—–ཚེ་རིང་།
མི་དེའི་ལོ་རྒྱུས་ལ་གདེང་འཇོག་བྱེད་སྐབས། སྲིད་དོན་ཚོགས་པ་གང་ཡང་རུང་བའི་ལངས་ཕྱོགས་དང་། དུས་སྐབས་བྱེ་བྲག་པ་ཞིག་གི་བྱུང་བ་གཙོར་འདོན་བྱས་ཏེ་བལྟ་རྒྱུ་མ་ཡིན་པར། གཙོ་བོ་ནི་ཁོང་གི་མི་ཚེའི་ཧྲིལ་བོའི་ནང་དུ་ལྟ་གྲུབ་དང་ལག་ལེན་བར་ན་འགལ་ཟླ་ཡོད་མེད་དང་། སྤྱི་ཚོགས་དེར་ཕན་གནོད་ཀྱི་བྱས་འབྲས་ཅི་ཙམ་བྱུང་མིན། མི་རིགས་རིག་གཞུང་དང་བཅས་པ་ལ་བློ་སེམས་དཀར་མིན་སོགས་ནས་བལྟ་དགོས་པ་དེ་གལ་ཆེན་པོར་མཐོང་།
དེའི་ངོས་ནས་བལྟས་ན། མི་ཁྱིམ་ཧ་ཅང་ཕལ་བ་ཞིག་ནས་སྐྱེས་ཤིང་དེང་རབས་ཀྱི་སློབ་གྲྭ་འགྲིམས་ཏེ་དུས་སྐབས་དེའི་སློབ་སྦྱོང་དང་སྤྱི་ཚོགས་ཀྱི་གོ་རྟོགས། འགྲན་ཟླ་མེད་པའི་རྣམ་དཔྱོད། ལྷག་པར་ཏུ་མི་རིགས་འདིའི་ཆེད་དུ་མི་ལོ་བཅོ་བརྒྱད་རིང་བཙོན་འཇུག་གི་མནར་སྤྱོད་མྱངས་པ་རྣམས་ལ་བསམས་ན་ཁོང་གི་མི་ཚེ་ཧྲིལ་བོ་བོད་མི་རིགས་འཐབ་རྩོད་ཀྱི་ཁྲོད་ནས་འདས་ཡོད་པས། ཕྱིས་རབས་པ་རྣམས་ལ་ངོ་ནོངས་མི་དགོས་པའི་བོད་ཀྱི་མི་རིགས་རང་ལུགས་པ་ཞིག་ཡིན།
མདོ་དེད་ནས་བཤད་ན་གོང་ས་མཆོག་གི་ལམ་དབུ་མའི་ལྟ་གྲུབ་ཀྱི་རྨང་གཞི་ཡང་ཕུན་དབང་གིས་ཁོང་ལ་གཏིང་བ་ཞིག་ཡིན། མི་རིགས་འདིར་གནའ་ནས་བཟུང་ནད་རྙིང་ཞིག་ཡོད་པ་ནི་འབུར་དུ་ཐོན་པའི་སྐྱེས་ཆེན་རྒྱ་ལམ་ན་རེ་འགའ་འབྱུང་བ་ཚོར་མཚན་དམོད་དང་སྒྲོ་འདོགས་སྣ་ཚོགས་བྱས་ཏེ་ཚེ་དང་སྲོག་ལ་རྒོལ་བར་མ་ཟད་དེའི་ལོ་རྒྱུས་ཀྱང་ནག་པོ་བཟོས་ནས་ཤུལ་མེད་དུ་གཏོང་བ་འདི་ཡིན། དགེ་འདུན་ཆོས་འཕེལ་ལ་སྔོན་ཆད་གུང་ཏང་དང་ལྟ་ལོག་གི་ཉེས་པ་ཕོག་མྱོང་ལ། པཎ་ཆེན་སྐུ་གོང་མར་ཚོང་བ་རྒྱགས་པའི་མིང་བཏགས་མྱོང་། དེ་བཞིན་དུ་འདི་ལའང་རྒྱ་དམར་བོད་དུ་ཁྲིད་ཡོང་མཁན་གྱི་ཉེས་མིང་བཏགས་དང་འདོགས་ཀྱིན་ཡོད། བྱ་དངོས་དེ་ལ་ཐད་ཀར་ལྟ་བ་ནི་ཅུང་བློ་ན་མ་སྨིན་པའི་སྤྱོད་ཚུལ་ཅིག་ཡིན་པས་མིག་ཟུང་དེས་གཏིང་ཟབ་པའི་གནས་ལུགས་ངོ་མ་དེ་རྟོགས་མི་ཐུབ།
ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་འབྲེལ་ཡོད་ཀྱི་ཁོར་ཡུག སྤྱི་ཚོགས་ཀྱི་དུས་སྐབས་སོགས་མི་དེ་དང་འབྲེལ་ཡོད་ཀུན་ལ་ཞིབ་འཇུག་ནན་མོ་བྱས་ན་ག་གཟོད་སྡོམ་ཚིག་ཡང་ཡང་དག་ཅིག་རྙེད་ཐུབ་པས། རང་གིས་རང་ཉིད་ཚད་མར་བྱེད་པ་དང་གཞན་གྱི་ཟེར་སྒྲོས་རྗེས་སུ་འབྲངས་བ་རྣམས་ཀྱི་མིག་ཟུང་ལ་ནམ་ཡང་རང་གིས་མི་ཚོར་བའི་སྒྲིབ་གཡོགས་ཤིག་ཡོད། གོང་ས་མཆོག་གིས་ཐུགས་གསོའི་འཚམས་འཕྲིན་ནང་ཁོང་ལ་ཅི་འདྲའི་འདང་བརྩི་དང་བསྔགས་བརྗོད་བྱེད་བཞིན་པ་དང་། བཙོན་གྲོལ་ཐོབ་རྗེས་པཎ་ཆེན་རིན་པོ་དངོས་སུ་ཕེབས་ནས་འཚམ་འདྲིའི་སྐབས་ཀྱི་སྐད་ཆ་དང་། རྒྱ་ལོ་དོན་གྲུབ་གཙོ་བའི་སྐུ་ཚབ་བོད་ལ་འགྲོ་དུས་གོང་ས་མཆོག་གིས་ལས་བཅོལ་བྱེད་སྟངས་སོགས་ལས་ཁོང་གི་ལོ་རྒྱུས་ལ་སྐྱ་ཐིག་དཀར་བོ་ཞིག་སྔ་མོ་ནས་རྣམ་དཔྱོད་ཅན་གྱི་དམ་པ་དག་གིས་བཞག་ཟིན་ཡོད་པས་འདིར་མང་བོ་ཞིག་འབྲི་དགོས་སུ་མ་མཐོང་།
དངོསགནས་ཡག་པོ་ཞིག་བྲིས་འདུག་ཐུགས་རྗེ་ཆེ་ཞུ་འདོད་བྱུང་སོང།
བོད་དཔོན་ཡིན་ན་ལ་རྒྱ་ཡོད་པས་ཁྱབ། །
བོད་དཔོན་ཡིན་ན་རྒྱུགས་ཁྱི་མིན་པས་ཁྱབ། །
བོད་དཔོན་ཡིན་ན་རུལ་སུང་མིན་པས་ཁྱབ། །
བོད་དཔོན་ཡིན་ན་འཆི་དུས་སྐྱེས་ཆེན་ཉིད། །
རྒྱ་དཔོན་ཡིན་ན་་་་་་་་་་་་་་་་་་་་་་་་
སྤྱིར་བཤད་ན། དམར་ཤོག་རིང་ལུགས་ཀྱི་རྒྱལ་ཁ་ནི་དུས་རབས་ཤིག་གི་ཐོན་རྫས་ཡིན་པས། མི་རིགས་མང་ཆེ་བས་ཧབ་ཐོབ་བརྒྱབ་ཡོད་པ་རེད་ལ། ཕུན་དབང་ཡང་བོད་མི་ཞིག་གི་ངོས་ནས་ལྟ་གྲུབ་ཙམ་མ་ཡིན་པར་བོད་ལ་བདེ་སྐྱིད་བསྐྲུན་ཐབས་སུ་ཤུགས་བསྐྱོན་པ་བདེན་པ་རེད། ཡིན་ནའང་། ལམ་འགྲོ་ཕྱོགས་གཉིས་ནས་བྱུང་ཡོད་པ་མ་རེད།
༡ བོད་གཞུང་གིས་ཁོང་དགྲ་རུ་བཟུང་བ་རེད་ལ། ཁོང་གིས་འཛམ་གླིང་འཁྲུག་ཆེན་གཉིས་པའི་ནང་བོད་དམག་འཛུལ་ཞུགས་གནང་ཚེ་འཛམ་གླིང་ནང་བོད་ལ་ངོས་ལེན་ཡོང་ངེས་ཞུས་ཀྱང་གསན་མེད།
༢ ཕུན་དབང་ལགས་ཀྱིས་དམར་ཤོག་གི་འབྱུང་ཡུལ་རཱ་ཤི་ཡར་བསྐྱོད་ཐབས་གང་མང་གནང་ཡང་ལམ་འགྲོ་བྱུང་ཡོད་པ་མ་རེད། གལ་སྲིད་ཁོང་དེ་གར་སླེབས་ཡོད་ཚེ་བོད་འདི་བཞིན་དེང་གནས་ལས་བརྒལ་སྲིད་ཀྱང་། རྒྱ་དམར་རཱ་ཤི་ཡ་དམར་བོའི་ཚབ་མཚོན་དུ་གྱུར་བར་བརྟེན་ནས་བོད་ལ་ཆག་སྒོ་བྱུང་བ་རེད།
མདོར་དེད་ནས་བཤད་ན དམར་ཤོག་ལྟ་གྲུབ་འོག་གི་སྡུག་བསྔལ་མཐའ་དག་དུས་རབས་ཤིག་གི་ནོར་འཁྲུལ་རེད་མ་གཏོགས་ཕུན་དབང་ལྟ་བུའི་བོད་ཕན་བསྒོམ་པའི་མི་བྱེ་བྲག་པ་ཞིག་གི་ནོར་འཁྲུལ་མ་རེད།
གནམ་ལོ་ཡག་གིས་བཤད་པ་ལ་བདེན་པའི་ཆ་མང་དུ་མཆིས་། ཕུན་དབང་དང་ཁོང་གི་བརྩམས་ཆོས་ལོ་རྒྱུས་སོགས་ལ་རྒྱུས་མེད་པའི་ཡིན་ནམ་གང་ལྟར་ཡང་མང་བོ་ཞིག་གིས་ཁོང་གིས་ནོད་རྒྱལ་ཁབ་བཙོང་བ་འདྲ་ཞིག་བཤད་ནས་དམའ་འབབ་ཅི་ཐུབ་བྱེད་ཀི་འདི་ལྟ་བུའི་གོ་རྟོགས་ཅན་གྱིས་མཁས་པ་ཞིག་གིས་བོད་བཙོང་གི་ཟེར་ན་སུས་ཡིད་ཆེ
ཕུན་དབང་དམར་སྲུང་དཔའ་བོ།། དམར་དམག་བོད་ལ་བསུས་ཐལ།། དམར་པོར་རྒོལ་བའི་བོད་རྣམས།། དམར་པོ་ཁྲག་ལ་བསྲེས་ཐལ།། སྲིད་གཞུང་གཞན་ལག་ཤོར་ཐལ།། མ་ཤི་དམྱལ་བ་མྱོང་ཐལ།། མི་སེར་སྤེལ་ཡུལ་གྱུར་ཐལ།། ཕུན་གྱི་མཛད་རྗེར་ལོས་བརྩི།།