དོལ་སྨྱོན།
— སློབ་གླིང་གི་བུ་མོ་ཞིག་ལ་ཕུལ།
ངས་བལྟས་ན་ཁྱོད་ལ་གཅིག་དགོས་འདུག
དགོས་པས་མི་ཚད་ཕྱི་གྲབས་འདུག
ཕྱི་རོལ་ན་འབུས་པའི་རྩི་ཤིང་དང་ལྗང་བུ་དག་ལའང་།
དུས་དང་དུས་སུ་ཆར་ཆུ་དག་ངེས་པར་དུ་དགོས་ན།
ཁྱོད་་་ གཞོན་ནུ་ཤ་དར་ཁྲག་དར་ཞིག་ལ་སྨོས་ཅི་དགོས།
རྡོ་བ་ལས་གྲུབ་པའི་ཕོ་མོའི་མཚན་མ་དག་ལའང་།
མེ་ཏོག་གིས་བརྒྱན་ཞིང་འོ་ཞོ་ཡིས་རྟག་ཏུ་མཆོད་ཅིང་བཀུར་ན།
ཤེས་པས་བསྡུས་ཤིང་ཚོར་བས་ཟིན་པའི་ཁྱོད་ཀྱི་མཚན་མ་དེ།
ད་བར་སྐམ་ཧྲོག་གེར་ལུས་པ་ཅི་ཡིས་ཉེས།
འདོད་པ་ལ་དུངས་ཤིང་སྲེད་པ་ལ་ཆགས་པའི་ཕོ་མོ་དག་གིས།
བརྩེ་དུང་དང་ཆགས་སྤྱོད་ནི་བདེ་བའི་རྩེ་མོ་རུ་བསྔགས་ཤིང་བཀུར་ན།
བརྩེ་དུང་གི་བཟི་ཁ་རྒོད་པའི་གྲུ་ཁ་ཆུང་ཆུང་འདིར།
ཁྱོད་་་ ད་བར་ཁེར་རྐྱང་དུ་ལུས་པ་གང་གིས་ནོངས།
འགའ་ཞིག་གི་མཚན་མ་ནི་བདེ་བའི་འབྱུང་གནས་དང་།
འགའ་ཞིག་གི་མཚན་མ་ནི་བྱུར་གྱི་སྣ་འདྲེན།
ད་དུང་འགའ་ཞིག་གི་མཚན་མ་ནི་གཅིན་པ་གཏོང་བྱེད་ཙམ་དུའང་གྲགས་ན།
ཁྱོད་ཀྱི་མཚན་མ་དེ་ཡང་གཅིན་པ་གཏོང་བྱེད་ཙམ་མ་ཡིན་ནམ།
ཁྱོད་ཀྱིས་རྣམ་འགྱུར་དྲུག་གསུམ་བཅོ་བརྒྱད་བསྟན་རུང་།
ཁྱོད་ཀྱིས་ཐབས་ཤེས་ཡོད་དགུ་རྩལ་ཏུ་སྤྲུགས་རུང་།
ཡོད་ཚད་རང་དོན་ལ་ཕྱོགས་པའི་བསྟི་གནས་ཆུང་ཆུང་འདིར།
རྩེ་མོ་དང་རྩེད་ཆས་ཀྱི་འདུ་ཤེས་ཁོ་ན་ལས།
ལྷག་བསམ་རྣམ་དག་ཅིག་དང་བརྩེ་དུང་རྣལ་མ་ཞིག
ཁྱོད་ལ་མཚོན་ན་ད་དུང་རྒྱང་རིང་ནས་རྒྱང་རིང་ཞིག་རེད་ཨང་།
ཕྱི་ན་གནམ་གཤིས་གྲང་ཞིང་ནང་ན་མེ་དྲོད་འབར་བའི་དུས་འདིར།
ངས་བལྟས་ན་ཁྱོད་ལ་གཅིག་དགོས་འདུག
དགོས་པས་མི་ཚད་ཕྱི་གྲབས་འདུག
དཀོན་ཅོག་ ༣ ད་གིན་རང་ང་གཡས་གཡོན་གྱི་ཨ་ནི་གཅིག་སར་དབྱིན་ཡིག་ཅིག་འབྲི་རྒྱུར་ཁ་བཏགས་ནས་ཧོབ་སེ་མོའི་ནང་དུ་འཛུལ། བཞུགས་དང་བཞུགས་ཟེར། ཡི་གེ་བྲིས་སོང་། བལྟས་ངན་ངའི་མིག་འདི་ཨ། མོ་གུག་གུག་ངང་ཡི་གེ་འབྲི་དུས་ངས་མོའི་མགྲམ་པ། ཁ། མཆུ། སྣ་སོགས་ཞིབ་ཞིབ་ངང་བལྟས། དེ་ནས་དལ་བུས་བྲང་ལ་ཅེར། མོས་སྟོད་གོས་ཐུག་ལོག་གེ་བ་ཞིག་གྱོན་འདུག་པར་ལས་སླ་པོར་འོ་འཛིན་གྱི་དབྱིབས་མ་མངོན། ཨུ་ཚུགས་བྱས་སྒུག། མོས་ལུས་སྒྱེ་སྒུར་བྱེད་སྟངས་ཞིག་གིས་དེ་གཉིས་ཀྱང་འབུར་འབུར་དུ་མངོན། ད་འགྲིག་སོང་བསམ། དེ་ལ་ཡང་གཅིག་དགོས་ཤག་ཤག་རེད། མོ་ལོ་བཅུ་དགུ་ཏག་ཏག་རེད། མཆོད་དཀོན་མཆོག་མཆོད།
མ་གཞི་བྲེད་པོ་ཁྱོས་ཀྱིས་་་ཤེས་པས་བསྡུས་ཤིང་ཚོར་བས་ཟིན་པའི་མོ་ཡི་མཚན་མ་དེ།
ད་བར་སྐམ་ཧྲོག་གེར་ལུས་པ་་་་་ཇི་ལྟར་ཤེས། རྒྱུ་མཚན་གསལ་གསལ་ཐིང་ཐིང་ཞིག་མེད་ན་ཁྱོད་ཀྱི་མཚན་མ་ལས་སུ་མི་རུང་བའི་མཐུ་ཞིག་མི་རྒྱག་རེ།
སྙན་མོ་ཞེ་དྲག་བྲིས་གནང་འདུག་་་
མེ་ཏོག་དཀར་བོ་ཡིན་ན་འདིས་རྩོམ་ཡིག་རིག་རིག་ཀུན་ལ་སྨྱོན་གཏམ་ཁོ་ནའི་མཆན་བཏབ་ཡོང་གི་འདུག
ག་རེ་མ་འགྲིག་པ་རེད་དམ་་་ཅི་ཞིག་བསམ་གྱི་ཡོད་པ་རེད་དམ་་་དམིགས་ཡུལ་ངེས་ཅན་ཞིག་ཏག་ཏག་ཡོད་ན་ཐང་དཀོན་མཆོག་གསུམ།
ཡག་པོ་བྲིས་འདུག། ཡིན་ནའང་མཐུ་མ་རེག་པའི་རྒྱུན་རིང་པོ་འགྲོ་ཡོད་པ་འདྲ། སེམས་ཆུང་བྱས་ཕོ་གསར་མཐུ་སྙོན་ལ་འགྲོ་འོང། བུ་མོ་མི་རག་ན་རང་གི་རང་ལ་བྱེད་ན་མི་འགྲིག་པ་གང་ཡང་མེད།
གཅིག ཨ་རིའི་ནང་ལ་སྙན་ངག་འདི་འདྲས་གཅིག་བྲིས་དང་། རྙོག་འདྲ་ལུང་པ་གང་ཆགས་ཟིན། བུད་མེད་ལ་འདོད་ཆགས་བཀོལ་ཡུལ་གྱི་འདུ་ཤེས་ཟེར་ནས། གཞུང་གི་ལས་བྱེད་པ་ཡིན་ན། ལས་ཀ་ནས་འབུད་རྒྱུ་ངེས་ཅན་རེད།
གཉིས། དེང་དུས་ཀྱི་སྙན་ངག་གི་ཚབ་མཚོན་ལེགས་པོ་ཞིག་འདུག སྔོན་གྱི་མཁས་པ་རྣམས་ཀྱི་བླ་མ་དང་གཞན་གྱི་ཡོན་ཏན་སོགས་ལ་བསྟོད་པ་བྱེད་པ་ཕལ་ཆེ་བ་རེད། དེང་དུས་ཀྱི་སྙན་ངག་མཁན་པོ་དག་བུད་མེད་ཀྱི་ལུས་ཀྱི་ཡོན་ཏན་དག་ལ་བསྟོད་པ་བྱེད་པ་ཕལ་ཆེ་བ་འདུག
གསུམ། སྔོན་མའི་སྙན་ངག་དེ་ཚོ་ཕ་མས་ཕྲུ་གུ་དང་དགེ་རྒན་གྱིས་དགེ་ཕྲུག་ལ་བློ་ལ་འཛིན་བཅུག་ཅིང་མི་དམངས་ཁྲོད་འདོན་ན་ཚང་མས་བསྟོད་པ་དང་ཡི་རངས་བྱེད། དེང་གྱི་སྙན་ངག་མང་པོ་ཞིག། དཔེར་ན། གོང་གི་སྙན་ངག་ལྟ་བུ། མི་དམངས་དང་ཁྱིམ་ཚང་གི་ནང་ལ་འདོན་ས་མེད་ལ་བླ་མ་དང་ཆོས་རའི་ནང་ལ་དེ་བས་སྐྱོར་ས་མེད། ཅིའི་ཕྱིར།
སློབ་གྲྭའི་ནང་ནས་ལྟ་ས་བོའི་ཡི་གེ་ལ་མི་ལྟ་བར། ཆགས་རྒན་འདིས་ལྟ་ས་བོའི་བྱ་ཅིག་ལྟོས། བསམ་རྒྱོའི་བྱ་ཅིག་གཏོམ། ད་སློབ་ར་འདི་ན་རེ་བ་འདྲ་ཡོད་ན་ཨ། ཆགས་རྒན་འདིའི་རིགས་ལ། ཉམས་མ་བཞག་ན་མྱི་བདག་གཉིས་ཀ་རྫོབ་བལ་ཡ།
ཨ་ཕའི་བྱི་མོ་ཆ་བོས་ཤི་རེ་བྱས་ནས་སློབ་སྦྱོང་ལ་བརྩོན་རེད། དེའི་ཡག་ནི་རེད། ཨེ་གོ་ཐལ།
སློབ་གྲྭ་མ་གྲྭ་ཟོ་མི་ཤེས་བྱི་མོ་རེག་ན་སློབ་གྲྭ་རྫེས་སུ་སོང་ན་ཆོག་གི་མོ། ངོ་མ་བྱེད་ནི་ཡིན་ང་རོགས་གྲོགས་པོ་བྱི་མོ་ཧྲ་ནི་རེད་ངོ་མ་ཡིན།
ཟོ་དེ་ཚོ་ལ་ཕྲིས། བྱེད་དེ་བཤད་ལ་ཕྲིས། ཧྲ་དེ་སྲལ་ལ་ཕྲིས་དང་དེ་ནས་འཕྲིན་ལས་ཁྱོས་ཨམ་སྐད་ད་མ་དིག་ཞིག་བཤད་ཐུབ་ས་རེད།
ང་རོགས་ཡང་ཨ་རོགས་མིན་འགྲོ་བསམ།
བྲང་གི་འོ་འཛིན་འབུར་དུ་ཐོན་དང་གཅིག་།
ཁྲ་ཆུང་མིག་ལོའི་ཟུར་མདའ་འཕེན་དང་གཉིས་།
ཕུང་ཚོས་སྟུག་པོ་ལྕིད་ཀྱི་ལྷུག་དང་གསུམ་།
འདི་གསུམ་ལྡན་ཚེ་ཁྱོད་ལ་དགོས་ནས་ཡོད་།
འདྲེ་རྐང་ཐོ་ཡིན་ན་འདི་ང་གང་དུ་སོང་ས་དེར་རྗེས་འབྲང་ནས་འོང་བཞིན་འདུག ག་རེ་མ་འགྲིག་པ་རེད་དམ་་་ཅི་ཞིག་བསམ་གྱི་ཡོད་པ་རེད་དམ་་་དམིགས་ཡུལ་ངེས་ཅན་ཞིག་ཏག་ཏག་ཡོད་ན་ཐང་དཀོན་མཆོག་གསུམ།
གཟུགས་དང་བཟོ་ལྟ་རིང་ཐུང་འགྲིག་ནི་ཞིག །
ལོ་ཚོད་གཤིས་ཀ་འགྲིག་བསྡད་ཡོད་ནི་ཞིག །
སྐད་ཆ་ཤོད་སྟངས་སྣང་བར་འགྲོ་ནི་ཞིག །
འདི་གསུམ་འཛོམས་ན་འདྲེ་ངའི་མནའ་མར་ལེན། །
སྐྲ་ལོ་ནག་ཅིང་འོད་ཀྱིས་འཁྱུག་པ་ཞིག །
གཡོ་བའི་ཟུར་མིག་ལྟ་སྟངས་ཡག་ནི་ཞིག །
ནུ་ཟུང་དུང་གི་བུམ་གཟུགས་ལྡན་ནི་ཞིག །
འདི་གསུམ་འཛོམས་ན་འདྲེ་ངའི་མནའ་མར་ལེན། །
རྐེད་པ་ཕྲ་ཞིང་ལྡེམ་སྟངས་ཤེས་ནི་ཞིག །
ཕུང་ཚོས་ཟླུམ་ཞིང་ཐུག་ན་སྐྱིད་ནི་ཞིག །
འགྲོ་སྟངས་འདུག་སྟངས་སྣང་བར་འབབ་ནི་ཞིག །
འདི་གསུམ་འཛོམས་ན་འདྲེ་ངའི་མནའ་མར་ལེན། །
༄༅།། ཉལ་ས་རྒྱོ་ཡི་ཞིང་ས་ཡིན་པས་བདེ་ལ་ཡང་པས་མགྲོན་ལ་ཕེབས།
པུས་མོ་རྒྱོ་ཡི་ཕོ་ཉ་ཡིན་པས་སྔོན་ལ་ཕེབས་དང་དེ་གས་ཆོག །
རྐེད་པ་རྒྱོ་ཡི་གཞུང་ཤིང་ཡིན་པས་དྲང་པོར་འགྲེང་ན་དེ་གས་འགྲིག །
མཚང་ར་རྒྱོ་ཡི་འཕྲུལ་འཁོར་ཡིན་པས་ཡང་ཡང་སྐོར་ན་བདེ་བ་ཆེ།
ལག་གཉིས་རྒྱ་ཡི་གོང་ཐག་ཡིན་པས་དམ་གྱིས་བསྡམས་ན་དེ་གས་འགྲིག །
མཆུ་གཉིས་རྒྱོ་ཡི་བུ་རམ་ཡིན་པས་ཡང་ཡང་འཇིབ་དང་རོ་མངར་ཆེ།
དེ་འདྲའི་སློབ་སྦྱོང་སུས་ཀྱང་སློབ་མི་སྲིད།
གདམ་ངག་ཡིན་ནོ་འདོད་ལྡན་ཕོ་མོ་ཚོ།།
ཧ་ཧ་གྲོགས་པོ་ཚོ་རྒོད་གཏམ་ཞིག་ལ་འདྲེ་ལ་མནའ་མ་སུས་འཚོལ་
གཉན་གཡག་ཁྱོད་འདྲེ་དྲལ་ན་འགྲོ་མྱོང་ཡོད་ན་ཁོང་་ལ་བནའ་མ་ཞིག་ཚོལ་རོག་།
རྩེད་མོ་ཡིན་ཕོག་ཐུག་མེད་པར་ཞུ་
ཁྱེད་རང་སོང་ནས་མོ་ལ་ཟབ་པ་དང་རྒྱ་ཆེ་བའི་ཆོས་དེ་གཅིག་གསུང་དང་།
གཉའ་སྒོ་ཀུན་ལ་མི་སྟེར་དམ་ནི་ཞིག།
ངག་སྒོ་ཚགས་རྒྱུ་མེད་ནི་མིན་ནི་ཞིག།
ཡིད་སྒོ་བློ་སེམས་གཅིག་ཐོག་ཡོད་ནི་ཞིག།
མནའ་མ་དེ་འདྲ་བསུས་ན་དགའ་ནི་རེད།
འདྲེ་གྲོགས་ཁྱོ་ལ་གནམ་གྱི་བཀའ་ལུང་ཡིན།
དོལ་སྨྱོན་ལགས།
ངས་ལྟོས་ན་ཁྱོད་ལའང་རག་གི་མེད་ཚོད་འདུག
མ་རག་པའི་གདུང་ཚོར་དང་།
རག་འདོད་ཀྱི་སྲེད་པ་གཉིས་འབར་སྟོབས་ཀྱིས།
རྩ་སྦུབས་ཀྱི་ཁམས་རྣམས་ཁོལ་ནས།
རྡོ་རྗེའི་རྩེ་མོ་ན་རང་བཞིན་གྱིས་ལྷུང་གི་མེད་འགྲོ་བསམ།
འདོད་སྲེད་ཀྱི་མུ་གེས་མནར་བའི་དོལ་སྨྱོན་ཁྱེད་ཀྱིས།
ལྷོད་ཡང་དུ་བསྡོད་པའི་གཞོན་ནུ་མ་མཐོང་དུས།
དོན་མེད་ལ་ཞེ་འཁོན་དང་འཕང་སེམས་སྐྱེ་ཡོད་འདུག
འོན་ཀྱང་དྲན་དགོས་པ་ལ།
གོན་པ་ཞིག་ཉོ་ནའང་ཁ་དོག་ཚང་མ་ཉོ་གི་མ་རེད།
ཟ་མ་ཞིག་ཟ་ནའང་བྲོ་བ་ཚང་མ་འདེམ་གི་མ་རེད།
དེའི་ཕྱིར་རང་ལུས་ཀྱི་ཤ་ཁྲག་དམར་པོས་གྲུབ་ཀྱང་།
ཚོར་བ་རྣོ་བོས་བཏུམ་པའི་མཚན་མའི་ནང་ལ།
འགྲོ་ཚད་དང་ལག་པར་རྙེད་ཚད་རྒྱུས་ཀི་མ་རེད།
ལྷག་པར་དུ་འདོད་པ་མ་རག་པ་དང་།
སྲིད་པ་ལངས་བཞིན་པའི་འདོད་ཆགས་ཀྱི་མུ་གེ་ཅན།
དོལ་སྨྱོན་རང་འདྲ་བོ་ཚོར་ལས་སླ་བོ་སྤྱོད་དུ་འཇུག་འདོད་ཡོད་པ་མ་རེད།
ཁྱེད་ཀྱིས་ད་དུང་མཚན་མ་བེད་སྤྱོད་བྱེད་སྟངས་གཏན་ནས་ཤེས་མི་འདུག
མཚན་མ་གང་བྱུང་ལོག་པར་སྤྱད་ན།
འགོས་ནད་ཡོང་སའི་སྒོ་ཆེན་ཡང་མཚན་མ་རེད།
གཟབ་གཟབ་གྱིས་མ་གཏོགས།
ཅིག་རག་འདོད་ཀྱིས་བྲེལ་བ་བྱེད་རྒྱུ་མང་དྲགས་ན།
རག་མ་དགོས་པའི་ནད་འབུ་འདྲ་རག་སྲིད།
དེའི་ཕྱིར་ཤེས་པས་བསྡུས་ཤིང་ཚོར་བས་ཟིན་པའི་མཚན་མ་དེ།
དར་གོས་གཙང་མས་བཏུམ་ནས་བདག་པོ་རྒྱོབས།
ལུས་པོ་གཙང་ཞིང་བརྩེ་དུང་ལྡན་པའི་ཕོ་གསར།
འཁྲིག་སྤྱོད་ཀྱི་ནུས་པ་ཆེ་བའི་གཞོན་ནུ་ཞིག་དང་མ་ཐུག་ན།
རག་པ་ལས་མ་རག་ན་དགའ་གི་རེད།
ཉེན་ཁ་ཆེ་ཞིང་བྲོ་བ་ཡོད་པ་མ་རེད།
དེའི་ཕྱིར་ཡ་རབས་ཚུལ་ལྡན་གྱི་བུ་མོ་ཚོར།
སླུ་བྲིད་ཀྱི་གཡོ་མ་བཤམ་རོགས།
དྲ་གྲོགས་དག་ཕེབས་པར་དགའ་ནས་ཡོད།
ད་ལྟ་གུས་པ་བྲེལ་ནས་ཡོད་པས་རྗེས་ནས་བཅར་ཆོག
ཐུགས་རྗེ་ཆེ།
“ཅིག་རག་འདོད་ཀྱིས་བྲེལ་བ་བྱེད་རྒྱུ་མང་དྲགས་ན།
རག་མ་དགོས་པའི་ནད་འབུ་འདྲ་རག་སྲིད།” འདི་བསླབ་བྱ་གང་མི་ཚད་ཅིག་རེད། ཟླ་ཤས་གོང་འཁྲིག་པ་སྤྱད། ཁོ་པ་འདོད་པས་གཟིར་ནས་གྱིག་ཤུབས་ཀྱང་གྱོན་མ་ཁོམ། ཟིན་པ་དང་འགྱོད་པས་མནར།
ཉེན་ཁ་འདུག་ཏ ཁྱུག་ཙམ་བདེ་བ་མེ་སྟག་གིས། །ཚེ་གཅིག་བདེ་བའི་རྩ་ཕུང་སྲེག །
རྐང་དྲུག་བུང་བའི་འགོག་མེད་རོ་མངར་རྩི་བཅུད་ཟས་ལ་འཁོར་བ་ལྟར།
དྲྭ་གྲོགས་ཀུན་གྱིས་འདྲེན་བྱེད་དབང་པོས་མི་ཡུལ་ལྷ་མོ་དེར་གཟིགས་དང།
བུང་བ་ལྟར་ནག་གནག་སྣུམ་ལན་བུར་རིན་ཆེན་སྣ་ལྔས་མཛེས་པར་རྒྱན།
མཐོན་མཐིང་རལ་པ་ཕྲག་ཏུ་ཕབ་ལ་ཁད་དེར་ལྷག་རླུང་དལ་བུར་གཡོ།
ཉ་གང་རྒྱས་འདྲ་མོ་ཡི་ཞལ་རས་ཅུང་ཟད་འཛུམ་པའི་ཉམས་ལྡན་ལ།
དབྱེས་པོ་ཆེ་བའི་དཔྲལ་བར་སྨིན་མ་ལེགས་སྟུག་འཇའ་ལྟར་འཁྱོག་པོར་མཛེས།
སྤྱན་དཀྱུས་རིང་ལ་མཐིང་ནག་རྫི་མ་གནམ་སར་གཏད་པའི་འབྱེད་མཚམས་ན།
གློག་འོད་འཁྱུག་འདྲའི་སྤྱན་ཟུང་ཟེར་མདས་འདོད་ལྡན་འབུམ་ཕྲག་གྲོགས་སུ་བཀུག
དབྱིབས་གཟུགས་ལེགས་པའི་མོ་ཡི་ཤངས་ནི་ཅུང་ཟད་གཟིངས་མཐོ་ཡིད་དུ་འོང་།
བྱུ་རུའི་མདངས་ལྡན་མཆུ་སྒྲོས་མཛེས་པའི་ཞལ་ནི་ཕྱེད་འཛུམ་མགྲིན་པ་ནས།
དྲི་ཟའི་དབྱངས་ལྟར་གསུང་སྐད་སྙན་པོས་དབྱིན་བོད་ཧིན་གསུམ་ཤུར་ཤུར་སྨྲ།
རིན་ཆེན་ཨ་ལོང་གཡས་གཡོན་སྙན་གྱི་བུག་པར་འཆངས་ཏེ་ལྡམ་ལྡེམ་གཡོ།
སྐུ་སྟོད་སྒེག་ལ་ཉམས་ལྡན་འདོད་མོའི་དརགོས་ལྷབ་ལྷུབ་འཕྱངས་འོག་ན།
ཟག་མེད་བདེ་བའི་གཏེར་ཆེན་ནུ་འབུར་རབ་རྒྱས་བྲང་གི་དཀྱིལ་འཁོར་མཛེས།
ལྟེ་བ་གཡས་འཁྱིལ་སྐེད་མེད་མ་དེ་ཕྲ་སྦོམ་གསུམ་གྱི་འཁྱུག་རྩལ་ལྡན།
རོ་སྨད་སྟུག་ཅིང་གསུམ་འཁྱོག་མ་དེས་འདོད་པའི་སྒྱུར་རྩལ་ངོམ་སྐབས་སུ།
ལང་ཚོ་ཕྲ་ཞིང་འདོད་ཡོན་སྨྱོས་ཆུས་དཀར་ལ་དམར་བའི་མདངས་གཟུགས་དང།
ལྡེམ་ལྡེམ་འཁྱུག་པའི་ལུས་ཀྱི་ཉམས་འགྱུར་འཇོ་སྒེག་གར་གྱི་སྟངས་སྟབས་ཀྱིས།
སུན་རྩེན་མདུན་སར་འཆི་མེད་བུ་མོ་སྟོང་གི་ཡིད་ལ་སྡང་ཟུག་སྦྱིན།
ཚངས་སྤྱོད་རྣམས་ལའང་རེ་ཞིག་སྡོམ་སེམས་ངེས་འབྱུང་ལམ་གྱི་བང་ཁ་བཀག།
འདོད་པས་གདུང་བའི་གཞོན་ནུ་འབུམ་གྱིས་སེམས་པའི་འཕྲུལ་ཞགས་ཁྱེད་ལ་འཕེན།
བཞིན་བཟང་བུ་མོ་སྟོང་དག་གིས་ཀྱང་མོ་ཡི་བྲན་མོར་གོ་སྐབས་དབེན།
མོ་ནི་མ་དག་འཇིག་རྟེན་ཁམས་ཀྱི་དག་པའི་ལེགས་བྲིས་མ་གཅིག་མ།
དེ་ནི་ད་ལོའི་རྡ་རམ་ས་ལར་ཧི་མ་ལ་ཡི་མཛངས་མ་མཚོན།
སྙིང་སྡུག་ཞལ་རས་མཚར་པོ་དེ་ཡིས་བཅོ་ལྔའི་དུང་ཟླའི་དཔལ་ལ་འགྲན།།
ལྷན་སྐྱེས་ལུས་ཀྱི་དྲི་ངད་སིམ་པོ་མ་ལ་ཡི་ནགས་ལ་དོ།།
མ་བཅོས་གཤིས་ཀྱི་སྤྱོད་ཚུལ་བརྟན་པོ་མི་འགྱུར་རྡོ་རྗེའི་བྲག་ལས་སྲ།།
བཅོས་མིན་སེམས་ཀྱི་གཏིང་ན་འཛུམ་པའི་ཡིད་འོང་ཞལ་རས་སྙིང་ནས་དྲན།།
མཛེས་དགུས་གཏམས་པའི་ཞལ་རས་དེ་ནི་དམར་ཆུང་སེམས་ཀྱི་ཟས་མཆོག་ཅིག།
སྙན་དགུས་ཕྱུག་པའི་གསུང་སྐད་དེ་ནི་རྣ་བའི་དབང་པོའི་བུ་རམ་ཞིག།
སྐྱོན་གྱིས་སྟོང་བའི་སྤྱོད་ཚུལ་དེ་ནི་སེམས་ཆུང་དགྱེས་པའི་དགའ་སྟོན་ཞིག།
སྙིང་གི་དགའ་མ་ཁྱོད་ཀྱི་ཡོད་ཚད་མེ་ཏོག་དཀར་པོའི་རང་མདངས་ཤིག།
ཁྱོད་ཀྱི་ཁང་ཆུང་གྲུ་བཞི་དེ་ན་དུག་སྦྲང་མཆུ་རིང་མེད་པར་ཤོག།
ཁྱོད་ཀྱི་འཁྲུས་ཁང་ནར་མོ་དེ་ན་སྡོམ་ཐག་འབུ་སྲིན་མེད་པར་ཤོག།
ཁྱོད་ཀྱི་ཉལ་ཁྲི་ཆུང་ཆུང་དེ་ན་ནག་ནོག་རྩུབ་རེག་མེད་པར་ཤོག།
མཚན་གྱི་ཆུ་ཚོད་རིང་མོ་དེ་ཡང་རྨི་ལམ་ཞིམ་པོས་འདའ་བར་ཤོག།
ཁྱོད་ཀྱི་མི་ཚེ་རིང་མོ་དེ་ཉིད་རྟག་ཏུ་སྤྲོ་དགས་སྐྱེལ་བར་ཤོག།
ཁྱོད་ཀྱི་ལང་ཚོའི་མེ་ཏོག་དེ་ཉིད་དཔྱིད་དཔལ་གཞོན་ནུའི་དཔལ་ལ་ཤོག།
ཁྱོད་ཀྱི་བསམ་སྤྱོད་མཛེས་པོ་དེ་ཉིད་ཟླ་བ་ཡར་ངོའི་དཔལ་ལ་ཤོག།
ཁྱོད་ཀྱི་འཁོར་ཡུག་འཇིག་རྟེན་ཡོད་ཚད་བདེ་དགའི་དཔལ་ལ་སྤྱོད་པར་ཤོག།
ང་ཡི་མིག་ཟུང་སྙོམ་པོ་འདི་ཡིས་ཚེ་གཅིག་ཁྱོད་ལ་བལྟ་བར་ཤོག།
ང་ཡི་སེམས་ཆུང་སྙོམ་པོ་འདི་ཡིས་ཚེ་གཅིག་ཁྱོད་རང་སེམས་པར་ཤོག།
ང་ཡི་ལག་ཟུང་སྙོམ་པོ་འདི་ཡིས་ཚེ་གཅིག་ཁྱོད་རང་འཆང་བར་ཤོག།
ང་ཡི་རྣ་མཆོག་ཀྲོང་ཀྲོང་གཉིས་པོས་ཚེ་གཅིག་ཁྱོད་ལ་ཉན་པར་ཤོག།
ཉིན་གྱི་འཁོར་ཡུག་ཡུལ་ལྗོངས་ཡོད་ཚད་ཁྱོད་ཀྱི་ཞལ་རས་ཡིན་པར་ཤོག།
མཚན་གྱི་རྨི་ལམ་རིང་མོ་དེ་ཡང་རྟག་ཏུ་ཁྱོད་རང་ཡིན་པར་ཤོག།
སེམས་དང་བསམ་པའི་འཁོར་ཡུག་ཡོད་ཚད་རྟག་ཏུ་ཁྱོད་ཀྱིས་ཁྱབ་པར་ཤོག།
དབུགས་ཀྱི་རྒྱུ་བ་མ་འགག་བར་དུ་རྟག་ཏུ་ཁྱོད་རང་དྲན་པར་ཤོག།
ཀ་ངོ་ཡིག་ངོ་ཙུང་ཙམ་ཆོད་ནི་ཞིག །
ཁ་བ་ཅན་ལ་སེམས་པ་དཀར་ནི་ཞིག །
ག་ལ་ཐུག་ཀྱང་ཕྱིར་ནུར་མེད་ནི་ཞིག །
ང་ལ་དགོས་པའི་མནའ་མའི་ཆ་རྐྱེན་ཡིན། །
་་་་་ཟེར།
ངས་བལྟས་ན་ཁྱོད་ལ་གཅིག་དགོས་འདུག་ཟེར།
ཁྱོད་ཀྱིས་བལྟས་ན་ང་ལ་གཅིག་དགོས་འདུག་ཟེར།
གཞནགྱིས་བལྟས་ན་ང་གཉིས་ལ་གཅིག་དགོས་འདུག་ཟེར།
ང་གཉིས་ཀྱིས་བལྟས་ན་གཞན་ལ་གཅིག་དགོས་འདུག་ཟེར།
སུས་བལྟས་ཀྱང་གཅིག་ལ་གཅིག་དགོས་འདུག་ཟེར།
ཟེར་བགྱིན་ཟེར་བགྱིན་ལ་མི་ཚེ་རྫོགས་སོང་ཟེར། །
ཅ་ག་རྒྱུ་ནོར་ཕྱོགས་ལ་མི་རྔམས་ཤིང་།།
ཆ་ལུགས་མ་བཅོས་རང་དགར་འཇོག་པ་ཞིག།
ཇ་ཆང་ཙམ་གྱིས་ཆོག་ཤེས་འདོད་ཆུང་ཅན།།
ཉ་གང་ཟླ་བའི་དཔལ་ལ་འགྲན་ནོ་ཞིག།
འདྲེ་ཡི་རྐང་པའི་རིང་འཐུང་མི་ཤེས་མོད།།
ཁ་ཕོ་དབྱིབས་དང་ཕོ་ཉམས་མ་མཐོང་མོད།།
མནའ་མ་མེད་པའི་གདུང་བ་སེལ་བའི་ཕྱིར།།
ཞི་མོ་འདི་འདྲ་མཁོ་ན་སྨྱོན་པར་གསུངས།།
ཏ་ལེན་ཁུར་བའི་གྲོང་གསེབ་ཡིན་པ་ཞིག །
ཐ་ཆད་མགོ་བདེ་དྲན་རྒྱུ་ཉུང་ནི་ཞིག །
ད་བར་བོད་ལྭ་རྐྱང་བ་གོན་ནི་ཞིག །
ན་ཆུང་འདྲེ་ངའི་མནའ་མའི་ཆ་རྐྱེན་ཡིན། །
ངའི་མནའ་མ་ནི།
པ་ཕ་ཨ་མ་རྒན་པར་གུས་ཞབས་ལྡན་པ་ཅིག །
ཕ་བཟང་མ་བཟང་ནང་མི་ཡོངས་ཀྱིས་གཅེས་བསྐྱངས་ཅིག །
བ་སོ་གསེར་དངུལ་སོགས་ཀྱི་རྒྱན་ཆར་མི་དགའ་ཅིག །
མ་ལྟར་སྲིང་ལྟར་བྲན་ལྟར་ང་ལ་གཅེས་སྐྱོང་ཅིག །
དེང་རབས་ཅན་གྱི་བུ་མོ་འབུམ་ཕྲག་གིས། །
གཡས་གཡོན་ཀུན་ན་འཚང་ཁ་ཆེ་ན་ཡང་། །
མི་གཤིས་ངོ་མ་ཚང་བའི་གྲོང་གསེབ་པའི། །
བུ་མོ་ཞིག་ལ་འདྲེ་ངས་འདོད་ནས་ཡོད། །
འདོད་པ་ཆེ་བའི་མགོ་སེར་བུ་མོ་དང་། །
མགོ་ནག་རྒྱ་རིགས་བུ་མོ་མཛེས་མ་སོགས། །
འདྲེ་ངའི་ལག་ལ་མ་ཡོང་བསམ་བསམ་ཞིག །
སེམས་ལ་དྲན་རྒྱུ་མི་འདུག་ངོ་མ་ཡིན། །
འདིས་འེ་ཆོག་གི
སྐྱོན་མེད་མནའ་མ་ཨེ།
ཙ་ན་ཙི་ན་མགོ་སེར་བུ་མོར་སྐྱོན་ཅི་ཡོད། །
ཚ་བ་ཚུབ་བེ་དགའ་རོགས་གང་ཡང་གང་དུ་སྲིད། །
ཛ་ར་ཛོ་རེའི་ཡུལ་ལ་བུད་མེད་སྐྱོན་མེད་ཤིན་ཏུ་ཉུང་། །
ཞྭ་ལྟར་འཁུར་མཁན་མནའ་མ་བཙལ་བ་ནོར་མིན་ནམ། །
འདྲེ་རྐང་ལགས་སུ་ཀུ་རེ་ཚུལ་དུ།
ཙ་རི་གནས་ཆེན་ཁག་ལ་དད་ནི་ཞིག །
ཚ་གྲང་ལྟོགས་སྐོམ་དཀའ་ངལ་ཁུར་ནི་ཞིག །
ཛ་དྲག་ཅི་ལ་ཐུག་ཀྱང་ཆགས་ནི་ཞིག །
ཝ་ལེར་འདྲེ་ངའི་མནའ་མ་ལེན་རྒྱུ་ཡིན། །
ཞ་ལའི་སྟེང་ལ་ཉལ་ནས་རྒྱོ་རུང་ཞིག །
ཟ་མ་བཞིན་དུ་ཕོ་མཚན་འཇིབ་མཁན་ཞིག །
འ་འུར་འཁུན་སྒྲ་ལྷང་ལྷང་སྒྲོགས་མཁན་ཞིག །
ཡ་མཚན་རྒྱོ་ལུགས་བཅོ་བརྒྱད་ཤེས་མཁན་ཞིག །
ཀརྡོ་ལགས་སུ།
ཕྱི་གླིང་བུ་མོར་འཁྲིག་ཐབས་མཁས་ན་ཡང་། །
མ་བཅོས་སེམས་ཀྱི་བརྩེ་བ་ངོ་མ་སྟེ། །
འཁྲིག་པའི་བདེ་བ་ཁོ་ནར་ལྟ་བ་ལས། །
མི་ཚེར་འགྲོགས་པའི་ཆོད་སེམས་ཡོད་མ་ཡིན། །
དེང་རབས་ཤེས་ཡོན་འགྲོ་སྟངས་མི་ཤེས་པའི། །
ལ་ལུང་གྲོང་གསེབ་ནང་གི་བུ་མོ་ཚོས། །
བརྩེ་བ་ཁ་ནས་སྨྲ་བ་མ་གོམས་ཀྱང་། །
སེམས་ཀྱི་དབུས་སུ་བརྩེ་བ་འཁྱིལ་ནས་ཡོད། །
ཨ་མའི་བུ་ལ་འཇོན་ཐང་ཡོད་གྱུར་ན། །
དགའ་ལྡན་ཁྲི་ལ་བདག་པོ་མེད་ཅེས་གྲགས། །
འདྲེ་ལ་འདྲེ་ཡི་ཚོད་ཀྱི་འཇོན་ཐང་ཞིག །
ཡོད་ཕྱིར་མནའ་མ་འཚོལ་རྒྱུ་དཀའ་དོན་ཅི། །
ཡང་རྩེད་མཚར་ཞིག
རང་ལུག་རྟ་བོང་འཁྲིག་སྟངས་ཡོད་ཚད་ཤེས། །
ལ་ལུང་མང་དག་ཕྱིན་ནས་ཉམས་མྱོང་ཅན། །
ཤ་ཚ་བརྩེ་གདུང་ཁ་ནས་ཤོད་མཁན་ཞིག །
ས་མཐའི་ཡོད་ཚད་ཉུལ་བའི་མནའ་མ་ཞིག །
ཧ་ཧ་ཧི་ཧིའི་ཧབ་དགོད་དང་བཅས་ཀྱིས། །
ཨ་ཛིའི་དྲྭ་གྲོགས་མེ་དཀར་ལགས་སུ་འབུལ། །
རྭ་ལུག་འདྲ་བའི་རྒྱོ་སྲོལ་མེད་ན་ཆོག །
ལ་ལུང་འགྲིམས་པའི་ཉམས་མྱོང་མེད་ཀྱང་འགྲིག །
ཤ་གསེང་རུས་གསེང་བོད་གཤིས་ཡོད་ནི་ཞིག །
ས་ཕྱོགས་ཁྱད་མེད་འདྲེ་ངའི་མནའ་མར་ལེན། །
ཞལ་རས་བག་ལེབ་བཞིན་དུ་སྒོར་ནི་ཞིག།
མཆུ་སྒྲོས་གཅུང་ཀ་བཞིན་དུ་དམར་ནི་ཞིག།
སྐྱེད་པ་གྲོག་མ་བཞིན་དུ་ཕྲ་ནི་ཞིག།
ཚང་ར་འཕྲུལ་འཁོར་བཞིན་དུ་འཁོར་ནི་ཞིག།
ལག་པ་སྐམ་པ་བཞིན་དུ་སྡོམ་ནི་ཞིག།
ཨག་སྐད་ཕག་པ་བཤས་འདྲ་གསལ་ནི་ཞིག།
འགྲོ་སྟངས་ཚེར་མའི་ནང་ལ་སོང་འདྲ་ཞིག།
ཇི་ལྟར་སྤྱད་ཀྱང་ཚིམ་པ་མེད་ནི་ཞིག།
རུ་ཤུལ་བུ་ཡི་མནའ་མར་ལེན་ན་འདོད།།
མནའ་ཐོབ་འདོད་མནའ་མ་ཐོབ་པར་ཤོག།
མག་པ་ཐོབ་འདོད་མག་པ་ཐོབ་པར་ཤོག།
སུ་གང་ཡ་མེད་ཁེར་མོ་མ་ལུས་ཤོག
གྲངས་ཉུང་མི་རིགས་འཕེལ་ཁ་རྒྱས་བར་ཤོག།
ཡོད་ཚད་ཚིག་ནས་ཚར་ཐལ་ཁ་བ་ཅན།
དྲ་གྲོགས་གནམ་ལགས་ཐུགས་རྗེས་ཆེ་། ཁྱེད་རང་རང་ལྡན་ང་ད་ལྟ་ཨམ་སྐད་གྱི་འཛིན་གྲྭ་དང་པོ་ལ་སླེབ་ཡོད། མ་འོངས་པ་ལ་ཨམ་སྐད་ཡག་པོ་ཞིག་རྒྱག་ཐུབ་པའི་རེ་བ་ཡོད།
ཨམ་སྐད་སྩོབ་སའི་འཛིན་གྲྭ་ཟིག། གང་ཟིག་ན་ཡོད་གི། བདྨ་འཕྲིན་ལས། དེ་འདྲ་ཟིག་ཡོད་ན་ངོ་སོ་བསྟོད།
གནམ་ལགས་འཛིན་གྲྭ་རང་མ་རེད། ངའི་གཟའ་ཟླ་ཡི་ང་ལ་ཨམ་སྐད་སླབ་གནང་གི་ཡོད་རེད།
ཨོ། དེ་ན་ངའི་ཨ་ཡས་འིས་ང་འལ་ཨམ་སྐད་སྩོབ་གིན་བསྡད་ཡོད་ཟེར་ན། མི་ཆོག་གི་ནེ།
སྙེ་བ་པོ་ཅི་རེ་གོ་། ངའི་ཨ་མ་མ་རེད་།
ངི་ཚོས་དགའ་བོ་ཞིག་བཙལ་ན་ཡང་སྐད་ཡིག་མང་པོ་ཞིག་སྦྱང་ཐུབ་ཀི་ཡོད་རེད། ཁྱོས་རང་གི་ཨ་ཡས་འི་རྩིབ་ན་ཡང་ཅང་བལ་འི་མེད་ཀི་ཨ།
དམྱལ་བ་བོ། ཁྱོ་འལ་ཆི་ཟིག་མ་ཉན་ནི་རེད།
ཨམ་སྐད་ཀྱི་ཆེད་དུ་ཞུས་བ་ཡིན་པ་ལས་དོན་གྱིས་ཁྱེད་ལ་སྡིགས་པར་མི་འདོད་དོ།
འདི་མོ་ཛི་ཡིན་ན་ཧྲ་གི་མོ། གནམ་ལགས་ངེད་གཉིས་ལ་ཚོང་འདུག་ཁྱེད་གྱིས་ང་ལ་ཨམ་སྐད་གཅིག་བསླབ་ངའི་ཁྱེད་རང་དགེ་རྒན་ལ་བསྟེན་དེ་ག་འདྲ་འདུག་གམ།
དབུས་སྐད་ཨ་མདོ་ཁམས་པས་མི་ཤེས་ལ། །
ཁམས་སྐད་ཨ་མདོ་དབུས་པས་མི་ཤེས་ཤིང་། །
ཨམ་སྐད་དབུས་དང་ཁམས་ཀྱི་མི་གོ་བའི། །
བོད་མིའི་སྐད་ནི་གཅིན་དང་སྐྱག་པར་འདྲ། །
གཅིན་སྐྱག་འདྲ་བའི་ཡུལ་སྐད།
གཅིན་དང་སྐྱག་པར་འདྲ་བའི་རང་སྐད་དེ། །
རང་རང་སོ་སོའི་ཡུལ་ལུང་ནང་ལ་བཀོལ། །
མདོ་དབུས་ཁམས་ལ་ཁྱབ་པའི་ཡིག་སྐད་འདི། །
འཛམ་གླིང་མི་རིགས་ཡོངས་སུ་སྤེལད་ཅིང་ཤོད། །
ངས་བལྟས་ན། ང་ཚོ་ཡུལ་སྐད་ལ་ཆགས་བཞེན་ཆེ་བ་དེ་རང་བཞིན་རེད། སྤྱི་སྐད་ལ་འབད་རྩོན་མ་བྱེད་པ་འདི་ཉེན་ཚབ་ཆེ། ཡུལ་སྐད་ཆུ་རྒྱུག་རྒྱུག་ཞིག་དང་སྤྱི་སྐད་བྱིས་པའི་སྐད་ཆ་ཤོད་ཐུབ་པའི་སྐབས་ལ། ཕུ་ཐུང་ཧྭ་ཟེར་བའི་རྒྱ་སྐད་ཞིག་ང་ཚོའི་ངག་ལ་བདེ་མོར་ཡོང་བཞིན་ཡོད། མ་འོང་པ་ན། སྐད་དེ་ང་ཚོའི་སྤྱི་སྐད་ལ་འགྱུར་ངེས་རེད་ལ། འདི་ནས་རྩིས་པའི་ལོ་ངོ་ལྔ་བཅུའི་ནང་ལ་སྐད་དེ་ང་ཚོའི་མ་སྐད་ཆགས་ངེས། རྒྱུ་མཚན་ཅི། ངེད་ཚོར་སྤྱི་སྐད་ཞིག་མེད་པ་དང་སྤྱི་སྐད་ཞིག་དགོས་པའི་འདུན་པ་མེད་པའི་གསེང་ན། རྒྱ་སྐད་ཞིག་འུར་འུར་དུ་ངེད་ཚོའི་སྤྱི་ཚོགས་ནང་ལ་ཡོང་བའི་ཕྱིར། དེ་དུས། དབུས་སྐད་ལ་སྡང་བའི་ཁོང་ཁྲོ་དང་དབུས་སྐད་དེ་སྤྱི་སྐད་ལ་བཀག་ཐུབ་པའི་འཚིམ་པ་ཞིག་སྐྱེས་ངེས་ལ། མང་པོ་ཞིག་ལ་འགྱོད་པ་ཡང་སྐྱེས་སྲིད།
ཝན་ཨན། ཝ་ཏ་ཙང་ཛུ་ཕང་ཡོག། ཝོ་མན་ཧྲི་ཡི་ཀ་མ་མ་ཏ་ཧེ་ཛི།
གནམ་ལགས་ཀྱིས་བཤད་པའི་ཨམ་སྐད་དེ་ངས་མ་གོ་ཐང་། དེར་བརྟེན། ངེད་གཉིས་དབར་ལ་རྒྱ་སྐད་བརྒྱབ་ན་ཨེ་འགྲིག། ཁྱོད་ཀྱང་རྒྱ་སྐད་ཤེས་ཀྱི་ཡོད་ཚོད། 难啦,你好。 我们可以用汉语号码?
བུ་མོར་དོ་སྣང་ཆེ་ཚོད་དུག །
བུ་མོ་སྣང་བར་འགྲོ་ཚོད་འདུག །
བོ་མོས་གཞན་དང་རྩེད་འཇོ་ཡིས། །
དོལ་སྨྱོན་སེམས་པ་དཀྲུགས་ཚོད་འདུག །
དེ་ཕྱིར་དོལ་པོ་སྨྱོན་པ་ཡིས། །
བུ་མོར་འཁང་ར་བྱས་ཚོད་འདུག །
འོད་འཆང་ཕེབས་པར་དགའ་ནས་ཡོད།།
སྙན་ཚིག་སེམས་ལ་འཐད་ནས་ཡོད།།
སྙན་ངག་མཁན་མོར་རེ་ནས་ཡོད།།
མཛེས་མ་ཞིག་ཏུ་རློམ་ནས་ཡོད།།
ཁ་བརྡ་དྲ་བའི་དོ་ར་འདིར།།
བུ་མོ་མིང་ཅན་མང་ན་ཡང་།།
ཁྱོད་ཀྱི་མིང་དེ་དམིགས་གསལ་ཞིག།
ང་ཡི་སེམས་སུ་བཟུང་ནས་ཡོད།།
སྙན་ཚིག་ཆར་བ་འབེབ་པར་ཞུ།།
ལང་ཚོའི་མེ་ཏོག་བཞད་པར་ཞུ།།
ཁ་བརྡ་དྲ་བའི་ལྡུན་ར་ན།།
སྙན་ངག་དྲི་ངད་འཐུལ་བར་ཞུ།།
ལོ་གཞོན་ཡིན་པའི་རེ་བ་ཞུ།།
མཛེས་མ་ཡིན་པའི་རེ་བ་ཞུ།།
དགའ་བོ་མེད་པའི་རེ་བ་ཞུ།།
ང་ལ་རག་པའི་རེ་བ་ཞུ།།
ཧ་ཧ་ཧ་ཧ་ཧ་ཧ་ཧཧ་ཧ།
མ་གཞི་ཨ་མདོའི་སྐད་དེ་བོད་དང་ཐག་ཉེ་ཙམ་འདུག
ཨམ་སྐད་འདི་བརྡ་སྤྲོད་ཀྱི་གཞུང་སུམ་རྟགས་གཉིས་ལ་འགལ་བ་སྤུ་ཙམ་མེད་པ་རེད། སྒྲ་འདོན་སྟངས་དང་ཚིག་སྦྱོར་སྟངས་ལ་དག་ཙམ་མི་འདྲ་བ་རེ་ཡོད་པ་ལས། སྤྱིར་ངག་ནས་དོན་ན་གཏམ་དང་ཡི་གེར་བཀོད་ན་རྩོམ་གི་ལོག་ཡོད་ནིའི་སྐད་རིགས་མེད་དུ་མི་རུང་བ་ཞིག་རེད་ཡ།
་་་་་་་་་་་་
ཟུར་གནས་མགོ་སྟོང་ཡ། ཁྱོས་ང་འལ་རྒྱ་ཡིག་འདྲ་ཟིག་འབྲི་ཁུལ་བྱས་འདུག་རེད་ཨ། ངས་ཁྱོའི་མཆིན་པའི་ཤ་སོ་གསུམ་བཏབ་ནོ། མི་ཤེས་ཡ། དེའི་ཚུལ་ན། ཁྱོས་མི་གོ་ནོའི་ཚིག་དང་ཕྲད་གང་དུ་ཁོ་ཡིན་ནི་ན། ང་འལ་གསལ་བཤད་ཞིག་བྱས་ན་མི་བལ་འི་ནེ།
་་་་་་་་་་་་
ཨམ་སྐད་སྩོབ་ནི་འལ། རང་གི་རྒན་མོའི་དགའ་ཟིག་གང་ན་ཡོད་རྒྱེ། འཕྲིན་ལས་ལགས། དུས་ཚོད་གཟའ་བདུན་ཉེར་བཞི་འལ་རྩིབ་ན་ཡོད་ཀི་མོ། ང་ཟིག་འདྲ་དགོས་སྤྱད་ཡོད་ནི་མ་རེད། འབྲི་བབ་ཀི་མི་ཤེས་ནི་འདྲ་ཡོད་ན། ང་འལ་དྲིས་དང་ཁྱོ་འལ་ཕན་རེ་ཐོག་ན་ཐང་།
འོད་འཆང་མ་ཟེར་ན་མོ་ཞིག་ཡིན་དགོས་སམ། ལྷ་སར་འགྲོ་མི་མ་ཟེར་ན་ཡང་མོ་ལ་གོ་འམ། དོལ་སྨྱོན་ཁྱོ་ནོར་ཡོད་ནི་འདྲ་ཟིག་རེད།
འོ་འཆང་མ་ཟེར་ན་མོ་ཞིག་ཡིན་རྒྱུ་ཟེར་ན་འགྲིག་ཙམ་རེད།
ཨ་མདོ་བ་འདི་ཚོས་ལོ་ཁ་ཤས་ཤུགས་རྒྱག་ན་བོད་སྐད་ཏོག་ཙམ་ཤེས་ཐུབ་པའི་རེ་བ་འདུག
གནམ་ལགས་བཀྲིས་བདེ་ལེགས། དོལ་སྨྱོན་ལགས་