རྨ་དུང་ཟླ།
སྐུད་པ་ཆད་པའི་ཤོག་བྱ་དེ་
ད་སྐབས་ང་དང་ཁྱད་པར་མི་འདུག
བར་སྣང་ནས་ལྡིང་གིན་ལྡིང་གིན་
རླུང་ལ་བཞོན་ཏེ་གང་ལ་ཆས་འགྲོ
རླབས་ཀྱིས་བསྐྱོམ་པའི་གྲུ་ཆུང་དེའང་
དེང་སྐབས་ང་དང་ཁྱད་པར་མི་འདུག
ལག་པ་ཐལ་མོ་སྦྱར་
མིག་ཟུང་གནམ་ལ་གཏད་
དཀོན་མཆོག་ཁོ་ནར་སྐད་ཅིག་བསྐུར་བ་དེའོ་
ར་རོས་བརླན་པའི་བཟི་བོ་
ད་ལྟ་ང་རང་ངོ་མ་དེ་དང་འདྲ་བོ་འདུག
ལུས་སེམས་ཀྱི་འགུལ་བསྐྱོད་སྟོང་ཁམས་ན་གཡེང་
ཟ་བཏུང་ཙམ་ལས་
འཚོ་བ་ཟེར་བ་ཞིག་ད་དུང་རྙེད་ཀྱི་མི་འདུག
15-03-2016