ངས་དེབ་སྐྱེལ་བྱས་ཚར་ཡིན། ཁྱེད་ཀྱིས་བྱས་ཡོད་དམ། Posted on 2010-07-192010-07-19 By ཁ་བརྡ་ 15 Comments on ངས་དེབ་སྐྱེལ་བྱས་ཚར་ཡིན། ཁྱེད་ཀྱིས་བྱས་ཡོད་དམ། གསར་འགྱུར།
ངའི་རང་དབང་ལག་དེབ་དེ་རྒྱ་གར་ནས་བལ་ཡུལ་དུ་སྦྲགས་ཐོག་བསྐུར་ནས་ཟླ་བ་གཉིས་ལྷག་ཙམ་རེད་སོང་ཀྱང་། ད་དུང་ལག་འཕྲོད་མ་བྱུང་། དེབ་སྐྱེལ་ད་ཕར་ཟད་རེད།
ད་ལོའི་བཀའ་ཁྲི་འདེམས་སྟངས་ལ་བལྟས་ན་ཆོལ་ཁ་སོ་སོའི་འཐེན་འཁྱེར་ལ་འགྲོ་བཞིན་པ་ལྟ་བུར་མཐོང་སོང་། དེ་ལས་བཙན་བྱོལ་ནང་ཆོལ་ཁ་རེ་རེ་ནས་བཀའ་ཁྲི་རེ་བྱས་ནས་བཀའ་ཁྲི་གསུམ་འདེམས་རྒྱུའི་ལུགས་སྲོལ་བཟོས་ན་ཡག་ཤོས་ཡིན་ས་རེད།
ངས་ནི་དེབ་སྐྱེལ་བྱས་ཟིན་ལ་ བཀའ་ཁྲིའི་འོས་མི་ཡང་གྲ་སྒྲིགས་ཡོད་ ད་འོས་འཕེན་པའི་ཉིན་མོ་དེར་གྲ་སྒྲིགས་ཨང་སར་བྱས་ནས་བསྒུགས་བསྡད་ཡོད་ བོད་ལ་ཉག་ཕྲའི་དུས་འདིར་༧གོང་ས་མཆོག་གི་དགོངས་གཞི་དང་བོད་མི་ས་ཡ་དྲུག་གི་བདེན་པའི་ཐབས་རྩོད་ཐོག་ལྷག་བསམ་དང་ལྗོན་ཐང་ ཤེས་ཡོན་ ཉམས་མྱོང་ཆེ་ཤོས་དང་བཀའ་ཁྲིར་འོས་མི་དྲག་ཤོས་དེ་འདེམས་རྒྱུ་ནི་མང་གཙོའི་ཐོབ་ཐང་ཞིག་ཀྱང་རེད་ལ་ བོད་རྒྱལ་ཁབ་ཀྱི་ཆབས་འབངས་ཡིན་པའི་ལས་འགན་གལ་ཆེ་ཤོས་དེ་ཡང་རེད་ བོད་རྒྱལ་ཁབ་དང་རང་མི་རིགས་ཀྱི་ལར་རྒྱ་ བོད་དོན་བདེན་པའི་ཐབས་བརྩོད་ལ་སེམས་འཁུརཡོད་ན་དེབ་སྐྱེལ་བྱས་ནས་འོས་བསྡུ་ཉིན་ཁ་ཆག་སོང་རྣ་རལ་སོང་མི་ཟེར་བར་ བོད་རྒྱལ་ཁབ་སྐྱོངས་ཁན་རང་གི་གཞུང་ཚག་འཚུད་ཡོང་ཆེད་ཚང་མའི་མཉམ་བཞུགས་དང་ཆ་ཤས་བསླངས་ཏེ་རབ་འདེགས་བྱེད་རོགས་ཞུ་ ཁ་བྲོ་ སྐུ་ཚེ་རིང་།
ང་ནི་དེབ་སྐྱེལ་བྱེད་རྒྱུར་མགོ་འཐོམ་ནས་སྡད་ཡོད། གང་ཡིན་ཟེར་ན་ང་ཡི་ཆོལ་ཁ་དེ་ཉིད་ཆོལ་ཁ་གསུམ་གང་གི་ཁོང་གཏོགས་ཡིན་མིན་ཤེས་ཀྱི་མེད། ཤེས་འདོད་ཀྱང་མེད། ང་ཡི་ཕ་མར་དེ་ཡི་སྐོར་ལ་འདྲི་རྩད་ཀྱང་བྱེད་ཀྱི་མེད། མ་འོང་པར་ང་དང་ང་འདྲ་བར་ཤུགས་ཆེ་ཙམ་བྱུང་ཚེ་ཆོལ་གསུམ་མེད་པའི་བོད་མིའི་ཚོགས་པ་ཞིག་བཙུགས་ཏེ་བོད་ཀྱི་མ་འོང་པའམ་གོང་ས་མཆོག་གི་བཞེད་དོན་བསྒྲུབ་ཐབས་བྱེད་ཀྱི་ཡིན། ཆོལ་གསུམ་འཐེན་ཁྱེར་ལྟ་བས་ཆོལ་གསུམ་ཟེར་དུས་ང་ནི་སྐྱུགས་ནད་ཅན་ལ་ཟས་སྦྱིན་པ་ནང་བཞིན་ཆགས་སོང།
བཟོད་པ་ལྷ་རྩེ་ཞེས་པ་ཁྱོའི་མིང་དེ་གོ་ཡོང་དུས་ཀླད་རྙིང་མཁྲེགས་བཟུང་དང་། ཅི་ཡང་མི་འབྱོན་པར་འབྱོན་མདོག་བྱེད་མཁན། ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་བྱེད་མི་ཞིག་ཡིན་པ་ཐག་གིས་ཆོད། ཁྱོད་ཀྱི་འདོད་དོན་ལྟར་བཀྲས་མཐོང་བཀའ་ཁྲིར་སླེབས་ན་ད་ལྟའི་བཀའ་ཤག་གིས་ཁྲག་གསོག་རྣག་གསོག་བྱས་པའི་བོད་གཞུང་གི་མ་དངུལ་བྱེ་བ་སུམ་ཅུ་སོ་ལྔ་དེ་ཡང་གོ་མེད་ཚོར་མེད་བྱེད་རྒྱུའི་ཉེན་ཁ་ཆེ་བས་གཟབ་དགོས་དགོས། བོད་སྤྱི་བའི་དོན་དང་ཁྱོད་ཀྱི་སྒེར་དོན་ནམ་ཕྱོགས་རིས་གཉིས་ལས་གང་གལ་ཆེ་བ་ཡིན་ནམ། སྔོན་དེ་འདྲ་བྱས་ནས་ང་ཚོ་མི་ཡུལ་ལ་གྱར་དགོས་བྱུང་བ་རེད། ཕྱོགས་རིས་སྤོང་་་་སྤོང་་་་་སྤོང་་་སྤོང་་་་སྤོང་་་་སྤོང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་སྤོང་།
རྗེས་མར་མི་འདི་འདྲ་རེ་ལ་བཀའ་བློན་དང་སྤྱི་འཐུས་ཀྱི་འོས་ཤོག་བླུག་དགོས་བསམ་པའི་འཆར་གཞི་རེ་བཟུང་ཡང་ད་ནི་ཨ་སྨྱེའི་མགོ་ལ་རྡོས་གཞུས་པ་ནང་བཞིན་ཆགས་སོང་།་་ཕྱོགས་གང་ཐད་ནས་གང་ཟག་ག་གེ་མོ་རེའི་སྐྱོན་རྐྱང་རྐྱང་བཙལ་ཏེ་ང་ཚོའི་མིག་མདུན་དུ་བཤམ་སོང།་དངོས་གནས་བྱས་ན་འཇོན་ཐང་དང་ཡོན་ཏན་གྱི་ཕྱོགས་ནས་མ་འོངས་པར་རྒྱང་བལྟའམ་་ཐུགས་བསམ་རེ་བཞེས་རྒྱུ་གལ་ཆེན་ནང་གི་དོན་ཆེན་རེད།་་གཅེས་ཕྲུག་ཚོ།་་གང་ལྟར་ང་ཚོའི་ལག་ཏུ་བཀའ་ཁྲི་དང་སྤྱི་འཐུས་ལ་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྐྱེས་བུ་རེ་རྙེད་མདོག་ཁ་བོ་མ་རེད།་་ཡ་་ད་་གནམ་རྒན་མས་སྲུང།་་་ཟིན་བྲིས་སུ་བཀོད་པ་རྣམས་ཀྱིས་མི་རིགས་འདིའི་དཀའ་ངལ་ལ་གདོང་ལེན་གོ་བགོས་པ་ལྟ་བུ་རེ་ཡོང་བར་སྨོན།་ཇི་ལྟར་བཤད་ཀྱང་རུང་རྒད་པོ་ངས་ནི་ཁྱོད་ཚོར་འོས་བླུག་ཐག་ཆོད་ཡིན།་དུས་ཚོད་སྟབས་བདེ་་རེག་ན་ཁོ་ཚོའི་མཚན་བཅས་འགོད་ཐབས་བྱེད་ངེས།་
ང་ནི་དེབ་སྐྱེལ་གཞི་ནས་བྱེད་རྒྱུ་ཡིན།
ང་ནི་དེབ་སྐྱེལ་བྱེད་རྒྱུར་གྲ་སྒྲིག་ཨང་སར་ཡིན།
ངའི་རང་དབང་ལག་དེབ་དེ་རྒྱ་གར་ནས་བལ་ཡུལ་དུ་སྦྲགས་ཐོག་བསྐུར་ནས་ཟླ་བ་གཉིས་ལྷག་ཙམ་རེད་སོང་ཀྱང་། ད་དུང་ལག་འཕྲོད་མ་བྱུང་། དེབ་སྐྱེལ་ད་ཕར་ཟད་རེད།
ངས་དེབ་སྐྱེལ་བྱས་མེད། བྱ་འདོད་ཀྱང་མི་འདུག རྒྱུ་མཆན་ཅང་བཤད་རྒྱུ་མེད།
ལོས་ཁག ལྟོ་གོས་ལ་བྲེལ་བ་ཡོད་ཀྱི་རེད།
ངས་དེབ་སྐྱེལ་བྱས་མེད།
ད་ལོའི་བཀའ་ཁྲི་འདེམས་སྟངས་ལ་བལྟས་ན་ཆོལ་ཁ་སོ་སོའི་འཐེན་འཁྱེར་ལ་འགྲོ་བཞིན་པ་ལྟ་བུར་མཐོང་སོང་། དེ་ལས་བཙན་བྱོལ་ནང་ཆོལ་ཁ་རེ་རེ་ནས་བཀའ་ཁྲི་རེ་བྱས་ནས་བཀའ་ཁྲི་གསུམ་འདེམས་རྒྱུའི་ལུགས་སྲོལ་བཟོས་ན་ཡག་ཤོས་ཡིན་ས་རེད།
ངས་ནི་དེབ་སྐྱེལ་བྱས་ཟིན་ལ་ བཀའ་ཁྲིའི་འོས་མི་ཡང་གྲ་སྒྲིགས་ཡོད་ ད་འོས་འཕེན་པའི་ཉིན་མོ་དེར་གྲ་སྒྲིགས་ཨང་སར་བྱས་ནས་བསྒུགས་བསྡད་ཡོད་ བོད་ལ་ཉག་ཕྲའི་དུས་འདིར་༧གོང་ས་མཆོག་གི་དགོངས་གཞི་དང་བོད་མི་ས་ཡ་དྲུག་གི་བདེན་པའི་ཐབས་རྩོད་ཐོག་ལྷག་བསམ་དང་ལྗོན་ཐང་ ཤེས་ཡོན་ ཉམས་མྱོང་ཆེ་ཤོས་དང་བཀའ་ཁྲིར་འོས་མི་དྲག་ཤོས་དེ་འདེམས་རྒྱུ་ནི་མང་གཙོའི་ཐོབ་ཐང་ཞིག་ཀྱང་རེད་ལ་ བོད་རྒྱལ་ཁབ་ཀྱི་ཆབས་འབངས་ཡིན་པའི་ལས་འགན་གལ་ཆེ་ཤོས་དེ་ཡང་རེད་ བོད་རྒྱལ་ཁབ་དང་རང་མི་རིགས་ཀྱི་ལར་རྒྱ་ བོད་དོན་བདེན་པའི་ཐབས་བརྩོད་ལ་སེམས་འཁུརཡོད་ན་དེབ་སྐྱེལ་བྱས་ནས་འོས་བསྡུ་ཉིན་ཁ་ཆག་སོང་རྣ་རལ་སོང་མི་ཟེར་བར་ བོད་རྒྱལ་ཁབ་སྐྱོངས་ཁན་རང་གི་གཞུང་ཚག་འཚུད་ཡོང་ཆེད་ཚང་མའི་མཉམ་བཞུགས་དང་ཆ་ཤས་བསླངས་ཏེ་རབ་འདེགས་བྱེད་རོགས་ཞུ་ ཁ་བྲོ་ སྐུ་ཚེ་རིང་།
ངས་སྔོན་མ་ནས་དེབ་སྐྱེལ་བྱས་ཟིན། འོས་ཤོག་བླུགས་རྒྱུའི་གྲ་སྒྲིག་ཨང་སར་ཡིན།
ད་རུང་བྱེད་ཁོམ་མ་བྱུང་ཐལ། ཡིན་ནའང་། བྱེད་ནོ་ཁོ་ཐག་ཡིན།
ང་ནི་དེབ་སྐྱེལ་བྱེད་རྒྱུར་མགོ་འཐོམ་ནས་སྡད་ཡོད།
གང་ཡིན་ཟེར་ན་ང་ཡི་ཆོལ་ཁ་དེ་ཉིད་ཆོལ་ཁ་གསུམ་གང་གི་ཁོང་གཏོགས་ཡིན་མིན་ཤེས་ཀྱི་མེད།
ཤེས་འདོད་ཀྱང་མེད། ང་ཡི་ཕ་མར་དེ་ཡི་སྐོར་ལ་འདྲི་རྩད་ཀྱང་བྱེད་ཀྱི་མེད།
མ་འོང་པར་ང་དང་ང་འདྲ་བར་ཤུགས་ཆེ་ཙམ་བྱུང་ཚེ་ཆོལ་གསུམ་མེད་པའི་བོད་མིའི་ཚོགས་པ་ཞིག་བཙུགས་ཏེ་བོད་ཀྱི་མ་འོང་པའམ་གོང་ས་མཆོག་གི་བཞེད་དོན་བསྒྲུབ་ཐབས་བྱེད་ཀྱི་ཡིན།
ཆོལ་གསུམ་འཐེན་ཁྱེར་ལྟ་བས་ཆོལ་གསུམ་ཟེར་དུས་ང་ནི་སྐྱུགས་ནད་ཅན་ལ་ཟས་སྦྱིན་པ་ནང་བཞིན་ཆགས་སོང།
བདེ་སྐྱེལ་བྱ་འཆར་ཡོད།
བཟོད་པ་ལྷ་རྩེ་ཞེས་པ་ཁྱོའི་མིང་དེ་གོ་ཡོང་དུས་ཀླད་རྙིང་མཁྲེགས་བཟུང་དང་། ཅི་ཡང་མི་འབྱོན་པར་འབྱོན་མདོག་བྱེད་མཁན། ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་བྱེད་མི་ཞིག་ཡིན་པ་ཐག་གིས་ཆོད། ཁྱོད་ཀྱི་འདོད་དོན་ལྟར་བཀྲས་མཐོང་བཀའ་ཁྲིར་སླེབས་ན་ད་ལྟའི་བཀའ་ཤག་གིས་ཁྲག་གསོག་རྣག་གསོག་བྱས་པའི་བོད་གཞུང་གི་མ་དངུལ་བྱེ་བ་སུམ་ཅུ་སོ་ལྔ་དེ་ཡང་གོ་མེད་ཚོར་མེད་བྱེད་རྒྱུའི་ཉེན་ཁ་ཆེ་བས་གཟབ་དགོས་དགོས།
བོད་སྤྱི་བའི་དོན་དང་ཁྱོད་ཀྱི་སྒེར་དོན་ནམ་ཕྱོགས་རིས་གཉིས་ལས་གང་གལ་ཆེ་བ་ཡིན་ནམ། སྔོན་དེ་འདྲ་བྱས་ནས་ང་ཚོ་མི་ཡུལ་ལ་གྱར་དགོས་བྱུང་བ་རེད། ཕྱོགས་རིས་སྤོང་་་་སྤོང་་་་་སྤོང་་་སྤོང་་་་སྤོང་་་་སྤོང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་སྤོང་།
རྗེས་མར་མི་འདི་འདྲ་རེ་ལ་བཀའ་བློན་དང་སྤྱི་འཐུས་ཀྱི་འོས་ཤོག་བླུག་དགོས་བསམ་པའི་འཆར་གཞི་རེ་བཟུང་ཡང་ད་ནི་ཨ་སྨྱེའི་མགོ་ལ་རྡོས་གཞུས་པ་ནང་བཞིན་ཆགས་སོང་།་་ཕྱོགས་གང་ཐད་ནས་གང་ཟག་ག་གེ་མོ་རེའི་སྐྱོན་རྐྱང་རྐྱང་བཙལ་ཏེ་ང་ཚོའི་མིག་མདུན་དུ་བཤམ་སོང།་དངོས་གནས་བྱས་ན་འཇོན་ཐང་དང་ཡོན་ཏན་གྱི་ཕྱོགས་ནས་མ་འོངས་པར་རྒྱང་བལྟའམ་་ཐུགས་བསམ་རེ་བཞེས་རྒྱུ་གལ་ཆེན་ནང་གི་དོན་ཆེན་རེད།་་གཅེས་ཕྲུག་ཚོ།་་གང་ལྟར་ང་ཚོའི་ལག་ཏུ་བཀའ་ཁྲི་དང་སྤྱི་འཐུས་ལ་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྐྱེས་བུ་རེ་རྙེད་མདོག་ཁ་བོ་མ་རེད།་་ཡ་་ད་་གནམ་རྒན་མས་སྲུང།་་་ཟིན་བྲིས་སུ་བཀོད་པ་རྣམས་ཀྱིས་མི་རིགས་འདིའི་དཀའ་ངལ་ལ་གདོང་ལེན་གོ་བགོས་པ་ལྟ་བུ་རེ་ཡོང་བར་སྨོན།་ཇི་ལྟར་བཤད་ཀྱང་རུང་རྒད་པོ་ངས་ནི་ཁྱོད་ཚོར་འོས་བླུག་ཐག་ཆོད་ཡིན།་དུས་ཚོད་སྟབས་བདེ་་རེག་ན་ཁོ་ཚོའི་མཚན་བཅས་འགོད་ཐབས་བྱེད་ངེས།་
དེས་ཕྱིར་ན་བཀའ་བློན་ཁྲི་བའི་འོས་དམིགས་ཐད་དུའང་དེབ་སྐྱེལ་བྱས་ཟིན་པ་ཡིན།་