རང་སྐྱོང་གིས་ཡར་རྒྱས་ལ་བརྩོན་དགོས་གསུངས་པ་མ་ཡིན་ནམ། འདི་དང་ཤར་ཕྱོགས་ཁུག་རྟའི་འདོད་ཚུལ་ལ་ཁྱད་པར་གང་ཡོད་དམ། ངས་བལྟ་ན། འདྲ་བ་ཞིག་ཏུ་མཐོང་།
འོང་ཀྱང་ངའི་ཀུ་ཅོ་སྐད་རྒྱབ་དགོས་པ་ནི། བོད་སྟོབས་དང་ལྡན་པ་ལ་བོད་གཅིག་སྒྲིལ་དགོས། དེ་ལ་སྐད་གཅིག་དགོས། བོད་ཀྱི་སྐད་གཅིག་ནི། བཀའ་བསྟན་གསུང་འབུམ་དག་ན་ཡོད་པའི་ཆོས་སྐད་དེ་ཡིན། ཆོས་པ་ནི། ལུགས་མི་སྲུང་བར་ཁ་ནས་མ་ཎི་འདོན་པ་ཙམ་ལ་མི་ཟེར་བར་ལུགས་དང་ལྡན་པ་ཞིག་ལ་ཟེར། དེས་ན། ཆོས་སྐད་ཀྱི་དག་ཆ་དང་བསྟུན་ཏེ། ཡི་གེའི་དག་ཆལ་དག་ལ་དཔྱད་པར་བྱ་དགོས་ཏེ།
་
ཐུབ་པ་མ་ཟད། འདི་ལ་ཁ་ནས་མ་འཐོན་པའི་དབང་གིས། ཐུབ་པར་མ་ཟད། ཅེ་ས་པའི་ར་ཡིག་མེད་པར་བཟོས་པ་མ་ཡིན་ནམ། ཨིན་སྐད་དུ། ཡི་གེ་ཁ་ནས་མ་འཐོན་པའི་མིང་ཚིག་མང་ཡང་། ཨིན་སྐད་ཀྱི་དག་ཆ་ལ་འཇིག་རྟེན་གང་པོའི་མིས་བརྩོན་པར་བྱེད། ངས་བོད་དུ་རང་སྦྱོང་གིས་ཨིན་སྐད་མིང་ཚིག་རྣམས་དག་པོ་ཡོད་པར་མཐོང་ནས། དཔེ་ཆའི་དགེ་རྒག་མཆོག་ལ་ཞུས་པས། ཞལ་སྔ་ནས། དེ་དག་གིས་བརྩོན་འགྲུས་བྱས་པ་ལས་བྱུང་གསུངས་པ་ད་ལྟ་ཡང་དྲན། ངའི་སྤུན་མཆེད་སློབ་གྲྭའི་སློབ་དགེ་ཡིན་པ། ཚེ་ལས་འདས་ལོ་བསྐོག་ལྷག་སོང་བས། འདི་ལྟར་བཤད་པ་ཐོས། མི་སུ་ཡིན་རུང་། མི་སུ་ཡིན་རུང་ཨིན་ཡིག་ཅིག་འབྲི་བ་ན། གཞན་ལ་འདྲི་བའམ། ཚིག་མཛོད་སོགས་ལ་བལྟས་ཏེ། དག་ཆ་ལ་ནན་ཏན་བྱེད། བོད་ཡིག་འབྲི་བ་དེ་ལྟར་བྱེད་པ་མི་འདུག ཅེས་སོ།
་
གནས་བབ་དང་མཐུན་ལ། ཞེས་པར། གནས་བབ་དང་བསྟུན་ལ། ཞེས་མི་དགོས་སམ།
ནུས་བ། ཞེས་པར་ཁ་སྐད་ཤོར་ཏེ། བོད་སྐད་བརྡ་སྤྲོད་དང་མི་འགལ་ལམ།
ཡོང་བར། ངའི་ཁ་སྐད་དུ་ཡང་འབྱུང་། དེ་ལ་བོད་སྤྱིའི་སྐད་དང་བསྟུན་ན། འོང་། ཞེས་མི་དགོས་སམ།
ཁྲིམས་ལུགས་ལ་སྲུང་གཙི་མེད་པའི། གཙི་དང་། རྩ་དོན་དུ་བརྩི་བ་ལྟར། ཞེས་པའི་ བརྩི་ སྒྲ་གཉིས་པོ་འདི་ལ་ ཡི་གེའི་ཐོབ་ཐང་གཅིག་མི་དགོས་སམ།
་་་
ཡིད་ཀྱིས་མཇལ་ན་སྤྲོ། ཞེས་པར་ཡིད་ཀྱིས་འཇལ་ན་སྤྲོ། ཞེས་དགོས་པ་མ་ཡིན་ནམ།
འཇལ་ བཅལ་ གཞལ་ འཇོལ་ ཅེས་བོད་རྒྱ་ཚིག་མཛོད་ན་མཐོང་ངོ་།
ལ་དྭགས་བློ་བཟང་ལགས། ཁྱེད་ཀྱི་ཆབ་སྲིད་དང་བོད་སྐད་གང་ཡིན་མི་ཤེས་ཁོ་ཐག་རེད། བླུན་པོ་སྨྲ་བ་ཉུང་ན་ཅི་མི་མཛེས་སོ། ཐུགས་ལ་ཕོགས་ན་དགོངས་དག
བོད་ནག་གི་དཔའ་བོ་དཔའ་མོ་དེ་ཚོ་སྙིང་མ་རྗེ། ཁོང་ཚོས་རང་སྲོག་བློས་གཏོང་གིས་སོ་སོའི་ས་ཁུལ་གྱི་སྐར་ལྔའི་དར་དམར་མར་ཕབ་ཐབས་བྱེད་ཀྱི་ཡོད་ཀྱང་། བཙན་བྱོལ་ནང་གི་མི་འདི་ཚོ་དང་དྲ་ཚིག་འདི་ཚོོས་རང་དབང་གི་ཐོག་ནས་མཁའ་དབྱིངས་སུ་ལྷབ་ལྷུབ་དུ་འཕྱར་ཡོང་གི་འདུག་ཨ། རྒྱུ་མཚན་ཅི་ཞིག་བཤད་ཀྱང་བོད་ཀྱི་ཕ་མེས་འབུམ་ཕྲག་མང་པའི་ཁྲག་གིས་ཚོས་པའི་དམ་དམར་འཕྱར་བ་ནི་ནམ་ཡང་ངོས་ལེན་བྱེད་ཐབས་གཏན་ནས་མེད་དོ།
དྲ་འབུ་ཁྱེད་ཚོས་རང་མགོ་རུལ་ཡང་རུལ་དྲི་རང་སྣའི་མ་ཚོར་བ་ལྟར་བུའི་སྐད་ཅོ་རྒྱག་མ་ཡོང་ཨ། ངས་བདེན་པ་བཤད་ང་ཚོས་སྤྱི་ཚོགས་ནང་དུ་དང་། ལྷག་པར་དུ་དེ་རིང་དྲ་ནང་འདི་ནས་ཀི་སྒྲ་་སྒྲོག་མཁན་དྲ་འབུ་ཁྱོད་ཚོའི་གྲས་སུ་ལྡི་ལི་རྒྱ་མའི་གཞུང་ཚབ་ཁང་དུ་བོད་སྐྱོད་ཡིག་ཆ་ཞུ་སར་འགྲོ་མྱོང་མཁན་ག་ཚོད། ཡོད་པ་ནང་བཞིན་ཐོབས་མྱོང་མཁན་ག་ཚོད་ཡོད་དམ། ད་དུང་འགྲོ་འདོད་ཡོད་མཁན་ག་ཚོད་ཡོད་དམ་་ཧ་ཧ་ཧ་ཧ་ཧ་་་མདོར་བསྡུས་ནས་ཞུས་ནས་ཐོབ་མིན་ལ་མ་ལྟོས་པར་ཐོབ་ཆེད་དུ་བཅར་མཁན་ཉུང་ཉུང་ག་ལ་ཡིན། ང་ཡང་བཅར་མྱོང་ཡོད། འོ་ན་ཡིག་ཆ་དེའི་ག་རེ་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད། ག་རེ་མཚོན་གྱི་ཡོད་པ་རེད། ཁྱེད་ཚོས་ལོས་ཤེས། མ་ཤེས་ན་རྒྱ་ནག་མི་མང་གི་ཁྱབ་ཁོངས་སུ་གཏོགས་པར་མཚོན་གྱི་ཡོད་པ་དང་། སོ་སོའི་ངོས་ནས་ཀྱང་དོན་གྱིས་དེ་ལྟར་ཁས་བླངས་སོང་བ་མ་ཡིན་ནམ། མ་ཤེས་པ་རེད་པེས། ཡིག་ཆ་དེ་ཐོབས་དུ་ངོ་གདོང་འཛིན་གྱི་ཁེངས། མ་ཐོབ་དུས་ཕ་མ་དེ་རིང་འཆི་བའི་ངོ་གདོང་འདྲ་པོ་རེ་བསྟོན་ནས་གཞུང་ཚབ་སྒོ་ནས་ཡར་འགྲོ་ཕྱི་འོང་བྱེད་སྟངས་དེ་ཚོ་བློ་ལ་ངེས་པར་བྱོས་ཤིག ། སྤྱིར་གླིང་ཚའི་ཕོད་རྒད་ཀྱིས་འཐའ་རྩོད་འདི་བཞིན་སྐྱེ་བོ་སྒེར་ཞིག་གི་འཐའ་རྩོད་ཡིན་པ་མ་ཟད། བཙན་བྱོལ་བོད་མིའི་སྒྲིགས་འཛུག་དང་། དབུ་མའི་ལམ་གྱི་སྲིད་བྱུས། གཞི་བྱེས་མི་མང་གི་མངོན་འདོད། ༸གོང་ས་ཡིད་བཞིན་ནོར་བུའི་དགོངས་གཞི་དང་ཡངས་སུ་མཐུན་པ་ཡིན་པས་ཁྱེད་ཚོས་ཁྱི་རྒན་ངུ་སྐད་ག་ཚོད་འདོན་ཡང་སོ་སོའི་མིག་པ་ན་རོགས་མ་ཡིན་ནམ་་་་་་་མདོར་ན་རང་ངོ་ཤེས་པ་དང་། རང་སྐྱོན་ཤེས་པ། དེ་བཞིན་ངོ་ཚ་ཤེས་པར་བྱོས་ཤིག །
གླིང་ཚ་ཕོ་རྒོད་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ནོར་བཅོས་་་་་་་་་་་་་་་་་་་་
༣༠༽ སེང་བུ་འབྲུག་ཞོན་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༩ གི་ཆུ་ཚོད་ ༢༣ སྐར་མ་ ༢༧
ལ་དྭགས་བློ་བཟང་ལགས། ཁྱེད་ཀྱི་ཆབ་སྲིད་དང་བོད་སྐད་གང་ཡིན་མི་ཤེས་ཁོ་ཐག་རེད། བླུན་པོ་སྨྲ་བ་ཉུང་ན་ཅི་མི་མཛེས་སོ། ཐུགས་ལ་ཕོགས་ན་དགོངས་དག
་
སེང་བུ་འབྲུག་ཞོན།
ངའི་སེམས་ལ་ནམ་ཡང་ཕོག་མི་འོང་། ཁྱོད་ལ་རྣམ་དཔྱོད་ཡོད་ན། འདི་དང་འདི་ཞེས་སྨྲ་དགོས་པ་ལས། གང་ཡང་མེད་པར་དེ་ལྟར་སྨྲ་བ་ནི་རང་ཉིད་བླུན་པོ་ཡིན་པའི་རྟགས་དངོས་སུ་བསྟན་ཏོ།།
རྒན་ལ་དྭགས་པས་ངའི་བསམ་ཚུལ་འདི་ཀུན་གཟིགས་མཆོག་གི་དགོངས་པ་དང་མཐུན་ཕྱོགས་སུ་ཡོད་ཚུལ་གསུངས་བས་སྤོབས་པ་གསར་པ་ཞིག་གནང་སོང།
དེ་བཞིན། དར་དམར་འོག་ནས་མི་ཤི་རྟ་འགྱེད་བྱས་པ་བདེན་པ་ཡིན་ཡང། ལོ་རྒྱུས་དེའི་རྗེས་མཐུད་ཅི་ལྟར་སྐྱོང་གི་ཡིན་མིན་དེ་སོ་སོས་ཐབས་ལམ་རེ་བཏོན་ཆོག་གི་རེད། ངས་ཤ་འཁོན་མེད་ཅེས་ནམ་ཡང་བཤད་ཀྱི་མེད། ཡིན་ནའང། ངའི་ཤ་འཁོན་གསོ་ཐབས་ཀྱི་ཐབས་ལམ་གོང་དུ་བཀོད་པའི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་དེ་རིགས་མ་གཏོགས་གཞན་གང་ཡང་མེད་པས། ཤ་འཁོན་ལ་ཤ་འཁོན་གྱིས་ལན་ལྡོན་རྒྱུ་ཡིན་ན། བྱེད་ཆོག་ཆོག་ཡིན་པས་ངས་དེ་ལ་རྩ་བ་དགག་བྱ་དང་མ་རེད་ཞུ་འདོད་མེད།།
ནས་་་་་ཞིག་ཆད་འདུག
རྒྱ་ནག་གིས་ཆ་རྐྱེན་གང་ཡང་མེད་པར་གངས་སྐྱིད་དང་ཕོ་བྲང་། ད་དུང་གདན་ས་ཁག་ནས་རྒྱ་དམར་གྱི་རྒྱ་དར་མ་སྒྲེང་བར་དུ་རྒྱ་བོད་ཞི་མོལ་མི་ཞུ་ཟེར་ན། ཁྱོད་ཀྱིས་གང་བཤད་དམ། གང་བྱེད་དམ།
ཤར་ཁུག། གླིང་ཚ། འཇམ་གཅེས་སོགས་ནང་དཀྲུག་མ་བྱེད། ངའི་སྐེ།
གླིང་ཚས་དཀའ་སྡུག་མྱོང་བ་ཡོད་ཚད། ཤར་ཁུགས་ཀྱིས་སྙིང་པོ་མེད་པ་དང་གཟི་བརྗིད་མེད་པ་ཞིག་བཟོ་ངེས་རེད་འདུག གླིང་ཚས་སྔོན་མ་ལམ་བར་ཞིག་ནས་ཀླ་ཀློའི་ཁྲག་རས་དེ་འཕྱར་ནས་བཟུང་དེ་ཙམ་ཁོང་གིས་རླབས་ཆེན་གྱི་བློས་བཏང་དང་སྙིང་སྟོབས་དེར་བསྟོད་བསྔགས་དང་ཡི་རངས་བྱེད་མཁན་ཉུང་དུ་སོང་བ་ཚང་མས་མཐོང་ཆོས་རེད། ད་དུང་དཔའ་བོ་ཁོང་ཤར་ཁུགས་ཀྱིས་སླུས་འདུག་ཟེར་བ། ཤར་ཁུགས་ཀྱི་ལག་ཆར་གྱུར་འདུག་ཟེར་བ་གོ་རྒྱུ་གླེང་རྒྱུ་མང་པོ་བྱུང་། དེ་ལྟར་བྱུང་ན་ང་ཚོས་མ་འོངས་པར་བྱ་བ་གང་དག་བརྩོམ་ཡང་འབྲས་བུ་སྤྲོས་བྲལ་རང་རེད་སྙམ།
གནམ་གྱིས་ཟེར་བ་ལྟར། རྒྱ་མིས་བཙན་བྱོལ་ནང་དེ་འདྲའི་དགོས་འདུན་སྟོན་བཙན་བྱོལ་དུ་དེ་འདྲ་ལག་ལེན་བསྟར་ཐབས་བྲལ་ཏེ། རྒྱ་གར་ནང་རྒྱ་གར་གྱི་དགྲ་བོ་ཨང་ཀི་དང་པོའི་རྒྱལ་དར་འཕྱར་བཅུག་རྒྱུ་དཀའ་བས་སོ།།
ལྟས་ངན་ཤར་ཁུག་འདི། ཟམ་གདོང་ཚང་གི་ཆོ་འཕྲུལ་དང་། རྒྱ་མིའི་རྒྱུག་ཁྱི་རེད་དོ།
རྒྱ་དར་འཁྱེར་ནས་རྒྱ་ལ་ལོག་པ་ལས། །
བོད་དར་འཕྱར་ནས་གཡུལ་ལས་ཤི་བ་དགའ། །
དར་དམར་འཕྱར་གྱིན་ཞི་བའི་ངང་རང་སྐྱོང་འཐབ་རྩོད་ཐད་ནས།
དཔའ་གླིང་ངམ་དཔའ་བོ་གླིང་ཚས་(ངས་རྒྱ་ནག་གི་རྒྱལ་དར་འཕྱར་དོན་དབུ་མའི་ལམ་དང་མ་འགལ་བའི་ཐོག་ནས། བོད་རྒྱ་ནག་ནང་ཆེས་མཐོའི་རང་སྐྱོང་བྱ་རྒྱུའི་འདོད་པ་ཡོད་ཟེར་བའི་མཚོན་བྱེད་ཡིན། དེའི་སྟབས་ཀྱིས་ངས་སྔོན་མ་རྒྱ་ནག་རྒྱལ་དར་འཕྱར་མྱོང་ལ་ད་དུང་ཡང་འཕྱར་རྒྱུ་ཡིན)
ཤར་ཕྱོགས་ཁུག་རྟས་(༩ རང་སྐྱོང་ཐོབ་མཚམས་མ་གཏོགས་དར་དམར་མི་འཕྱར་ཞེས་པ་དང། དར་དམར་འཕྱར་ཏེ་རང་སྐྱོང་ཐོབ་རྒྱུར་འཐབ་རྩོད་བྱེད་པ་གཉིས་རྦད་དེ་ཁ་ཁ་ཡིན། སྔ་མ་ནི་ཐག་གཅོད་ཟིན་རྗེས་ཀྱི་གནས་སྟངས་ཤིག་དང་ཕྱི་མ་འཐབ་རྩོད་ཀྱི་གནས་སྐབས་ཡིན་པས་དེ་གཉིས་བསྡུར་ཐབས་བྲལ)ཞེས་པ་འདི་གཉིས་རེད། དེས་ན་གཅིག་ལ་གནས་ལུགས་ཀྱང་གཅིག་མ་གཏོགས་མེད་པས། དོན་དག་འདིའི་ཐད་ནས་སུ་ལའང་དེ་གཉིས་ལས་ལྷག་ཅིག བསམ་རྒྱུ་དང་བཤད་རྒྱུ་བདག་གིས་མེད་པར་འདོན་གྱིན་ཡོད། བཙན་བྱོལ་སྒྲིག་འཛུགས་སམ་བཀའ་སྤྱི་ཕར་ཞོག་མི་སྒེར་དང་ཚོགས་པ་གང་གིས། བོད་ཀྱི་རྩ་དོན་ཆེད་བསམ་བློ་དང་བྱ་བར་རང་ཚུགས་ཡོད་པའི་སྟེང་ནས། ལས་འགུལ་ཅི་ཞིག་སྤེལ་བ་དང་ཚོད་ལྟ་བྱས་པ་ཡིན་ནའང་། རང་རེ་ཚོས་རྒྱབ་སྐྱོར་བྱེད་དགོས་པར་འདོད་ཀྱིན་ཡོད། དེའི་རྒྱུ་མཚན་མདོར་བསྡུས་ནས་བཤད་ན། ད་ལྟའི་ཛ་དྲག་གི་སྐབས་འདིར་མ་མཐའ་ཡང་ཉམས་མྱོང་ཞིག་བསོག་པའི་ཕྱིར་དུའོ།
བློ་བཟང་ཆོས་འབྱོར་གྱིས་ཏང་གི་དར་ཆ་འཕྱར་དགོས་པའི་རྒྱུ་མཚན་ག་ཚོད་བགྲངས་ཀྱང་མཐར་ཐུག་ས་ནི།
༡) ང་ཚོ་ཏང་ལ་དགའ།
༢) ཏང་གིས་ང་ཚོ་འགོ་འཁྲིད་རོགས།
༣) བོད་རྒྱ་ནག་གི་ཆ་ཤས་རེད།
༤) ང་ཚོ་ཕར་ཡོང་འཇུག་རོགས།
༥) ལོ་ངོ་ལྔ་ཅུ་ལྷག་རིང་བོད་རྒྱ་ཞི་མོལ་མ་ཐུབ་པ་དེ་ང་ཚོའི་སྐྱོན་རེད་འདུག
༦) ལོ་ངོ་དུ་མའི་རིང་རྒྱ་ནག་གིས་གང་ཅིའི་ཐད་བོད་ལ་ཡར་རྒྱས་བཏང་ཡོད་པ་ངོས་ལེན་ཡོད།
༧) ཏང་གིས་བསྒྲགས་པའི་བོད་ནང་ཆོས་དད་རང་དབང་ཡོད་བཤད་པ་ཚང་མ་བདེན་པ་རེད།
༨) བོད་ནང་མེ་སྲེག་གི་དོན་རྐྱེན་སློང་མཁན་ཏཱ་ལའི་རུ་ཚོགས་རེད། (ཏང་དར་ལ་དགའ་དད་ངོ་མ་ཡོད་མཁན་ཞིག་ཡིན་ན་འདི་ཁས་ལེན་དགོས།)
༩) བོད་ནང་རང་བསྲེག་གཏོང་མཁན་(ཏང་གི་སྐད་)དེ་ཚོར་ནང་མིའི་རྙོག་གྲ་དང་སེམས་པ་བདེ་པོ་མེད་མཁན་དེ་འདྲ་རེད།
༡༠) ཏཱ་ལའི་བླ་མས་ཕུག་ལ་རང་བཙན་རྩོད་ཀྱི་ཡོད་རེད། (འདི་ཁྱོད་ཀྱིས་ངོས་ལེན་མེད་ན་རྒྱ་ནག་གིས་ཁྱོད་ཀྱི་རེ་འདུན་ནམ་ཡང་ཁས་ལེན་མི་སྲིད།)
༡༡) ནུབ་ཕྱོགས་རྒྱལ་ཁབ་ཚོས་བོད་དོན་གླེང་བ་དེ་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་ཏོག་བྱས་པ་རེད།
༡༢) རྒྱ་ནག་གཞུང་གིས་རྒྱ་བོད་གྲོས་མོལ་ཆེད་ཆ་རྐྱེན་གང་ཞིག་གཏོང་ཡང་ངོས་ལེན་གཙང་མ་ཡོད། (གལ་སྲིད་ཁྱོད་ཀྱིས་རྒྱ་གཞུང་གི་ཆ་རྐྱེན་སྣེ་གཅིག་ཁས་ལེན་མི་ཐུབ་ཚེ་དུས་དེ་ནས་བཟུང་རྒྱ་གཞུང་གིས་གྲོས་མོལ་མཚམས་འཇོག་རྒྱུ་རེད།)
རྒྱུ་མཚན་ཆེན་པོ་བཅུ་གཉིས་པོ་ཁ་སྟོང་ནང་གི་ཚིག་སྟོང་ཞིག་ཡིན་དང་མིན་བོད་ནང་ལ་གཟིགས་རོགས།
གལ་སྲིད་དར་དམར་འཕྱར་ནས་བོད་ལ་ཁེ་ཕན་ཞིག་རག་ཡོང་རྒྱུ་ཡོད་ན་ང་ཚོ་གཞིས་བཞུགས་ཀྱི་བོད་པ་
ཚོས་གནས་སྟང་དེ་རིང་གི་འདི་ལྟ་བུ་ཞིག་ཡིན་མི་སྲིད། ཁོང་ཚོས་དར་དམར་དགུང་ལ་འཕྱར་ནས་བསྟོད་གླུ
ཕུལ་བ་མང་མེད་ནའང་ཉུང་མེད་པ་ཞ་ལོང་འོན་གསུམ་ཚོས་ཀྱང་གོ་ཚོད་ཡིན། ད་དུང་བོད་ཀྱི་རྒྱལ་གླུ་ངག་ཐོག་ན་མེད་ཀྱང་མོའི་ཀྲུའི་ཞིའི་ཡི་དེབ་དམར་བློ་འདོན་བྱེད་མྱོང་མཁན་ཉུང་ཉུང་གཏན་ནས་ཡིན།
དར་དམར་དགུང་ལ་ཕྱར་ནས་བོད་ལ་ཕན་པ་ཡོད་ན་བོད་ནང་དུ་གནས་སྟང་ཅེ་སྡུག་ཏུ་འགྲོ་དོན་མེད།
ང་ཚོ་ཕྱི་སྡོད་བོད་པ་ཚོ་ལ་ཡ་ལན་མེད་བོད་ནང་གི་བོད་པ་ཚོའི་གནས་སྟང་དེ་རིང་གི་འདི་ལྟ་བུ་ཞིག་ཏུ་འགྱུར་ཚུལ་ལ་ལྟོས་དང་དར་དམར་འཕྱར་ན་ཕན་ཐོག་ཡོད་དང་མེད་གསལ་བོ་མཁྱེན་ཡོང་ཁུག་རྟ་ལགས།
དོན་དགའ་ནས།
ངས་ཀྱང་དར་དམར་འཕྱར་བར་རྒྱབ་སྐྱོར་བྱེད་བཞིན་ཡོད།
ཏང་གི་དར་དམར་མཉམ་དུ་ཏང་གི་འགོ་ཁྲིད་ལྔ་ཡི་པར་ཡང་འཁྱེར་རོགས། དེ་ནས་དབུ་མའི་ལམ་ཚོགས་པ་ལ་དངུལ་གྱི་དཀའ་ངལ་འཕྲད་ཀྱི་མ་རེད། དེ་ཐེ་ཚོམ་མེད། ངས་ཁས་ལེན་བྱས་པ་ཡིན།
ངས་ཞུས་ཡིན། དར་དམར་འཕྱར་རྒྱུ་སྔ་རང་དྲག་འདུག་ཁུག་རྟ་ལགས། རང་བཙན་དང་རང་དབང་། རང་བཙན་དང་དབུ་མའི་ལམ། དམངས་གཙོ་དང་མང་གཙོ། རང་སྐྱོང་དང་གཞན་སྐྱོང་། ཁ་བརྡའི་ནང་ཁ་རྐྱང་རྐྱང་བདར་བར་དོན་ལ་དམིགས་པའི་བསམ་ཚུལ་འདྲ་བཏོན།་བགྲོ་གླེང་འདྲ་བྱས་ན་དགའ་གི་རེད། ལམ་སེང་ཡིན་ན་གཅིག་དང་མིན་ན་གཅིག་རེད་ཅེས་གུན་བྲན་རིང་ལུགས་ཀྱི་འཁྱེར་བཟོ་ལམ་ལ་ཡིད་རྟོན་བྱ་མི་རུང་། གུང་བྲན་ནི་མང་གཙོ་ལས་མང་འཚོ་ལ་དགའ་ཞིང་། ནང་དོན་ལས་ཕྱི་དོན་གལ་ཆེན་དང་། གཙོ་བོ་ལས་ཕལ་པར་གཙིགས་འཇོག་གི་གཞུང་ལུགས་གཉེར་མཁན་ཡིན།
གང་ལྟར་༧ས་སྟེང་རྒྱལ་བསྟན་གྱི་མངའ་བདག་༧གོང་ས་ཆེན་པོས། ཕྱིར་རང་བཙན་ནི་རྒྱའི་རྣ་བར་གཟན་པ་དང་། ནང་ཆོལ་གསུམ་ཆིག་སྒྲིལ་གྱི་རང་སྐྱོང་ཚད་ལྡན་མེད་ན་བོད་རྣར་མི་བདེ་བས། ཐབས་མཁས་ལམ་བཟང་ནི་དབུ་མའི་ལམ་དུ་གཟིགས་ཡོད། རང་གི་རང་གིས་སྐྱོང་དགོས་པའི་བཀའ་དང་བསློ་གསོ་རིམ་པར་གནང་ནས་བཀའ་དྲིན་གྱིས་གཞལ་དུ་མེད་པར་མཛད་ཡོད། བོད་མི་ཚོས་༧ གོང་ས་མཆོག་དབུ་ཁྲིད་དུ་བཀུར་བ་ནི་མང་གཙོའི་ལམ་ནས་འདེམས་ཐོན་བྱུང་བའི་འགོ་འཛིན་ལྷག་ག་ཡིན། ཁོང་གིས་ཐུགས་བརྩེས་རང་དབང་མང་གཙོ་གནང་བ་དང་དེ་བཞིན་ཚ་ཚ་འུར་འུར་གྱིས་རང་དབང་མང་གཙོའི་ལམ་ནས་རང་གི་རྒྱལ་རང་གིས་སྐྱོང་བར་སང་གནངས་སུ་མ་འགྱངས་བར་གཅིག་མཇུག་གཉིས་མཐུད་གཅིག་ལས་གཅིག་འཇོན། ཁོས་མ་བྱས་ན་ངས་བྱེད་དགོས་པའི་སྤོབས་སེམས་འགྱུར་མེད་བརྟན་པོར་བཅངས་ནས་རང་དོ་རང་གཅེས་ཀྱི་ལས་ལ་འབུངས་དགོས།
དེ་ལས་རང་གི་རིག་གཞུང་གཅེས་ཉར་དང་། ༢༠༡༥ ལོར་སྲིད་སྐྱོང་གསར་པའི་འོས་འདེམས་ནང་སུ་འདེམས་དགོས་མིན་ལ་གྲ་སྒྲིག་ཨང་གསར་གྱིས་བགྲོ་གླེང་འཁྲུག་ཆ་དོོད་ལ་དོན་སྨིན་ཡོད་པ་དང་། ཡང་ན་མུ་མཐུད་སྐྱོང་དགོས་ན་བསམ་ཚུལ་དང་ལེགས་སྐྱེས་ཕུལ་དགོས་ཇི་ལྟ་ཇི་སྙེད་སུ་དག་དང་། རང་རྒྱལ་རང་གིས་སྐྱོང་ཐབས་བསམ་དགོས་པ་ལས། སྐྱོན་བརྗོད་ཙམ་དང་རང་དོན་ཐོབ་ཐང་རྩོད་དེ་དུས་གདའ་མི་ཉན་བསམ།
རང་ཅག་བོད་ལ་ཡང་དག་པའི་ལམ་སྟོན་མཁན་ལ་རྒྱལ་བ་པཎ་ཆེན་ཞུ། བདག་ཅག་བོད་པའི་བསོད་ནམས་ཀྱིས་དེ་གཉིས་ལེགས་པར་ཐོབ། ངས་སྲིད་བྱུས་མི་ཞེས་པ་ཡང་བལྟོས་བྱ་ལྟོས་བྱེད་ཀྱི་སྒོ་ནས་གཞག་པ་ཡིན། ང་ལས་མཆོག་ཏུ་གྱུར་པའི་སྲིད་མཁྱེན་མཁན་ཡོད་པ་བཤད་མི་དགོས་ཀྱང་། འགའ་ཞིག་ལས་བདག་གིས་མང་བ་ཤེས། བོད་ཀྱི་རིག་གཞུང་སྲུང་བ་ལ་ངས་བོད་ལ་ཞབས་ཏོག་ཁྱེད་འགའ་ཞིག་ལས་མང་བ་བསྒྲུབས་དང་སྒྲུབ་བཞིན་པ་ཡིན།
རང་རེས་བོད་དང་བོད་རིགས་ས་སྟེང་འདིར་གནས་པར་བྱེད་པ་ལ། བའི་ནུ་མ་ལས་འོ་མ་འཇོ་དགོས། རྭ་ཅོ་ལས་ཇི་ཙམ་འཇོ་ཡང་རང་ཉིད་ངལ་བ་མ་གཏོགས་འོ་མ་ནམ་ཡང་མི་འབྱུང་། ད་ལྟ་ངས་མཇལ་བའི་རྒྱལ་བ་པཎ་གཉིས་ཀྱི་མཛད་པ་བོད་ཀྱི་དོན་དུ་ཡང་དག་པ་ཞིག་ཏུ་མཐོང་།
གཤམ་གསལ་གཏམ་བརྗོད་འདི་རྣམས་སྒྲོ་འདོགས་དང་བསྐུར་འདེབས་མེད་པ་ཇི་ལྟ་བ་བ་བཞིན་མཐོང་ཐོས་རྣམས་ཕན་པའི་རེ་འདུན་གྱིས་བྲིས། དེ་ཡང་བོད་གཙང་དུ། ནང་གི་དགེ་རྒན་གྱི་སྐུ་མདུན་དུ། བདག་གིས།
མཐའ་མར་བོད་ཀྱང་རྒྱ་ཡི་འོག་ཏུ་ཚུད།
ཅེས་པའི་མ་འོངས་ལུང་བསྟན་་སྐྱོར་པས། འདི་ཉིད་སྔར་ནས་བྱུང་ཚར་པ་ཡིན། རྗེས་སུ་འོང་རྒྱུ་ཞིག་མ་ཡིན་གསུངས། (མ་འོངས་ལུང་བསྟན་གྱི་ཚིག་དེ་ཕལ་ཆེར་བོད་སྟོབས་ཤུགས་ཆེ་བའི་དུས་སུ་བྲིས་པར་བསམ།) གཞན་ཡང་། དགེ་རྒན་གྱིས་ད་ལྟ་བོད་ལ་རྒྱ་མ་སླེབས་པ་དེ། རྒྱ་ནག་རང་དུ་ནང་འཁྲུགས་ཀྱིས་འོང་མ་ཐུབ། ནང་འཁྲུགས་འཇམ་ན། དེ་དག་འོང་ངེས་གསུངས་པ་ཇི་ལྟ་བ་བཞིན་དུ་བྱུང་། དེ་དུས་ང་ལོ་བཅོ་བརྒྱད་བཅུ་དགུ་ཙམ་ཡིན་བསམ།
ཁུངས་གཞན་ཡང་། ལ་དྭགས་དཔུང་ཤུགས་ཀྱིས་བླངས་པའི་རྗེས་སུ། སིང་པའི་དམག་དཔོན་ཟོ་ར་ཝར་ཞེས་པས་བོད་ལ་དམག་འདྲེན་པ་ན། ལ་དྭགས་ཀྱི་བླ་མ་ཚུལ་ཁྲིམས་ཉི་མ་མཆོག་གིས་མི་དང་རྟ་ཕྱུགས་མང་པོ་འཆི་བ་ལ་སྙིང་རྗེས་མ་བཟོད་པས། ཐབས་དུ་མའི་སྒོ་ནས་བོད་ལ་དམག་འདྲེན་པ་འགོག་ཐབས་མཛད་པ་ལས། གཅིག་ནི་འདི་ལྟར་གསུངས་ཏེ། ལ་དྭགས་དང་བོད་མི་འདྲ། བོད་རྒྱ་ནག་གོང་མའི་འོག་ཏུ་ཡོད་པས། མཐར་ཁྱོད་ཀྱི་དམག་གིས་རྒྱ་ནག་དང་དམག་འཐབ་དགོས་པ་འབྱུང་ངེས། གསུངས་འདུག ཅེས་དང་།
གཞན་ཡང་། ཀ་ནིང་གམ་ཞེས་པ། རྒྱ་གར་ཨིན་ཇིས་དབང་བསྒྱུར་པའི་དམག་དཔོན། རྒྱ་གར་གྱི་དངོས་རྫས་ལོ་རྒྱུས་ལ་ཞིབ་འཇུག་ལ་མཁས་པ་དེ་ཡིས་བྲིས་པ། དྭགས་རྒྱལ་ཁབ་(The Kingdom of Ladakh) དེབ་དེའི་ནང་དུ། ལ་དྭགས་ས་མཚམས་རྫོགས་པ་ན། རྒྱ་ནག་གྱི་ས་མཚམས་ཞེས་བྲིས་ཏེ། བོད་ཀྱི་ས་མཚམས་ཞེས་བྲིས་མི་འདུག། དེབ་འདི་སྤྱི་ལོ་༡༨༤༠ པའི་མགོ་སྟོད་ཙམ་ལ་བྲིས་སྙམ། འདི་བཞིན་བོད་རྒྱ་ནག་ཏུ་སྔོན་མ་ནས་ཤོར་འདུག ད་རྒྱ་ནག་དང་མཉམ་དུ་མ་བསྡད་པ་ལ་ཐབས་མི་འདུག བོད་ཀྱི་རིག་གཞུང་གིས་རྒྱ་ནག་པ་འགའ་ཞིག་སྔོན་མ་ནས་འོག་ཏུ་བཙུད། ད་ལྟ་ཡང་བོད་ཀྱི་རིག་གཞུང་གིས་རྒྱ་ནག་གི་མི་མང་པོ་བོད་ཀྱི་རིག་གཞུང་འོག་ཏུ་བཅུག་ཐུབ།
ཨ་རིའི་གྲོང་ཁྱེར་ཆེན་པོ་ནེཝ་ཡོརྐ་ལ་རྒྱ་ནག་པ་མང་པོས་བོད་ཀྱི་འདོན་པ་སྐྱོར། བོད་ཀྱི་ཆོས་ལ་གུས་པ་བྱེད། ངས་ཀོ་ལམྦི་ཡ་སློབ་གྲྭ་ཆེན་པོར་བོད་ཀྱི་ཆོས་སྐད་སློབ་དུས་བོད་ཀྱི་ཆོས་སྐད་སྦྱོང་བར་རྒྱ་ནག་ཤང་ཧེ་སོགས་དང་། ཐེ་ཝན་པ་དུ་མ་བོད་ཀྱི་ཆོས་སྐད་སྦྱོང་བར་སླེབས། ལྷག་པར་དུ་ཤང་ཧེ་ནས་འོངས་པའི་སློབ་གྲྭ་བུ་མོ་ཞིག་གིས་རྟག་སྦྱོར་དང་གུས་སྦྱོར་གྱིས་བོད་ཀྱི་ཆོས་སྐད་སྦྱངས། བདག་གིས་རྗེ་གུང་ཐང་བསྟན་པའི་སྒྲོན་མས་མཛད་པའི་ཆུ་ཤིང་གི་བསྟན་བཅོས་དེབ་ཅིག་སྟེར་པ་དེ་བླངས་ནས་རང་གི་སྤྱི་གཙུག་ཏུ་བཀུར།
དེས་ན། རང་རེ་བོད་པས་རྒྱ་གར་ལ་གུས་བཀུར་བྱེད་པ་བཞིན་དུ། མ་འོངས་པ་ན། རྒྱ་ནག་མི་མངས་ཀྱིས་བོད་ལ་གུས་བཀུར་བྱེད་ཐུབ་པ་ཞིག་རང་རེ་བོད་པས་རྒྱ་ནག་ལ་བྱམས་པ་དང་། སྙིང་རྗེའི་སྒོ་ནས་སྒྲུབ་དགོས་པར་མཐོང་ངོ་།།
འཇམ་པོས་འཇམ་པོ་འཇོམས་བྱེད་ཅིང་།
འཇམ་པོས་རྩུབ་པོའང་འཇོམས་པར་བྱེད།
འཇམ་པོས་ཀུན་འགྲུབ་དེ་ཡི་ཕྱིར།
འཇམ་ཉིད་རྣོ་ཞེས་མཁས་རྣམས་སྨྲ།།
ས་སྐྱ་ལེགས་བཤད། ལེ་ ༨ ཚི་ ༢༥
ཞེས་སོ།།
་་་་་་ འདི་བཞིན་བོད་རྒྱ་ནག་ཏུ་སྔོན་མ་ནས་ཤོར་འདུག ད་རྒྱ་ནག་དང་མཉམ་དུ་མ་བསྡད་པ་ལ་ཐབས་མི་འདུག བོད་ཀྱི་རིག་གཞུང་གིས་རྒྱ་ནག་པ་འགའ་ཞིག་སྔོན་མ་ནས་འོག་ཏུ་བཙུད། ད་ལྟ་ཡང་བོད་ཀྱི་རིག་གཞུང་གིས་རྒྱ་ནག་གི་མི་མང་པོ་བོད་ཀྱི་རིག་གཞུང་འོག་ཏུ་བཅུག་ཐུབ། ་་་་་་ཟེར།
་་་་ ༼ལ་༽དྭགས་རྒྱལ་ཁབ་(The Kingdom of Ladakh) དེབ་དེའི་ནང་དུ། ལ་དྭགས་ས་མཚམས་རྫོགས་པ་ན། རྒྱ་ནག་གྱི་ས་མཚམས་ཞེས་བྲིས་ཏེ། བོད་ཀྱི་ས་མཚམས་ཞེས་བྲིས་མི་འདུག། དེབ་འདི་སྤྱི་ལོ་༡༨༤༠ པའི་མགོ་སྟོད་ཙམ་ལ་བྲིས་སྙམ། འདི་བཞིན་བོད་རྒྱ་ནག་ཏུ་སྔོན་མ་ནས་ཤོར་འདུག ་་་་
རྒན་ལ་དྭགས་པས། འདི་ལྟར་ཕྱི་མིའི་བྲིས་པའི་དེབ་གཅིག་ལ་ཁུངས་གཏུགས་ནས་དེབ་གཅིག་དང་། ལུང་བསྟན་སོགས་ལ་ཁུངས་དྲངས་ནས་བོད་རྒྱ་ཁོངས་སུ་གསུངས་པ་དང་། དེའི་དུས་ཀྱི་དེབ་འབྲི་བ་པོ་ཆབ་སྲིད་ཀྱི་ཤན་ཞུགས་པ་ཡོད་སྲིད་པས་དེ་ཙམ་གྱིས། ་་་་ བོད་རྒྱ་ནག་ཏུ་སྔོན་མ་ནས་ཤོར་འདུག ་་་་གསུངས་པ་ནི་ཅུང་ཐལ་དྲགས་པ་མིན་ནམ་སྙམ་ལགས། འོན་ཀྱང་ང་ནི་ལོ་རྒྱུས་ལ་དེ་ཙམ་དཔྱད་པ་མི་དགའ་ལ་མི་འགྱིད་པ་ཅིག་ཡིན་པས་མང་པོ་ཤོད་མི་ཐུབ་ལགས།
རང་གི་འཆར་སྣང་གསལ་ཙམ་བརྗོད་ན།
སྤྱི་ལོ་ ༡༩༤༩ ནས་ ༧༩འི་བར་ལ་བོད་ཕྱི་ནང་གཉིས་སུ་བོད་པས་དར་དམར་འཕྱར་བ་དང་། ༡༩༧༩ ལོར་༸གོང་ས་མཆོག་གིས་དབུས་ལམ་སྟོན་པ་ནས། བོད་ཕྱི་ནང་གཉིས་སུ་དར་དམར་འཕྱར་བ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་དགོས་པ་མིན་ནམ། ལགས།
མཐའ་དོན། ལ་དྭགས་པ་ཚོ་རྒྱ་གར་མངའ་འོག་ཏུ་སྐྱིད་པ་ཡོད་པའི་དབང་དུ་བཏང་ན་ཡང་། བོད་རྒྱ་ནག་འོག་ཏུ་སྐྱིད་པོ་མེད་པའི་དུས་འདིར། བོད་རིགས་གཅིག་པ་ཅིག་གིས། ་་་་་ བོད་རྒྱ་ནག་ཏུ་སྔོན་མ་ནས་ཤོར་འདུག ་་་་ཅེས་ཚིག་དུམ་འདི་འདྲ་སྨྲས་ན་ཅུང་བློ་མི་བདེ་བའི་གནས་སུ་བསྐྱལ་བ་མིན་ནམ། རྒན་ལ་དྭགས་པ་ལགས། ལགས།
རྒན་ལ་དྭགས་པ་ལགས། བོད་ནམ་ཞིག་རྒྱ་འོག་དུ་ཤོར་བ་དེ་གལ་ཆེན་པོ་མ་རེད། རྒྱ་འོག་དུ་ཤོར་ཡོད་པའི་ལོ་རྒྱུས་ཡོད་ན་དེ་གའི་འགྲིག་པ་རེད། རྒྱུ་མཚན་དེས། བོད་རྒྱ་གཉིས་ཁ་ཁ་སོ་སོ་ཡིན་པ་བསྟན་པ་རེད།
གཞན་རྒྱས་བོད་ལ་བཀའ་དྲིན་ཞུ་རིན་ཡོད་ན་ཞུ་དགོས་བ་ལས། བོད་ཀྱིས་བཀའ་དྲིན་རག་པའི་ངོ་སོ་འཁྲབ་དགོས་བ་མ་རེད། བོད་ཕྱོགས་ནས་བརྩད་པའི་རྩྭ་ས་ཆུ་ས་དང་དགྲ་ཤ་ད་དུང་རག་མེད་པར་ལྷག་ཡོད་པ་རེད། ལག་དམར་ཚང་གི་ཁ་ངོ་དཀར་ནག་འཚོལ་བཞིན་མྱི་རབས་དང་ཚེ་རབས་མི་ཆོད་པ་བླ་རྒན་ཆོས་དགའ་མ་ཚོས་དུས་གཏན་དུ་མ་ཤེས།
ལ་དྲགས་པ་ལགས་་་༼་་ནེཝ་ཡོརྐ་་༽ཚིག་འདིའི་འགོ་ཁུངས་གང་གཏུགས་ནས་བྲིས་པ་ཡིན་ནམ། ཆོས་སྐད་རེད་དམ། རྒྱུ་མཚན་ཞིག་གསུང་རོགས་བྱོས།
ལྷན་རྒྱས་རྣམ་པ་གསུམ་ལ་ཞུ་རྒྱུ། དགོངས་དག ཤོར། ཞེས་པ་སྔོན་མའི་ལུགས་སྲོལ་བཤད་འདུག ད་ལྟ་གཞུང་སྲོལ་གཅིག་ཏུ་གནས་པ་ཞེས་བཤད། དཔེར་ན། ལ་དྭགས་རྒྱ་གར་དང་གཞུང་སྲོལ་གཅིག་ཏུ་གནས་པ་མ་གཏོགས་རྒྱ་གར་གྱི་མངའ་འོག་གི་གཏམ་མི་གླེང་། དེ་བཞིན་བོད་ཀྱང་རྒྱ་ནག་དང་གཞུང་སྲོལ་གཅིག་ཏུ་གནས་མི་གནས་ཀྱི་གཏམ་གླེང་དགོས་པ་འདུག གལ་ཏེ་གཞུང་སྲོལ་གཅིག་ཏུ་གནས་པ་ཡིན་ན། རྒྱ་ནག་གིས་སྲིད་འཛིན་བོད་པ་ཞིག་གིས་བྱེད་ཐུབ་པ་དང་། རྒྱ་གར་གྱི་སྲིད་འཛིན་ལ་དྭགས་པ་ཞིག་གིས་བྱེད་སྲིད་པ་རང་རེས་སེམས་ལ་འཇོག་དགོས་པ་ཡིན། ད་ལྟ་ལས་ལོ་ངོ་ལྔ་བཅུ་དྲུག་ཅུའི་གོང་དུ་ཨ་རིའི་སྲིད་འཛིན་ནག་པོ་ཞིག་གིས་བྱེད་ཐུབ་པ་སུས་བསམ་ཐུབ། སྲིད་ཀྱི་གནས་སྟངས་དེ་འདྲ་ལགས།
ང་༡༩༨༧ལོར། ང་ལྷ་ས་རུ་ཡོད་སྐབས། ནུབ་ཕྱོགས་པ་ཞིག་གིས་གལ་ཏེ་བོད་ལ་རང་བཙན་རག་པ་ཡིན་ན། བོད་པས་བོད་རང་བཙན་སྐྱོང་ཐུབ་བབ་ཅེས་དྲིས། ངས་དེ་ལ་ལན་གང་བཏབ། ད་ལྟ་བློ་ལ་མི་དྲན། དེ་དུས་མགྲོན་ཁང་གི་བདག་པོ་དེས་ལོ་གཅིག་གཉིས་ནང་རང་བཙན་ཐོབ་པ་ལ་རེ་བ་རྒྱབ་འདུག བདག་གིས་རང་བཙན་ཐོབ་པ་ལ་ལོ་མང་པོ་འགོར་ངེས་བཤད་པར་བློ་ཕམ་པ་ལྟ་བུ་བྱས།
ནེཝ་ཡོརྐ་་ཞེས་པ་ཨིན་ཡིག་ཏུ་ New York ཡི་གེ་ཇི་ལྟ་བ་བཞིན་བྲིས། དེ་ལྟར་བྲིས་པ་ལ་མ་འོངས་པ་ན་དོན་དག་ཅིག་འབྱུང་ངེས། བོད་མིང་ཚིག་ཡི་གེ་ཐོབ་ཐང་བཞིན་བྲིས་ཡོད་པ་ཡིན་ན། རྩད་གཅོད་སླ། དེ་མིན་བརྗོད་སྟངས་མི་འདྲ་བས་བྲིས་པ་རྣམས་གང་ཟེར་བ་ཡིན་ངོ་རྟོགས་དཀའོ།།
རྒྱ་ནག་གིས་སྲིད་འཛིན་། ཅེས་པ། རྒྱ་ནག་གི་སྲིད་འཛིན། ཅེས་ཀློག་པར་མཛོད།
ལ་དགས་པ་ཁྱེད་རང་མི་རྒན་ཞིག་ཡིན་པས་གུས་ཞབས་ཡོད། ནེཝ་ཡོརྐ་་་་ཞེས་པ་ལྟ་བུའི་རིགས་ཀྱི་འབྲི་སྟངས་འདི་ཐོན་མིའི་བརྡ་སྤྲོད་དང་མི་མཐུན་བསམས་ཀྱི་འདུག ན་མིང་གཞིར་བཞག ཝ་རྗེས་འཇུག་བཞག ནས་འབྲི་ན་འགྲིག་གི་མ་བསམས་ཀྱི་འདུག འདི་དང་འདི་ལྟ་བུའི་ས་མིང་ཆུ་མིང་ཡུལ་མིང་སོགས་མི་རེས་མི་འདྲ་བ་རེ་བྲིས། མུ་མཐུད་ནས་འདི་ལྟར་འབྲི་ན་རྗེས་སུ་བོད་ཡིག་འཐོར་མི་འགྲོ་གི་མ་རེད་དམ།
སྤྱིའི་ཆ་ནས་ས་མིང་སྒྲ་སོར་བཞག་བྱས་པར་བཟང་། ཡིན་ནའང་ངས་བསམ་པ་བརྡ་སྤྲོད་དང་མཐུན་བྲིས་ན་ཡག་བ་འདུག་བསམས་ཀྱི་འདུག དཔེར་ན། ཉིག་འུ་ཡོ་ཁི། ལྟ་བུ་འབྲི་དགོས་པ་འདོད་ཀྱི་ཡོད། འདི་ལྟར་བྲིས་ན་བརྡ་སྤྲོད་དང་མཐུན་ལ་ཀློག་པ་པོ་ཚོས་ཀློག་བདེ། ལོག་ཡིག་དང་བསྡུ་ཚིག་མང་དྲག་ན་བོད་ཡིག་ལ་གནོད་སྐྱོན་འོང་གི་རེད་འདོད། ཐུགས་བསམ་ཡག་པོ་བཞེས་ནས་ཅི་དགའ་གང་མཐུན་ཞིག་གསུང་རོགས་བྱོས།
ལ་དགས་པ་ཁྱེད་རང་མི་རྒན་ཞིག་ཡིན་པས་གུས་ཞབས་ཡོད། ནེཝ་ཡོརྐ་་་་ཞེས་པ་ལྟ་བུའི་རིགས་ཀྱི་འབྲི་སྟངས་འདི་ཐོན་མིའི་བརྡ་སྤྲོད་དང་མི་མཐུན་བསམས་ཀྱི་འདུག ན་མིང་གཞིར་བཞག ཝ་རྗེས་འཇུག་བཞག་ནས་བྲིས་་ན་འགྲིག་གི་མ་བསམས་ཀྱི་འདུག འདི་དང་འདི་ལྟ་བུའི་ས་མིང་ཆུ་མིང་ཡུལ་མིང་སོགས་མི་རེའི་མི་འདྲ་བ་རེ་བྲིས། མུ་མཐུད་ནས་འདི་ལྟར་བྲིས་ན་རྗེས་སུ་བོད་ཡིག་འཐོར་མི་འགྲོ་གི་མ་རེད་དམ།
སྤྱིའི་ཆ་ནས་ས་མིང་སྒྲ་སོར་བཞག་བྱས་པར་བཟང་། ཡིན་ནའང་ངས་བསམ་པར་བརྡ་སྤྲོད་དང་མཐུན་པ་བྲིས་ན་ཡག་བ་འདུག་བསམས་ཀྱི་འདུག དཔེར་ན། ཉིག་འུ་ཡོ་ཁི། ལྟ་བུ་འབྲི་དགོས་པ་འདོད་ཀྱི་ཡོད། འདི་ལྟར་བྲིས་ན་བརྡ་སྤྲོད་དང་མཐུན་ལ་ཀློག་པ་པོ་ཚོས་ཀློག་བདེ། ལོག་ཡིག་དང་བསྡུ་ཚིག་མང་དྲག་ན་བོད་ཡིག་ལ་གནོད་སྐྱོན་འོང་གི་རེད་འདོད། ཐུགས་བསམ་ཡག་པོ་བཞེས་ནས་ཅི་དགའ་གང་མཐུན་ཞིག་གསུང་རོགས་བྱོས།
བཅོས་རོགས་གནང་།
ནེབུ་ཡོར་ཁི། New York n་ནི་ན་རེད། e་ནི་འགྲེང་བུ་རེད། w་ནི་བ་དང་ཚང་མ་སྦྱོར་ནས་བུ་རུ་བཀླགས་ན་ནེབུ་དང་། y་ནི་ཡ་རེད། o་ནི་ན་རོ་རེད། r་ནི་ར་རེད། k་ནི་ཁ་དང་ཚང་མ་སྦྱོར་ནས་ཁི་རུ་བཀླགས་ན་ཡོར་ཁི་ལ་ཆགས། དེ་ན་ནེབུ་ཡོར་ཁི་མ་རེད་ནེ། དྲ་གྲོགས་ཚོ།
New York = ནེའུ་ཡོརྐ
ལྷན་རྒྱས་གསུམ་གྱིས། ནེཝ་ཡོརྐ། ཞེས་པར་དཔྱད་པ་མཛད་པར་ཡིད་སྤྲོ་བརྟས།
ལྷག་པར་བོད་ཀྱི་མིང་སྒྲ་མ་ཡིན་པ་ཞིག་བོད་ཡིག་ཏུ་འབྲི་བ་ལ་བོད་ཀྱི་བརྡ་སྤྲོད་དང་བསྟུན་ག་ལ་དགོས། དེར་མ་ཟད་བོད་ཀྱི་མིང་ཚིག། ས། ཆུ། མེ། རླུང་། ཡུལ། གཡུལ་སོགས་འབྲི་བ་ལ་དག་ཆ་འགྲིག་མིན་ལ་ལྟ་དགོས་པ་མ་གཏོགས། དེ་དག་འབྲི་བ་ལ་བརྡ་སྤྲོད་ཀྱི་ཁུངས་ཅང་དགོས་སམ།
ཅོ་རི་ཉི་མ་མཆོག་ལ་དྲི་བ་ཞིག་ཡོད། སྔོན་གྱི་སྒྲ་སྒྱུར་པ་སུ་ཡིན་མི་ཤེས་། ལེགས་སྦྱར་གྱི། ཨིནྡྲ་ནཱི་ལ། ཞེས་པ་དེ་ཉིད་ བོད་སྐད་དུ། དབང་སྔོན། དཔེ་ཆ་དག་ན། རྒྱ་གར་སྐད་ཟུར་ཆག་སྟེ། ཨནྡ་རྙིལ། བྲིས་པ་དེ་ཐོན་མིའི་བརྡ་སྤྲོད་དང་མཐུན་པ་འདུག་གམ། འདི་ལ་ལན་གསལ་ཞིག་ཡོད་པ་ཞུ།
འདུལ་བ་ཡུལ་དུས་དང་བསྟུན་གསུངས་པ་བཞིན། ཡུལ་དུས་གནས་སྐབས། རྒྱུ་རྐྱེན་རྟེན་འབྲེལ། མ྄ཐུན་རྐྱེན་འགལ་རྐྱེན་མང་པོ་ཞིག་ནས་ཡོངས་ཀྱིས་ཕྱོགས་སུ་བསྡོམས་ན་འཕྲལ་ཕུགས་གཙོ་ཕལ་གོ་མ་ལྡོག་གལ་གནད་ཆེ།
༡༽ མེས་དཔོན་རྣམ་གསུམ་སླར་ཡང་ཕེབས་ན་མ་གཏོགས་རང་བཙན་གཙང་མ་ཞེ་དྲག་ཁག་པོ་རེད།
༢༽ རང་བཙན་ནི། རང་གི་བཙན་པོས་ཕྱི་ནང་གསང་གསུམ་གྱི་ཆབ་སྲིད་མངའ་དབང་བསྒྱུར་ཏེ། རྒྱལ་ཁམས་བདག་གིར་སྐྱོང་དགོས་ཞིང་དེ་ལ། དམག་སྲིད། དཔལ་འབྱོར། སྟོབས་ཤུགས། འཕྲུལ་ཆས། གོ་མཚོན། ཚད་མཐོའི་ཤེས་ཡོན། ལག་མ་ཐོགས་པའི་ཚད་ལྡན་འགོ་ཁྲིད། དེང་དུས་གསར་གཏོད་འཇོན་ལྡན་མི་སྣ་ལ་སོགས་པའི་ངེས་པར་དགོས་གལ་མེད་མི་རུང་བ་ཡིན། ཤིག་གསོད་པར་སྟ་རེ་མི་དགོས་ཀྱང་། ཤིང་གཅོད་པར་སྟ་རེ་ངེས་དགོས་རེད། རང་བཙན་སྒྲུབ་པར་གོང་སྨྲོས་ཆ་རྐྱེན་གཙོ་གལ་མི་དགོས་སམ། དགྲ་བོ་ཁ་གཏད་ངོས་འཛིན་གཏིང་ཕྱིན་པ་མེད་ན། མི་རྟག་པ་རྐྱང་པ་གོམས་པས་བདག་འཛིན་ལ་མི་གནོད་པ་དང་། བྱམས་སོགས་རྨིངས་དང་འགལ་མེད་ཕྱིར། །ཤིན་ཏུ་ཉེས་པ་ཚར་གཅོད་མིན། །གསུངས་པ་ནང་བཞིན་ཞེ་དྲག་ཁག་པོ་རེད།
༣༽ རང་བཙན་མེད་ན་དམིགས་ཡུལ་མེད་ཟེར་བ་དང་བོད་པའི་སྐད་ཡིག་ལ་དམིགས་ཡུལ་མེད་པར་སྣང་བ་གཉིས་འདིར་འདྲ།
༤༽ འོ་ན་རང་བཙན་ཡོད་ཙམ་གྱིས་དམིགས་ཡུལ་དང་ལྷིང་འཇགས་ཞི་མཐུན་ཡོང་ངེས་མིན་པའི་དཔེ་མཚོན་རྒྱལ་ཁབ་ཡོད།
༥༽ ཤིང་ཁང་ནང་སྡོད་རྒྱུ་བྱུང་ན་གསེར་གྱི་ཁང་པ་ཉོ་མ་ཐུབ་ཀྱང་འཚོ་བདེ་བྱུང་ན་ཆོག་ཅིང་གང་ལགས་ན། གསེར་ཁང་ཉོ་ཐོབ་ཧ་ཅང་དཀའ་བས་སོ།
༦༽ འདོད་པ་རང་བཙན་ཡིན་རུང་། །འདོད་ཚད་འབྱོར་ན་དགའ་བ། །མ་བྱུང་རང་རྒྱལ་རང་གིས། །སྐྱོང་རྒྱུ་བྱུང་ན་ཆོག་དགའ།།
༧༽ འོན་ཀྱང་འ་ཆད་འུ་ཐུག་ཤོས་ཤིག་ལ། རྒྱ་མི་གུང་བྲན་གྱིས་རང་བཙན་མི་རྩོད་པ་ཤེས་བཞིན་ཁྱད་གསོད་དང་ཁག་དཀྲིས་གཡོལ་ཐབས་ཐུབ་ཚོད་བཤད་སྟངས་དེས་གྲུབ་འབྲས་ངན་པ་གང་ཞིག་གང་དུ་གང་ལ་སོན་མིན་ཚོད་འཛིན་དཀའ་བ་དེ་ཡིན།
དབུ་མའི་ལམ་དང་རང་སྐྱོང་དགེ་མཚན་མུ་མཐུད་བཀོད་འདུན་ཡོད།
སྒྲ་འགྱུར་སྐོར་ལ། New York དབྱིན་ཇིའི་ཡོག་ཅེས་པར་རྗེས་ཨ་རིས་གསར་པ་བསྣན་ནས་ཡོག་གསར་ཞེས་བྲིས་ཀྱང་མ་འཐུས་པ་མེད། ལེགས་སྦྱར་ནས་བོད་སྒྱུར་སྐབས་དོ་ནན་དགོས་གལ་ཇི་བཞིན་འདི་དག་ལ་དོ་གལ་དེ་ཙམ་མི་ཆེ།
ལེགས་སྦྱར་ནི་མ་འོངས་པ་ན་དམ་པའི་ཆོས་ལེགས་སྦྱར་རང་ནས་གསུང་བ་གོ་ཞིང་། ཆོས་རྒྱལ་ལོ་པཎ་བཀའ་དྲིན་ཅན་ཚོས་དོ་དོ་ནན་ནན་གནང་འགངས་ཆེ་ཚུལ་དང་འདིར་མི་འདྲ་བར་སེམས་སོ། ལྡི་ལི་གསར་པ། སུད་སི། ཨ་རི། ཡོག་གསར། ནིའུ་ཡོག་དང་ཀལ་ཕོ་ན་ཡ། ཞེས་སོགས་བྲིས་འབྱམས་སུ་སྟབས་གང་བདེར་བཅོས་ན་འཐུས། ཡང་ཆོས་བརྒྱུད་སོ་སོའི་བརྡ་ཆད་དག་ནི་སོ་སོར་མན་ངག་གི་གནད་སྟོན་པའི་ནུས་ལྡན་བརྡ་དག་རང་མོས་གང་དྲན་སྟབས་བསྟུན་བྱས་ན་ཨེ་འགྲིག་བསམ་མོ།
སྐད་ཅིག་གི་མིང་ཚིག་དག་སྐད་གཞན་དུ་འབྲི་བ་ན། འབྲི་སྟངས་མི་འདྲ་བ་གཉིས་ཡོད། ཁ་ནས་སྒྲ་ཇི་བཞིན་འཐོན་པ་གཞིར་བཟུང་སྟེ། འབྲི་བ་དང་། ཡི་གེ་ཐོབ་ཐང་གཞིར་བཟུང་སྟེ། འབྲི་བ་གཉིས་སུ་མཆིས། དེ་དག་ལ་ཨིན་སྐད་དུ། phonetics and transliteration ཞེས་ཟེར། དེས་ན། ནེཝ་ཡོརྐ། ཞེས་པ་ཡི་གེ་ཐོབ་ཐང་གཞིར་བཟུང་བ་ཡིན། བོད་ཀྱི་མིང་ཚིག་རྣམས་ཨིན་སྐད་དུ་འབྲི་བ་ན། དེ་ལྟར་རྣམ་པ་གཉིས་སུ་འབྲི་བ་ཡོད་ཀྱང་། མཁས་པ་དག་གིས་ཡི་གེ་ཐོབ་ཐང་བཞིན་གཙོ་བོར་བྱེད་པ་མཐོང་། དཔེར་ན། བོད། ཅེས་པ་ཨིན་སྐད་དུ་འབྲི་ན། དང་པོ་ལྟར་ན། Boe སོགས་འབྲི་ཚུལ་མི་འདྲ་བར་མཐོང་། གཉིས་པ་ལྟར་ན། Bod ཅེས་འབྲི་ཚུལ་གཅིག་རང་དགོས། སྔོན་སྒྲ་སྒྱུར་པས་ལེགས་སྦྱར་ཡི་གེ་ལེགས་པར་མཁྱེན་ཅིང་། ལེགས་སྦྱར་གྱི། ཨིནྡྲ་ནཱི་ལ། ཞེས་གསུངས་པ་ན། ཡི་གེ་འབྲི་མཁན་གྱིས་ལེགས་པར་མ་གོ་བས། ཨནྡ་རྙིལ། ཞེས་བྲིས་པ་ལེགས་སྦྱར་རམ་བོད་སྐད་གང་ཡང་མ་ཡིན་པ། སྐད་གཉིས་ཤེས་པ་ཞིག་གིས་བལྟས་ཚེ། རྒོད་བྲོ་བའི་མིང་ཚིག་ཅིག་མ་དག་རྒྱུན་འབྱམས་སུ་སོང་།
གསུང་རོགས་བྱོས། ཞེས་པར་སྐྱོན་གཉིས་འདུག དང་པོ། གསུང་། ཞེས་པ་ཞེ་ས་དང་། བྱོས། ཞེ་ས་མ་ཡིན་པ་བསྲེས་པའི་སྐྱོན་དང་། རོགས། ཞེས་པ་མང་ཆེ་བས། རོགས། འབྲི་ཡང་། བོད་སྤྱིའི་སྐད་སྲུང་བར་འདོད་ན། གྲོགས། ཞེས་འབྲི་བ་བཟང་། དཔེར་ན། དཔེ་ཆ་གང་ན་ཡོད། ནན་ཏན་མི་དྲན་ཡང་། བདག་གི་བློ་ན། སྡོང་གྲོགས་མཛོད། ཅེས་པ་ཡོད། བདག་རང་ནི་ཐོག་མེད་ནི་མི་དྲན། བྱིས་པ་དྲན་པ་ནས་བཟུང་། ལསབཟང་ངན་འདྲེས་མ་བསགས་པ་ཞིག་ཏུ་མཐོང་། འོན་ཀྱང་བོད་ཀྱི་ཡི་གེ་དག་ཆ་སྲུང་བ་ལ་སོགས་པའི་ལས་བཟང་རེ་བྱེད་ཐུབ་ན། དེ་ཡིས་ལས་ངན་རྣམས་འཇོམས་ཐུབ་པར་བསམ། མི་རྒན་གཞོན་ལ་མ་ལྟ་བར་འཐད་པ་དང་ལྡན་མི་ལྡན་ལ་རང་རེས་བལྟ་དགོས། སྔར་བཅོམ་ལྡན་འདས་ལ་འགའ་ཞིག་གིས་ཁོ་མི་ལོ་ཆུང་ཞེས་མུ་སྟེགས་པ་ལོ་རྒན་པ་འགའ་ཞིག་གིས་སྣང་ཆུང་བྱེད་པ་ན། སྣང་ཆུང་བྱེད་མི་རུང་བ་བཞི་གསུངས་པ། ངས་ཝཱ་རཱ་ཎ་སཱིའི་ལེགས་སྦྱར་སློབ་གྲྭ་ཆེན་མོའི་དཔེ་མཛོད་དུ་བཀའ་འགྱུར་ཀློག་ཅིང་དཀར་ཆག་བཟོ་དུས་ལོ་དྲུག་ཅུ་མ་ཟིན་སྔོན་དུ་མཇལ། ལོ་མང་པོ་ནས་བསམ་བློ་གཏང་ཡང་གཅིག་གཏན་ནས་ད་བར་དུ་མ་དྲན། དྲན་པ་གསུམ་ནི།
༡་ མི་ལོ་ཆུང་ཡང་སྣ་ཆུང་བྱེད་མི་ཆོག
༢་ མེ་ཆུང་ཡང་སྣ་ཆུང་བྱེད་མི་ཆོག
༣་ སྦྲུལ་ཆུང་ཡང་སྣ་ཆུང་བྱེད་མི་ཆོག
༤་
ཁྱེད་ཀློག་པ་པོ་རྣམས་ཀྱིས་བཀའ་འགྱུར་ན་གཟིགས་ཚེ་དཔེ་ཆའི་མཚན་ཤོག་གྲངས་འབྲི་གྲོགས་མཛོད། ཅེས་སོ།
སྣ་ཆུང་ཞེས་པ་སྣང་ཆུང་མིན་ནམ
སྣ་ཆུང་ཞེས་པ་སྣང་ཆུང་མིན་ནམ། ཞེས་པ་མེ་དཀར་ལགས་བདེན། རྒན་ལ་དྭགས་པས་མཁྱེན་བཞིན་དུ་རྗེས་འཇུག་ང་ཆད་པ་འདྲ།
ལེགས་དེ་ལགས་ཀྱི་འབྱུང་ཁུངས་ཡིན་པ་ལ་ཡང་རྒྱབ་སྐྱོར་ཡོད། འོནད་ཀྱང་ད་ལྟ་བེད་སྤྱོད་བྱེད་པར་དཀའ་ངལ་ཆེ་ཙམ་མི་འདུག་གམ། ངས་ཀྱང་རྒན་ལ་དྭགས་པ་བློ་བཟང་འཇམ་དཔལ་ལེགས་ཞེས་རྒན་ལ་ཐུགས་མཉེས་ཕྱིར་ཐང་མ་འགའ་བྲིས་པ་ཡིན།
ཡང་སྡོང་གྲོགས་མཛོད་ཅེས་པ་འཕྲིན་བཅོལ་སོགས་ཀྱི་ནང་ལ་ཡོད་པ་ཤིནད་ཏུ་བདེན། ཡིན་ན་ཡང་། ངའི་ཕ་ཡུལ་སྐད་དུ་ཁོོ་ཁོའི་རོགས་པ་རེད། ཡང་མོ་མོའི་རོགས་པ་རེད། ཚབ་ཏུ་མོ་མོའི་གྲོགས་པ་རེད་ཅེས་པ་མེད་པས། རོགས་གྲོགས་གཉིས་གོ་དོན་སོས་སོར་གོ་སྐབས་འདུག་པས་ངས་དེ་ལ་རྒྱབ་སྐྱོར་བྱས་མེད། དེ་མིན་རྒན་བཟོ་བཅོས་ཡོ་སྲང་རྒྱབ་རྟེན་ཁུངས་ཚད་མ་རྙེད་དུས་ཕལ་ཆེར་ལ་ངས་རྒྱབ་སྐྱོར་མཐའ་ཅིག་ཏུ་བྱེད་བཞིན་ཡོད།
བོད་ = Bod (tib.Boe) New York = ནེཝ་ཡོརྐ ༼ཨིན་སྐད་དུ། ནེའུ་ཡོརྐ༽ཞེས་མི་དགོས་སམ། ལགས།
དགེ་ལ་དགས་པ་ལགས།
ཁྱེད་ཀྱིས་་་ སྔོན་གྱི་སྒྲ་སྒྱུར་པ་སུ་ཡིན་མི་ཤེས་། ལེགས་སྦྱར་གྱི། ཨིནྡྲ་ནཱི་ལ། ཞེས་པ་དེ་ཉིད་ བོད་སྐད་དུ། དབང་སྔོན། དཔེ་ཆ་དག་ན། རྒྱ་གར་སྐད་ཟུར་ཆག་སྟེ། ཨནྡ་རྙིལ། བྲིས་པ་དེ་ཐོན་མིའི་བརྡ་སྤྲོད་དང་མཐུན་པ་འདུག་གམ། འདི་ལ་ལན་གསལ་ཞིག་ཡོད་པ་ཞུ།
ལན་་་ཐོན་མིའི་བརྡ་སྤྲོད་དང་མཐུན་གྱི་མི་འདུག་ཞུ།
༦༨༽ ཅོ་རི་ཉི་མ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༢ གི་ཆུ་ཚོད་ ༣ སྐར་མ་ ༣༤
དགེ་ལ་དྭགས་པ་ལགས།
ཞེས་པ་ལ་དཔྱད་ན། དགེ་བའི་བཤེས་གཉེན་ནམ། དགེ་རྒན་ཞེས་པ་ལས། དགེ་ཞེས་སྦྱར་འདོད་ཀྱང་། དགེ་རྒན་ལགས། དང་། རྒན་ལགས་གཉིས་ལས། དགེ་ལགས་ཞེས་ཟེར་སྲོལ་མེད།
ཀ་རྡོར་ལགས་བདེན་ནོ། དེ་བཞིན་ཞུ། དགེ་དང་རྒན་ནོར་སོང་བར་ཁྱེད་བདེན་་་་ ལ་དགས་ཅེས་འབྲི་དུས་ཡི་དྭགས་ཀྱི་དྭགས་འབྲི་འདོད་མི་འདུག
དྭགས་ཅེས་འདི་ཡང་ཁྱེད་བདེན་ངེས་རེད་
ངའི་མིང་ལ་ཐགས་ཞེས་སྤོས་ཤིང་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས་། ལམ་རིམ་བླ་རྒྱུད་པད་དཀར་འཕྲེང་བ། ཤོག་༥༧ན་ཡོད་པ་ལྟར་བྲིས། ལ་ཐགས་ཞེས་པ་ལ་ཞིག་གི་མིང་ཡིན་པ་མར་ཡུལ་ལ་མིང་ཐོགས། ད་ལྟ་མར་ཡུལ་ཙམ་མ་ཡིན་པར་ཟངས་དཀར། བོད་རིགས། འབྲོག་ཡུལ། གནུབས་ར། སྟོད་བྱང་ཐང་གི་ཆ་ཤས་སོགས་ཀྱང་ལ་ཐགས་སུ་བསྡུས་འདུག།
ད་ཁྱེད་རྣམས་ཀྱིས་བོད་ཡུལ་གྱི། དྭགས་པོ་དང་། རི་དྭགས་སོགས་ཀྱི་འབྲི་ཚུལ་ལ་སྟ་གོན་ཡོད་དམ། ཞེས་སོ།
མེ་ཏོག་དཀར་པོ་སྟེ། མེ་ཏོག་པདྨ་དཀར་པོ།
བོད་རིག་གཞུང་དང་། མི་མངས་ལ་ཞབས་ཏོག་ཞུ་མཁན་ཞིག་ཡིན་པར་རྗེས་སུ་དཔགས། དག་ཆ་ནོར་ཡོད་པར་ཞུས་དག་མཛད་པར་ལེགས་གསོལ་ཞུའོ།།