ཀླུ་སྨྱོན།
སྙན་ངག་ལ་མཚན་ཉིད་འཇོག་ན་འདོད་མཁན་ཚོར་བགྲོ་གླེང་དུ་ཕུལ་བ།
ལོ་ འདི་ཚོར་སེམས་པ་འདི་རང་དབང་མེད་པར་དགའ་སྐྱོ་ཆགས་སྡང་གི་ཀློང་དུ་བྱིངས་ཏེ་ ཕྱིར་འོང་ཐབས་མེད་པར་གྱུར་ཚར་བས། སེམས་ཚོར་དེ་དག་དང་ཡང་ན་དགའ་སྐྱོ་ཆགས་སྡང་གང་གི་ཕྱོགས་སུ་ཡང་མ་ལྷུང་བའི་ སེམས་ཚོར་ཕུང་སུམ་དག་བེད་སྤྱད་དེ་སྙན་ངག་མང་པོ་ཞིག་བྲིས་པ་དང་། བྲིས་བྲིས་ཕལ་ཆེ་བ་དྲ་ངོས་སུ་སྤེལ་བ་ཡིན། དེ་ལ་དྲ་གྲོགས་ཚོའི་ངོས་ནས་དཔྱད་བརྗོད་དྲང་ལྡོག་ཅི་རིགས་ཀྱིས་སྤེལ་བ་མ་ཟད། ཐ་ན་ངའི་སྙན་ངག་རེ་ཟུང་ནི་སྙན་ངག་མིན་པར་སྒྲོག་མཁན་ཡང་ཡོད། དེ་ནི་ཁྱོད་ཀྱིས་བྲིས་བྲིས་ཚང་མ་སྙན་ངག་ག་ལ་ཡིན་ཞེས་པའི་ཐ་ཚིག་འདིས་གསལ་སྟོན་བྱས་ཡོད་པ་དང་། ཐ་ཚིག་འདིའི་བདག་པོ་དག་གི་སེམས་ཁོང་དུ་སྙན་ངག་ཅེས་པ་དེ་ནི་འདི་འདྲ་དང་དེ་འདྲ་ཞིག་ཡིན་དགོས་ཞེས་པའི་སྡོམ་ཚིག་གམ་མཚན་ཉིད་ཅིག་ཨ་འཐས་སུ་བཟུང་ཡོད་པ་དེ་ང་ཚོས་དེ་ མ་ཐག་ཏུ་ཤེས་ཐུབ།
རྩོམ་ཡིག་གི་འཕྲོ་ཀློགས།
ཁྱོད་ཚང་ནས་མཇུག་པར་དུ་བཀླགས་ཟིན་པ་ཡིན། ངོ་མ་སེམས་ལ་བབས་སོང་། བཀའ་དྲིན་ཆེ།
བསམ་ཚུལ་རེ་འབྲི་གིན་སྡོད།
སྙན་ངག་ནི་ཁ་ཟས་ལྟ་བུ་ཞིག་རེད། ཟས་གཅིག་ཡིན་ཡང་སྐབས་རེར་ཟོས་ན་ཞིམ་ཞིང་བྲོ་བ་ལྡན་ལ། ཡང་སྐབས་རེར་དེ་ལས་ལྡོག་སྟེ་ཞེན་ཁ་ལོག་པ་ཡིན། དེ་བཞིན་དུ་རང་ཉིད་ལ་ཞིམ་པའི་ཟས་དེ་མི་གཞན་ལ་མི་ཞིམ་ལ། མི་གཞན་པར་ཞིམ་པའི་ཟས་དེ་རང་ལ་མི་ཞིམ་པ་ཡང་ཡོད། འོན་ཀྱང་ཟས་དེ་ནི་ཟས་ཞིག་ལས་གཞན་ཞིག་གི་ངོ་བོར་གྲུབ་མེད། འདི་ནི་སྙན་ངག་གི་དཔེ་མཚོན་ཡག་ཤོས་དེ་ཡིན།
དྲང་པོར་བཤད་ན་ངས་སྙན་ངག་ཟེར་བ་ཅང་འབྲི་མི་ཤེས་མོད། ཨ་ཁུ་ཀླུ་སྨྱོན་གྱིས་བྲིས་པའི་རྩོམ་བྲིས་ཚིག་ལྷུག་ཁག་གིས་ང་ལ་བརྗོད་དུ་མེད་པའི་ཚོར་བ་རེ་སྦྱིན། གང་ལྟར་ངས་ནི་སྙན་ངག་ཟེར་བ་དེ་འདྲ་ཞིག་ཡིན་རྒྱུ་རེད་བསམ་བསྡད་ཡོད། སྙན་ངག་ཟེར་བ་ཡིན་གཅིག་མིན་གཅིག་ཚིག་བཅད་ཀྱི་རྐང་བའི་གྲངས་བསྒྲིགས་ནས་འབྲི་དགོས་རྒྱུ་མ་བསམ། མུ་མཐུད་ནས་འབྲི་རོགས། ཨ་ཁུ་ལགས། ཁྱོད་དང་མི་རིང་མི་ཐུང་བའི་ས་ཞིག་ནས་ཁྱོད་ཀྱི་རྩོམ་ཡིག་གསར་པ་རེར་རེ་བའི་མིག་འབུར་གྱེར་དུ་གདངས་ཏེ་བལྟས་བསྡད་ཡོད། ཡུམ་དུམ་པ་མེད་ན། དྲིན་ཆེན་པོ།
དབྱུག་པ་ཅན་གྱིས།
སྙན་ངག་དམ་པའི་རྒྱན་ལྡན་ནི།།
བསྐལ་བའི་བར་དུ་གནས་པར་འགྱུར།།
ཞེས་གསུངས་ཡོད་ག
ཁྱེད་རྣམ་པས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ་ཞུ། སྐྱེ་བ་ཀུན་ཏུ་སངས་རྒྱས་ཀྱི། །སྙན་ངག་མཁན་དུ་འགྱུར་བར་ཤོག །ཅེས་ཀྱང་གསུངས་འདུག
ད་ནི་ངས་རང་གིས་དྲ་ཐོག་ཏུ་སྤེལ་བའི་སྙན་ངག་ཚང་མ་ཕྱོགས་བསྒྲིགས་ཀྱི་དེབ་ཅིག་དཔར་སྐྲུན་བྱེད་ན་འདོད། དེ་ལྟར་བྱས་ཚེ་ནམ་ཞིག་ང་ཤི་ནས་ངའི་རུས་པ་སྤར་མོ་གང་བོ་ས་རུ་འཐོར་ཞིང་འཐིམ་ན་ཡང་། ངའི་སྙན་ངག་འདི་ཚོ་ད་དུང་ཁྱེད་ཅག་དང་མཉམ་དུ་གནས་སྲིད་པ་རེད།
ཇི་སྐད་དུ།
སྙན་ངག་པ་ལ་ཅི་ཡང་རྒྱན། །
ཞེས་གསུངས་པ་ལྟར་རོ། །
སྣང་བར་འགྲོ་གི་འདུག ཐུགས་རྗེ་ཆེ།
སྙན་ངག་ནི་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་གྱི་བསྡུས་གཟུགས་ཤིག་རེད ། རྒན་ལགས་ཀྱི་སྙན་ངག་ནི་འཚོ་བ་མངར་སྒྱུར་བྲོ་མིན་གསུམ་གྱི་རང་སྣང་རྗེན་པ་དེ་རེད ། རྒན་ལགས་ཀྱི་སྙན་ངག་ཡག་གི རྒྱུ་ཆ་བཟང་གི
རྒན་ཀླུ་སྨྱོན་གྱིས་བརྩམ་པའི་མཐའ་མཇུག་གི་ངལ་གསོའི་གནས་དང་འབྲེལ་བའི་ཕྱི་ནང་གི་གྲུབས་མཐའི་སྐོར་ལ་བཀའ་འདྲི་ཞིག་ཞུ་འདོད་ཡོད ། རྒན་ལགས་ཀྱི་བཀའ་ལན་གནང་རྒྱུ་ཐུགས་རྗེ་གཟིགས་པ་མ་ཆུང་ལགས །
ཀླུ་སྨྱོན་ལོ་ལོ། ད་ཁ་བསླུས་ཀི་མ་འདུག དྲིན་ཆེན་པོ། ངས་ཀྱང་ཁྱེད་ཀྱི་འདི་མགོ་ནས་མཇུག་བར་ཐེངས་གཅིག་བཀླགས་པ་ཡིིན། སྡོམ་ཚིག་ཅིག་བརྒྱབ་ན། ཁྱོད་རང་ཉིད་ཀྱིས་རང་ཉིད་ལ་བདེན་ཁ་དང་གུ་ཡངས་ཤིག་སྟེར་བཞིན་པ་དེ་རང་རེད། ད་དུང་གསང་སྔགས་ཀྱི་རྟོགས་པ་ཤར་སྟངས་དང་དབུ་མའི་ཆུ་འབབ་ཀྱི་རིག་པ་དག་ཀྱང་མི་ཤེས་རུང་དྲུད་ནས་ཡོང་སྟེ་སྦྱར་ཁ་བྱས་འདུག དེ་ཡང་ཆགས་བཞག་ན་ར་མགོ་ལུག་ལ་སྦྱར་བའི་དཔེ་ལས་ཅི་ཡང་མི་འདུག མདོར་བསྡུས་ན་ཁྱོད་ཀྱིས་ཁ་བསླུས་ཚད་པོ་སྙན་ངག་ཡིན་ཟེར་གྱིན་འདུག དེ་ཡིན་རུང་ཁྱོད་རང་ཉིད་ཀྱི་རང་དབང་རེད་མོད། འོན་ཀྱང་ཀུན་སྤྱོད་ཀྱི་ཐད་ནས་བཤད་ན། ངན་པས་རང་བསྟོད་ཅེས་པའི་སྲིད་པ་རྒན་པོའི་ཁ་དཔེ་དེ་ཚོ་ལ་ཡང་བསམ་བློ་རེ་གཏོང་གལ་ཆེ་སྙམ། སྤྱིར་སྙན་ངག་ལ་མཚན་ཉིད་བཞག་ཀྱང་ཆོག་ལ་མ་བཞག་ཀྱང་ཆོག གང་ལྟར་ཚོར་བ་མེད་པའི་སྐད་ཆ་ཞིག་ལ་སྙན་ངག་ཟེར་ནི་མ་རེད། ཁྱོད་ཀྱིི་འདོད་པ་ལྟར་ན་ནག་མོའི་ཁ་འཛིང་དང་སྨྱོན་པའི་ཀི་ཅོ་ཡོད་ཚད་སྙན་ངག་རེད་མོད། འོན་ཀྱང་མི་རྣམས་དགོད་འཆོར་གི་རེད།
ངས་རྩོམ་འདིའི་འཕྲོ་ཀློག་ཐུབ་ཀྱི་མི་འདུག་དེ་ག་རེ་ཡིན་ན།
ཁུག་རྟ་ལགས། ཀླུ་སྨྱོན་གྱི་སྒེར་སྤྱོད་དྲ་བ་སྨྱོན་པའི་འཇིག་རྟེན་དུ་སོང་དང་། གོང་གི་རྩོམ་ཡིག་དེ་ཀློག་ཐུབ་ཀྱི་འདུག
ཨ་ཁུ་བསྟན་འཛིན་ཤེས་རབ་ལགས། ཚོར་བ་མེད་པའི་སྐད་ཆ་ཞིག་ལ་སྙན་ངག་ཟེར་ནི་མ་རེད་ན། ཚོར་བ་ཡོད་པའི་སྐད་ཆ་ཡིན་ན་སྙན་ངག་ཡིན་དགོས་པ་རེད་དམ། དེ་ལྟར་ན་ཁོང་ཁྲོ་ཆེན་པོས་མི་ལ་སྡིགས་དམོད་བྱེད་པ་དང་ཁ་འཛིང་བྱེད་པ་དེ་ཡང་སྙན་ངག་རེད་དམ། ཁྱོས་ཀླུ་སྨྱོན་ལ་རྟགས་གསལ་གཏོང་གི་མ་འདུག་ཡ། བླ་རྒན་འདིས་བཤད་པའི་སྐད་ཆར་ཞིབ་འདང་རེའང་རྒྱག་རྒྱུ་མེད་ཚོད་མ་རེད་སྙམ། དེ་ཡང་ཁོས་དྲ་གྲོགས་ཚོས་སྔ་ཕྱི་རིམ་པར་བཏབ་པའི་མཆན་བུ་དག་ལས་རང་གི་སྐད་ཆ་འདི་བཤད་པ་ཡིན་པ་རྩོམ་ཡིག་རང་ན་གསལ་འདུག་ག
དེ་ཡང་ཁོས་རང་ཉིད་སྙན་ངག་ལ་ཀློང་རྡོལ་ཡོད་མདོག་མདོག་བཤད་ཀྱིན་འདྲ་འདུག་ན་རྒྱ་ལ་དེ་ལྟར་ཡིན་ཚེ་བྲིས་བྲིས་ཚང་མ་སྙན་ངག་ཡིན་ནའང་མི་ཆོག་པ་མི་འདུག་སྙམ།
གཞན་འུ་ཚོས་ཀླུ་སྨྱོན་ཀྱིས་ཅི་བཤད་ལ་སྒུག་ནས་འདུག་ཡ།
དྲ་ཐོག་འདི་ན་སྙན་གཞུང་མེ་ལོང་མ་སྦྱོང་དུས་རང་བཞིན་བརྗོད་པའི་རྒྱན་གྱི་དཔེར་བརྗོད་འབྲི་མ་མྱོང་མཁན་ཞིག་ཡོད་ཀྱི་མ་རེད་ལ། རང་བཞིན་བརྗོད་པའི་རྒྱན་གྱི་དཔེར་བརྗོད་དེ་དག་སྙན་ངག་ཐུང་ཐུང་ཞིག་གི་དཔེར་བརྗོད་མ་ཡིན་པར་ཁས་ལེན་མཁན་ཞིག་ཀྱང་ཡོད་ཀྱི་མ་རེད་འདོད། དེ་ཁས་ལེན་ན་ངས་བྲིས་པ་དག་ལས་མ་མཐའ་རང་བཞིན་བརྗོད་པའི་རྒྱན་གྱི་དཔེར་བརྗོད་དུ་ཡང་མི་འགྲོ་བ་ཞིག་བསྟན་དུ་ཡོད་ན་སྟོན་དང་དེ་ནས་ང་ཚོས་དེ་དག་སྙན་ངག་ཡིན་མིན་གྱི་ཁ་ཚོན་གཅོད། འདི་ནི་མེ་ལོང་མ་སྦྱངས་ནས་ཡོང་བ་ཚོར་བཤད་པ་ཡིན། ཡང་མིན་ན་རང་བཞིན་བརྗོད་པའི་རྒྱན་གྱི་ཁོངས་སུ་འགྲོ་ན་སྙན་ངག་ཡིན་པས་མ་ཡིན་པས་ཁྱབ་ཟེར་དགོས་པའམ། རང་བཞིན་བརྗོད་པའི་སྙན་ངག་སྙན་ངག་མ་ཡིན་ཟེར་དགོས་སམ། གང་ལྟར་ངས་ནི་མེ་ལོང་མ་མདུན་དུ་གཅིག་བཞག་དུས་སྙན་ངག་ཡིན་དང་མ་ཡིན་པའི་ས་མཚམས་ཞེས་པ་དེ་ངོ་མ་མི་རྙེད་ཀི རྩོམ་ཡིག་གང་ཞིག་སྙན་ངག་ཡིན་མིན་གྱི་ས་མཚམས་སྟོན་པའི་གནས་ལུགས་དང་གཞུང་ལུགས་ཡོད་ན་སྟོན་དགོས་ཀྱི། ལམ་སེང་མི་གཞིར་དམའ་འབེབ་བྱེད་སྟངས་དེ་ནི་རང་ཉིད་རྣམ་དཔྱོད་དང་ལྡན་པ་ཞིག་ཡིན་བསམ་པ་ཞིག་གི་བྱེད་སྟངས་མ་རེད།
སྙན་ངག་ནི་སེམས་པ་དང་ཚོར་བའི་བར་གསེང་ན་ལྷུང་ལྷུང་དུ་འབབ་པའི་རྫ་ཆུ་བསིལ་མའི་དབྱངས་རྟ་དེ་ཡིན།
སྙན་ངག་ནི་སེམས་པ་དང་ཚོར་བའི་བར་གསེང་ན་བཞུར་བའི་རྫ་ཆུ་བསིལ་མའི་དབྱངས་རྟ་དེ་ཡིན།
ཁྲག་ཐིགས་ལགས་ཀྱིས་གསུང་པ་བཞིན་སྙན་ངག་ནི་རྫ་ཆུ་བསིལ་མའི་དབྱངས་རྟ་དེ་ཡིན་ཞེས་པ་དེ་ངེས་པར་བདེན།
དེ་མིན་བརྗོད་བྱ་འམ་སྲོག་དང་ལྡན་མིན་གྱི་ཁྱད་པར་ཞིག་ངེས་པར་ཡོད།
ཨ་ཁུ་ཀླུ་སྨྱོན་ལགས་སུ་ཐོག་མར་དྲི་བ་ཞུ་རྒྱུ་ཞིག་ལ། ཁྱེད་ཀྱིས་མི་གཞི་ལ་དམའ་འབེབ་བྱས་བྱུང་ཟེར་གྱི་འདུག མི་གཞི་ཟེར་ན་ག་རེ་རེད། ཆེ་མཐོང་ལ་དམའ་འབེབ་བྱས་བྱུང་ཟེར་བ་ཡིན་ནམ། གང་ན་དམའ་འབེབ་བྱས་འདུག སྐད་ཆ་དྲང་བོར་བཤད་པ་དེ་དག་ལ་ཟེར་བ་ཡིན་ནམ། འོ་ན་ཁ་དོན་མི་མཚུངས་པའི་ངོ་བསྟོད་ཏག་ཏག་བྱེད་དགོས་པ་རེད་དམ། འུ་ཅག་བར་ལ་དེ་འདྲ་ཞིག་བྱེད་དགོས་དོན་ཡོད་དམ། དེ་ལྟར་བྱས་ན་ཁྱེད་ལ་ཕན་པ་ཞིག་ཅང་འདུག་གམ། ཡག་རབས་རྒྱན་རབས་ཏག་ཏག་ལས་སྐད་ཆ་དྲང་བོ་ཅུང་ཟད་ཙམ་ཡང་འགྲོ་ས་མེད་པ་དེ་འདྲ་ག་རེ་རེད། ངོ་བསྟོད་དེ་གོམས་སོང་བ་ཡིན་ནམ། ངས་ཁྱེད་རང་དེ་འདྲ་ཞིག་གི་ཚད་དུ་བཞག་མེད་པས་དྲང་གཏམ་བཤད་པ་ཡིན། དེ་གཅིག་ཡིན། ཡང་མིན་ན་ཁྱེད་ཀྱིས་ངས་ཁ་དཔེ་ཞིག་བཀོལ་བ་དེ་ལ་བཤད་ཀྱི་ཡོད་ཚོད། དེ་ཁ་དཔེ་རེད། ཁ་དཔེ་བཀོལ་ཏེ་དཔེ་ཞིག་སྦྱར་བ་ཡིན། ཁ་དཔེའི་ནང་གི་མི་ངན་པ་ཞེས་པ་དེ་ཁྱེད་ལ་ཟེར་གྱི་ཡོད་པ་མ་རེད། གལ་སྲིད་ཁྱེད་ཀྱིས་གོ་བ་དེ་འདྲ་ལ་ཞིག་ལ་ལེན་གྱི་ཡོད་ན་ད་ངས་ཁྱེད་ལ་སྐད་ཆ་དྲང་བོ་རེ་བཤད་དེ་གདེང་འཇོག་བྱས་པ་ནོར་འཁྲུལ་རེད་འདུག དེ་བས་ད་ནས་ངས་རང་ཉིད་ཀྱིས་ནོར་འཁྲུལ་དེ་ངོས་ཟིན་པ་བྱེད་ཀྱི་ཡིན།
གཞན་ཁྱེད་ཀྱིས་བཤད་པ་བཞིན་སྙན་ངག་མེ་ལོང་མ་སྦྱོང་སྐབས་རང་བཞིན་བརྗོད་པའི་རྒྱན་གྱི་དཔེར་བརྗོད་འཇོག་མ་མྱོང་མཁན་ཞིག་ཡོད་རྒྱུ་མ་རེད་མོད། འོན་ཀྱང་དཔེར་བརྗོད་བཞག་བཞག་པོ་སྙན་ངག་ཡིན་པར་བཤད་ཚོད་ཐུབ་མ་སོང་། གལ་སྲིད་སྙན་ངག་ཞིག་གི་ཚད་དུ་འགྲོ་བའི་དབང་དུ་བཏང་རུང་དེ་ལ་རྒྱན་དང་ཚིག་གི་བཅད་ལུགས་སོགས་ཀྱི་ཁྱད་པར་ཞིག་ཡོད་པ་རེད། རང་བཞིན་བརྗོད་པ་ཡིན་ཚད་པོ་སྙན་ངག་ཡིན་པའི་ཁྱབ་པ་ག་ལ་ཡོད་ལ། ལྷག་དོན་དེ་ཡིན་ཚད་པོ་རང་བཞིན་བརྗོད་པའི་རྒྱན་གྱི་དཔེར་བརྗོད་དུ་འགྲོ་བར་བཤད་པ་ནི་ཅི་འདྲའི་དགོད་འཆོར་བའི་གནས་ཤིག་རེད་ཨང་། དཔེར་ན་ཁྱོད་ཀྱིས་ཉེ་ཆར་སྙན་ངག་ཡིན་ཟེར་ནས་བྲིས་པའི་སྙན་ངག་མ་ཡིན་པ་དེ་ཚོ་ཐམས་ཅད་པོ་ལྟ་བུ་རེད། ད་དུང་གཅིག་བཤད་ན་ཁྱོད་རང་ཉིད་ཀྱིས་ཀྱང་ཁས་བླངས་འདུག་པ་བཞིན། སྙན་ངག་ཡིན་མིན་གྱི་ས་མཚམས་འབྱེད་མ་ཐུབ་པས་བྲིས་ཚད་པོ་སྙན་ངག་ཡིན་པར་རློམ་པའི་ནོར་འཁྲུལ་དེ་ཤོར་བ་རེད་ལ། ངས་ཁྱོད་ལ་སྐད་ཆ་འགའ་བཤད་དགོས་པ་ཡང་དེ་ལ་ཐུག་པ་རེད།
གཅན་བཟོད་རྒྱམ་ལགས། ངས་ཚོར་བ་མེད་པའི་སྐད་ཆ་ལ་སྙན་ངག་ཟེར་ནི་མ་རེད་ཅེས་པ་མ་གཏོགས་ཚོར་བ་ཡོད་པའི་སྐད་ཆ་ཞིག་ཡིན་ན་སྙན་ངག་ཡིན་ཞེས་དངོས་ཤུགས་གང་ལ་ཡང་བཤད་མེད། ལྷག་དོན་སྙན་ངག་གི་ཚད་གཞི་དེ་འདྲ་ཞིག་རེད་ཅེས་ནམ་ཡང་བཤད་མེད།
ཐུགས་རྗེ་ཆེ། དོན་དག་མང་པོ་ཞིག་གསལ་བོ་ཆགས་སོང་། ད་ངས་བྲིས་པའི་སྙན་ངག་མ་ཡིན་པ་དེ་འདིར་དྲངས་ནས་སྙན་ངག་མིན་པའི་སྒྲུབ་བྱེད་ཅིག་སྟོན་རོགས། དེ་བཞིན་ངས་བྲིས་པའི་སྙན་ངག་ཡིན་པ་དེ་ཡང་འདིར་དྲངས་ནས་སྙན་ངག་ཡིན་པའི་སྒྲུབ་བྱེད་ཅིག་སྟོན་རོགས། དེ་ཡང་སྙན་ངག་གི་མཚན་ཉིད་ཅིག་གི་རྒྱ་མའི་སྟེང་དུ་བཞག་སྟེ་ཐག་བཅད་ན་མ་གཏོགས་སྙན་ངག་ཡིན་མིན་གྱི་ཐག་གཅོད་ཇི་ལྟར་བྱེད་ནུས་ཨང་། ངས་ནི་རང་གིས་བྲིས་པའི་རང་མོས་ཅན་དེ་དག་ཚང་མ་སྙན་ངག་ཅིག་གི་ཚད་དུ་བཞག་ཡོད། དེ་ཡང་རང་གི་སེམས་ཁོང་ནས་ཆལ་ཆིལ་དུ་བབས་པའི་སྙན་ངག་གི་རྦབ་ཆུ་ཞིག་གི་ཚུལ་དུ་བཞག་ཡོད།
ངས་ལྟོས་ན་རྒན་རབས་པ་ཀླུ་སྨྱོན་གྱིས་གང་བྲིས་ཚད་སྙན་ངག་ཡིན་མིན་གཙོ་བོ་མ་རེད། ཀླུ་སྨྱོན་གྱིས་སྙན་ངག་ཡིན་པར་སྒྲུབ་པའི་གཞུང་ལུགས་འདྲ་བོ་འདི་ཤར་མར་བྲིས་པ་ཞིག་མིན་ན། ཀྱག་ཀྱག་འདྲ་ཞིག་བྱས་ནས་ཉམས་ཚོད་ལེན་གྱི་འདུག དེས་ངས་ག་རེ་ལབ་ཀྱི་ཡོད་ཟེར་ན། ཀླུ་སྨྱོན་ལགས་ལ་སྙན་ངག་ཐད་ཀྱི་རྒྱབ་ལྗོངས་འདིའི་ཚད་ཀྱི་མ་རེད་འདོད་པ་དེ་ཡིན།
རྣམ་འགྲེལ་དང་གཞན་ཞིག་ནས་ལུང་འདྲེན་བྱས་པ་གཉིས་རྐང་མར་བཞག་འདིར་བསམ་ཚུལ་འདོན་ཤེས་མ་སོང་། འདི་ཁོང་གིས་དེ་ག་ཟིག་རྩེད་མོ་རྩེད་ཀྱི་མེད་ན་བསམ་སོང་།
གོ་དཀའ་བ་སྙན་ངག་གི་ཡོན་ཏན་ཡིན་དང་ཡང་ན་གོ་སླ་བ་སྙན་ངག་གི་ཡོན་ཏན་གང་ཡིན་གྱི་ཐག་གཅོད་གྲིས་བཅད་པ་ལྟ་བུ་ཞིག་བྱེད་མི་ནུས་ཀྱང་། སེམས་ཚོར་ཀློང་དུ་བརྡོལ་ཐེངས་རེ་རེ་བཞིན་་བྲིས་པ་འདི་ཚོ་བཅད་ལྷུག་སྤེལ་མ་གང་གི་ངོ་བོར་གྲུབ་ཀྱང་སྙན་ངག་ཅིག་ལོས་ཡིན་བསམ་སྟེ་ཉལ་བསྡད་ཡོད། ད་དུང་ཡང་རང་ཉིད་ཀྱིས་སྙན་ངག་ཏུ་མཐོང་ཞིང་རློམ་པའི་སྙན་ངག་དུ་མ་ཞིག་འབྲི་ངེས་དང་སྤེལ་ངེས་ཡིན་པས། ངའི་སྙན་ངག་འདི་ཚོར་དགག་གཞག་སྤོང་གསུམ་གྱི་གནང་མཁན་གྱི་ཀློག་མཁན་དག་ནམ་ཡང་སེམས་ཁོང་ནས་མི་བརྗེད་ཐག་ཆོད་ཡིན།
དཔལ་དབྱངས་ཅན་ལྷ་མོ་ནི། ཤེས་རབ་ཀྱི་མཆོག་སྦྱིན་མཁན་མ་ཞིག་དང་། སྙན་ངག་གི་ལྷ་ཡིན་པར་ཕྱི་ནང་གཉིས་ཀའི་འདོད་པའི་ཕུལ་འབྱུང་གི་ཐབས་མཁས་སྒྱུ་འཕྲུལ་མ་ཞིག་ཡིན་པ་དང་།
སྙན་ངག་ཏུ་འཇིག་རྟེན་འདིར་ལྷ་མི་སུས་བརྗོད་ཀྱང་། མཐའ་དང་མུ་མེད་པའི་བརྗོད་གཞི་ཤིན་ཏུ་རྒྱས་ལ། སྙན་ཚིག་ཡོད་ཚད་འགྲེལ་ཐུབ་པའི་རྒྱན་གྱི་བསྟན་བཅོས་ཅིག ད་ཕན་སུས་ཀྱང་བརྩམས་ཐུབ་མེད་ལ། མ་འོངས་པ་ཡང་སུས་ཀྱང་མཛད་མི་ཐུབ་པའི་གནད་དོན་ཅིག་ཡིན་པར་ཀུན་གྱིས་མཁྱེན་པར་མཛོད་ཅིག་གུ
རྟོག་བཏགས་རྣམ་རྟོག་ལ་མཐའ་ཡས་པ་དང་། དེ་ཀུན་ནས་བསླང་པའི་རྗོད་བྱེད་སྒྱུ་རྩལ་ཡང་། མཐའ་ཡས་པས་སྙན་ངག་ནི། མཐའ་ཡས་པ་ཅིག་ལ་ངོས་འཛིན་བྱ་དགོས་པའི་གནས་སུ་གྱུར་པའོ། ། ན་མོ་ས་ར་སྰ་ཝ་ཏི་སྭོ་ཧྰ།
བྲིས་ཚད་སྙན་ངག་ཏུ་རློམ་པའི་ཀླུ་སྨྱོན་གྱིས། རང་ཉིད་སྙན་ངག་གི་ཚོར་བ་ལྷུག་ལྷུག་ཏུ་འབབ་མཁན་ཞིག་ལ་ངོས་འཛིན་ཡོོད་མོད། ཁོ་རང་ཉིད་ཀྱི་འདོད་པ་གཙོ་ཆེ་བ་ཙམ་ལས། ཁྱོད་ཀྱིས་བྲིས་ཚད་སྙན་ངག་ཡིན་ཚེ། མཐའ་མེད་པ་དང། ཚད་མེད་པ། མཚན་ཉིད་མེད་པ། དྲི་མ་མེད་པ་སོགས་ཡོན་ཏན་དེ་དག་གིས་བརྒྱན་པའཌྷི་ཀླུ་སྨྱོན་ད་ལྟའི་འདི་འདྲ་ཞིག་གང་ནས་ཡིན། སྙན་ངག་རང་སྟེང་ནས་ཚང་དགོས་པའི་ཡོན་ཏན་ཞིག་ཀྱང་ཁྱོད་ཀྱི་ཁས་ལེན་ཡིན་ན་འཇོག་མི་ཐུབ་ལ། སྙན་ངག་ནི་ཁྱོད་ཀྱི་རྟོགས་བཟོའི་ཁ་བརྡ་དང། ཁྱེད་ཚང་གི་སྡུག་གཏམ། ད་དུང་བླ་མ་རྫུན་མ་འཁྲབ་པའི་ལོ་རྒྱུས་སོགས་ཀྱང་སྙན་ངག་ཏུ་ངོས་བཟུང་ཆོག་པས། ཁྱོད་ལ་སྙན་ངག་ཇི་འདྲས་ཇི་འདྲས་མང་བ་ལའང། དགའ་སྡུག་གི་ཚོར་བ་ཐམས་ཅད་སྙན་ངག་གི་རྒྱུ་རུ་གྲུབ་མི་སྲིད་ལ། སྲང་ལམ་གྱི་སྐད་ཆ་ཆ་ཚང་ཡང་སྙན་ངག་གི་བརྗོད་བྱར་ཉར་མི་སྲིད། སྙན་ངག་ལ་ཚད་མེད་ཀྱང། སྒེར་བས་བྲིས་པའི་སྙན་ངག་ལ་རིན་ཐང་དགར་རྒྱུ་ཡོད་ལ། བརྗོད་བྱ་སྟོན་རྒྱུ་ཡང་ཡོད། འགྲེལ་ཀྱང་བརྒྱབ་ན་ཆོག་ལ། རྩ་མི་ཚང་བ་ཞིག་གིས་འབྲི་དགོས་པ་ངེས་པ་ཡང་མེད། སྙན་ངག་ནི་ཁྱོད་ཀྱིས་བྲིས་པ་བཞིན་ཡིན་ན། འཇིག་རྟེན་གྱི་སྙན་ངག་གང་མང་ཞིག་སྙན་ངག་མ་ཡིན་པར་འགྱུར་སྲིད་ལ། བླ་ནག་ཁྱིམ་རྒྱུད་ཀྱི་སྡུག་གཏམ་གང་མང་ཞིག་སྙན་ངག་ཏུ་འགྱུར་ཡང་སྲིད། ཡིན་ནའང། དེ་ལ་དགོས་པ་མེད་དེ་སྨྱོན་པའི་ལབ་བརྡོལ་དང། གསར་བུའི་སྣང་བ། ཆེན་པོའི་ཚུལ་འཆོས་སོགས་ཀྱི་ཚང་དེ། ཁྱོད་ཀྱི་སྙན་ངག་བོད་དུ་དར་བའི་དགོས་པ་ཆུང་ལ། ཁྱོད་རང་ཤི་བ་དང་ཁྱོད་ཀྱི་གོ་མེད་ཚོར་མེད་དེབ་གཟུགས་དག་ཀྱང་ཁྱོད་ཀྱི་རང་བཞིན་དུ་འཁུམས། ཨ་ཁུ་སྙན་ངག་པ་ཀླུ་སྨྱོན་ལགས། བླ་ནག་ཚང་གི་བླ་མ་དོ་རྡོབ་ཚང།
ང་དུར་ཁྲོད་ཀྱི་བསྡིགས་སྟངས་འདི་མཐོང་ན་མི་ལ་རས་པའི་ཨ་ཁུ་ཡང་དྲན་ཡོང་གི ཕ་མེས་ཀྱི་རྐང་འདྲེན་པོ། ཅིག་ཅིག་གི་བླ་འཚོང་པོ། མི་དྲན་གི་མ་གཏོགས་ཨ་ཁུ་དེའི་ཁ་ནང་ང་མི་ཡོང་ནི་གཅིག་ར་མེད་ཐལ། ད་ཡང་དེ་རིང་ཉིན་གང་གི་དགེ་རྩ་བོ་ང་དུར་ཁྲོད་ཀྱི་ཕྱོགས་སུ་བསྔོ་རྒྱུ་རང་རེད། ག་རེ་བྱས་ནས་ཟེར་ན་ང་ལ་འབྲེལ་ཞིག་ཐོགས་པས་སོ།།
ཨོམ་ ན་མོ་ ས་རས་ ཝ་ཏི་ སྭོ་ཧྰ། །
ཁྱེད་ཆོ༹་ལ་སྙན་ངག་གླེབ་དུས།
སྔོན་ཆད་བཅ༹ན་བྱོལ་ནང་དུ་བཀོད་རྒྱུགས་ཆེ་བའི་ཐ་སྙད་འདི་དག་
ལྷ་འདྲེ་དང་། ལབ་ཅེ༹། རླུང་རྟ་དང་། རྕ༹མ་པ། གཡག དར་ལྕོགས། ཁ་བ། སྦྲ་ནག་ད་དུང་ཁྱི་སོགས་བསྐྱར་ཟློས་ཡང་ཟློས་བྱེད་དགོས་པ་རེད་དམ། ཡང་ན་འབྲི་མཁན་རང་ཉིད་ཀྱིས་ཡང་འགྲེལ་བཤད་རྒྱག་མི་ཤེས་པའི་སྙན་ངག་རྐྱོང་པོ་དེ་དག་ཡིན་ནམ། དེ་མིན་ཁྱེད་ཆོ༹ས་ཀླུ་སྨྱོན་གྱིས་བྲིས་པའི་སྙན་ངག་དག་སྙན་ངག་ཅིག་མིན་པ་ཅི་ལྟར་འགྲེལ། གཞན་ད་དུང་ཁྱེད་ཆོ༹ས་ཆོ༹ར་བ་ཡོད་མེད་ཞིག་བཤད་ཀི་འདུག ཀླུ་སྨྱོན་ཨ་རིར་སྤོར་བ་ནས་བཟུང་སྔོན་ཆད་ཀྱི་ལྷ་གཡག་དང་ཤམ་པ་ལ་སོགས་རང་ཉིད་བལ་ཡུལ་དུ་བསྡད་ནས་སྙན་ངག་བོད་ནས་བྲིས་པ་ནང་བཞིན་ཆོ༹ར་བ་དང་འཆོ༹་བ་རྗུ༹ན་མའི་འབྲི་སྲོལ་དེ་དག་བསྐྱུར་ནས་རང་ཉིད་ཀྱི་འཆོ༹་བ་ངོ་མ་དང་ཆོ༹ར་བ་ཆ༹་ལམ་ལམ་དེ་སྙན་ངག་གི་ལམ་ནས་འབྲི་གི་མི་འདུག་གམ། བདག་ལ་མཆོ༹ན་ན་ཀླུ་སྨྱོན་གྱི་སྙན་ངག་དག་ཀློག་པ་པོ་ལ་གོ་བདེ་བ་དང་ཆོ༹ར་བ་དང་འཆར་ཡན་འབྲི་སྟངས་སོགས་ཕྱོགས་གང་ཐད་ནས་ལྟོས་ན་བཅ༹ན་བྱོལ་ནང་གི་རང་མོས་སྙན་ངག་གི་མཆོག་རེད་ཟེར་འདོད་བྱུང་།ད་དུང་ཁོང་གི་སྙན་ངག་དག་སྐད་ཡིག་གཞན་ནང་བསྒྱུར་རུང་ཆོ༹ར་བ་དང་འཆར་ཡན་ད་དུང་འཆོ༹་བའི་ངོ་བོ་སོགས་མུ་མཐུད་གནས་ཐུབ་པའི་ཁྱད་ཆོས་མང་དུ་མཆིས། ཡིན་ནའང་རྒན་རབས་པ་ཀླུ་སྨྱོན་ལྟ་བུ་ཞིག་གིས་ནམ་རྒྱུན་རང་མོས་སྙན་ངག་རྐྱང་འབྲི་པ་འདི་མཐོང་ན་སེམས་པ་སྐྱོ་བ་ལ། ཀླུ་སྨྱོན་ཡ།ཀླུ་སྨྱོན།
ད་ལྟ་ང་སེ་རར་ཡོད། གྲོགས་པོ་འགའ་དང་ལྷན་དུ་མི་རིང་བར་དོན་དག་གལ་ཆེན་ཞིག་སྒྲུབ་རྒྱུ་ཡིན། ད་ལྟ་གྲ་སྒྲིག་བྱེད་བཞིན་པའི་སྒང་ཡིན། དོན་དག་དེ་ལམ་དུ་ལྷུང་སོང་ན་འུ་ཅག་རིགས་མཐུན་པ་ཚོར་མཚོན་ན་ཧ་ཅང་ཧ་ཅང་གི་དགའ་འོས་པའི་གཏམ་བཟང་ཞིག་ཡིན། དེ་བས་བྲེལ་བ་ཅུང་ཆེ་བས་མང་བོ་མི་བཤད་ནི་བྱེད། སྐད་ཆ་གཅིག་འདི་ལྟར་བཤད། ངས་སྙན་ངག་ལ་གོ་དཀའ་སླའི་ཡོན་ཏན་གྱི་ཁྱད་པར་ཞིག་གཏན་ནས་མི་འབྱེད། གཙོ་བོ་ཚོར་བ་ཡོད་མེད་ཀྱིས་སྙན་ངག་ལེགས་མིན་གྱི་ཤན་འབྱེད་ཀྱི་ཡོད། དེ་ཡང་རྩོམ་པ་པོའི་ཚོར་བའི་རླབས་ཤུགས་དེ་ཉིད་ཚིག་གིས་ཇི་བཞིན་དུ་མཚོན་པར་ནུས་ཤིང་། དེ་འདྲའི་ཚིག་གིས་ནུས་ཤུགས་ཀྱིས་ཀློག་པ་པོར་དེ་འདྲའམ་དེ་མཚུངས་ཀྱི་ཚོར་བའི་རླབས་རིས་བསྐྲུན་ཐུབ་པ་ཞིག་ལ་སྙན་ངག་ཟེར་གྱི་ཡོད། གནས་སྐབས་རིང་རྣམ་པ་ཚོ་བདེ་མོ། མི་རིང་བར་གཏམ་བཟང་ཁུ་བྱུག་གྲགས་འདྲ་ཞིག་རྣམ་པ་ཚོའི་སྙན་ལམ་ཁྱེར་ནས་འོང་།
ད་ལྟ་ང་སེ་རར་ཡོད། གྲོགས་པོ་འགའ་དང་ལྷན་དུ་མི་རིང་བར་དོན་དག་གལ་ཆེན་ཞིག་སྒྲུབ་རྒྱུ་ཡིན། ད་ལྟ་གྲ་སྒྲིག་བྱེད་བཞིན་པའི་སྒང་ཡིན། དོན་དག་དེ་ལམ་དུ་ལྷུང་སོང་ན་འུ་ཅག་རིགས་མཐུན་པ་ཚོར་མཚོན་ན་ཧ་ཅང་ཧ་ཅང་གི་དགའ་འོས་པའི་གཏམ་བཟང་ཞིག་ཡིན། དེ་བས་བྲེལ་བ་ཅུང་ཆེ་བས་མང་བོ་མི་བཤད། སྐད་ཆ་གཅིག་འདི་ལྟར་བཤད། ངས་སྙན་ངག་ལ་གོ་དཀའ་སླའི་ཡོན་ཏན་གྱི་ཁྱད་པར་ཞིག་གཏན་ནས་མི་འབྱེད། གཙོ་བོ་ཚོར་བ་ཡོད་མེད་ཀྱིས་སྙན་ངག་ལེགས་མིན་གྱི་ཤན་འབྱེད་ཀྱི་ཡོད། དེ་ཡང་རྩོམ་པ་པོའི་ཚོར་བའི་རླབས་ཤུགས་དེ་ཉིད་ཚིག་གིས་ཇི་བཞིན་དུ་མཚོན་པར་ནུས་ཤིང་། དེ་འདྲའི་ཚིག་གི་ནུས་ཤུགས་ཀྱིས་ཀློག་པ་པོར་དེ་འདྲའམ་དེ་མཚུངས་ཀྱི་ཚོར་བའི་རླབས་རིས་བསྐྲུན་ཐུབ་པ་ཞིག་ལ་སྙན་ངག་ཟེར་གྱི་ཡོད། གནས་སྐབས་རིང་རྣམ་པ་ཚོ་བདེ་མོ། མི་རིང་བར་གཏམ་བཟང་ཁུ་བྱུག་གྲགས་འདྲ་ཞིག་རྣམ་པ་ཚོའི་སྙན་ལམ་དུ་ཁྱེར་ནས་འོང་།
རིང་ནས་སྙན་ངག་བྲིས་ཤིང་སྙན་ངག་ནང་དུ་རྒས་པའི་གྲོགས་པོ་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། གཏམ་ཅི་ཟེར་གང་ཡང་རུང་ལ་སྙན། །དེ་ཕྱིར་སྙན་ངག་ཞོག་དང་ཆོག ཁ་གྲགས་ཙམ་ཤེས་ནས་སྙན་ངག་མཁན། །འཇིག་རྟེན་སྙན་ངག་མཁན་གྱིས་ཁེངས།
ཆོས་གྲོགས་ཀྱི་གཏམ་བཟང་ལ་སྒུག་བཞིན་བསྡད་ཡོད།
སྐྱེ་བ་ཀུན་ཏུ་སངས་རྒྱས་ཀྱི། །སྙན་ངག་མཁན་དུ་འགྱུར་བར་ཤོག །སུས་མཛད་མི་ཤེས་པའི་སྨོན་ལམ་འདི་འདྲ་ཞིག་ཀྱང་མཇལ་མྱོང་།
སྒྱུ་རྩལ་གྱི་འཇུག་ཡུལ་རྙེད་མིན་ཟེར་བ་དེ་དེང་སང་ནུབ་ཕྱོགས་པའི་མཚན་ཉིད་རིག་པའི་ནང་གི་བརྗོད་གཞི་གནད་ཆེན་ཞིག་ཏུ་གྱུར་ཡོད་པ་རེད། Can art be defined? ཟེར་ཁུལ་བྱས་ནས་རྩོད་གླེང་མང་པོ་བྱེད་གི་རེད།རོལ་དབྱངས་དང་། རི་མོ། སྙན་ངག འཁྲབས་ཚན་སོགས་གང་ཡིན་ཡང་མི་རང་རང་གིས་ལྟ་ཕྱོགས་མཐོང་ཕྱོགས་ཤིག་གིས་སྒྱུ་རྩལ་གྱི་རིན་ཐང་གཞལ་བ་མ་གཏོགས་ཁྲིམས་དཔོན་འདྲ་ཞིག་གིས་ཐག་གཅོད་ཐུབ་གི་མ་རེད། ཀླུ་སྨྱོན་གྱིས་བྲིས་བྲིས་སྙན་ངག་ཡིན་མིན་དེ་མི་རང་རང་གིས་ལྟ་ཕྱོགས་མཐོང་ཕྱོགས་ཀྱིས་ཐག་གཅོད་དགོས་པ་རེད། ཚང་མས་བློ་བདེ་བོ་གནང་རོགས།
བྱང་ཆུབ་ སེམས་དཔའ་ གང་ཞིག་གིས་ སངས་རྒྱས་ གང་ཞིག་ལ་ སྙན་ངག་ ཚོགས་བཅད་ཀྱིས་ བསྟོད་པ་ ཕུལ་ནས་ བསྐལ་པ་ ག་ཚོད་ཟ་ གཅིག་གི་ཚོགས་ རྫོགས་པ་ གཅིག་ཀྱང་ གོ་མྱོང་བས། དེས་ན་ སྙན་ངག་ འབྲི་རྩོམ་ལ་ འབད་པར་ རིགས་སོ་ སྙམ་མོ། །
ངས་བལྟས་ན། ཨ་ཁུ་ཀླུ་སྨྱོན་གྱིས་བྲིས་བྲིས་ཐམས་ཅད་སྙན་ངག་ཏུ་འདོད། ཁོའི་སྙན་ངག་གི་ནང་དུ་ཚོར་བའི་ཟབ་ས་ནས་འཕྱུར་བའི་དགའ་སྡུག་སྐྱོ་གསུམ་ཕྱི་རུ་བཏོན་ཡོད་ལ། དེ་ཡང་སྐྱེ་བོ་ཕལ་བའི་སྐད་ཆ་ལས་རིང་དུ་འདས་པའི་སྒྱུ་རྩལ་གྱི་སྐད་ཆ་ཞིག་གི་ཁོང་ནས་བཏོན་ཡོད། སྙན་ངག་ལ་ཚོར་བ་ཡོད་མེད་ཙམ་གྱིས་ག་ལ་ཆོག སྙན་ངག་ལ་ཚིག་སྦྱོར་མཛེས་པ་ཙམ་གྱིས་ག་ལ་འགྲིག སྙན་ངག་ལ་བརྗོད་དོན་ཟབ་པ་ཙམ་གྱིས་ག་ལ་འདང་། མདོར་ན་སྙན་ངག་ནི།
བརྗོད་འདོད་གང་ཞིག་རྗོད་བྱེད་ཚིག་གིས་སྤྲས།།
བརྗོད་བྱ་རྗོད་བྱེད་ཕྱོགས་སུ་མི་ཐོར་བར།།
ཕྲེང་ཐག་གཅིག་ལ་རྒྱུས་པའི་ཕྲེང་རྡོག་དང་།།
ཞིམ་པོའི་ཟས་ལ་ཚ་ལྟར་བྱུང་ན་འགྲིག །
སྙན་ངག་མེ་ལོང་མ་ལས་ཀྱང་། སྙན་ངག་ཆུང་ངུ་ལ་ཡང་ངལ་བྱས་མི༎མཁས་པའི་འདུན་ས་དག་ཏུ་འདུག་ལ་དབང་༎སངས་རྒྱས་ཀྱིས་ཀྱང་། དམ་པའི་ཆོས་རབ་ཏུ་གསལ་བའི་སྙན་ངག་བྱའོ༎དཀོན་མཆོག་གསུམ་ལ་བསྟོད་པར་བྱའོ༎དེ་ལས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་རོ༎
ཀླུ་སྨྱོན་ལགས་ཀྱིས་ཁོ་བོས་བཏབ་པའི་མཆན་དེ་ཁོ་རང་བསྡིགས་པར་འདོད་མོད། སྤྱིར་ཀླུ་སྨྱོན་ལ་ཆེད་དུ་བསྡིགས་པ་དང་བསྡིགས་པའི་ཆེད་དུ་བྲིས་པ་དེ་འདྲ་མིན། ཁོ་བོ་ཡང་སྙན་ངག་ལ་དགའ་བར་མ་ཟད། བར་ལམ་ནས་སྙན་ངག་ཡིན་མདོག་མདོག་གིས་རྩོམ་ཡིག་ཀྱང་གླང་ཆེན་གྱི་རྒྱབ་གང་མིན་མི་ཤེས་ཀྱང་། གཡག་རྒྱབ་ཏུ་བཀལ་ཏུ་རུང་བ་ཞིག་བྲིས་ཡོད། ཡིན་ན་ཡང་། ཁོ་བོ་ཡོད་པའི་གཤིས་ཀ་སྒེར་ཚིགས་མ་འདིས་གཞན་རྗེས་སུ་རྒྱུག་རྐྱང་གཏན་ནས་མི་བྱེད། ཀླུ་སྨྱོན་གྱིས་བྲིས་པའི་རྩོམ་ཡིག་གང་མང་ཞིག་ཚད་ལོངས་པ་མ་ཟད། དོན་དངོས་ཀྱི་ཆ་ནས་ཀྱང་སྙན་ངག་ཏུ་བཞག་ཆོག་པར་སེམས། ངས་སྒང་དུ་བཀོད་པའི་མཆན་བུ་རུ་ཡང་ཀླུ་སྨྱོན་གྱིས་བྲིས་ཚད་སྙན་ངག་མིན་ཞེས་བྲིས་ཡོད་པ་ལས། སྙན་ངག་གཅིག་ཀྱང་བྲིས་མི་འདུག་ཅེས་ལབ་རྒྱུ་མ་བྱུང་། སྤྱིར་ཡིན་ན་སྙན་ངག་པ་ལ་ཚད་ལོངས་དགོས་ཆ་རྐྱེན་གལ་ཆེན་ཞིག་ཡོད་པ་ནི། ཀུན་སྤྱོད་དང་བསམ་བློའི་བར་དུ་སྟོང་ཆ་ཤོར་མི་ཉན་པ་དེ་ཡིན་པས། ཀླུ་སྨྱོན་གྱིས་བྲིས་ཚད་སྙན་ངག་མིན་པ་ནི་སྒང་གི་རྒྱུ་མཚན་དེས་ཀྱང་ཆོག་པར་སེམས། དེ་མིན་ང་དེ་རིང་སྡུག་སོང་། ངས་དེ་རིང་དྲན་སོང་སོགས་དགའ་སྡུག་གི་ཚོར་བ་ཕྱོགས་རེ་བ་ཚང་ཚད་སྙན་ངག་ཏུ་འཇོག་ན་མ་གཏོགས་ཀླུ་སྨྱོན་གྱི་ཆེན་པོའི་གཏམ་དེ་ཡིད་ཆེས་རྙེད་ཁག་པོ་རེད། དེ་མིན་རྩོམ་ཡིག་རྗོད་བྱེད་ལ་བྱང་བའི་ཤེས་ཡོན་པ་ཅན་ཚོའི་བྲིས་པའི་རྩོམ་ཡིག་མང་ཆེ་ཤས་འཚོ་བ་དང་ཧ་ཅང་ཐག་ཉེ་ལ་དྲན་མདོག་སྐྱོ་མདོག་གི་མདོག་སྐྱ་བོ་རེ་ཀུན་ལ་ཡང་ཚང་། མ་ཟད་གདངས་དབྱངས་རིང་བོ་ཞིག་དང་མཉམ་དུ་གྱེར་ནས་འཁྲབ་མཁན་ཞིག་གིས་འཁྲབ་སྟོན་འདྲ་བྱས་ན་དེ་དག་ཀྱང་སྙན་ངག་དངོས་གནས་ཤིག་ཏུ་འགྱུར་སྲིད་པས། སྙན་ངག་མིན་པའི་རྩོམ་ཡིག་གང་། སྙན་ངག་པ་མིན་པའི་རྩོམ་པ་བོ་སུ་ཟེར་བའི་ཚད་དུ་ལྷུང་ཉེན་ཆེའོ།
རྩེད་མོའི་ཚུལ་དུ་ཕུལ་བ།
སྙན་ངག་མཁན་པོར་བརྫུས་པའི་ཀླུ་སྨྱོན་དང་།།
སྙན་ངག་མཁན་ལ་དུངས་པའི་དུར་ཁྲོད་གཉིས།།
སྙན་ངག་སྒྱུ་མའི་ལྟད་མོ་འདིས་ཁྲིད་ནས།།
སྙན་ངག་ལྷ་མོས་རྗེས་སུ་འཛིན་གྱུར་ཅིག།
ཆེན་པོའི་ཆེན་པོ་བླ་མ་ཀླུ་སྨྱོན་ལ།།
ཆུང་བའི་ཆུང་བ་ཁོ་བོ་དུར་ཁྲོད་ཀྱིས།།
ཚིག་གསུམ་ཚིག་གི་མདའ་མོ་དེ་འཕངས་པས།།
ཆེན་པོ་གང་དེའི་ཐུགས་ནི་དགྱེས་མ་གྱུར།།
མཁོ་བ་མེད་ཀྱང་མནོག་ཆུང་དབུལ་བའི་ཟས།།
ཕན་པ་མེད་ཀྱང་ལྷག་བསམ་དཀར་པོའི་གཟུགས།།
བླ་མ་ཀླུ་སྨྱོན་ཐུགས་ལ་མི་འཕྲོད་ཀྱང་།།
དུར་ཁྲོད་གཤིས་སུ་ཐལ་བས་ཐབས་བཀོད་ཅི།།
བླ་མ་མཁས་པ་སྙན་ངག་མཁན་པོ་སོགས།།
ཐ་སྙད་ཟས་སུ་ཟ་བའི་མི་བུ་སྟེ།།
ཆེན་པོ་ཀླུ་སྨྱོན་མགོ་ལོག་ཟླ་བྷེ་སོགས།།
རྨོངས་པའི་ལམ་ནས་ཕྱིར་ལ་ལྡོག་གྱུར་ཅིག།
སྙན་ངག་དུས་སྟོན་བྱེད་སའི་རྫོགས་ལྡན་ས།།
སྙན་ངག་དུས་སུ་སྩོལ་བའི་ཡུམ་གཅིག་མས།།
སྙན་ངག་འདི་ལ་སྙིང་ནས་དགའ་བའི་བུ།།
ཆེན་པོ་ཀླུ་སྨྱོན་ཡང་དག་ལམ་ལ་ཁྲིད།།
སྙན་ངག་ཚིག་རྒྱན་རིགས་ལ་རྨོངས་པ་ང་།།
ཀླུ་སྨྱོན་བེ་སྨྱོན་སོགས་ལ་རིན་ཐང་ཆུང་།།
སྨྱོན་པའི་ཀུ་ཅོ་སྙན་ངག་ཡིན་སྲིད་ཀྱང་།།
བླུན་པོ་ང་ཡི་རྣ་བར་ཤིན་ཏུ་གཟན།།
ང་ནི། ཀླུ་སྨྱོན་ལགས་ཀྱི་སྙན་དངགས་གསར་བྲིས་ཡོད་མེད་བསྒུག་ནས་སྡོད་མཁན་ཅིག་ཡིན་ལགས་པས་་་་་་
ཀླུ་སྨྱོན་ཧེ་རུ་ཀའི་སྔོན་ཆད་གཉན་ཐང་གསར་ཤོག་སྟེང་སྤེལ་བའི་སྙན་ངག་རྣམས་སྙན་པོ་ཞེ་དྲག་ཡོད། དེང་སང་གི་དེ་ཚོ་གང་ཡིན་ཧ་གོ་གི་མི་འདུག སྙན་པོ་ཡང་མི་འདུག
ཀླུ་སྨྱོན་གྱི་ཆགས་གཏམ་དེ་དག་སྙན་ངག་ཡིན་ན་སྙན་ངག་འབྲི་རྒྱུ་ལས་སླ་བོ་འདུག་ཨང་།
ཀླུ་སྨྱོནལགས་ཀྱི་སྙན་ངག་ནང་གི་ཆ་ཤས་ང་ལ་ཕན་ཐོགས་དང་ཡིད་འཆེས་ཐུབ་པ་ཅིག་ནི། ཁོང་གི་རྩོམ་དང་མཆན་བུ་གང་ཡིན་ཡང་། བོད་ཡིག་གི་དག་ཆར་སྐྱོན་ཕལ་ཆེར་མེད་པར་ལྟར་བྲིས་གནང་པ་འདི་ཀུན་ལ་ཡང་ཕན་ཐོགས་མེ་ཆེའམ་ཞེས་འདྲི་བར་འདོད། ང་རང་ནི་དག་ཆའི་ཆ་ལ་བློ་གྲོས་དང་བརྩོན་ཞན་ལ། དེའི་ཐོག་ལ་གཏོང་རྒྱུའི་དུས་ཚོད་ཀྱང་ཤིན་ཏུ་དབེན་པས། དེ་ལས་ལྡོག་པ་ཡིན་པས་སོ། །དེ་བས་ཀླུ་སྨྱོན་ལགས་ཀྱི་རྩོམ་བྲིས་དར་རྒྱས་ཤོག །