འབུམ་ཤུལ་བསོད་ནམས་ལྷུན་གྲུབ།
——ཀརྨ་ཞྭ་དམར་རིན་པོ་ཆེའི་དགོངས་རྫོགས་བདུན་ཚིགས་དྲུག་པར་རྗེས་དྲན་དུ།
སྤྱི་ཚོགས་ཀྱི་མིག་ནང་གི་ཀརྨ་ཞྭ་དམར་པ།
བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་གནས་སྡོད་བྱེད་མཁན་ཞིག་དང་། དུས་རྒྱུན་སྤྱི་ཚོགས་ཀྱི་འཕོ་འགྱུར་ལ་དོ་སྣང་ཏོག་ཙམ་ཡོད་མཁན་ཞིག་ཡིན་ན། ཞྭ་དམར་རིན་པོ་ཆེ་ཟེར་དུས་གོ་མ་མྱོང་མཁན་ཞེ་དྲག་ཡོད་རྒྱུ་མ་རེད་བསམ་བཞིན་ཡོད། ལྷག་པར་ཀརྨ་པ་བཅུ་དྲུག་པོའི་ཡང་སྲིད་གཉིས་བྱུང་བ་གོ་མྱོང་མཁན་ཞིག་ཡིན་ན་ཞྭ་དམར་རིན་པོ་ཆེ་གོ་མ་མྱོང་མཁན་ཧ་ལམ་མེད་པ་ལྟ་བུ་རེད། མ་ཟད་ཞྭ་དམར་རིན་པོ་ཆེས་རྒྱལ་བ་རིན་པོ་ཆེས་ངོས་འཛིན་མཛད་པའི་ཀརྨ་པ་ཁས་མི་ལེན་པར་འབྲུག་པའི་ཕྲུ་གུ་ཞིག་ཀརྨ་པར་ངོས་འཛིན་བྱས་པ་རེད་ཟེར་ནས་སྲང་ལམ་གྱི་སྐད་ཆ་ཁུངས་མེད་ཅིག་ཤོད་བཞིན་མི་དགའ་བ་བྱེད་མཁན་ཡང་མང་པོ་རེད་ལ། ད་དུང་ཡང་ཞྭ་དམར་རིན་པོ་ཆེས་ངོས་འཛིན་མཛད་པའི་ཀརྨ་པ་མཐའ་ཡས་རྡོ་རྗེ་བོད་པ་ཡིན་པ་མི་ཤེས་མཁན་ཡོད་པ་རེད། ང་ལ་མཚོན་ན་ཞྭ་དམར་རིན་པོ་ཆེ་ཟེར་བ་གནས་སྟངས་དེ་འདྲ་ཞིག་གི་འོག་ཏུ་ཐོག་མར་གོ་བྱུང་ལ། མ་ཟད་ཐོག་མའི་ཆར་གོང་གསལ་སྐད་ཆ་དེ་ཚོ་བདེན་པར་བརྩིས་མྱོང་།
ཀརྨ་ཞྭ་དམར་པར་དོ་སྣང་བྱུང་བ།
ཕྱིས་སུ་ང་རང་དཔེ་དེབ་ཀློག་རྒྱུར་ཧ་ཅང་དགའ་བས་ཀརྨ་པའི་ཡང་སྲིད་ཀྱི་རྩོད་རྙོག་ལས་འཕྲོས་པའི་༼ཀརྨ་པའི་ཡིག་ཆ་༽ཟེར་བ་བོད་བསྒྱུར་ཞིག་དང་། ཀརྨ་པ་གོང་མའི་སྐུ་ཚ་མགོ་ལོག་ཨ་སྐྱོང་དཔོན་མགོན་ལྷའི་བུ་ཞྭ་ནག་མཛོད་པ་སྟོབས་དགའ་གཡུལ་རྒྱལ་གྱི་ཀརྨ་པའི་ཡང་སྲིད་ཀྱི་སྐོར་ལས་འཕྲོས་པའི་དེབ་༼གཏམ་སྣ་ཚོགས་ཀུན་རྟོག་གི་རི་མོ།༽ཟེར་བ་དང་། ༼ཀརྨ་པ་མཁྱེན་ནོ།༽ཟེར་བ་དང་། གཞན་ཡང་དེ་འབྲེལ་ཀརྨ་པའི་ཡང་སྲིད་ཀྱི་སྐོར་ལས་འཕྲོས་པའི་དཔེ་དེབ་དང་། དབྱིན་བོད་གཉིས་ཀྱི་དྲ་ལམ་བཅས་ཉུལ་ཀློག་བྱེད་རྒྱུ་བྱུང་ནས་ཞྭ་དམར་པའི་སྐོར་མང་ཙམ་ཤེས་རྟོགས་བྱུང་ནས་རིན་པོ་ཆེ་དངོས་སུ་མཇལ་འདོད་སྐྱེས་བྱུང་།
ཀརྨ་ཞྭ་དམར་རིན་པོ་ཆེར་ཐེངས་གསུམ་མཇལ་བ།
༢༠༠༧ ལོར་རྡ་སར་འགྲོ་སྐབས་ལྡི་ལི་ཀརྨ་པ་རྒྱལ་ཡོངས་ནང་པའི་གཙུག་ལག་སློབ་གཉེར་ཁང་དུ་ཞྭ་དམར་རིན་པོ་ཆེ་བཞུགས་འདུག་ཟེར་བ་གོ་ཐོས་ཀྱིས་མཇལ་ཁར་བཅར། དེ་སྐབས་ཞྭ་དམར་རིན་པོ་ཆེ་འདི་པ་སྤྲོས་མེད་དུ་བཞུགས་མཁན་ཞིག་དང་། ཆེ་ཚུགས་མེད་པ་ཞིག་ཏུ་མཐོང་བྱུང་བས་བཀའ་མོལ་ཞུ་བདེ་པོ་བྱུང་། སྐབས་དེར་ཁོང་གི་ཁ་གཏད་དུ་ཡོད་པའི་རྐུབ་སྟེགས་ཤིག་ཏུ་སྡོད་བཅུག་གནང་བྱུང་། རང་ཉིད་ངོ་སྤྲོད་དང་འབྲེལ་རང་གིས་བྲིས་པའི་བོད་དོན་ཆབ་སྲིད་སྐོར་གྱི་དཔེ་དེབ་གཅིག་ཡོད་པའི་དཔར་ཕུད་ཕུལ་བ་དང་། བོད་ཀྱི་གནས་སྟངས་འགའ་ཞུས་པ་ཡིན་ལ། བོད་དོན་ལ་ཐུགས་ཁུར་བཞེས་རོགས་ཅེས་ཞུས་པ་ཡིན། སྐབས་དེར་ཞྭ་དམར་རིན་པོ་ཆེས་དེབ་ཀྱི་དཔར་ཕུད་ལ་དགའ་པོ་བྱུང་། ཀློག་གི་ཡིན་གསུངས་པ་དང་། བོད་ཡིག་གི་དགེ་རྒན་སུ་ཡིན་པ་སོགས་བཀའ་འདྲི་འགའ་གནང་བྱུང་ལ། ཁོང་ཡང་རྩོམ་འབྲི་བ་ལ་དགའ་པོ་ཡོད་པ་དང་། དབྱིན་སྐད་ཐོག་ཕྱི་ལོ་ ༢༠༠༦ ལོར་མང་གཙོའི་སྐོར་དེབ་གཅིག་བྲིས་ཡོད་པ་དང་། དེབ་དེ་དགོན་པའི་དཔེ་མཛོད་ཁང་དུ་ཡོད་རྒྱུ་རེད། འདིར་མེད་པས་འབུལ་ཐུབ་མ་སོང་གསུང་གི་འདུག རྗེས་སུ་ཤེས་རྟོགས་བྱུང་བར་བོད་བརྒྱུད་ནང་པའི་དགེ་འདུན་པ་ཞིག་གིས་མང་གཙོ་རང་གི་སྐོར་ལ་བྲིས་པའི་དཔེ་དེབ་ཐོག་མ་ཆགས་ཀྱི་ཡོད་འདུག
མཇལ་འཕྲད་ཐེངས་གཉིས་པ་དེ་ ༢༠༡༡ ལོའི་དགུན་ཁ་རྡོ་རྗེ་གདན་དུ་བྱུང་། འདི་སྐབས་ཁོང་ཧ་ཅང་བྲེལ་བར་འདུག་པས་འཁྱུག་མཇལ་ཞིག་ལས་མ་བྱུང་མོད། སླར་ཡང་ང་རང་ཉིད་ཀྱིས་བྲིས་པའི་བོད་དོན་སྐོར་གྱི་དེབ་གཅིག་ཡོད་པ་དེ་ཕུལ་བ་ཡིན། དེ་ཡང་ཟླ་འགའི་སྔོན་དུ་ཞྭ་དམར་རིན་པོ་ཆེས་རྡ་སར་༧གོང་ས་མཆོག་གི་གཟིམ་ཆུང་མཇལ་ཁ་ཞུས་པ་དང་། དེ་སྐབས་༧གོང་ས་མཆོག་དང་ལྷན་དུ་སྒྲོན་པའི་སྐུ་དཔར་དེ་སྐུ་སྒེར་ཡིག་ཚང་ནས་འགྲེམས་སྤེལ་བྱོས་གསུངས་སྟབས་ཤུགས་ཆེར་བཀྲམས་ཀྱི་འདུག་ལ། ད་ལན་གྱི་མཇལ་འཕྲད་འདི་ནི་ཚང་མས་ཤེས་རྟོགས་ཡོད་པའི་ཡོངས་གྲགས་ཀྱི་མཇལ་འཕྲད་དམིགས་བསལ་བ་ཞིག་ཡིན་འདུག བར་ལམ་ཞྭ་དམར་རིན་པོ་ཆེར་མཇལ་འདོད་ཡོད་མཁན་མང་པོ་ཞིག་དེ་སྔ་གཞན་གྱིས་ཧ་མི་གོ་བ་བྱས་ནས་མཇལ་གྱི་ཡོད་ཀྱང་། ད་ཆ་མངོན་གསལ་དོད་པོས་མཇལ་ཁར་བཅར་ཐུབ་པའི་གནས་སྟངས་ཤིག་ཏུ་འདུག་པས་ཧ་ཅང་བྲེལ་བ་ཚ་པོ་རེད་འདུག ཞྭ་དམར་རིན་པོ་ཆེ་ ༡༩༩༣ ལོའི་ཀརྨ་བཀའ་བརྒྱུད་ཀྱི་ནང་ཁུལ་རྩོད་རྙོག་ལྷགས་པའི་རྗེས་སུ་༧གོང་ས་མཆོག་ལ་ས་གནས་གཞན་དུ་ཐེངས་འགར་མཇལ་འཕྲད་ཞུས་ཡོད་འདུག
མཇལ་ཁ་གསུམ་པ་དེ་ལྡི་ལིར་ཀརྨ་པ་རྒྱལ་ཡོངས་ནང་པའི་གཙུག་ལག་སློབ་གཉེར་ཁང་དུ་ ༢༠༡༢ ལོར་ཞུ་རྒྱུ་བྱུང་། འདི་སྐབས་གུས་པས་ཕྱོགས་བསྒྲིགས་དང་འགྲེམས་སྤེལ་བྱེད་བཞིན་པའི་བོད་དོན་སྐོར་གྱི་དཔེ་དེབ་གཅིག་ཡོད་པ་དེ་ཕུལ་བ་དང་། བོད་དོན་ཐུགས་ཁུར་ཡོང་བའི་གཞེན་སྐུལ་དང་། ཀརྨ་པ་ནི་བོད་ཀྱི་བླ་མ་ཡིན་སྟབས་ཁྱེད་རྣམ་པ་སྟོན་འཁོར་དང་བཅས་པ་བོད་པའི་སྤྱི་ཚོགས་སུ་འབྲེལ་ལམ་མང་ཙམ་འཛིན་དགོས་པ་སོགས་སྤྱི་དོན་བསམ་འཆར་འགའ་ཞུས་པ་ཡིན། དེ་སྐབས་ཞྭ་དམར་རིན་པོ་ཆེ་མཆོག་གིས་བཀའ་ལན་ཕེབས་གསལ་དུ། ང་དང་ཀརྨ་པ་མཐའ་ཡས་རྡོ་རྗེ་གཉིས་ནི་བོད་པའི་སྤྱི་ཚོགས་ཀྱི་ཁྱུར་མ་ཚུད་པར་ཡོད་པ་ལས། ང་ཚོ་བོད་པའི་སྤྱི་ཚོགས་ནས་ཁ་བྲལ་ནས་འགྲོ་རྒྱུའི་བསམ་པ་མེད་སྐོར་སོགས་བློ་ཕམ་གྱི་རྣམ་པ་དང་བཅས་གསུང་གི་འདུག་ལ། འདི་སྐབས་བཀའ་མོལ་གནང་དུས་བློ་ཕམ་ཡིད་ཆད་ཀྱི་རྣམ་པ་ཤུགས་ཆེན་མཐོང་བྱུང་། དེར་བརྟེན་མཇལ་འཕྲད་འདི་ནི་གྲང་སིང་སིང་གི་མཇལ་འཕྲད་ཅིག་ཏུ་གྱུར་སོང་ལ། མཇལ་འཕྲད་མཐའ་མ་དེར་གྱུར་སོང་།
ཀརྨ་ཞྭ་དམར་པའི་གཟིམ་ཆུང་།
ཐེངས་གཅིག་གུས་པ་རྒྱ་གར་ཀ་སྦུག་ཏུ་ཕྱིན་པ་ཡིན། དེ་སྐབས་ཀ་སྦུག་ཏུ་ཞྭ་དམར་རིན་པོ་ཆེ་བཞུགས་མི་འདུག་ཀྱང་། དེ་གར་ཡོད་པའི་ཞྭ་དམར་རིན་པོ་ཆེའི་གཟིམ་ཆུང་མཇལ་བར་ཕྱིན་པ་ཡིན། ཁོང་གི་གཟིམ་ཆུང་དེ་ནི་རྒྱས་སྤྲོས་གང་ཡང་མེད་པ་ཞིག་དང་། མཇལ་འཕྲད་ཁང་དུ་འཛམ་གླིང་ཡུལ་གྲུ་གང་སར་ཕེབས་སྐབས་སྒྲོན་པའི་སྐུ་དཔར་གྱི་དཔར་མཛོད་ཅིག་འདུག མཇལ་པ་ཚོས་སྐུ་དཔར་ལ་ལྟ་ཆོག་གི་ཡོད་པ་འདྲ། གང་ལྟར་ང་རང་ལ་སྐུ་དཔར་བལྟ་ཡག་གི་གོ་སྐབས་ཐོབ་པས་གང་འཚམས་བལྟས་པ་ཡིན། གང་སར་སློབ་ཚོགས་དང་ལྷན་དུ་སྒྲོན་པ་དང་། ཁེར་བུར་སྒྲོན་པ་སོགས་འདུག འདྲ་དཔར་ཧ་ཅང་མང་པོ་འདུག་པས་ཆ་ཚང་ནི་བལྟ་ཐུབ་མ་སོང་། དེ་སྐབས་ཁོང་གི་སྒོམ་སྒྲུབ་གནང་ས་མཇལ་རྒྱུ་བྱུང་ཞིང་། སྒོམ་སྒྲུབ་གནང་ས་དེར་ཁོང་གི་རྩ་བའི་བླ་མ་ཀརྨ་པ་བཅུ་དྲུག་པ་ཆེན་པོའི་སྐུ་དཔར་དམིགས་བསལ་བ་ཞིག་འདུག གཞན་བླ་མ་འདྲ་མིན་གྱི་སྐུ་དཔར་སོགས་གང་ཡང་མི་འདུག དེའི་མདུན་དུ་བཞུགས་གདན་མི་གཅིག་ལྷོད་སྡོད་ཆོག་པ་ཞིག་འདུག དེ་ནི་ཁོང་གི་ཉམས་ལེན་གནང་ས་ཡིན་འདུག ཧ་ཅང་སྤྲོས་མེད་ཅིག་འདུག གཟིམ་ཆུང་གི་ཕྱི་རོལ་གྱི་མཐའ་སྐོར་ལ་ས་སྟོང་རྒྱ་ཆེ་ཙམ་དང་མེ་ཏོག་སྣ་ཚོགས་འདུག ཞྭ་དམར་རིན་པོ་ཆེ་བཞུགས་སྐབས་ཁོང་རང་གིས་མེ་ཏོག་འདེབས་ལས་གནང་གི་རེད་ཟེར་གྱི་འདུག མ་ཟད་ཀ་སྦུག་དིཝཱ་ཀར་བཤད་གྲྭའི་དགེ་འདུན་པ་ཚོར་ཁོང་ཉིད་རྩ་ཐང་ཐོག་བཞུགས་བཞིན་རྩོད་རྒྱུགས་བཞེས་གནང་གི་ཡོད་པ་དང་། བཤད་གྲྭ་པ་ཚོ་དང་མཉམ་དུ་རྩོད་པ་ཡང་སྐྱོན་གྱི་རེད་ཟེར་གྱི་འདུག གནམ་གཤིས་ཡག་པོ་ཡོད་དུས་རྭ་སྐོར་ནང་སྐུ་སྟོད་དམར་ཧྲེང་མར་བཞུགས་ཀྱི་རེད་ཟེར་གྱི་འདུག
སྡེ་ཚན་གསུམ་གྱི་སྒོ་ནས་ཞྭ་དམར་རིན་པོ་ཆེའི་ལོ་རྒྱུས་གླེང་བ།
དེ་ལྟར་ཞྭ་དམར་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པར་མཇལ་འཕྲད་ཚར་འགའ་དང་། འདི་ཡི་སྐུ་ཚེའི་སྐོར་ལ་ཕྱོགས་གང་ས་ནས་དོ་སྣང་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བ་མདོར་བསྡུས་ཤིག་སྡེ་ཚན་གསུམ་དུ་བགོས་ནས་ཞུས་ན།
དང་པོ། ཞྭ་དམར་པ་བཅུ་བཞི་པའི་སྐུ་ཚེ་ཧྲིལ་པོའི་ལོ་རྒྱུས་ཤེས་རྟོགས་བྱུང་བ་ནི།
ཀརྨ་ཞྭ་དམར་པ་སྐུ་ཕྲེང་བཅུ་བཞི་པ་མི་ཕམ་ཆོས་ཀྱི་བློ་གྲོས་མཆོག་ནི་ ༡༩༥༢ ལོར་སྡེ་དགེ་འདན་ཁོག་ཏུ་ཨ་ཐུབ་ཚང་གི་སྲས་སུ་འཁྲུངས་པ་དང་། ༡༩༥༧ ལོར་ཀརྨ་པ་བཅུ་དྲུག་པས་ཞྭ་དམར་སྐུ་ཕྲེང་བཅུ་བཞི་པར་ངོས་འཛིན་མཛད། ༡༩༦༣ ལོར་༧གོང་ས་མཆོག་ལ་ལོ་རྒྱུས་དམིགས་བསལ་བའི་རང་བཞིན་འདིར་གཞུང་འབྲེལ་ཆོག་མཆན་ཞུས་ཏེ་རུམ་སྟེགས་དགོན་པ་རྙིང་པར་ཁྲི་སྟོན་མཛད། ༡༩༨༡ བར་ཀརྨ་པ་བཅུ་དྲུག་པའི་གམ་དུ་བཞུགས་ནས་བཀའ་ཆོས་ཞུ་བ་དང་གསན་བསམ་སློབ་གཉེར་མཛད། ༡༩༨༢ ལོར་ཟླ་བ་བཅུའི་རིང་ U.C. Berkeley ཟེར་བའི་མཐོ་སློབ་ཏུ་དབྱིན་སྐད་ཆེད་དམིགས་སྦྱོང་བརྡར་གནང་། ཀརྨ་པ་བཅུ་དྲུག་པའི་མཛད་ཕྱོགས་ཀྱི་རྗེས་སུ་འབྲངས་ཏེ་བསྟན་དགོན་འཛིན་སྐྱོང་དང་། འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་ཀརྨ་བཀའ་བརྒྱུད་ཀྱི་ཆོས་ཚོགས་ཁག་ཏུ་ནང་ཆོས་དར་སྤེལ་སོགས་ཆོས་ཕྱོགས་ཁོ་ནའི་མཛད་པ་བསྐྱངས། ༡༩༩༤ ལོར་ཀརྨ་པ་བཅུ་བདུན་པ་འཕྲིན་ལས་མཐའ་ཡས་རྡོ་རྗེ་ངོས་འཛིན་བདག་སྤྲོད་གནང་། ༡༩༩༦ ལོ་ནས་འཛམ་གླིང་གི་གླིང་ཕྲན་ལྔའི་ཁྱོན་དུ་ཁྱབ་པའི་བྱང་ཆུབ་ལམ་ཆོས་ཚོགས་སམ་ Bodhi Path ཟེར་བའི་ཆོས་ཚོགས་གསར་འཛུགས་ཀྱིས་དེ་དག་གི་ཆོས་ཕྱོགས་ཀྱི་མཛད་འཕྲིན་དང་དབུ་ཁྲིད་དགོངས་པ་མ་རྫོགས་བར་བསྐྱངས་གནང་མཛད། ༢༠༠༥ ལོར་བལ་ཡུལ་རྒྱལ་སའི་ཉེ་འགྲམ་དུ་ཞྭ་དམར་པའི་གདན་ས་གསར་པ་ཤར་མི་ནུབ་དགོན་གསར་འཛུགས་བསྐྱངས་པ་དང་། དགོན་འདིར་འཛུལ་ཞུགས་གནང་མཁན་ཚང་མས་འདུལ་བ་གཞི་གསུམ་གཙོ་བོར་གྱུར་པའི་འདུལ་བའི་ཕྱག་ལེན་ཕྲ་ཞིབ་དང་། ནཱ་རོ་ཆོས་དྲུག ཕྱག་ཆེན་བཅས་ཉམས་ལེན་དགོས་པའི་དགོན་པ་ཧ་ཅང་ཁྲིམས་དམ་པོ་ཡོད་པ་ཞིག་ཡིན་པ་རེད། ༢༠༠༦ ལོར་མང་གཙོའི་སྐོར་ལ་དབྱིན་སྐད་ཐོག་ཕྱག་དེབ་ Creating a Transparent Democracy: A New Model (2006) ཟེར་བ་གསར་རྩོམ་འགྲེམས་སྤེལ་གནང་། ༢༠༠༩ ལོར་འཆད་ཁ་བ་ཡེ་ཤེས་རྡོ་རྗེའི་བློ་སྦྱོང་དོན་བདུན་མར་འགྲེལ་བ་དབྱིན་སྐད་ཐོག་ཕྱག་དེབ་ In the Path to Awakening (2009) ཟེར་བ་གསར་རྩོམ་འགྲེམས་སྤེལ་གནང་། ༢༠༡༢ ལོར་ཀརྨ་པ་བཅུ་པའི་སྐུ་ཚེའི་སྐོར་ལ་དབྱིན་སྐད་ཐོག་ཕྱག་དེབ་ THE LIFE AND TIMES OF THE TENTH KARMAPA ཟེར་བ་གསར་རྩོམ་འགྲེམས་སྤེལ་གནང་། ༢༠༡༣ ལོར་༼ཀརྨ་པ་རིག་པའི་རྡོ་རྗེའི་སྐུ་ཚེའི་རྣམ་ཐར་ལ་བསྟོད་པ་ཀུནྡའི་ཕྲེང་བ་ཞེས་པ་ལས་ལོ་རྒྱུས་དང་འབྲེལ་བའི་ཚིག་དོན་རྣམས་གསལ་བར་བཀྲལ་བ་ཀུནྡའི་དྲི་བསུང་༽ཞེས་པ་བོད་སྐད་ཐོག་གསར་རྩོམ་དང་འགྲེམས་སྤེལ་གནང་། དེ་བཞིན་ལོ་མང་རིང་ཀརྨ་པ་བཅུ་དྲུག་པའི་གདན་ས་རུམ་སྟེགས་དགོན་པའི་ཁྲིམས་མཐུན་འཛིན་སྐྱོང་གི་དོན་ལ་རྒྱ་གར་གྱི་ཁྲིམས་ཁང་ཁག་ཏུ་ཞུ་གཏུགས་ཁ་མཆུ་འགྲོ་བཞིན་པ་དེར་ཞྭ་དམར་རིན་པོ་ཆེ་ཁོང་ཉིད་བཅར་ནས་ཁྲིམས་གཏུགས་གནང་གི་ཡོད་འདུག
གཉིས་པ། ཀརྨ་པ་བཅུ་དྲུག་པའི་ཡང་སྲིད་དང་། ཞྭ་དམར་རིན་པོ་ཆེ།
ཀརྨ་ཞྭ་དམར་པ་རིན་པོ་ཆེའི་སྐུ་ཚེ་འདིར་ཁོང་གིས་དམིགས་བསལ་ཀརྨ་པ་བཅུ་དྲུག་པའི་ཡང་སྲིད་ཀྱི་དོན་ལ་དཀའ་ངལ་མང་པོ་ཞིག་ལ་གདོང་གཏད་ཡོད། གནས་ཚུལ་འདི་འཛམ་གླིང་གི་ནང་བསྟན་ལོ་རྒྱུས་དང་། ལྷག་པར་བོད་བརྒྱུད་ནང་བསྟན་གྱི་འཕེལ་རིམ་དེབ་ཐེར་ཁག་ཏུ་ཇི་སྲིད་བར་གནས་རྒྱུ་ཞིག་ཆགས་ཟིན་པས་གཤམ་ལ་དེའི་སྐོར་མདོར་བསྡུས་ཤིག་ད་ལན་ཁོང་གི་སྐོར་དང་འབྲེལ་ཆགས་ཀྱི་ཆ་ནས་ཞུ་རྒྱུར།
དེ་ཡང་ཕྱི་ལོ་ ༡༩༩༣ ལོའི་ཕྱི་ཟླ་ ༠༣ ཚེས་ ༡༩ ཉིན་སི་ཏུ་རིན་པོ་ཆེ་པདྨ་དོན་ཡོད་ཉིན་བྱེད་མཆོག་གིས་ཀརྨ་པ་བཅུ་དྲུག་པ་ཆེན་པོའི་ཞལ་ཆེམས་རྙེད་སོན་བྱུང་གསུངས་ནས་ཡི་གེ་ཞིག་བསྟན་གནང་བ་དང་། ཞལ་ཆེམས་ཕྱག་བྲིས་དེ་རྫུན་མ་ཡིན་པའི་གླེང་རྙོག་ལྷགས་ནས་ཚན་རིག་བརྟག་དཔྱད་དགོས་པའི་བསམ་ཚུལ་བྱུང་ཡང་། སི་ཏུ་རིན་པོ་ཆེ་ནས་ཚན་རིག་བརྟག་དཔྱད་ལ་ཞལ་བཞེས་མ་གནང་བ་དང་། རྗེས་སུ་ཞྭ་དམར་རིན་པོ་ཆེས་དགོས་འདུན་ལ་ངང་འཐེན་མཛད།
སི་ཏུ་རིན་པོ་ཆེས་བསྣམས་ཕེབས་པའི་ཀརྨ་པ་སྐུ་གོང་མའི་ཞལ་ཆེམས་ཡིན་ཟེར་བ་དེ་གཞི་ལ་བཞག་ནས་རྒྱ་ནག་གཞུང་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་གཉིས་ཀས་ཀརྨ་པ་ཨོ་རྒྱན་འཕྲིན་ལས་མཆོག་ལ་གཞུང་འབྲེལ་ངོས་ལེན་ཆོག་མཆན་གནང་། དེ་རྗེས་ ༡༩༩༤ ལོར་ཞྭ་དམར་རིན་པོ་ཆེ་མཆོག་གིས་ཆོས་ཕྱོགས་ཀྱི་རྩ་དོན་གཞིར་བཞག་གིས་ཡང་སྲིད་འཁྲུལ་མེད་ཡིན་ཅེས་གསུངས་ཏེ། ཁམས་རྫ་ཆུ་ཁའི་འཇུ་མོ་ཧོར་དགོན་གྱི་དགོན་བདག་འཇུ་མི་ཕམ་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་རྣམ་རྒྱལ་རྒྱ་མཚོ་དང་། སྡེ་དགེ་རག་ཆབ་ཨ་རིག་གདམ་པ་བདེ་ཆེན་དབང་མོ་གཉིས་ཀྱི་སྲས་བོད་ཀྱི་རྒྱལ་ས་ལྷ་སར་འཁྲུངས་པ་འཕྲིན་ལས་མཐའ་ཡས་རྡོ་རྗེ་མཆོག་ཀརྨ་པ་བཅུ་བདུན་པར་ངོས་འཛིན་བདག་སྤྲོད་གནང་། ཞྭ་དམར་རིན་པོ་ཆེས་འདི་ལྟར་གནང་སྐབས་གནས་སྟངས་གང་འདྲ་ཞིག་ལ་གདོང་ལེན་གནང་དགོས་ཀྱི་ཡོད་པ་མཁྱེན་བཞིན་དུ་གནང་བ་དེ་ཧ་ཅང་གསལ་པོ་རེད་ལ། ཞྭ་དམར་རིན་པོ་ཆེའི་མཛད་ཕྱོགས་འདིས་ཁོང་རྩ་དོན་ག་རེ་གཙོ་བོར་བཞག་ནས་ཕྱག་ལས་གནང་མཁན་ཞིག་ཡིན་པ་དེ་གསལ་པོ་བཟོས་ཤེས་རྟོགས་བྱེད་ཐུབ་པ་འདུག་སྙམ།
སྤྱིར་བཏང་དེང་སང་མང་པོ་ཞིག་གིས་ཀརྨ་པའི་ཡང་སྲིད་༧གོང་ས་མཆོག་གིས་ངོས་འཛིན་གནང་བ་རེད། དེ་ལ་ཞྭ་དམར་པས་ཁ་གཏད་དུ་ཀརྨ་པ་གཞན་པ་ཞིག་ངོས་འཛིན་བྱས་པ་རེད་ཟེར་གྱི་འདུག དོན་དངོས་སུ་༧རྒྱལ་བ་རིན་པོ་ཆེ་མཆོག་གི་མཚན་དོན་གཉིས་ཀ་ཀརྨ་པའི་ཡང་སྲིད་ངོས་འཛིན་ཐེ་བྱུས་ནང་མེད་ཅེས། ཀརྨ་པའི་ཡང་སྲིད་རྣམ་གཉིས་རྒྱ་གར་དུ་ཞབས་སོར་འཁོད་ཟིན་པའི་རྗེས་སུ་སྐུ་སྒེར་ཡིག་ཚང་ནས་ལས་ཤོག་ཐོག་གསལ་པོ་བཟོས་ཡོད་པ་རེད། གོང་ཞུས་བཞིན་སི་ཏུ་རིན་པོ་ཆེ་མཆོག་གིས་བདག་སྤྲོད་གནང་བ་དེར་ཀརྨ་པར་གཞུང་འབྲེལ་ངོས་ལེན་ཆོག་མཆན་གནང་བ་རེད་ལ། དེ་མཚུངས་ཞྭ་དམར་རིན་པོ་ཆེས་ངོས་འཛིན་མཛད་པ་དེ་ལ་ཡང་ཀརྨ་པའི་མཚན་ཐོག་ནས་༧གོང་ས་མཆོག་གིས་དགེ་ཚུལ་བསྒྲུབ་ཡག་ཞལ་བཞེས་གནང་ཡང་བཀག་འགོག་བྱེད་མཁན་བྱུང་ནས་བསྒྲུབ་རྒྱུ་མ་བྱུང་བ་རེད།
གསུམ་པ། ཞྭ་དམར་རིན་པོ་ཆེའི་སྐུ་གདུང་དང་། བལ་གཞུང་།
ཀརྨ་ཞྭ་དམར་རིན་པོ་ཆེ་མཆོག་དེ་ལྟ་བུའི་དཀའ་ཁག་ཆེ་བའི་ལམ་བུ་ཞིག་བརྒྱུད་ནས་བོད་ལུགས་དགུང་གྲངས་ ༦༢ བཞེས་པ་ ༡༡/༠༦/༢༠༡༤ ཉིན་འཇར་སྨན་བྱང་ཆུབ་ཆོས་ཚོགས་སུ་མགུལ་གྱི་ཁྲག་རྩ་འགག་ནས་དགོངས་པ་རྫོགས་ཡོད་པ་དང་། ཁོང་གི་སྐུ་གདུང་དེ་ཀརྨ་པ་མཐའ་ཡས་རྡོ་རྗེ་མཆོག་གིས་འཇར་མན་ནས་རྒྱ་གར་ལྡི་ལི་ཀརྨ་པ་རྒྱལ་ཡོངས་ནང་པའི་གཙུག་ལག་སློབ་གཉེར་ཁང་དང་། དེ་རྗེས་ཀ་སྦུག་དིཝཱ་ཀར་བཤད་གྲྭར་གདན་ཞུ་གནང་ཡོད་པ་རེད། མཐའ་མ་སྐུ་གདུང་བལ་ཡུལ་ཤར་མི་ནུབ་དགོན་དུ་གདན་འདྲེན་གྱིས་ཞུགས་འབུལ་ཞུ་ཡག་ལ་བལ་ཡུལ་གཞུང་གིས་ཆོག་མཆན་སྤྲད་ཡོད་ཀྱང་གློ་བུར་བལ་གཞུང་གིས་ཕྱིར་འཐེན་གནང་བ་རེད། གནས་ཚུལ་དེ་གསར་ལམ་ཁག་ཏུ་གླེང་སློང་བྱུང་ནས། བལ་གཞུང་གིས་ཞྭ་དམར་རིན་པོ་ཆེ་འབྲུག་གི་མི་སེར་ཡིན་འདུག་པས་ཕྱི་རྒྱལ་མི་སེར་གྱི་ཕུང་པོ་བལ་ཡུལ་དུ་འཁྱེར་ཡག་ལ་ངོས་ལེན་བྱེད་མ་ཐུབ་པས་ཡིན་སྐོར་བཤད་ཡོད། འོན་ཀྱང་གསར་ལམ་ཁག་ཏུ་ཞྭ་དམར་རིན་པོ་ཆེའི་སྐུ་ཕུང་གདན་ཞུ་བཀག་འགོག་བྱེད་དོན་ནི་རྒྱ་ནག་གིས་བལ་གཞུང་ལ་གནོན་ཤུགས་སྤྲད་པ་ཞིག་ཡིན་སྐོར་དང་། སྐུ་གདུང་གདན་ཞུའི་སྐབས་ཏཱ་ལའི་བླ་མའི་སྐུ་ཚབ་བཅར་གྱི་ཡོད་པ་བཅས་ཀྱིས་ཡིན་སྐོར་ཐོན་ཡོད། གོང་ཞུས་དོན་ཚན་དེ་ཚོར་རྒྱུ་མཚན་སྣ་རེ་ཡོད་པ་རེད། ཀརྨ་པ་བཅུ་དྲུག་པས་འབྲུག་རྒྱལ་ལ་ཞུས་པ་བརྒྱུད་ཞྭ་དམར་རིན་པོ་ཆེར་འབྲུག་གི་མི་སེར་ཕྱག་ཁྱེར་ཡོད་པ་རེད། འོན་ཀྱང་ཞྭ་དམར་རིན་པོ་ཆེ་ནི་དེ་སྔའི་བལ་ཡུལ་གྱི་རྒྱལ་པོ་དང་། བལ་ཡུལ་གྱི་གནད་ཡོད་མི་སྣ་ཧ་ཅང་མང་པོར་འབྲེལ་ལམ་ཡོད་པ་ཞིག་དང་། དུས་རྒྱུན་དུ་བལ་ཡུལ་ལ་ཡང་ཡང་ཕེབས་ཀྱི་ཡོད་པ་རེད། གཞན་ཞྭ་དམར་རིན་པོ་ཆེས་རྒྱ་ནག་གཞུང་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་ཆོག་མཆན་གནང་བའི་ཨོ་རྒྱན་འཕྲིན་ལས་མཆོག་ཀརྨ་པར་མངའ་གསོལ་ཡོད་བཞིན་དུ། ཀརྨ་པ་མཐའ་ཡས་རྡོ་རྗེ་ངོས་འཛིན་མཛད་སྟབས། ད་ལན་རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲད་པ་ཞིག་ཡིན་སྲིད་པ་རེད། ཡང་ཞྭ་དམར་རིན་པོ་ཆེའི་སྐུ་གདུང་གདན་ཞུའི་སྐབས་ཏཱ་ལའི་བླ་མའི་སྐུ་ཚབ་བཅར་གྱི་ཡོད་པ་ཟེར་བ་འདི་ཡང་བདེན་ཤས་ཆེ། གང་ཡིན་ཟེར་ན་ཉེ་སྔོན་ཞྭ་དམར་རིན་པོ་ཆེ་སྐུ་གྲོངས་པར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་མྱ་ངན་གུས་འདུད་ཞུས་པ་རེད། གང་ལྟར་ད་ལན་སྐུ་ཕུང་བལ་ཡུལ་དུ་གདན་ཞུ་མ་ཐུབ་པ་དེའི་རྒྱབ་ན་ཕྱི་ནང་སུ་ཞིག་ཡོད་མིན་ལ་དོགས་པ་བྱེད་མཁན་འདུག་ལ། ཁོང་གི་སྐུ་ཚེའི་འགྲུལ་བཞུད་དེས་དོགས་པ་ཟ་ཆོག་པ་ཞིག་ཀྱང་ཆགས་ཡོད་པ་རེད།
མཐའ་དོན་ཞྭ་དམར་རིན་པོ་ཆེ་འདི་བ་ཚང་གིས་རྒྱ་བོད་གཉིས་སུ་གང་གི་ངོ་མ་ལོན་པར་གང་སར་ཁ་རྡུང་གི་རླུང་དམར་དཀྲིགས་པའི་དཀྱིལ་དུ་ཨུ་ཚུགས་ཆེན་པོས་ཕེབས་གནང་བའི་རྒྱུ་མཚན་གཙོ་བོ་གང་ཡིན་པ་དེ་ནས་ང་ཚོས་ཞྭ་དམར་རིན་པོ་ཆེ་ལ་དོ་སྣང་བྱེད་འགོ་འཛུགས་དགོས་པ་ཞིག་རེད་སྙམ།
༼གོང་གི་སྐུ་པར་ཁག་གི་གསལ་བཤད།༽
༡ ཞྭ་དམར་རིན་པོ་ཆེས་མེ་ཏོག་འདེབས་བཞིན་པ།
༢ ཞྭ་དམར་རིན་པོ་ཆེས་བརྩམས་གནང་བའི་དབྱིན་དེབ་ཀྱི་མདུན་ཤོག
༣ ཞྭ་དམར་རིན་པོ་ཆེས་བརྩམས་གནང་བའི་བོད་དེབ་ཀྱི་མདུན་ཤོག
༤ ཀརྨ་པ་འཕྲིན་ལས་མཐའ་ཡས་རྡོ་རྗེ་མཆོག་དང་། ཞྭ་དམར་རིན་པོ་ཆེ་ལྷན་བཞུགས།
༥ ཀརྨ་པ་མཐའ་ཡས་རྡོ་རྗེ་མཆོག་ནས་ཞྭ་དམར་རིན་པོ་ཆེའི་སྐུ་གདུང་ལ་གསོལ་འདེབས་གནང་བཞིན་པ།
ཤིན་ཏུ་ལེགས་སོ།
ཞ་དམར་རིན་པོ་ཆེས་སྔོན་ལ་ཨུ་རྒྱན་འཕྲིན་ལས་མཆོག་ངོས་འཛིན་གནང་། རྗེས་ལ་གློ་བུར་བློ་སྒྱུར་བ་ཕྱིན་པ་རེད་ཟེར། དེ་བདེན་པ་རེད་པས།
http://www.tibettimes.net/news.php?showfooter=1&id=9098
གོང་བཀོད་དྲ་ཐག་འདི་རྙོག་དྲ་འདི་དག་གི་ལན་དག་ཤོས་དེ་རེད།
དེ་འདྲའི་ཡག་པོ་བྲིས་གནང་འདུག་ངོ་མ་ཕ་བཟང་བུ་རང་རེད་འདུག
ངོ་མ་ཡག་པོ་བྲིས་འདུག །མཆན་ཨང་༢པ་བསམ་ཤེས་འདྲི་བ་ལ། རེད་ཁོང་གིས་དང་ཐོགས་སི་ཏུ་རིན་པོ་ཆེས་སྟོན་པའི་འདའ་ཁའི་ཞལ་འཆེམས་ལ་ཐེ་ཚོམ་བྱུང་ཡིན་ཡང་ད་ངེས་ཤེས་བརྟན་པོ་རྙེད་པའི་དེ་ལ་ངོས་ལེན་ཡོད་གསུང་པའི་ཕྱག་རྟགས་གནང་བས་ཡི་གེ་དང་སྤང་པོར་ཨོ་རྒྱན་སྤྲུལ་སྐུ་རིན་པོ་ཆེ་བཞུགས་ཡོད་འདུག།
ཞིབ་འཇུག་རང་བཞིན་ལྡན་པའི་སྒོ་ནས་ཧ་ཅང་ཡག་པོ་བྲིས་འདུག་པས་ཡི་རངས་ལོས་ཞུ།
མངོན་པར་བསྟོད་དོ། གཟུར་གནས་དང་། གནས་ལུགས་སོགས་གང་ཅི་ཐད་ནས་རིན་ཐང་ལྡན་པ་ཞིག་རེད་འདུག་་
༡༩༥༩ ལ་གནང་བའི་ལུང་བསྟན་ཁྲ་གུའི་ཡིག་ཆ་གསར་པ་དང་བཅུ་དྲུག་པའི་འདའ་ཁའི་ཞལ་ཆེམས་རྫུན་མ་ར་སྤྲོད་མ་བྱུང་བར་ཀུན་གཟིགས་ཞྭ་དམར་དཀྲུངས་པ་ཀོང་སྤྲུལ་ནང་བཞིན་སོང་བར་བློ་ཕམ་ཡོད། ད་དུང་ཞྭ་དམར་བཅོ་ལྔ་པའི་ཡས་སྲིད་ལ་ལག་འཆང་འཆར་ནི་ངོ་མ་ལས་འབྲས་མེད་པའི་ལས་ཁང་མ་ཡིན་ནམ།
རྩོམ་པ་པོ་ལ་ཐུགས་རྗེ་ཞུ་བ་དང་ཞོར་དུ་སྐད་ཆ་ཚིག་གསུམ་ཞུ་ཆོག་པར་ཞུ།
རྩོམ་པ་པོ་མཆོག་དང་། ཞྭ་དམར་རིན་པོ་ཆེ་མཆོག་གཉིས་ཐེངས་མང་ཞལ་མཇལ་བྱུང་སྐོར་གསལ་པོར་གསུངས་འདུག་ལ། ལྷག་པར་དུ་ཞྭ་དམར་རིན་པོ་ཆེ་བོད་ཀྱི་སྤྱི་ཚོགས་ལས་ཟུར་ལ་ཐོན་ཡོད་པའམ་སྟོན་ཡོད་པའི་གནད་དོན་ཐད་ཞྭ་དམར་རིན་པོ་ཆེ་མཆོག་ཐུགས་ཕམ་ཆེན་པོ་བྱུང་ཡོད་སྐོར་ཞྭ་དམར་རིན་པོ་ཆེ་ཡིས་ཞལ་ནས་གསུངས་ཡོད་སྐོར་འཁོད་འདུག་མོད། ཡང་སྙིང་དོན་ངོ་མ་གང་གསུངས་ཡོད་མེད་གང་ཡང་འཁོད་མི་འདུག་པས། གོང་ཞུས་རྩོམ་དེ་ལ་རིན་ཐང་སླེབས་ཆེད། སྐུ་གྲོངས་ཟིན་པའི་ཞྭ་དམར་རིན་པོ་ཆེ་ཡིས་ཞལ་ནས་གང་གསུངས་ཡོད་པ་དེ་ཇི་མ་ཇི་བཞིན་ང་ཚོར་མཁོ་འདོན་གནང་ཐུབ་ན་དགེ་མཚན་ཡོད་པར་སྙམ།
རྩོམ་པ་པོས་༧རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པའི་ཡང་སྲིད་རྣམ་པ་གཉིས་ཀྱི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་བརྒྱུད་རིམ་ཞིག་འབྲི་རྩིས་་གནང་འདུག་ཡང་། ཕྱོགས་གཉིས་ཀའི་གནས་ཚུལ་རྣམས་ཁ་གསལ་མི་འདུག་ལ་ཆ་ཚང་བ་ནི་དེ་བས་མི་འདུག
གོང་གི་བརྩམ་ཆོས་དེ་བཀླགས་ཚར་ཙམ་ལ་གུས་པའི་སྣང་བའི་ཡོ་བར་འཆར་སྣང་ཞིག་རང་ཤུགས་ཀྱིས་སླེབས་བྱུང་། དེ་ནི་གཅིག་བྱས་ན་རྩོམ་པོས་གསུངས་འདོད་པ་ནི་ཞྭ་མར་པ་མཆོག་སྐུ་གྲོངས་པ་དེ་ལ་རྒྱབ་ལྗོངས་ཀྱི་གནད་དོན་གཞན་ཡོད་པ་རེད་དགོངས་བཞག རྒྱུ་མཚན་དེ་ནི་རང་ཉིད་ཀྱི་དགའ་ཕྱོགས་ཀྱི་མི་ཞིག་འདས་ཟིན་རྗེས་ལྐོག་འགྱུར་གྱི་རྒྱུ་མཚན་མང་པོ་ཞིག་བདེན་ཕྱོགས་སུ་རག་ཐབས་བྱེད་པ་དེ་རེད་སྙམ།
ཚང་མར་དགོངས་འགལ་མེད་པ་ཞུ་རྒྱུ་ཞིག་ལ། གོང་དུ་༡༩༩༣ ཞེས་བྲིས་པ་དེ་ཡི་གེ་བཏགས་ནོར་ཤོར་འདུག ༡༩༩༢ ལ་བཅོས་རོགས།
བསམ་ཤེས་ལགས་ཀྱིས་གསུངས་དོན། ཞ་དམར་རིན་པོ་ཆེས་སྔོན་ལ་ཨུ་རྒྱན་འཕྲིན་ལས་མཆོག་ངོས་འཛིན་གནང་། རྗེས་ལ་གློ་བུར་བློ་སྒྱུར་བ་ཕྱིན་པ་རེད་ཟེར། དེ་བདེན་པ་རེད་པས། ཟེར།
ལན། ༡༩༩༢ ཟླ་ ༣ ཚེས་ ༡༩ ཉིན་ཞལ་ཆེམས་ཡི་གེ་དངོས་བདེན་ཡིན་མིན་ལ་དོགས་པ་བྱུང་ནས་ནང་ཁུལ་རྩོད་རྙོག་དེ་ལྷགས་འདུག དེ་ནས་ལོ་དེའི་ཕྱི་ཟླ་ ༦ ཚེས་ ༧ ཉིན་སི་ཏུ་རིན་པོ་ཆེའི་བསྣམས་ཕེབས་པའི་ཞལ་ཆེམས་ཡི་གེ་གཞིར་བཞག་ཀརྨ་པའི་ཡང་སྲིད་རྙེད་དོན་བྱུང་སྐོར་དང་། དེ་ལ་གཞིས་བྱེས་ཀརྨའི་དགོན་ཁག་དང་། བླ་སྤྲུལ་འདུས་དམངས་ཐམས་ཅད་ནས་རེ་མོས་རྩེ་གཅིག་ཞུ་བཞིན་ལགས་ན། གོང་གསལ་བུ་ཤིང་གླང་ལོ་པ་དེ་བཞིན་ཀརྨ་པ་བཅུ་དྲུག་པ་ཆེན་པོའི་ཡང་སྲིད་སྤྲུལ་སྐུར་ངོས་འཛིན་ཞུས་ན་ཆོག་མིན་བཀའ་སྐོབ་ཐུགས་རྗེ་ཆེ་བ་ཞེས་སི་ཏུ་རིན་པོ་ཆེ་དང་རྒྱལ་ཚབ་རིན་པོ་ཆེ་རྣམ་གཉིས་ནས་ཞུས་སྟབས། ལོ་དེའི་ཕྱི་ཟླ་ ༦ ཚེས་ ༩ ཉིན་སྐུ་སྒེར་ཡིག་ཚང་ནས་གཞིས་བྱེས་ཀརྨ་ཀམ་ཚང་གི་དགོན་ཁག་ཚང་མའི་རེ་མོས་རྩེ་གཅིག་ཡིན་ཚེ་དེ་དོན་ཆོག་པའི་བཀའ་ཡིག་གནང་འདུག དེ་འདྲའི་ཆོག་མཆན་བཀའ་ཡིག་གཞི་རྩར་བཟུང་ནས་གང་སར་༧གོང་ས་མཆོག་གིས་ཀརྨ་པའི་ཡང་སྲིད་ངོས་འཛིན་གནང་བའི་གནས་ཚུལ་ཁྱབ་པ་དང་། སི་ཏུ་རིན་པོ་ཆེས་བསྣམས་ཕེབས་པའི་ཞལ་ཆེམས་ཡི་གེ་གོ་རྒྱུ་མེད་པར་གྱུར་འདུག དེ་འདྲའི་གནས་ཚུལ་དེ་ཞྭ་དམར་རིན་པོ་ཆེས་དོན་དངོས་ཡིན་ཤག་དང་། ལྷག་པར་༧གོང་ས་མཆོག་གིས་ངོས་འཛིན་ཡིན་པའི་གནས་ཚུལ་གསན་པའི་རྐྱེན་བྱས་ནས། ༧གོང་ས་མཆོག་གིས་ངོས་འཛིན་ཡིན་ན་དེ་དོན་ངོས་ལེན་ཞུ་རྒྱུ་ཡིན་པའི་བཀའ་ཡིག་གནང་འདུག འོན་ཀྱང་ཞྭ་དམར་རིན་པོ་ཆེས་སྐབས་དེར་༧གོང་ས་མཆོག་ལ་སི་ཏུ་རིན་པོ་ཆེ་དང་། རྒྱལ་ཚབ་རིན་པོ་ཆེས་ཀརྨ་པའི་ཡང་སྲིད་རྙེད་ལུགས་དང་། དེ་ལ་གཞིས་བྱེས་གཉིས་ཀྱི་བླ་སྤྲུལ་དང་། དགོན་ཁག་ཚང་མའི་རེ་མོས་རྩེ་གཅིག་ཡིན་པས་དེ་དོན་ངོས་འཛིན་ཆོག་པ་ཞེས་ཆོག་མཆན་ཞུས་པ་ལ་ཆོག་མཆན་གནང་བ་ཞིག་ཡིན་པ་མ་གཏོགས། ཆོས་ཕྱོགས་ཀྱི་བརྟག་ཐབས་བརྒྱུད་ངོས་འཛིན་གནང་བ་ཞིག་མ་ཡིན་པ་དེ་རྗེས་སུ་མ་གཏོགས་ཤེས་རྟོགས་མ་བྱུང་བའི་སྐོར་འགྲེལ་བརྗོད་གནང་འདུག མ་ཟད་༧གོང་ས་མཆོག་གིས་ཀརྨ་པ་ཨོ་རྒྱན་འཕྲིན་ལས་མཆོག་ལ་གཞུང་འབྲེལ་ཆོག་མཆན་མཐའ་མ་དེ་ ༡༩༩༢ ཟླ་ ༦ ཚེས་ ༣༠ ཉིན་གྱི་སྔ་དྲོ་སི་ཏུ་རིན་པོ་ཆེ་དང་རྒྱལ་ཚབ་རིན་པོ་ཆེར་གནང་བ་དང་། ཉིན་རྒྱབ་ཞྭ་དམར་རིན་པོ་ཆེ་མཇལ་འཕྲད་དུ་བཅར་འདུག ཉིན་རྒྱབ་ཞྭ་དམར་རིན་པོ་ཆེ་མཇལ་འཕྲད་དུ་བཅར་སྐབས་༧གོང་ས་མཆོག་ལ་གནད་དོན་འདིའི་ཐད་ཁོང་རང་ཉིད་ལ་ཞུ་རྒྱུ་གང་ཡོད་ཞུས་ཡོད་པ་གསལ་འདུག སྐབས་དེར་༧གོང་ས་མཆོག་ལ་གང་ཞུས་པ་དེ་ལོ་དེའི་ཕྱི་ཟླ་ ༨ ནང་བཙན་བྱོལ་བོད་མིའི་དབྱིན་སྐད་ཀྱི་ཟླ་དེབ་ Tibetan Review ནང་༧གོང་ས་མཆོག་ལ་མཇལ་བཅར་སྐབས་ཁོང་རང་ཉིད་ལ་ཡང་སྲིད་སྐོར་ངེས་གཏན་འཁེལ་བའི་གནས་ཚུལ་གཞན་ཡོད་པ་ཞུས་སྐོར་འགྲེལ་བརྗོད་གནང་ཡོད་པ་གསལ་འདུག
གནས་ཚུལ་འདིའི་སྐོར་ཧ་ཅང་ཁ་གསལ་པོ་ཞིག་《ཀརྨ་པའི་ཡིག་ཆ་》ཟེར་བ་དེར་འདུག ཡིག་ཆ་འདིའི་ནང་ཁྱོན་ཡོངས་ཀྱི་སྐབས་དེའི་ཁུངས་ལུང་དཔང་བརྟག་བཀོད་པ་སོགས་ཧ་ཅང་ཞིབ་ཚགས་པོ་ཞིག་འདུག དེབ་འདི་ཕ་རན་སི་ཡི་ཁྲིམས་རྩོད་པ་མ་ཁེལ་ ནེ་སུ་ཏི་རེན་ཀོ་ཡིས་ ༡༩༩༣ ལོའི་ཕྱི་ཟླ་ ༡༠ དབྱིན་སྐད་ཐོག་བྲིས་འདུག དེབ་དེ་བོད་བསྒྱུར་ཞིག་དཔེ་མཛོད་ཁང་མང་པོ་ཞིག་ཏུ་འདུག
འདུས་བྱུང་ཕུན་ཚོགས་ཚེ་རིང་ལགས། དགོངས་ཚུལ་གསུངས་པར་བཀའ་དྲིན་ཆེ། ཞྭ་དམར་རིན་པོ་ཆེ་མཆོག་གིས་གང་གསུངས་པའི་ཚིག་རིས་བཀོད་ནས་ཕུལ་བ་དེ་ཡིན། དེ་ཡང་གུས་པས་བཀོད་དོན། ང་དང་ཀརྨ་པ་མཐའ་ཡས་རྡོ་རྗེ་གཉིས་ནི་བོད་པའི་སྤྱི་ཚོགས་ཀྱི་ཁྱུར་མ་ཚུད་པར་ཡོད་པ་ལས། ང་ཚོ་བོད་པའི་སྤྱི་ཚོགས་ནས་ཁ་བྲལ་ནས་འགྲོ་རྒྱུའི་བསམ་པ་མེད། འདི་རེད། གསལ་པོ་ཡོད་བསམ་པ་ཡིན། གུས་པ་ཞྭ་དམར་པར་ཐེངས་གསུམ་མཇལ་བའི་རིང་བོད་དོན་སྐོར་ལ་ཐུགས་ཁུར་བཞེས་གནང་ཡོང་བ་ཞེས་ཞུས་ཡོད། གཞན་གང་ཞུས་གོང་ངསལ་ལྟར་རེད།
ཀརྨ་པའི་ཡང་སྲིད་ཀྱི་རྩོད་རྙོག་ལྷགས་གཞི་ལས་འཕྲོས་ནས་རོབ་བསྡུས་ཤིག་ལས་ཞུས་མེད། གང་ཡིན་ཟེར་ན། སྐབས་འདིར་ཡང་སྲིད་རྙོག་གླེང་ཁོ་ན་རྩལ་འདོན་བྱེད་པའི་དུས་མ་ཡིན་པར་བསམས་ནས་ཡིན། འོན་ཀྱང་གོང་དུ་བསམ་ཤེས་མིང་ཅན་ནས་དྲི་བ་ཞིག་བཏོན་པར་ལན་གང་ཤེས་ཤིག་ཞུས་ཡོད། གང་ལྟར་ཧ་ཅང་ཞིབ་ཚགས་པོ་མཁྱེན་དགོས་ན་གནད་དོན་འདི་ཚོའི་སྐོར་ལ་ཁྱོན་ཡོངས་ཀྱི་ཡིག་ཆ་འཚོལ་སྒྲུབ་དང་། བལྟ་ཀློག་གནང་དགོས་པ་ཞིག་རེད། ད་ལན་འདི་ནི་གཙོ་བོ་ཁོང་གི་བདུན་ཚིགས་དྲུག་པར་རྗེས་དྲན་དུ་ཁོང་གི་སྐུ་ཚེ་ཧྲིལ་པོ་དོན་བསྡུས་སུ་སྤེལ་ཐབས་བྱས་པ་ཞིག་ཡིན།
ངས་ཞྭ་དམར་རིན་པོ་ཆེ་སྐུ་གྲོངས་པའི་རྒྱབ་ན་གནད་དོན་གཞན་ཡོད་པའི་གནས་ཚུལ་རྩ་བ་ནས་གླེང་མེད། དེ་ཡི་གེ་འབྲུ་དེད་གནང་ན་གསལ་པོ་ཡོད། གཅིག་བྱས་ན་ཁྱོད་རང་ལ་དགོངས་ཚུལ་དེ་འདྲ་ཞིག་ཡོད་པ་མིན་ནམ་ལགས།
བལ་གཞུང་གིས་སྐུ་ཕུང་བལ་ཡུལ་དུ་འཁྱེར་ཡག་ལ་བཀག་འགོག་གནང་བའི་སྐོར་ལ་མི་ཚོར་དོགས་པ་འདུག་ལ། ཁོང་གི་སྐུ་ཚེའི་འགྲུལ་བཞུད་དེས་དོགས་པ་ཡོང་ཆོག་པ་ཞིག་རེད་ཅེས་བཀོད་ཡོད།
༄། །ཞྭ་དམར་རྣམ་ཐར་གྱི་ཚོར་བ། །
སླུ་བྲིད་གཏམ་དང་དངུལ་གྱིས་མ་ཁུག་ལ། །
སྲིད་དོན་མཁན་པོའི་དཔུང་ལ་མི་འཇིགས་ཤིང་། །
སྐྱོན་བརྗོད་དུག་མདའི་ཟེར་ལ་མི་སྐྲག་པ། །
ཞྭ་དམར་དཔའ་བོ་ཕ་ལམ་རི་བོ་འདྲ། །
རིགས་མཐུན་་བོད་གཞུང་གྲལ་དུ་མ་ཚུད་ཅིང་། །
བྲིད་མཁས་རྒྱ་མིའི་རྗེས་སུ་མ་འབྲང་ལ། །
བློ་ངན་བལ་བོས་དྲིན་ལན་ལོག་འཇལ་ཁུར། །
ཞྭ་དམར་དཔའ་བོ་ལྕགས་སྡོང་ཁེར་སྐྱེས་འདྲ། །
གཅེས་པའི་གཉེན་གྱིས་ཐབསའཇུས་གཏམ་མི་གསན། །
རྡོ་རྗེའི་སྤུན་གྲོགས་འཔྲུལ་ལ་བདེན་མི་སྟེར། །
འཇུག་པ་བདེ་བའི་ལམ་ལ་དོན་གཉེར་མེད། །
ཞྭ་མར་དཔའ་བོ་བདེན་སྲུང་ལྕགས་རི་འདྲ། །
བླུན་པོར་བརྩིས་ན་གཞུང་ལུགས་དོན་ལ་མཁས། །
མཁས་པར་བསྒྲང་ན་མཐུན་འཇུག་ཐབས་ལ་རྨོངས། །
སྙོམ་ལུས་མ་ཡིན་ཉིན་མཚན་གཞན་དོན་གཉེར། །
ཞྭ་དམར་དཔའ་བོ་འཔྲུལ་གྱི་ཁྱེའུ་ཆུང་འདྲ། །
མཐོན་པོར་ངོ་འཛིན་མེད་པ་གཤིན་རྗེའི་གཤེད། །
གཅམ་བུའི་གཏམ་ལ་མི་འཇུག་ཚེར་མའི་ཚིག །
གཡོན་པོའི་མིག་ལ་མི་མཛའ་རྣོ་དབལ་མཚོན། །
ཞྭ་དམར་དཔའ་བོ་དུག་གི་མདའ་མོ་འདྲ། །
གནས་ཀྱིས་བསྐལ་བས་ཞལ་རས་མཇལ་མ་མྱོང་། །
ཆོས་ཀྱིས་མ་ཕོངས་ཆོས་འབྲེལ་ཐོབ་མ་མྱོང་། །
འབྲེལ་བ་མེད་པས་་ཐོབ་ཤོར་ཡེ་མེད་མོད། །
དྲང་པོའི་ལམ་ལ་དྲི་མེད་དགའ་བས་བྲིས། །
ཞེས་པའང་རང་ཉིད་ཞྭ་དམར་གྱི་ཞལ་རས་ཙམ་ཡང་མྱོང་མེད་ཀྱང་། རྣམ་ཐར་ཀློགས་ཤིང་རྒྱུས་ཡོད་གྲོགས་པོ་རྣམས་ཀྱི་ངག་སྒྲོས་ལ་ལེགས་པར་དཔྱད་འཔྲལ་ཐོལ་བྱུང་དུ་བྲིས་པའོ། །
བཅོས། ཞལ་རས་ཙམ་ཡང་མཇལ་མྱོང་མེད།
སྤྲུལ་སྐུ་ལམ་ལུགས་དངོས་གནས་རྙོ་དྲ་མང་པོ་མཐོང་ཡ་གོ་ཡ་འདུག་་་་ཡག་པོ་མི་འདུག་
གང་ལྟར་ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་སྐུ་འཚོ་བཞུགས་སྐབས་སུ་བོད་མིས་བོད་གྲལ་ནས་འདོན་ཐབས་གནང་བ་ལས་བསྟོད་བསྔགས་ཞུ་མཁན་མ་མཐོང་མ་ཟད། འཚེ་མེད་ཞི་བའི་ཉམས་ལེན་གནང་མཁན་བོད་ནང་པར་ཁས་མཆེས་ཤིང་སྟོན་པ་གཅིག་གི་རྗེས་འཇུག་པ་མི་ཉུང་བ་ཞིག་ནས་དྷི་ལིར་ཡོད་པའི་ཞྭ་དམར་དགོན་པའི་ཤེལ་སྒོར་རྡོ་ཞུས་ནས་བཅག་མི་ལ་རྨས་སྐྱོན་བཟོས་པའི་ལོ་རྒྱུས་ནི་you toup ནང་དུ་མཐོང་དུ་ཡོད། དེ་རྗེས་ཞྭ་དམར་རིན་པོ་ཆེ་བལ་ཡུལ་དུ་དགོན་པ་ཞིག་གི་སྒོ་དབྱེའི་རྟེན་འབྲེལ་གྱི་མཛད་སྒོར་ཕེབས་སྐབས་སུ་བསྟན་པ་གཅིག་སྟོན་པ་གཅིག་གི་རྗེས་འཇུག་རྡོ་རྗེ་སྤུན་གྲོགས་བོད་ཀྱི་བུད་མེད་མང་པོས་པང་གདན་བརྡབ་ནས་བཟློག་པ་བརྒྱབ་ཡོད་པར་མིག་མཐོང་ལག་ཟིན་རེད། ད སྐུ་གཤེགས་ཟིན་རྗེས་གནམ་ལ་བསྐྱག་ནས་མཐོ་རྒྱུ་དང་ས་ལ་བརྡབ་ནས་དམའ་རུ་འགྲོ་རྒྱུ་གང་ཡང་མེད། གལ་ཏེ་ཞྭ་དམར་རིན་པོ་ཆེར་དད་གུས་དང་དགའ་ཞེན་ཡོད་ན་ཁོང་གིས་བསྐོས་པའི་མི་དང་བཙུགས་པའི་འབེན་ལ་ངོས་འཛིན་ཡང་དག་ཅིག་གནང་ན་ཀུན་གཟིགས་ཞྭ་དམར་རིན་པོ་ཆེའི་ཐུགས་དགོངས་ཡོངས་སུ་རྫོགས་པ་ཡིན། ངོས་རང་ལྟ་བུར་སེང་གེ་དཀར་ནག་ལ་ཁྱད་པར་མེད། སངས་རྒྱས་རྣམ་སྤྲུལ་བྟེ་བ་ས་ཡར་སྤྲུལ་ཆོག་དུས་གཅིག་གཉིས་སུ་ཕུང་སུམ་སེལ་བའི་གྲངས་ངེས་ཡིན་དགོས་མེད་བསམ། འོན་ཀྱང་ངོས་རང་བཀའ་བརྒྱུད་ཀྱི་བསྟན་པ་འདི་ཡུན་རིང་ཞིག་གནས་ཐུབ་ནས་ཤོད་ཀྱི་ཡོད།
ཟླ་ཀླུང་ནས་ཀུན་གཟིགས་ཞྭ་དམར་རིན་པོ་ཆེར་ཤ་ཚ་བའི་ཟོལ་དང་། གུས་པ་ཡོད་པའི་ཟོལ་ལ་བརྟེན་ནས་ཁོང་ཉིད་ནག་པོ་བཟོ་ཐབས་ལྟ་བུའི་ཡི་གེ་འདས་མཆོད་ཟེར་བ་དང་། དེ་རིང་ཡང་སྐུ་གདུང་ཟེར་བ་ཞིག་བྲིས་འདུག
དེ་སྔོན་བྲིས་པ་དེ་མདོར་བསྡུས་ན་ཀརྨ་པ་མཐའ་ཡས་རྡོ་རྗེས་ཞྭ་དམར་རིན་པོ་ཆེའི་དགོངས་རྫོགས་སྒྲུབ་ཀྱི་མི་འདུག་ཟེར་བ་དེ་རེད། དེ་ནི་གོང་དུ་གུས་པའི་རྩོམ་ཡིག་ནང་རོབ་ཙམ་གསལ་བ་ལྟར་སྐུ་གདུང་གདན་འདྲེན་ནས་བཟུང་སྟེ་ད་ཆ་སྐུ་གདུང་ཞུགས་འབུལ་ལ་ཉེ་བར་ཀརྨ་པ་མཐའ་ཡས་རྡོ་རྗེ་འཁོར་སློབ་ནས་གང་ཐུབ་གནང་ཡོད་པ་རེད། དེ་ཡང་ཁོང་དང་ཁོང་གི་རྗེས་སུ་འབྲངས་པའི་དགོན་ཁག་དང་། ཆོས་ཚོགས་ཁག་བཅས་ནས་གང་ཡོང་གནང་དང་གནང་བཞིན་པའི་གནས་ཚུལ་དང་། དཔར་རིས་མང་དག་ཅིག་འདུག དེར་བརྟེན་དེ་ཡང་བདེན་པ་མ་རེད།
གཉིས་པ། ཞྭ་དམར་རིན་པོ་ཆེའི་སྐུ་གདུང་སྐོར་ལས་འཕྲོས་ནས་ཞྭ་དམར་རིན་པོ་ཆེར་ཡིག་ཆ་མང་པོ་ཡོད་ཚུལ་ཞིག་སྤེལ་འདུག ཡིན་ནའང་ཁུངས་ལུང་གང་ཡོད་ནི་དམིགས་བསལ་གསལ་བཀོད་མི་འདུག
ཞྭ་དམར་རིན་པོ་ཆེའི་སྐུ་གདུང་བལ་ཡུལ་ལ་གདན་འདྲེན་ཞུས་ན་གདུང་མཇལ་ལ་བཅར་མཁན་མང་དག་ཐོན་ངེས་བརྟེན། ཁོང་གི་སྐུ་གདུང་ལ་བརྟེན་པའི་མཛད་པ་ཐ་མ་དེ་བཀག་ན་ཕན་ཐོགས་སུ་ལ་ཡོང་གི་ཡོད་དམ། དེ་ནི་དོན་གྱི་དྲི་བ་ཞིག་རེད།
ཞྭ་དམར་རིན་པོ་ཆེར་རྒྱ་གཞུང་འདི་ཙམ་སྡང་བ་ཟླ་ཀླུང་ནས་ཁས་བླངས་འདུག ཞྭ་དམར་རིན་པོ་ཆེ་ལ་རྒྱ་གཞུང་སྡང་དོན་གང་ཡིན་ནམ། འདི་ཡང་དོན་གྱི་དྲི་བ་ཞིག་རེད།
ཞྭ་དམར་རིན་པོ་ཆེའི་ཉེ་འབྲེལ་རྒྱ་གཞུང་གི་ལས་བྱེད་རེད། ཞྭ་དམར་རིན་པོ་ཆེ་རྒྱ་གཞུང་ལ་ཉེ་པོ་ཡོད་རེད་ཅེས་བཤད་འདུག འོ་ན་༧གོང་ས་མཆོག་གི་ཉེ་འབྲེལ་རྒྱ་གཞུང་གི་བཅིངས་བཀྲོལ་དམག་མི་རེད་ལབ་ན་གང་འདྲ་འདུག དེ་བཞིན་ཀརྨ་པ་ཨོ་རྒྱན་འཕྲིན་ལས་མཆོག་གི་ཉེ་འབྲེལ་གཅིག་རྒྱ་གཞུང་གི་ལས་བྱེད་རེད་ལབ་ན་གང་འདྲ་འདུག དཱ་དངོས་གནས་དགོད་བྲོ་བའི་རྩོམ་ཡིག་དེ་འདྲ་སྤེལ་ཡོང་གི་འདུག
ཞྭ་དམར་སྐུ་ཕྲེང་གོང་མ་དག་གི་སྐོར་ལ་གླེང་འདུག འོན་ཀྱང་འདིར་ཞྭ་དམར་བཅུ་བཞི་པའི་སྐོར་ལས་གཞན་དག་སྐབས་སུ་མ་བབས་པས་འདིར་གླེང་མེད།
འོན་ཀྱང་དུས་ཁོམས་བྱུང་ན་ཞྭ་དམར་བཅུ་པའི་སྐོར་དཔྱད་རྩོམ་ཞིག་འདུག་པ་དྲ་ཐོག་ལ་མཁོ་སྤྲོད་ཞུ་གི་ཡིན།
༼འབུམ་ཤུལ་བསོད་ནམས་ལྷུན་གྲུབ༽ཅེས་པའི་མིང་རྫུའི་འོག་ནས་མི་དྲང་མདོག་གིས་ཀུན་གཟིགས་ཞྭ་དམར་རིན་པོ་ཆེའི་སྐོར་དཔྱད་རྩོམ་ཞིག་འབྲི་ཁུལ་ངལ་བ་དང་ལེན་བྱས་པ་འདི་ནི་ཁྱོད་ཀྱིས་ཞྭ་དམར་རིན་པོ་ཆེར་བསྟོད་ཁུལ་གྱིས། དོན་སྙིང་རྫ་ཆུ་ཁ་ཁྱོད་ཀྱི་ཕ་ཡུལ་གཅིག་པའི་གྲྭ་མཐའ་རྡོར་དཀར་འདོན་བྱས་འདུག་པར་ཡ་རེ་མཚན། དེ་ལྟར་ན་ཁྱོད་ཀྱི་ཀརྨ་པ་མཐའ་རྡོར་གྱིས་བཀའ་སྦུག་འོ་མ་གཙོང་མཁན་གྱི་བུ་མོ་ཞིག་ལ་སྲས་ཤིག་བསྐྲུན་ནས་དེང་སྐབས་འབྲུག་ཡུལ་དུ་གཏེར་ལ་སྦས་ཡོད་སྐད་འདུག་པས་དེ་ཡང་ཁྱོད་ཀྱི་སུ་ཞིག་ངོས་འཛིན་འཆར་ཡོད།
མངའ་རིས་འཕྲིན་ལས་ཟེར་བ་ནས། མིང་རྫུན་འོག་ནས་སྐད་ཆ་བཤད་ཀྱི་འདུག་ཟེར། དོན་དངོས་སུ་ང་མིང་རྫུན་ཡིན་ན་ཆོག མིན་ན་ཆོག རྫ་ཆུ་ཁ་པ་ཡིན་ན་ཆོག མིན་ན་ཆོག གཙོ་བོ་དོན་དངོས་མ་ཡིན་པའི་ཁུངས་མེད་འཆམ་གཏམ་ག་རེ་སྤེལ་འདུག ཐེར་འདོན་བྱོས་དང་། ཨ་མའི་བུ་རེད།
དེ་ནས་ཀརྨ་པ་མཐའ་ཡས་རྡོ་རྗེ་མཆོག་ལ་ཁ་གཏོང་སྟངས་ཤེས་མི་འདུག ཀརྨ་པ་མཐའ་ཡས་རྡོ་རྗེ་གལ་སྲིད་སྡོམ་གཙང་མིན་པའི་དབང་དུ་བཏང་རུང་། འོ་མ་བཙོང་མཁན་ཞིག་ལ་བསྟེན་དགོས་པ་དེ་འདྲའི་མིའི་སྣང་བར་མི་འགྲོ་བ་དེ་འདྲ་མ་ཤོད།
གང་ལྟར་ཡང་། སྤྲུལ་སྐུའི་མིང་འཛིན་པ་དེ་རིགས་ཀྱིས་སྤྲུལ་སྐུའི་མཛད་པ་སྐྱངས་པ་ཉུང་ཉུང་རེད། ངའི་རེ་བ་ནི་སླར་ཡང་སྤྲུལ་སྐུའི་མིང་འཁྱེར་མཁན་ཞིག་གིས་བོད་པའི་སྤྱི་ཚོགས་ནང་སྙོག་ཁྲ་མ་བཟོས་ན་དེ་གས་འགྲིག་ཀ དེ་མིན་ཞ་དམར་གང་དང་ཅི་ཡིན་ཡང་ང་ལ་ཁྱད་པར་སྤུ་ཙམ་མེད།་དེ་བས་མི་རིགས་དང་རིག་གཞུང་གི་ཆེད་དུ་དཀའ་ལས་རྒྱག་མཁན་སུ་དང་གང་ཡིན་ཡང་དེར་གུས་འདུད་དང་སྤྲུལ་སྐུའི་མིང་འཛིན་པ་དེ་དག་ལས་ལྷག་པར་གུས་བརྩི་ཞུ་རྒྱུ་ཡིན།
འབུམ་ཤུལ་གྱི་མིང་རྫུ་ཅན་པོ་ལགས་སྣང་བ་འགྲོ་རུང་མ་འགྲོ་རུང་ཁྱོད་ཀྱི་ཕ་ཡུལ་གཅིག་པའི་ཞེན་ཁོག་བྱ་ཡུལ་གྱི་གྲྭ་མཐའ་རྡོར་གྱི་ལས་ལ་བསྐོས་པའི་མཛད་པ་རེད། དེ་བས་ཁྱོད་ཞེན་ཁོག་གོ་རྨོངས་ཞྭ་དེ་ཕར་ཕུད་ནས་ལེགས་པར་དཔྱོད་དང་གནས་ལུགས་དངོས་ཤིག་མཐོང་སྲིད་དོ། །
སི་ཏུ་རིན་པོ་ཆེ་གིས་ཀརྨ་པ་བཅུ་དྲུག་པ་ཆེན་པོའི་ཞལ་ཆེམས་རྙེད་སོན་བྱུང་གསུངས་ནས་ཞལ་ཆེམས་ཕྱག་བྲིས་དེ་རྫུན་མ་ཡིན་པའི་གླེང་རྙོག་ལྷགས་ནས་ཞྭ་དམར་རིན་པོ་ཆེ་མཆོག་གིས་ཚན་རིག་བརྟག་དཔྱད་དགོས་པའི་བསམ་ཚུལ་བྱུང་ཡང་། སི་ཏུ་རིན་པོ་ཆེ་ནས་ཚན་རིག་བརྟག་དཔྱད་ལ་ཞལ་བཞེས་མ་གནང་བ་རྒྱུ་མཚན་དེ་ཤེས་མཁན་ཡོད་ན་གསུང་རོགས།
དེ་ལྟར་ན་ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་མཆོག་གིས་རྒྱལ་མཆོག་བཅུ་དྲུག་པའི་འདའ་ཁའི་ཞལ་ཆེམ་ངོ་མ་དེ་ཁོང་ལ་ཡོད་ཚུལ་གསུང་འདུག་པས་། དེ་ད་ལྟ་བར་མཐོང་ཐོས་མེད་པ་དེའི་རྒྱུ་མཚན་ཁྱོད་ལ་བཤད་རྒྱུ་ཡོད་དམ། ཀརྨ་པ་སྔོན་ལ་ངོས་འཛིན་བྱས་ཟིན་རྗེས། འདའ་ཁའི་ཞལ་ཆེམ་གཏེར་དུ་སྦས་བཞག་པ་རེད་དམ། ཧ་ཧ་ཧ་ཧ་ཧ་ད་གཡུག་བཞོག་ཕན་ཚུན་གཞི་འཇམ་གནས་བཅུག་རོགས།
དཱ་གནས་ལུགས་ཀྱི་རྩོད་པ་ཞིག་བྱེད་ཡ།
འདིར་ཀརྨ་པ་མཐའ་ཡས་རྡོ་རྗེ་གཙང་མ་བཟོས་པ་ཞིག་མ་ཡིན་པར། ཞྭ་དམར་རིན་པོ་ཆེར་༧རྒྱལ་བ་རིན་པོ་ཆེར་ཁ་གཏད་གནང་མཁན་ཡིན་པའི་གཏམ་ཞིག་སྔ་ཕྱི་ཀུན་ཏུ་སྤེལ་བཞིན་པ་དེའི་སྐོར་ལ། དོན་དངོས་གང་ཤེས་རྟོགས་བྱུང་བ་འགྲེལ་བཤད་ཞུས་ཡོད།
དོན་དངོས་འདི་ཡིས་སུ་གཙང་མ་བཟོ་གི་འདུག་ན་ཁ་གཏད་གནང་ཡུལ་དོན་དངོས་ཀྱི་གནས་ཚུལ་ཡིན་པ་ཁོང་དུ་ཆུབ་པར་རེ།
མངའ་རིས་འཕྲིན་ལས་ཀྱིས་ཀརྨ་པ་མཐའ་ཡས་རྡོ་རྗེ་མཆོག་དང་འོ་མ་བཙོང་མཁན་བར་གྱི་དཔང་རྟགས་གསལ་པོ་ཡོད་ན་སྟོན་རོགས། དེ་མིན་རིན་པོ་ཆེ་མཆོག་ལ་གང་མ་གསུངས་རོགས།
འབུམ་ཤུལ་བསོད་ནམས་ལྷུན་གྲུབ་ཀྱིས་ཕྱོགས་རིས་མ་སོང་བའི་དཔྱད་པར་གནང་འདུག རྩོམ་པ་པོ་ཞིག་གི་ལས་ཀ་ཚད་ལྡན་གནང་བཞག ཡིན་ན་ཡང་གཏམ་སྣ་ཚོགས་ཀུན་རྟོག་རི་མོ་དང་ཀརྨ་པ་མཁྱེན་ཞེས་པའི་དེབ་ཀྱི་སྙིང་དོན་དེ་གསལ་བཤད་གནང་ན་ཅི་འདྲ་འམ། ང་རང་གིས་ཚོར་སྣང་དང་བསམ་ཆ་ནི་སི་ཏུའི་ཕྱོགས་གིས་རྒྱ་བོད་གཉིས་ལ་རྫུན་བཤད་ན་ལམ་དུ་གནས་སྐབས་སོང་བ་དང་། ཞྭ་དམར་སོང་ནི་བདེན་པའི་ལམ་དུ་ཆས་རུང་རྒྱ་བོད་ཁྲལ་མེད་པས་ཞྭ་ནག་གཡོགས་ནས་དགོངས་པ་གཞན་དུ་བྱོན་སོང་བ་ཞིག་ཚོར་སོང་། དེ་འདྲ་ཡིན་སྲིད་ན་འབྱུང་འགྱུར་བོད་མིའི་གནས་སྟངས་དེ་བདེན་མཐའ་གསལ་ཟེར་བ་རྫུན་མཐའ་ལ་འབད་པ་ཞིག་ཏུ་མ་སོང་ངམ། ཆོས་བརྒྱད་ཞག་པའི་འཆང་བར་མ་སོང་བདེན་པའི་ཐར་ལམ་ཀེར་གྱིས་སྒྲུབ།།རྫུན་དང་གཡོ་སྒྱུའི་ཁུག་མགོ་མ་སྟོན་བདེན་པའི་ལམ་དུ་ཤུགས་ཀྱིས་བསྐྱོད།།ང་དང་ཁྱོད་ལ་ཕྱོགས་རིས་མ་བཤད་ཀརྨའི་སྤྲུལ་པ་བགྲང་ཡས་གསུངས།།དྲང་སྲོང་ཆེན་པོ་ཀུན་གཟིགས་ཞྭ་དམར་མཁས་གྲུབ་ཐུགས་ན་སངས་རྒྱས་དངོས།། པདྨས་སོ།།
འབུམ་ཤུལ་བསོད་ནམས་ལྷུན་གྲུབ་ལགས་ཀྱིས་ཡག་པོ་འདུག་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་་
དཱ་གནས་ལུགས་ཀྱི་རྩོད་པ་ཞིག་བྱེད་ཡ།
འདིར་ཀརྨ་པ་མཐའ་ཡས་རྡོ་རྗེ་གཙང་མ་བཟོས་པ་ཞིག་མ་ཡིན་པར། ཞྭ་དམར་རིན་པོ་ཆེར་༧རྒྱལ་བ་རིན་པོ་ཆེར་ཁ་གཏད་གནང་མཁན་ཡིན་པའི་གཏམ་ཞིག་སྔ་ཕྱི་ཀུན་ཏུ་སྤེལ་བཞིན་པ་དེའི་སྐོར་ལ། དོན་དངོས་གང་ཤེས་རྟོགས་བྱུང་བ་འགྲེལ་བཤད་ཞུས་ཡོད།
དོན་དངོས་འདི་ཡིས་སུ་གཙང་མ་བཟོ་གི་འདུག་ན་ཁ་གཏད་གནང་ཡུལ་དོན་དངོས་ཀྱི་གནས་ཚུལ་ཡིན་པ་ཁོང་དུ་ཆུབ་པར་རེ།
མདོར་ན་བརྒྱ་བཤད་སྟོང་བཤད་ག་ཚོད་བྱས་ཀྱང་ད་ལྟའི་ཆར་༧གོང་ས་མཆོག་གཙོས་པའི་བོད་ཀྱི་བླ་ཆེན་མི་སྣ་ཁག་གིས་སི་ཏུའི་ཕྱོགས་ཀྱི་ཀརྨ་པ་ཞེས་པ་འདི་སྐུ་གོང་མའི་ཡང་སྲིད་ཡིན་པར་མཐོང་དང་བརྩི་བ་གནང་གིན་ཡོད་པ་ལས། ཞྭ་དམར་ཕྱོགས་ཀྱི་ཀརྨ་པ་ཞེས་པ་འདི་དོལ་ཚོགས་ཀྱི་མི་ནང་བཞིན་བོད་པའི་སྤྱི་ཚོགས་ནས་བུད་བསྡད་པ་ཞིག་ལ་གཟིགས་ཀྱིན་ཡོད་པ་མཐོང་གསལ་འདི་རེད། སྤྱིར་༧གོང་ས་མཆོག་གི་སྐུ་གསུང་ཐུགས་གང་ཞིག་ལ་མི་མཛའ་པ་ཞིག་བྱེད་མཁན་དེ་ནི་རང་བཞིན་གྱིས་ཕོ་རོག་དཀར་ཆགས་རྒྱུ་ཡིན་པ་ནི་དེང་གི་སྤྱི་ཚོགས་འདིའི་འགུལ་སྟངས་ཞིག་རེད།
མ་གཞི་སྐྱེ་འཆི་ཟེར་བ་འདི་ཟློག་མེད་ཡིན་པས་ག་དུས་འགྲོ་ཡོང་སུ་ལའང་གདེང་ཚོད་མེད་ཀྱང་། ཉེ་ཆར་ཞྭ་དམར་རིན་པོ་ཆེ་ཁོང་སྐུ་གྲོངས་སྟངས་དེའང་སྔ་མ་སྔ་དང་ཕྱི་མ་ཕྱི་མེད་པར་ཏག་ཏག་སི་ཏུའི་ཕྱོགས་ཀྱི་ཀརྨ་པ་ཁོང་འཇར་མན་དང་ནུབ་ཕྱོགས་སུ་ཕེབས་བཞིན་སྐབས་སྐུ་གྲོངས་བ་ནི་དུས་དང་མ་ཁེལ་བ་འདྲ་ཞིག་ཚོར་སོང་།
ངའི་མཆན་བུ་མི་འགྲོ་བ་ཅི་བྱས་པ་རེད།
འབུམ་ཤུལ་ལགས་ཀྱིས་ཧ་ཅང་ཡག་པོ་བྲིས་འདུག་པས་ཡི་རངས་ཞུ།
དེ་མིན་དྲ་མཆན་པ་རེ་ཟུང་གིས་འགན་འཁུར་གང་ཡང་མི་དགོས་པར་ནམ་རྒྱུན་ལྟར་དཀྲུགས་ཤིང་སློང་བྱེད་དང་། ཧམ་བཤད་དང་རྫུན་བཤད། དྲང་བདེན་གྱི་རྒྱ་ལས་བརྒལ་བའི་མཆན་ཉོག་དེ་ཚོ་ནི་རིན་ཐང་གང་ཡང་མེད་པས་སྤྱི་ཚོགས་ཀྱི་གེད་སྙིགས་རང་ལས་མ་འདས་སོ།།
༡ ཀུན་གཟིགས་ཞྭ་དམར་རིན་པོ་ཆེས་ཀརྨ་པ་མཐའ་ཡས་རྡོ་རྗེ་ཞྭ་དམར་རིན་པོ་ཆེ་ཁོང་རང་གི་མཚན་ཐོག་ནས་ངོས་འཛིན་གནང་བ་རེད། ཀརྨ་པ་སྐུ་གོང་མས་ཐུགས་ཤིན་ཏུ་ཉེ་བའི་སློབ་མ་ཞིག་ལ་མ་འོངས་ལས་དོན་བྱེད་ཕྱོགས་ཀྱི་ལམ་སྟོན་བཀའ་ཡིག་ཡོད་པར་གསུངས་ཡོད་ཀྱང་། དེ་འདྲ་བའི་སློབ་མ་དེ་སུ་ཡིན་གསུངས་ཡོད་མ་རེད། དེའི་སྐོར་ལ་ཧི་མ་ལ་ཡ་ཟེར་བའི་དེབ་གཅིག་ཏུ་ཞྭ་དམར་རིན་པོ་ཆེས་གང་འཚམ་རྒྱས་པོ་ཞིག་གསུངས་འདུག དེབ་དེ་བལ་ཡུལ་ནས་ཐོན་པ་ཡིན་པ་ཡོད།
༢ སི་ཏུ་རིན་པོ་ཆེས་འདའ་ཁའི་ཞལ་ཆེམས་ཕྱག་བྲིས་ཡིན་ཟེར་བ་གཞིར་བཞག་ནས་གོང་ཞུས་ལྟར་ཀརྨ་པ་ཨོ་རྒྱན་འཕྲིན་ལས་ངོས་འཛིན་ཞུས་པ་རེད། བཙན་བྱོལ་ནང་ཀརྨ་པ་སྐུ་གོང་མའི་ཞལ་ཆེམས་ཡི་གེའི་དཔར་བཤུས་འགའ་ཡོད་པ་རེད། འོན་ཀྱང་བོད་ནས་ཞལ་ཆེམས་ཕྱག་བྲིས་དེ་ལུང་དྲངས་པའི་སྒོ་ནས་ཀརྨ་པའི་སྐོར་ལ་དེབ་གཅིག་ཐོན་འདུག འོན་ཀྱང་དེབ་དེའི་ནང་གསལ་བའི་ཞལ་ཆེམས་ཡི་གེ་དེ་ལ་ཚིག་རིས་སོགས་གང་འཚམས་མ་འདྲ་བ་འདུག གང་ལྟར་སི་ཏུ་རིན་པོ་ཆེས་བསྣམས་ཕེབས་པའི་ཞལ་ཆེམས་ཡི་གེ་ཚན་རིག་བརྟག་དཔྱད་ངོས་བཞེས་མ་གནང་བ་དང་། ལོ་འགའི་གོང་ཁྲིམས་ཐོག་ནས་ཞལ་ཆེམས་ཡི་གེ་དགོས་པའི་སྐད་ཆ་ཞིག་བྱུང་ཡོད་ཚོད་ཀྱང་བོར་བརླག་ཕྱིན་པའི་སྐད་ཆ་ཞིག་ཡོད་པ་རེད།
༣ ཁྲ་འགུ་རིན་པོ་ཆེའི་ལུང་བསྟན་ཟེར་བ་ཕལ་ཆེར་《ཉམས་དབྱངས་དགྱེས་པའི་ང་རོ་》ཟེར་བ་ཞིག་ཀརྨ་པ་སྐུ་གོང་མས་རུམ་སྟེགས་སུ་ ༡༩༥༠ ང་གྲངས་ནང་འཁྲབ་གཞས་སུ་བརྩམས་གནང་བ་དེར་ཟེར་གྱི་མེད་དམ་སྙམ། དེ་མིན་ཧ་མི་གོ ཁྲ་འགུའི་ལུང་བསྟན་མཁྱེན་མཁན་ཡོད་ན་ཆ་ཚང་གཏོང་རོགས་ཞུ།
༤ དོ་སྣང་དངོས་འབྲེལ་བྱེད་འོས་པ་ཞིག་ནི་ ༡༩༤༤ རབ་བྱུང་བཅུ་དྲུག་པ་ཤིང་སྤྲེལ་ལོར་ཀརྨ་པ་སྐུ་གོང་མ་དགུང་ན་བཅུ་དྲུག་ཐོག་བརྩམས་གནང་བའི་《སྐབས་སུ་བབས་པའི་སྣང་གླུ》ཟེར་བ་གཅིག་འདུག དེ་ནི་སྤྱིར་བཏང་གི་རྩོམ་ཞིག་དང་རྩ་ནས་མི་འདྲ་བར་ལུང་བསྟན་ཞིག་ལོས་ཡིན་སྙམ་པ་ཞིག་འདུག
ཞ་དམར་གྱིས་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་ཀརྨ་པའི་ཡང་སྲིད་ལ་ཁས་ལེན་བྱས་ཚེ། བླ་བྲང་ཤོར་འགྲོ་གི་རེད། ཤུལ་བཞག་ཤོར་འགྲོ་གི་རེད། རིམ་པས་ཤུགས་རྐྱེན་ཡང་བརླགས་འགྲོ་གི་རེད། དེར་བརྟེན། བརྩོད་སྙོག་དེའི་ནང་བསྟན་པ་དང་འགྲོ་བའི་གནད་དོན་གཅིག་ཀྱང་མེད་པར་གཙོ་བོ་རང་ཉིད་ཀྱི་ཁེ་ཕན་ཁོ་ན་ལས་གཞན་གང་ཡང་མེད་པ་རེད། དེར་བརྟེན། ཀུན་གཟིགས་བཅས་པའི་ཚིག་དེ་ཞ་དམར་ལ་ནམ་ཡང་ཐཽབ་ཀྱི་མེད། དེ་ཞེན་ཁོག་གི་སྐད་ཆ་རེད། ཀུན་ལ་གཟིགས་རྒྱུ་ལྟ་ཅི་ཐ་ན་བོད་མི་རིགས་ཀྱི་བདེ་དོན་ལའང་བསམ་ཤེས་མི་བྱེད་མཁན་ཞིག་ལ་ཀུན་གཟིགས་བཅས་ཇི་ལྟར་ཐོགས་ཀྱི་རེད་དམ།
སི་ཏུ་རིན་པོ་ཆེས་བསྣམས་ཕེབས་པའི་ཞལ་ཆེམས་ཡི་གེ་ཚན་རིག་གི་བརྟག་དཔྱད་བྱེད་ཕོད་པའི་བློ་སྤོབ་མེད་པ་དང་ཁྲིམས་ཐོག་ནས་ཞལ་ཆེམས་ཡི་གེ་དགོས་དུ་བོར་བརླག་ཕྱིན་པའི་སྐད་ཆ་འདི་ཚོས་སྤྲུལ་སྐུ་ལམ་ལུགས་འདི་ཡག་རྟགས་ཞིག་རེད་མི་འདུག །
ལེགས་བདེ་ཤིས་བཀྲ་དེ། ད་བཀྲ་ཤིས་བདེ་ལེགས་ཆགས་ཚར་འདུག།
གོང་དུ་མངའ་རིས་འཕྲིན་ལས་ལགས་ཀྱིས་གསུངས་པ་དེ་བདེན་པ་ཡིན་ས་རེད། མཐའ་ཡས་རྡོ་རྗེས་འབྲུག་པའི་བུ་མོ་ཞིག་ལ་སྲས་ཞིག་བསྐྲུན་ནས་ད་ལྟར་འབྲུག་གི་ས་གནས་ཞིག་ཏུ་སྦས་ནས་བཞག་ཡོད་པའི་གནས་ཚུལ་ཁུངས་ལྡན་གང་གི་ཞབས་ཕྱིས་ཞིག་གི་རྒྱུད་ནས་གོ་ཐོས་བྱུང་ལ། འོན་ཀྱང་དེ་ཀ་སྦུག་གི་འོ་མ་གཙོང་མཁན་ཞིག་གི་བུ་མོ་ཡིན་མིན་ཐོག་གང་ཡང་གསལ་པོ་མིན་འདུག སྤྱིར་བཏང་དྲ་གྲོགས་གཞན་ཞིག་གིས་མཆན་ནང་གསུངས་པ་བཞིན་མཐའ་ཡས་རྡོ་རྗེས་སྡོམ་གཙང་མིན་པའི་དབང་དུ་བཏང་རུང་འོ་མ་གཙོང་མཁན་ཞིག་དང་འབྲེལ་བ་བྱེད་དགོས་དོན་ཡོད་མ་རེད་ཅེས་གསུངས་པ་བཞིན། མཐའ་ཡས་རྡོ་རྗེས་མཐའ་འོ་མ་གཙོང་མཁན་ནས་ཡར་ཕྱུག་པོའི་བུ་མོ་ཞིག་དང་མཉམ་དུ་འབྲེལ་བ་བྱས་མི་སྲིད་པ་མིན་པས་བྱེད་པ་ཡིན་ནའང་སྐྱོན་གང་ཡང་ཡོད་མ་རེད་ལ། ཁོང་ནི་ཕ་ཤུལ་བུས་འཛིན་ནམ་རྒྱུད་འཛིན་ཁྱིམ་ཚང་གྱི་བུ་ཞིག་ཡིན་པས་བྱེད་དགོས་ངེས་རེད། འོན་ཀྱང་སྡོམ་གཙང་མིན་ནའང་སྡོམ་གཙང་ཡིན་མདོག་གིས་ཁྲི་ཐོན་པོའི་སྟེང་སྡོད་ནས་མི་མང་པོ་ཞིག་ལ་མགོ་སྐོར་གཏོང་པ་དེ་ནི་མི་ཆོས་བླ་མེད་ཀྱི་རྫུན་ཡིན་ལ། དེ་ཙམ་དུ་མ་ཟད་ནང་པ་ཞིག་ཡིན་པའི་ཆ་ནས་ཕྲུ་གུ་དེ་ལ་ཕའི་མིང་མི་སྟེར་ཞིང་ས་གནས་དབེན་པ་ཞིག་ཏུ་སྦས་ནས་བཞག་པ་དེ་ནི་ཡུལ་འཁྲིམས་དང་འགལ་ཞིང་ཆེས་འཛབ་ཆེན་ཡིན་ལ་ཆེས་ཁ་ན་མ་མཐོ་བའི་སྡིག་པ་ཞིག་ཀྱང་ཡིན།
ཀརྨ་པ འཕྲིན་ལས་མཐའ་ཡས་མཆོག་སྡོམ་གཙང་མིན་པའི་སྐད་ཆ་དེ་གང་གི་ཞབས་ཞུ་བ་ཞིག་གི་རྒྱུད་ནས་གོ་ཐོས་བྱུང་ཟེར་བ་ཙམ་ལ་སུ་ཤིག་གི་ཡིད་ཆེས་བྱེད་སྲིད། ཕོ་རྒོད་པོ་ཡིན་ན་བཤད་ཕོད་པ་དང་། སྒྲུབ་ཕོད་པ། བསམ་ཕོད་པ་བྱོས་དང་། དེ་མིན་དེང་སྐབས་གཟུར་གནས་ཀུན་གྱིས་གནས་ལུགས་བདེན་པ་ལ་ཡིད་ཆེས་བསྙེད་ནས་ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་དང་། ཁོང་གིས་ངོས་འཛིན་གནང་བའི་རྒྱལ་དབང་ཀརྨ་པ་འཕྲིན་ལས་མཐའ་ཡས་རྡོ་རྗེ་རིན་པོ་ཆེ་རྣམ་པ་གཉིས་ལ་ཡིད་ཆེས་དང་། དད་མོས་ཆེ་རུ་འགྲོ་བཞིན་པའི་དུས་ཤིག་མཐོང་ཡོང་དུས་རྫུན་རྐུབ་རྡོལ་ལ་ཉེ་བའི་ཤོག་ཁག་གི་ངོས་ནས་དངོས་ཤུགས་ཅི་རིག་པའི་ཐོག ཧམ་བཤད་དང་ལོག་བཤད། ད་དུང་གཡོ་སྒྱུ་སོགས་ཀྱི་ཐབས་སྣ་ཚོགས་བཙལ་གྱིན་ཡོད་པ་ནི་བློ་ལྡན་ཀུན་གྱིས་གསལ་ཐེང་ངེར་མཁྱེན་བཞིན་པ་རེད། རྫུན་མའི་རྒྱབ་རྩ་རྫུན་མ་བཙལ་བ་ནི་བྱིས་པ་བསམ་མེད་ཞིག་གི་ངང་ཚུལ་ལས་མ་འདས་སོ།།
གནས་ལུགས་དང་། བདེན་ལ་་་་་བཅོས་
གོང་དུ་མངའ་རིས་འཕྲིན་ལས་དང་དབང་ཕྱུག་ནག་པོ་ཟེར་བ་ལགས་ཀྱིས་གསུངས་པ་དེ་བདེན་པ་ཡིན་མི་སྲིད་པ་རེད། སོ་སོའི་རྫུན་རྐུབ་བུད་པར་དོགས་ནས་ཁྱི་སྨྱོན་བཞིན་གང་སར་ཡང་སོ་རྒྱག་པ་རེད། གལ་ཏེ་མཐའ་ཡས་རྡོ་རྗེ་ལ་སྲས་ཞིག་ཡོད་ན་ཤིན་ཏུ་བཟང་པ་རེད། ཀརྨ་པ་དྲུག་པ་ལ་ཡང་མཁའ་འགྲོ་ཡོད་པ་རེད། སྲས་རྒྱུད་ཀྱང་བྱུང་བ་རེད། མཁའ་འགྲོའི་ཡང་སྲིད་ཀྱང་དེང་དུས་སྨིན་གྲོལ་གླིང་གི་མཁའ་འགྲོ་རིན་པོ་ཆེ་ཞེས་པ་འདི་ཡིན་པར་བཅུ་དྲུག་པས་ངོས་འཛིན་འདུག་ག
༡ ཀརྨ་པ་ཨུར་རྒྱ་ཕྲིན་ལས་རྡོ་རྗེ་ལ་དེ་འདྲ་ཡོད་མི་སྲིད་པ་མ་རེད། ཁྱད་པར་ལྕམ་སྲིང་ཟེར་ལུགས་ལ་བལྟས་ན་ཨ་ལོག་དེ་ལ་ཡག་ས་སྣ་གཅིག་མི་འདུག མ་ཚད་ཤྰཀྱ་དགེ་སློང་ཡིན་ཟེར་བའི་ཡོངས་གྲགས་ཚོས་དབྱིན་ཇི་དང་རྒྱ་མོ་ཕྱུག་པོ་དང་སྲིད་ཐོབ་ཅན་ལ་འཁྱུད་པ་དང་རེག་པ་རྩོལ་བ་ཁ་སྐྱལ་བ་འདི་ཚོ་ཡག་པོ་གཏན་ནས་མ་རེད། དགེ་འདུན་ལྷག་མ་རེད།
༢ ད་དུང་སི་ཏུ་ཚང་གི་དགོན་པ་ནི་གྲྭ་ཆུང་བཙན་གཡེམ་བྱེད་པའི་གདན་ས་ཞིག་ཡིན་པར་ཀ་ལི་རིན་པོ་ཆེ་ཁོ་རང་གིས་ཡུ་ཏྲུབ་ལས་བཤད་འདུག་ག xxxxxxxxxxxx
༣ ངས་མཐོང་ཚུལ་ལ་༧ཀརྨ་པ་མཐའ་ཡས་རྡོ་རྗེ་འདི་ནི་སྐུ་ཚེ་གོང་བོར་དཀར་ཟས་ཁོ་ལ་ལོངས་སྤྱོད་ཅིང་། འདུལ་ཁྲིམས་མིག་གི་འབྲས་བུ་བཞིན་དུ་སྲུང་ཞིང་། འཇིག་རྟེན་པའི་ཁྱབ་སྲིད་བེད་སྤྱོད་མི་དགོས་པ་དང་རང་རིགས་གསོན་བསྲེག་དང་མགོར་སྐོར་བཏང་དགོས་པར་མི་རང་ངོས་ནས་མཁྱེན་བརྩེ་ནུས་པ་རང་ཚུགས་ཟིན་པ་ཀཾ་ཚང་ཆོས་བརྒྱུད་གཙང་མ་ཉམས་བཞེས་གནང་མཁན་ཞིག་འདུག ཆོས་ཟབ་རྩ་ན་ནག་པོ་བདུད་ཀྱང་ཟབ་ཟེར་བ་བཞིན་གཞི་མེད་བསྐུར་འདེབས་དེ་ཚོ་ཡ་མ་ཆ། xxxxxxxxxx
འདི་རུའང་རྙོག་དྲ་ཆེན་པོ་འདུག་ཨང་་་་་་་་་་་་་
དད་པ་མེད་པའི་མི་རྣམས་ལ།།
དཀར་པོའི་ཆོས་ནི་ཐོབ་པར་འགྱུར།།
ཞེན་ཁོག་ཕྱོགས་རིས་མེད་གྱུར་བས།།
ཆོས་ཀྱི་རང་བཞིན་མཐོང་བར་འགྱུར།།
དང་པོ།
མཐའ་ཡས་རྡོ་རྗེ་སྡོམ་གཙང་མིན་པ་དེ་ཁྱེད་སྐུ་འཁོར་རྣམས་ལ་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་གསལ་གསལ་རྗེན་རྗེན་མ་རེད་དམ། སྤྱིར་ཉི་མ་ལ་གནས་སྐབས་ཤིག་གི་རིང་སྤྲིན་པས་གཡོག་པ་ཡིན་ནའང་ཉི་མ་ནི་གསལ་བའི་རང་བཞིན་སོང་ཙང་གསལ་ངེས་པས། བདེན་པ་ལའང་དེ་བཞིན་ཇི་ལྟར་སྦས་ཀྱང་ཉིན་ཞིག་སྤྱི་ཚོགས་ནང་རྫུན་རྐུབ་རྡོལ་ནས་བདེན་པ་གསལ་འོང་དུས་ཕྱིས་དྲག་པས་མཛུ་མོ་ཁར་བཅུག་ནས་བསྡད་པ་ལས་གང་ཡང་འོས་མེད་པ་རེད། དེས་ན་ད་ལྟ་ནས་ཕྱི་གསལ་ནང་གསལ་བྱས་ནས་ཁོང་གི་ཡབ་བཞིན། འོ་མ་གཙོང་མཁན་ཡིན་ནའང་འདྲ་བཙུན་མོར་བསུས་བཞག་པ་ཡིན་ན་སྐྱོན་གང་ཡང་ཡོད་མ་རེད། དེ་མ་ཟད་ཁོང་གི་ཁྱིམ་ཚང་ནང་དེ་ལྟའི་ལུགས་སྲོལ་མེད་པ་ནི་མ་རེད། དེ་མ་ཡིན་པར་མིའི་བུ་མོར་ཕྲུ་གུ་བཟོས་པ་ཙམ་མ་ཟད་ད་དུང་ས་གནས་དབེན་པ་ཞིག་ཏུ་སྦས་བཞག་པ་ཡིན་ན་ཧ་ཅང་གི་འཛབ་ཆེན་མ་ཡིན་ནམ།
གཉིས་པ།
རྒྱལ་བ་ཞྭ་དམར་པ་ལ་དད་མོས་ཆེ་རུ་འགྲོ་བཞིན་པའི་དུས་ཤིག་རེད་ཅེས་བཤད་པ་དེ་ནི་ཀླད་མེད་བྱིས་པ་བསམ་མེད་ཞིག་གི་རེ་བ་རང་རེད། ད་ལྟའི་ཞྭ་དམར་རིན་པོ་ཆེ་དེ་རྒྱལ་མཆོག་བཅུ་དྲུག་པའི་ངོས་འཛིན་དང་སྐུ་ཚ་ཡིན་པའི་ཆ་ནས་རྒྱལ་བ་ཞྭ་དམར་པའི་སྐུ་གདུང་ལ་མཆོད་འབུལ་དང་ཐུགས་གསོའི་ཕྱག་བྲིས་གནང་པ་རེད། དེ་ནི་རྒྱལ་བ་ཞྭ་དམར་པའི་གཤེགས་ཟིན་པའི་སྐུ་གདུང་ལ་གུས་ཞབས་དང་རང་ཉིད་སྐྱེ་བོ་དམ་པ་ཡིན་པ་མཚོན་པ་ལས་གཞན་གང་ཡང་མིན་སྙམ། དེ་ལྟར་མ་ཡིན་པར་ལམ་ནོར་དུ་ཤོར་ཟིན་པའི་ཁོང་དང་ཁོང་གི་ལང་ཕྱོགས་དང་གང་གིས་བཞག་ཟིན་པའི་ནག་ཐིག་ལ་དུས་ནམ་ཡང་དད་མོས་ཆེ་རུ་བསྐྱེད་པའི་རེ་བ་བཅང་པ་དེ་ནི་སྟོང་ཟད་རེད་དོ།
འོ་ཡ་ད་ནི་ངའི་ལབ་བཞིན་པའི་གྲོང་གསེམ་རྒས་མོ་ལས་ཀྱང་ངན་འདུག །འདིར་ཚིག་རྡུང་གནང་མཁན་རྣམས་སྐབས་ཚོལ་ནས་ཀཾ་ཚང་ནང་མ་འགྲིགས་པ་དེ་གཅིག་གི་ཕྱོགས་ཡིན་མདོག་གིས་གཅིག་ལ་རྒྱབ་ཙ་བྱེད་ཁུལ་གྱི་དཀྲུག་པ་གཏན་གཏན་རེད། དོན་གྱི་བཀའ་བརྒྱུད་པ་ཡིན་ན་དེ་འདྲ་རྩ་ནས་མ་རེད། མིན་པའི་རྒྱུ་མཚན་ནི། རྒྱལ་དབང་མི་བསྐྱོད་རྡོ་རྗེས། རྟག་ཏུ་རང་གི་ཕེར་ཤ་སྒྲོགས་པ་དང་། །གཞན་གྱི་མི་ཤེས་མཚང་ནས་འདྲུ་བ་དང་། །བུབ་ཁ་བྱུང་ན་དགའ་བ་སྒོམ་པ་སོགས། །རང་གཞན་སུ་ཡི་རྒྱུད་ལའང་མ་གྱུར་ཅིག །ཅེས་གསོལ་འདེབས་དང་ཐུགས་སྨོན་གནང་ཡོད་པས་ཀཾ་ཚང་བཀའ་བརྒྱུད་དུ་ཁས་ཆེ་བ་རྣམས་ནི་དེ་ལྟར་ཡིན་དགོས་སོ། ཚིག་ངན་ཙམ་ལ་བཟོད་པའི་གོ་ཆ་ཤོར་བ་ནི་སྟོན་པའི་རྗེས་འཇུག་མིན་ནོ། བསྟོད་སྨད་ཙམ་ལ་དགའ་དང་མི་དགའ་སྐྱེ་བ་ནི་ཆོས་པའི་ལས་མིན་ནོ། རྐྱེན་དང་འཕྲད་ཚེ་ཆོས་པའི་མཚང་རྟགས་སྟོན་ཞེས་པ་ལྟར་མི་བྱའོ།
སྐུ་དགའ་ཚང་ནི་ཀརྨ་བཀའ་བརྒྱུད་བདེན་པ་དང་ཆོས་པ་ཡང་དག་གཅིག་ཡིན་པས་གང་ཡང་ཕོག་དགོས་དོན་མེད། དེ་མིན་ནང་མཐུན་མེད་པའི་ཁར་གཞན་ལ་ཆོས་བཤད་འདོད་དེ་དག་ནི་ཁ་ཁོག་མི་མཚུངས་པའི་ཆོས་ཚོང་དག་ལ་དད་གུས་མེད་དོ།
གོང་དུ་བགྲོ་གླེང་པ་འགས་བགྲོ་གླེང་གནང་འདུག་ཀྱང་། དམིགས་དོན་གཙོ་བོ་ཀརྨ་པ་མཐའ་ཡས་རྡོ་རྗེ་མཆོག་ལ་མཚན་ཤས་བཟོ་ཐབས་ཤིག་ཏུ་མ་གཏོགས་མ་མཐོང་།
དོན་དངོས་སུ་ཀརྨ་པ་མཐའ་ཡས་རྡོ་རྗེ་མཆོག་སྡོམ་གཙང་མིན་པའི་ཁུངས་སྐྱེལ་གང་ཡང་མི་འདུག དཱ་འདི་འདྲ་བཤད་ནས་ཕན་པ་གང་ཡོད་ནི་མ་ཤེས། གཅིག་བྱས་ན་ཁོང་ནག་པོ་ག་ཚོད་བཟོ་ཐུབ་ན་དེའི་ཚོད་ཀྱིས་གཞན་དག་ལ་ཕན་པ་ཡོད་ཤས་ཆེ། དེ་མིན་འདི་ལྟ་བུའི་ཁུངས་ལུང་རྩ་བ་ནས་མེད་པ་དེ་འདྲ་བཤད་ནས་ཕན་པ་གང་ཡོད་དམ་བསམས།
ཁ་སང་གོང་དུ་མཆན་བཏབ་ཡོད་པ་བཞིན་གུས་པས་འདིར་སྤེལ་བའི་ཞྭ་དམར་རིན་པོ་ཆེའི་སྐོར་དེ་ལ་མི་བདེན་པའི་ཆ་ཡོད་ན་བློ་གཟུ་བོར་གནས་པའི་ཐོག་ནས་དགག་པ་གནང་དང་། ང་ཚོས་བགྲོ་གླེང་བྱེད་ཆོག་གི་རེད།
དེ་མིན་ཀརྨ་པ་རྣམ་གཉིས་ལ་བསྐུར་འདེབས་ཞུ་འདོད་རྩ་བ་ནས་མི་འདུག གལ་ཏེ་ངེས་པར་གླེང་སློང་གནང་རྒྱུ་ཡིན་ཟེར་ན་གླེང་ཆོག་གི་རེད།
སྐབས་དེར་ཁ་བརྡ་དྲ་བ་ཚང་གིས་མཆན་བཀག་དགོས་པའི་གནས་སྟངས་ལ་ཐུག་སྲིད་པ་ཞིག་དང་། རང་གཞན་ཚང་མའི་སེམས་པ་མི་སྐྱིད་པ་ཞིག་ཆགས་ཀྱི་རེད། འདི་འདྲའི་ཁུངས་མེད་དང་ཕན་མེད་ཀྱི་བགྲོ་གླེང་དགོས་མིན་དགོངས་པ་བཞེས་ན་ཡག་པོ་འདུག
མདོར་ན་དྲི་བ་དང་གནས་ཚུལ་གྱི་ཁུངས་གནས་ཚད་ཐུབ་ཡོད་པའི་ཐོག་ནས་མིང་དོན་མཚུངས་པའི་བགྲོ་གླེང་བྱེད་འདོད་མི་ཡོད་ན་ཕེབས་ཤོག ང་ཚོས་རང་རང་གིས་ཤེས་ཚོད་ཀྱིས་སྒོ་ནས་ཡ་རབས་ཚུལ་མཐུན་གྱི་བགྲོ་གླེང་བྱེད།
དེ་མིན་ངན་ལབ་ཀྱིས་ས་གང་ཡང་ཆོད་ཀྱི་མ་རེད། ད་ལྟ་ངན་ལབ་བྱས་ཀྱང་ངན་ལབ་ཡིན་པ་མཐའ་གསལ་ཡོང་གི་རེད། དཔེར་ན། སྔོན་མ། ཀརྨ་པ་མཐའ་ཡས་རྡོ་རྗེ་འབྲུག་པའི་ཕྲུ་གུ་རེད་ཟེར་ནས་བཤད་པ་དེ་དེང་སང་ཁུངས་འཁྱོལ་གྱི་མེད་པ་ལྟ་བུ་རེད། དེར་བརྟེན་གནས་ལུགས་རྒྱུ་མཚན་ལྡན་པའི་སྒོ་ནས་སུ་ལ་སྐྱོན་བརྗོད་བྱས་ཀྱང་ཆོག་པ་ཞིག་རེད། འོན་ཀྱང་ཁུངས་མེད་འཆལ་གཏམ་སྤེལ་ཡག་དེ་ཕན་ཐོགས་གང་ཡང་མེད་པ་ཞིག་རེད།
ངས་འདིར་ཞྭ་དམར་རིན་པོ་ཆེའི་སྐོར་ལ་མཐོང་ཚུལ་སྤེལ་བ་དེ་ཁུངས་མེད་འཆལ་གཏམ་སྤེལ་ཡག་གི་ཆེད་དུ་མིན།
རེད་རེད། འབུམ་ཤུལ་ལགས་ཀྱིས་གནས་ལུགས་ལྡན་པའི་རྩོམ་ཡིག་དང་མཆན་མང་པོ་སྤེལ་སོང་། དེ་མིན་མིང་བྱང་རྫུན་མའི་འོག་ནས་དཀྲུགས་ཤིང་འདྲ་སློང་བསྡད་པ་ཡིན་ན་ཆོ་གང་ཡང་ཡོད་པ་མ་རེད། ལྷག་པར་དུའང་གཞི་མེད་སྐྱོན་བརྗོད་དང་སྒྲོ་བསྐུར་དེ་ཚོས་སུ་ལའང་ཁེ་བཟང་ནི་གཏན་ནས་ཡོད་མི་སྲིད་པ་རེད། དེ་ལས་བཤད་འདོད་པའི་བསམ་བློ་དང་སྤོབས་པ་ཡོད་མཁན་ཞིན་ཡིན་ན་ཕྱི་ནང་གསལ་བཟོ་དགོས་པ་ལས། དྲྭ་འབུ་འཁྲབ་བསྡད་པ་ཡིན་ན་ནམ་ཡང་དྲྭ་འབུ་རང་གི་ངོ་བོར་གནས་ངེས་རེད།
xxxxxxx ༡ ༧ཀུན་གཟིགས་ཞྭ་རིན་པོ་ཆེས་བལ་ཡུལ་རང་བྱུང་གི་མཆོད་རྟེན་ཆེན་པོའི་དྲུང་ནས་རྩ་གསུམ་ཆོས་སྐྱོང་རྒྱ་མཚོ་ལ་བདེན་པ་བརྡར་ནས་ལས་མཐའ་དཀར་པོས་བདག་གིས་ངོས་འཛིན་ཞུས་པ་ཞིག་ཡིན་ཞེས་བདེན་པ་དཀར་པོ་རེད། ༢ སྔོན་མའི་ལོ་རྒྱུས་ལས་རྒྱལ་པན་ནང་བཞིན་ཞྭ་དམར་ནག་གཅིག་གིས་གཅིག་ལ་ངོས་འཛིན་སྲོལ་ཡོད་པ་རེད། ༣ འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ་ཡབ་ཡུམ་ལ་རྨི་ལམ་དང་ཡ་མཚན་བལྟས་བཟང་བཞིན་དིལ་མཁྱེན་དང་ཀུན་གཟིགས་པན་ཆེན་སྐུ་སྔོན་མས་ལེགས་ཆ་གསུངས་པར་བདེན་དཔུང་འདུག ༤ འབྲུག་དང་རྒྱ་གར་ནག་སོགས་གང་ཡང་མིན་པར་སྐུ་སྔོན་མའི་མགུར་ལས་མདན་འབྲུ་ལུང་གི་ཕར་ཚུར་ལས་འཁྲུངས་ཞེས་གསུང་པ་བཞིན་འཇུ་མོ་ཧོར་ལྷ་སྲས་སུ་འཁྲུངས་པ་རེད། ༥ འཁོན་འཛིན་དང་འཁྲུག་རྩོད་སོགས་གང་ཡང་མེད་པར་རང་མོས་ཀྱིས་རྒྱལ་ཕྱི་ནང་ཀུན་གྲགས་ཀྱི་སྐུ་སྔོན་མའི་གཟིམས་ཆུང་རྒྱ་གར་རྒྱལ་སར་ཁྲི་འདོན་ཞུས་པ་རེད་བཞག ༦ ཀརྨ་པ་དཀར་པོས་མཁན་སྤྲུལ་དུ་མ་དང་ཁྱད་པར་ས་སྐྱའི་བཅོ་བརྒྱད་ཁྲི་ཆེན་དང་ས་སྐྱ་གོང་མ། སྨིན་གླིང་ཁྲི་ཆེན། འབྲི་གུང་ཆེ་ཚང་ཀླུ་ལྡིང་མཁན་ཆེན་སོགས་ལས་བཀའ་ཆོས་ཞུས་པ་དང་ཚུལ་བཞིན་ཉམས་བཞེས་མཛད་བཞིན་འདུག ༧ རྒྱ་བོད་དབྱིན་རིགས་ལ་ཆོས་བཞིན་སྤྱོད་པའི་ཐོག་ཆོས་ཚོགས་དགུ་བརྒྱ་ལ་སྦྱིན་གནང་འདུག དཔེར་ན་མཆོད་སྦྱིན་ཚང་མ་ཉམས་ཐག་རོགས་སྐྱོར་ལ་གནང་ནས་༧གོང་ས་མཆོག་གིས་ཀྱང་དམིགས་དཔེ་བལྟ་ས་བྱས་སོང་ཞེས་ཐེ་ཝན་གཞུང་གིས་གསར་ཤོག་ཐོག་བཀོད་འདུག ༨ རྒྱ་ནག་ལ་ལག་པ་མ་འཆང་དོལ་འདྲེ་བཞིན་སྐད་ངན་མ་ཤོར་བར་རང་ལུགས་ཆོས་བཞིན་སྤྱོད་པའི་ཀརྨ་པ་དཀར་པོ་ཞིག་ཏུ་མཇལ་སོང་ལགས་སོ།།
xxxxxxxx གཟུར་གནས་དཔྱོད་པའི་པདྨ་ནས་་་་
དེ་རིང་༧ཀུན་གཟིགས་ཞྭ་དམར་རིན་པོ་ཆེའི་སྐུ་གདུང་རིན་པོ་ཆེ་བལ་ཡུལ་དུ་གདན་འདྲེན་ཆོག་པའི་གཏམ་སྙན་གོ་བར་ཧ་ཅང་གི་དགའ་བོ་བྱུང། ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་འདི་པས་ཆོས་ལུགས་ཆོས་རྒྱུད་དབར་ལ་ཆགས་སྡང་གི་གསུང་ནམ་ཡང་གོ་ཐོས་མ་བྱུང་དེ་མིན་བླ་ཆེན་མི་ཆེན་ཡིན་ཟེར་མཁན་དེ་ཚོས་གཅིག་བཤད་ཁུལ་འདྲ་བྱས་ནས་ཆོས་ལུགས་ཀྱི་ཆགས་སྡང་གི་ཟུར་ཟ་ལས་སྐད་ཆ་གོ་རྒྱུ་ཉིན་སྐར་ཙམ་རེད། བཀའ་བརྒྱུད་ནང་ཁུལ་གྱི་རྙོག་ཁྲ་ནི་་་་་ཁ་ནང་གི་རྨ་དེ་ཁ་ནང་དུ་བཅོས་ཐབས་གནང་དགོས་པ་ལས་གཞན་ཞིག་གིས་བྱུས་གཏོགས་བྱེད་བབ་མི་འོས།
བལ་ཡུལ་གྲོས་ཚོགས་སུ་ཀརྨ་ཞྭ་དམར་རིན་པོ་ཆེ་མི་ཕམ་ཆོས་ཀྱི་བློ་གྲོས་མཆོག་གི་སྐུ་གདུང་བལ་ཡུལ་དུ་གདན་འདྲེན་བྱེད་མིན་ཐད་གླེང་སློང་བྱུང་བ་དང་། མཐར་མང་མོས་ཀྱིས་ཀརྨ་ཞྭ་དམར་རིན་པོ་ཆེའི་སྐུ་གདུང་བལ་ཡུལ་དུ་གདན་འདྲེན་བྱེད་འཇུག་དགོས་པའི་གནས་ཚུལ་ཐོན་འདུག
གང་མཆན་༥༠༽ པ་དེ་ལ་གུས་བསྐུར་ཡོད་་་་དྲང་པོ་གསུང་འདུག་་་
སྟབས་ཡག གཏམ་བཟང་དཔེ་རེད་ཐུགས་རྗེ་གནང་།
བླ་ཆེན་རྣམས་ལ་སྙིང་དབུས་ནས་ཞུ་རྒྱུ་ལ། ཞལ་ནས་གསུང་པ་དང་། ལག་ལེན་གཉིས་པོ་ཡ་བྲལ་དུ་མི་གནང་བར་ཞུ། དེང་སང་བསྟན་པ་བཤིག་མཁན་མང་ཆེ་བ་བླ་ཆེན་ཚོ་རེད། བླ་མ་ཡིན་ན་ཆོས་ཕྱོགས་ཁོ་ནར་ཕྱག་ལས་གནང་ནས་བཞུགས་ན་ལེགས། གདུལ་བྱ་རྣམས་ཀྱིས་དད་པ་དམ་ཚིག་སྲུང་སྟབས་བདེ། དེ་མིན་སྐྱ་བོའི་ལས་ལ་ཞུགས་པ། བཀའ་སློབ་གནང་དུས་བྱང་སེམས་ཡིན་འདོག ལག་ལེན་བསྟར་ཚེ་གྲྭ་པ་དཀྱུས་མ་ཞིག་ལས་སྐྱོ་བ། བཟོད་བསྲན་དང་སྙིང་རྗེ་མེད་པ། ཕྱི་རྒྱལ་གྱི་མཛེས་མ་རྣམས་མཐོང་དུས་ཐུགས་སེམས་སྤྲོ་བ། སྤྲེལ་ལད་མཁན་ལ་དྭངས་བ་ཆེ་བ། སོ་སོར་ལྷག་བསམ་དང་བསྟན་པ་ལ་ཤ་ཞེན་ཅན་རྣམས་ལ་དགྲ་ལྟར་ལྡང་བ། ཕྱི་རྒྱལ་གྱི་བུ་མོ་མཛེས་མ་ཚོ་དང་འགྲོགས་རྒྱུ་བྱུང་ན་གང་ཡང་བློས་གཏོང་ཕོད་པ། བུ་མོ་མཉམ་དུ་ཟ་མ་ལ་རོལ་བ། བུ་མོ་མཉམ་དུ་རོལ་དབྱངས་ལ་རོལ་བ། བུ་མོ་མཉམ་དུ་རྩེད་འཇོ་ལ་རོལ་བ། བུ་མོ་མཉམ་དུ་སྐད་འཕྲིན་སོགས་ལ་དུས་མདའ་བ་སོགས་ནི་བླ་ཆེན་གྱི་ཕྱག་ལས་གཏན་ནས་མ་རེད། གལ་སྲིད་དེ་འདྲ་ཡིན་ན་བླ་ཆེན་ཚོ་དང་། ང་ཚོ་བར་དུ་ཁྱད་པར་མེད་པ་མ་ཟད་ད་དུང་ཁོ་ཚོ་སྐྱོ་བ་འདུག དཔེར་ན་དེ་སྔོན་ཀ་ལུ་རིན་པོ་ཆེས། YouTube ནང་དུ་དགོན་པ་ག་གེ་མོ་ནི་གྲྭ་ཆུང་བཙན་གཡེལ་བྱས་ས་དང་། གྲྭ་པ་དང་ནང་ཆོས་ལ་ཆོ་མེད་ས་མང་རབས་བཤད་པ་ད་ལྟ་ཡང་མཐོང་རྒྱུ་འདུག ཡང་ཁོང་གིས་ཆང་ས་རྒྱགས་སྐབས་གྲྭ་ཆས་གོན་འདུག་པ་མ་ཟད། ད་ལྟ་ཡང་གྲྭ་ཆས་གོན་ཏེ་ཕྱི་རྒྱལ་རྣམས་ལ་ཆོས་འཆད་ཀྱིན་འདུག ད་དུང་དེ་འདྲ་བསྟན་པ་བཤིག་བཞིན་དུ་བླ་ཆེན་ཁག་ཅིག་གིས་དེ་ལ་རྒྱབ་སྐྱར་བྱས་པ་ནི་རྐུན་མ་རྒྱབ་ལ་ཇག་ཆེན་རང་རེད། ཀམ་ཚང་གི་ཆགས་སྒོ་ནང་འདྲེན་རང་ཡིན་པར་ངེས།
འགྲོ་འདུལ་ཕྱག་བཞི་པ་ཡིན་ན་ཡང་བསྟན་པ་ལ་ཐུགས་པ་རེད་ད་བཙུགས་ཤོག།
http://youtu.be/b0Dr3dCiEfY
ཞྭ་དམར་རིན་པོ་ཆེར་ཉམས་རྟོག་ཅི་ཡོད་ངས་མི་ཤེས། འོན་ཀྱང་ཁོང་གི་མི་གཤིས་དང་རང་ཚུགས་ལ་རྗེས་སུ་ཡི་རངས་ཡོད། སྐུ་ཕུང་བལ་ཡུལ་དུ་གདན་འདྲེན་ཞུ་ཐུབ་པ་ལ་སྙིང་ལ་དགའ་བ་བལྟས། ཁོང་སངས་རྒྱས་ཀྱི་སྲས་རེད་ཟེར་མི་ཤེས་མོད་ཕ་རྒོད་པོ་ཞིག་གི་བུ་ཡིན་པ་ཐག་ཆོད་རེད།
ད་ལེན་འཛམ་གླིང་གང་སར་དོ་སྣང་ཆེ་ཤོས་ཅིག བཀའ་རྒྱུད་སྟན་པའི་བདག་པོ། ཀུན་གཟིགས་ཞྭ་དམར་མི་འཕམ་ཆོས་ཀྱི་བློ་གྲོས་མཆོག་སྐུ་ཞི་བ་གཤེགས་པ་དང་གཤེགས་རྗེས་དྲ་ལམ་སྣ་ཚོགས་ནས་གནས་ཚུལ་འདྲ་མིན་མང་པོ་ཡོངས་དང་ཡོངས་བཞིན་པ། དེ་རྟེན་དངོས་བྱུང་ལོ་རྒྱུས་ཁ་ཤས་འདི་བཀོད་པ་ལགས། གཅིག ཐོག་མ་སྐུ་གཤེགས་རྐྱེན་ལ་དོགས་པ། གསར་འགྱུར་མང་པོ་ནང་སྙིང་རྩ་འགགས་ཚུལ་དང་ལྷག་པར་བོད་ཀྱི་དུས་བབས་སོགས་སུ་གསལ་པོ་བྲིས་འདུག ཁ་ཤས་གི་དབུ་ཀླད་ནང་ཁྲག་གི་རྒྱུ་བ་འགགས་ཚུལ་འདུག ཁ་ཤས་གི་དུག་རིགས་གི་རྐྱེན་པའི་སྐུ་ཀྲོངས་ཚུལ་འདུག དོན་ངོ་མ་ཞོགས་ཇ་བཞེས་བཞིན་པའི་སྐབས་གཉུང་གཞི་ཅི་གང་མེད་པ་གློ་བུར་དུ་སྐུ་གཤེགས་པ་འདྲ། སྨན་པ་སླེབས་སྐབས་སོས་རེ་མེད་པ་འགྱུར་འདུག་པས་སྨན་ཁང་སོགས་ལ་འཕེབས་ལོང་རེད་མི་འདུག་ན། སྙིང་རྩ་འགགས་པ་ཇི་ལྟར་ཤེས་པ་རེད? གཉིས། སྔོན་ཆད་ཞྭ་དམར་པ་སྐུ་འཚོ་བཞུགས་སྐབས། སི་ཏུ་ཚོགས་པས་འདྲེ་དང་དམ་སྲི་ལ་རྩིས་ཏེ་མནན་གཏད་གཟེར་གསུམ་བྱས་མངོན་ཤུགས་རྒྱབ་གསུམ་ནས་གནོད་པ་ལས་བསྟོད་པ་གནང་པ་གོ་མྱོང་མེད། སྐུ་གཤེགས་མ་ཐག་ཀུན་གཟིགས་ཞྭ་དམར་ཐམས་ཅད་མཁྱེན་པ་ལ་གནས་སྒྱུར་ཏེ། ཀརྨ་པ་ཨོ་རྒྱན་འཕྲིན་ལས། ཏ་ཡི་སི་ཏུ། འཚུར་ཕུ་རྒྱལ་ཚབ། མཁན་ཆེན་ཁྲ་འགུ་རིན་པོ་ཆེ་གཙོ་བྱས་བླ་སྤྲུལ་དང་དགོན་ཁག་ཚང་མས་གདུང་མཆོད་གྲ་རྒྱས་པོ་ཚོགས་ཏེ་རྒྱལ་ཕྱི་ནང་གང་ས་སྤྱི་སྒེ་གཉིས་ནས་བསམ་ཡུལ་ལས་འདས་པའི་ཁྱབ་སྒྲགས་གནང་སོང་། དོན་ངོ་མ་གང་གི་མཆེད་དུ་ཡིན་ནམ? གསུམ། ཀུན་གཟིགས་ཞྭ་དམར་པ་ལ་དད་དམ་འགྱུར་བ་མེད་པའི་སློབ་ཚོགས། ཉིད་ཀྱི་ངོས་འཛིན་གཙང་མ་གནང་བའི་ཀརྨ་པ་འཕྲིན་ལས་མཐའ་ཡེས་རྡོར་རྗེ་དབུ་བཞུགས་ཀྱི་བདུན་འཕྲག་བདུན་གི་རིང་། ཉིད་ཀྱི་གདན་ས་གཙོ་བོ་བལ་ཡུལ་ཤར་མི་ནུབ་དགོན་དང་། བདེ་ཆེན་ཡང་པ་ཅན། རྒྱ་གར་ལྡི་ལི་ཀརྨ་པ་རྒྱལ་ཡོངསནང་པའི་མཐོ་སློབ། ཀ་ལིམ་པུར་ཤྲིར་དྷི་ཝ་ཀ་བཤད་སྒྲ། ཧྥ་རན་སི་དགས་པོ་བཀའ་བརྒྱུད་གླིང་དགོན་པ་གཙོས་པའི་རྒྱ་ཕྱི་ནང་དགོན་པ་དང་ཆོས་ཚོགས་སྟོང་འཕྲག་ལ་ཉེ་བ་ཅིག་གི་རང་ནུས་གང་ལྕོག་གི་ངོ་ཀློག་མེད་པའི་གདུང་མཆོད་འབུལ་བཞིན་འདུག ཀརྨ་པ་མཐའ་ཡེས་རྡོར་རྗེ་སྐུ་གདུང་གདན་འདྲེན་དམིགས་གསལ་འཇར་མན་ནི་ལ་མཆེད་འཕེབས་གནང་ཏེ་སྐུ་གདུང་གཞུས་འབུལ་མ་ཐོན་བར་དུ་སྐུ་གདུང་དང་འབྲལ་མེད་གནང་བཞིན་འདུག ཡིན་ནའང་ཞྭ་དམར་ཚོགས་པས་སྤྱི་སྒེར་གཉིས་ནས་ཁྱབ་སྒྲགས་རྒྱས་པ་མི་གནང་པའི་རྒྱུ་མཚན་གང་ཡིན་ནམ? བཞི། ཞྭ་དམར་པའི་སྐུ་གདུང་འཕེབས་ཕྱོགས། ཐོག་མ་ཉིད་ཀྱི་ནུབ་ཕྱོགས་གདན་ས་ཨ་མ་འཇར་མན་ནི་རིན་ཆེན་ཨང་ལ་ཐུགས་དམ་གྲོལ་རྗེས་བདུན་འཕྲག་ཅིག་གི་རིང་ནུབ་ཕྱོགས་པའི་དད་ལྡན་སློབ་མ་རྣམས་ལ་གདུང་འཇལ་དང་། ཉིད་ཀྱི་རྗེ་དབོན་འཇིག་མེད་ལགས་དང་བླ་མ་དོན་བཟང་། དྲུ་རམ་རྒྱལ་སྤྲུལ་རིན་པོ་ཆེ། ཟང་བཟང་སྤྲུལ་སྐུ། སྤྲུལ་སྐུ་བློ་གྲོས། སྒྲུབ་སེང་སྤྲུལ་སྐུ། ཀརྨ་འཕྲིན་ལས་པ་རིན་པོ་ཆེ། འཕྲིན་ལས་སྤྲུལ་སྐུ་གཙོས་པའིབསློབ་བུ་རྣམས་ཀྱི་གདུང་མཆོད་རྒྱས་པ་དང་དད་ལྡན་རྣམས་ལ་གདུང་འཇལ་གནང་འདུག དེ་རྗེས་སྐུ་གདུང་རྒྱ་གར་ལྡི་ལི་ཀརྨ་པ་རྒྱལ་ཡོངས་ནང་པའི་གཙུག་ལག་ལ་གདན་ཞུས་ཀྱི། བདུན་འཕྲག་གཉིས་རིང་བཀའ་བརྒྱུད་སྟན་པའི་བདག་པོ་ཀརྨ་པ་འཕྲིན་ལས་མཐའ་ཡེས་རྡོར་རྗེ་དང་འཇམ་མགོན་ཀོང་སྤྲུལ། བེ་རུ་མཁྱེན་བརྩེ་རིན་པོ་ཆེ། གནས་འདོ་སྤྲུལ་སྐུ། གཙོས་པའིབླ་སྤྲུལ་དགེ་འདུན་ཆིག་སྟོང་ལ་ཉེ་བས་གདུང་མཆོད་རྒྱས་པ་དང་དད་ལྡན་སློབ་མ་རྣམས་མ་གདུང་འཇལ་གནང་འདུག དེ་རྗེས་ཉིད་ཀྱི་གདན་ས་ཀ་ལིན་པུར་ལ་ད་ལྟ་བར་དུ་ཀརྨ་པ་དབུ་བཞུགས་ཀྱི་བླ་སྤྲུལ་དགེ་འདུན་མང་པོའི་གདུང་མཆོད་དང་གདུང་འཇལ་གནང་བཞིན་པ་ཡོད་སྐད། དངོས་གནས་བྱས་ན། ཟླ་འདིའི་སྤྱི་ཚེས་བཅུ་བཞིན་ཉིན་སྐུ་གདང་བལ་ཡུལ་ཉིད་ཀྱི་གདན་ས་ཤར་མི་ནུབ་གླིང་ལ་གདན་ཞུས་ཀྱི། སྤྱི་ཚེས་སོ་ཅིག་ཆོས་འཁོར་དུས་ཆེན་བར་དུ་གདུང་མཆོད་དང་དད་ལྡན་ཚོགས་ལ་གདུང་འཇལ་གནང་རྩིས་ཡིན་ནའང་ད་བར་དུ་གདན་ཞུ་ཐུབ་མེད། ཡིན་ནའང་བེ་རུ་མཁྱེན་བརྩེ་དང་ས་བཅུ་སྤྲུལ་སྐུ། སྙེ་ཤང་བླ་མ་ཤེས་རབ་རྒྱལ་མཚན་དབུ་བཞུགས་ཀྱི་བླ་སྤྲུལ་དགེ་འདན་ཆིག་སྟོང་ལས་བརྒལ་བ་ཅིག་ཉིན་བཞིན་གདུང་མཆོད་རྒྱས་པ་གནང་བཞིན་སྐད་འདུག ལྔ། ཐོག་མ་བལ་པོ་ཕྱི་སྲིད་ལས་ཁང་ནས་བལ་ཡུལ་ཉིད་ཀྱི་གདན་ས་འཕེབས་མཆོག་པའི་ཆོག་ཆན་སྤྲད་ཚར་ནའང་། བལ་པོ་ནང་སྲིད་ལས་ཁང་གི་བཀག་པ་རེད་འདུག གསར་འགྱུར་ཁ་ཤས་ནས་བཤད་ན་རྒྱ་དམར་གཞུང་ཚབ་གི་བལ་གཞུང་ལ་ཁ་སྤར་རྒྱབ་ནས་བཀག་པ་རེད་ཟེར་གི་འདུག ཁ་ཤས་གི་བོད་གཞུང་མི་ཁ་ཤས་གི་བལ་གཞུང་ལ་ལོགས་བཤད་བྱས་ནས་གནོད་སྐྱེལ་བ་རེད་ཟེར་གི་འདུག ཁ་ཤས་གི་བཤད་ན་སི་ཏུ་ཚོགས་པས་ནང་སྲིད་བློན་པོ་ལ་ནེ་སྒོར་འབོར་ཆེན་སྤྲད་ནས་བཀག་པ་རེད་ཟེར་གི་འདུག དོན་ངོ་མ་སུ་ཡིན་ནམ?
པདྨ་ནས
མདོར་ན་དང་པོ་ནད་ཀྱི་སྣ་འདྲེན་པ། བར་དུ་ནད་ཀྱི་འཚང་བཅའ་བ། མཐའ་མ་ནད་ཀྱི་སྲོག་སྲོག་བདག་པ་ཚང་མ་སི་ཏུའི་ཀརྨ་ནག་ཕྱོགས་ཡིན་པར་གདོན་མི་ཟ་བར་འདིར་གསུངས་འདུག། བཤམས་འདུག
http://www.youtube.com/watch?v=AT4912b3Tdo
ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེས་ཀརྨ་པར་འུག་པའི་རྫུན་དྲུག་བཤད་འདུག
((༡༩༩༡ཟླ༦པའི་ཚེས༤ཉིན་ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་མདུན་དུ་མཁན་ཆེན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་ཆོས་ཀྱི་དོན་གྲུབ་མཆོག་ནས་དབུ་སྐྲ་གཙུག་ཕུད་བསིལ་ཏེ་རང་བྱུང་ཁྱབ་བདག་ཨོ་རྒྱན་རྒྱལ་བའི་མྱུ་གུ་འགྲོ་འདུལ་འཕྲིན་ལས་རྡོ་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་པའི་མཚན་གསོལ་བ་དང་།སྤྱི་ལོ༡༩༩༡ལོའི་ཟླ༩པའི་ཚེས༢༩ཉིན་རྒྱལ་བའི་དབང་པོ་ཀརྨ་སྐུ་ཕྲེང་བཅུ་དྲུག་པའི་ཡང་སྲིད་རིན་པོ་ཆེ་གསེར་ཁྲིར་ཡོངས་སུ་མངའ་གསོལ་བ་དང་།རྟེན་འབྲེལ་ལེགས་འབུལ་ཞུ་བའི་མཛད་སྒོར་གདན་ས་གསུམ་དང་བཀྲ་ཤིས་ལྷུན་པོ།གཙུག་ལག་ཁང་སོགས་དགེ་ལུགས་དང་ས་སྐྱ་སྨིན་གླིང་།འབྲི་སྟག་བཀའ་རྙིང་སོགས་མདོ་དབུས་ཁམས་གསུམ་དུ་ཡོད་པའི་རིས་མེད་དགོན་སྡེ་ཁག་དང་དད་ལྡན་སེར་སྐྱའི་འཐུས་མི།དེ་བཞིན་མཚོ་སྔོན་དང་། ཀན་སུའུ།ཟི་ཁྲོན།ཡུན་ནན་བཅས་དང་རང་སྐྱོང་ལྗོངས་ཁག་གི་དགོན་སྡེ་དང་ཆོས་ཚོགས་ཁག་སོགས་དད་ལྡན་སེར་སྐྱའི་འཐུས་མི།ཕྱི་རྒྱལ་ཨ་རི་བ་དང་།དབྱིན་ཇི། ཧྥ་རན་སི། ཨི་ཐ་ལི།་ འཇར་མན། ཧོ་ལན། ཤང་ཀང་།རྒྱ་གར།བལ་བོ་བཅས་རྒྱལ་ཁབ་ཁག་ནས་ཕེབས་པའི་ཀརྨ་བཀའ་བརྒྱུད་ཀྱི་ཆོས་ཚོགས་དང་།སྐུ་གོང་མའི་གསུངས་ལས་སྐྱེས་པའི་སློབ་ཚོགས་ཀྱི་འཐུས་མི་དང་དད་ལྡན་རྣམས་འདུས་ཏེ་བཀྲ་ཤིས་པར་བྱས་སོ།། ))
འོག་པའི་རྫུན་དྲུག་ལས་་་་
༡དབྱར་ཁ་མེ་ཏོག་སྐྱེ་བ་དང་འཇའ་ཤར་བ་ཀརྨའི་རྟགས་ཡིན་པས་མ་ཁྱབ་པ་དང་། ཁོ་ཚོས་བཤད་པ་བཞིན་དགུན་ཁ་མ་ཡིན་པར་དབྱར་ཟླ་འབྲིང་པོ་ཡིན་པར་གསལ་འདུག
ཀརྨ་སྐུ་ཕྲེང་བཅུ་བདུན་པ་འཕྲིན་ལས་རྡོ་རྗེ་ནི་སྤྱི་ལོ༡༩༨༥རབ་བྱུང་བཅུ་དྲུག་པའི་ཤིང་གླང་ཟླ༥པའི་ཚེས་༡ཉིན་ཆབ་མདོ་ས་ཁུལ་ལྷ་ཐོག་བ་སྒོར་ཞེས་པའི་འབྲོག་ཁྱིམ་ཞིག་ཏུ་ཡབ་རྒྱན་པོ་བ་ཀརྨ་དོན་གྲུབ་དང་ཡུམ་བློ་དགའ་གཉིས་ཀྱི་སྲས་སུ་མཚན་དཔེས་བརྒྱན་པའི་སྐུ་ངོ་མཚར་གྱི་ལྟས་དགུན་མོ་འཇའ་ཤར་བ་དང་མེ་ཏོག་བཞད་པ་དང་བཅས་བདེ་བར་བལྟམས།
༢ ཤྭོ་རྒྱལ་བའི་ཕྱིར་སིདྡྷི་བསགས་པ་ཁོ་རང་གིས་བཤད་འདུག ལོ་བཞི་ཅན་རབ་བྱུང་ཇི་ལྟར་འགྱུར་རམ། ལོ་བཞི་ཅན་སྒྲིག་འཛུགས་ནུས་སམ། རྫུན་གཉིས་པ་ཁོ་ཚོས་འདི་ལྟར་བཤད་འདུག དགུང་ལོ་བཞི་ལ་ཕེབས་དུས་དཀར་ལེགས་དགོན་གྱི་གྲུབ་ཆེན་ཚེ་དབང་དཔལ་ལྡན་ནས་ཡབ་ཡུམ་གཉིས་ཀྱིས་སྔོན་ནས་ཞལ་བཞེས་ཐལ་བ་ལྟར་བསླངས་པས་ཁོང་ལ་ཕུལ་ཏེ་རབ་ཏུ་བྱུང་ནས་དཀར་ལེགས་དགོན་དུ་སྒྲིག་ཞུགས་མཛད།
༣ བརྙན་འཁོར་ལས་གྲྭ་བ་བཏངས་ན་སི་ཏུའི་ངོས་འཛིན་པར་བཤད་ཀྱང་། འདིར་ཁོ་ཚོས་རྫུན་ཆེན་པོས་དེ་ནས་དགུང་ལོ་བདུན་པ༡༩༩༡ལྕགས་ལུག་ལོར་བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་ཕྱི་རྒྱལ་ནས་དཔལ་སྤུངས་གདན་སར་ཞབས་སོར་འཁོད་པར་གྲུབ་ཆེན་དང་ལྷན་ཅིག་ཡབ་ཡུམ་སྲས་དང་བཅས་པ་མཇལ་བར་བཅར་སྐབས་བུ་འདི་སྐྱེས་བུ་ཆེན་པོ་ཞིག་ཡིན་གསུངས་བ་དང་།མཚན་ཨོ་རྒྱན་འཕྲིན་ལས་ཞེས་གསོལ། ཟེར།
༤ ཞལ་ཆེམས་མཆེད་འགྲོགས་དཀྲུག་པའི་ཏེ་བོ་སོགས་གང་ཡང་མི་བཤད་པར་༧གོང་ས་མཆོག་གིས་ངོས་འཛིན་པར་བཤད་འདུག ༡༩༩༢ལོའི་དབྱར་འབྲིང་ལ་སི་ཏུ་བོད་ལ་ཡོད་པར་བཤད་ན་༧གོང་ས་མཆོག་གིས་ཇི་ལྟར་ཐག་བཅད་པ་ཡིན་ནམ། ཁོ་ཚོས་་སྤྱི་ལོ༡༩༩༢ལོའི་ཟླ༦པའི་ཚེས༣༠དང་བོད་ཆུ་སྤྲེལ་ཟླ༤པའི་ཚེས༣༠ཉིན་༧གོང་ས་སྐྱབས་མགོན་རིན་པོ་ཆེས་སྐྱེད་བྱེད་ཀརྨ་དོན་གྲུབ་དང་།མ་ཡུམ་བློ་དགའ་གཉིས་ཀྱི་བུ་ཤིང་གླིང་ལོ་བ་དེ་བཞིན་ཀརྨ་སྐུ་ཕྲེང་བཅུ་དྲུག་པའི་ཡང་སྲིད་དུ་ངོས་འཛིན་གཏན་ཁེལ་བྱེད། ཅེས་ཐུགས་ཐག་བཅད།
༥ ཞལ་ཆེམས་གཟོད་ཡོད་འདོགས་ཀྱིས་རྩད་གཅོད་འདུག དེ་དུས་གོང་ས་སོང་ཡང་བརྗེད་འདུག
ཁོ་ཚོས་བཤད་ན་་་སྤྱི་ལོ༡༩༩༢ལོའི་ཟླ༥པའི་ཚེས༦ཉིན་གོང་རིམ་ནས་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་སྐུ་ཕྲེང་བཅུ་དྲུག་པའི་ཞལ་གདམས་དགོངས་དོན་ལྟར་ཡང་སྲིད་སྤྲུལ་བའི་སྐུ་ས་གནས་གར་འཁྲུངས་རྩད་གཅོད་གདན་ཞུ་གནང་བར་ཆོག་མཆན་སྤྲད་པས།ཕྱི་རྒྱལ་ནས་སྐུ་ཚབ་ཆོས་རྗེ་ཨ་ཀོང་རིན་པོ་ཆེ་དང་།ཕྱག་མཛོད་ཤེས་རབ་མཐར་ཕྱིན་གཉིས་བོད་ཕྱོགས་སུ་གཏོང་གནང་མཛད་ཅིང་།ཟླ༣པའི་ཚེས༡༠ཉིན་རྒྱལ་དབང་མཆོག་གི་ཡང་སྲིད་སྤྲུལ་བའི་སྐུའི་གསེར་ཞལ་ཐོག་མར་མཇལ་ཏེ་མཎྡལ་རྟེན་གསུམ་འདེགས་འབུལ་དང་འབྲེལ་བའི་ན་བཟའ་ཉེར་སྤྱད་རྣམས་ཕུལ།
༦ ལོ་ཟླ་ཕྱིན་ཅི་ལོག་ཏུ་སོང་བ་ཡིན་ནམ་དེ་ནས་༧གོང་ས་མཆོག་དང་ཞལ་ཆེམས་མ་རིག་གོང་ནས་གདན་ས་ན་ཁྲི་འདོན་བཟོ་ཚར་འདུག ཁོ་ཚོས་བཤད་པའི་རྣམ་ཐར་ལས་་་་སྤྱི་ལོ༡༩༩༢ལོའི་ཟླ༤པའི་ཚེས༢༧ཉིན་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་རིམ་པའི་གདན་ས་དཔལ་འོག་མིན་མཚུར་མདོའི་གཙུག་ལག་ཁང་གསར་པར་བཀའ་བརྒྱུད་ཡོངས་ཀྱི་བསྟན་པའི་བདག་པོར་ཆོས་ཀྱི་ཁྲི་འཕངས་མཐོན་པོར་ཞབས་སེན་བཀྲ་ཤིས་པའི་རེ་ཁཱ་བཀོད།།
པདྨས་སོ།།
ཡཡཡ་ད་ཞྭ་དམར་སྐུ་གདུང་བལ་ཡུལ་དུ་གདན་དྲངས་པའི་སྐད་ཆ་འདུག དགའ་པོ་བྱུང་ཁོ་རང་ཚོ་བསམ་དོན་བཞིན་འགྲུབ་འདུག འོན་ཀྱང་ཀརྨ་པ་མཐའ་ཡས་རྡོ་རྗེ་ལ་གསང་ཡུམ་འབྲུག་མོ་ཞིག་ཡོད་པའི་གོང་དུ་བཤད་འདུག དེ་འདྲ་ཡིན་ན་ཁོང་ཀརྨ་པ་ཡིན་པའི་རྫུན་ལྐུབ་རིལ་བ་རེད། དེ་སྔོན་ཡང་རྒྱ་མོ་མཛེས་མ་ཚོ་ཐུག་ཕྲད་བྱས་པའི་དོན་དུ་ལྡི་ལིའི་མགྲོན་ཁང་ཆེན་མོ་དང་། ཕྱི་རྒྱལ་ཁག་ཏུ་ཡང་ཡང་འགྲོ་བའི་སྐད་ཆ་འདུག དེ་དག་བདེན་པ་མིན་པར་ཤོག བླ་མ་ལ་དགོས་རྒྱུ་ནི་དབང་ལུང་མན་ངག་དང་། སོ་སོའི་གྲུབ་མཐའ་ནས་བརྒྱུད་པའི་ཁྲིད་ལུང་ཁག་ནི་མེད་ཐབས་གཏན་ནས་མེད། དེ་མིན་བླ་མ་སོ་སོར་རང་མཐོང་ཅན་དང་། འཇིག་རྟེན་བྱ་བ་ལ་ཇུས་ཏོག་ཚ་པོ། ཁ་ནས་འགྲོ་དྲུག་སེམས་ཅན་ཐམས་ཅད། དོན་དུ་སོ་སོར་མ་གཏོགས་བསམ་མི་ཤེས་མཁན། སོ་སོའི་མི་རིགས་དང་མི་དཀྱུས་མར་གཙང་བཙོག་ཡོད་འདོག ཕྱི་རྒྱལ་མི་རིགས་ཁག་དང་། ད་དུང་མཛེས་མ་ཐུག་དུས་ལྕིས་ལྡག་གྲབས་ཀྱང་བྱས། མདོར་ན་བླ་མིང་མཁན་རྣམས་ཕྱི་རྒྱལ་མཛེས་མ་རྣམས་ལ་ཐུགས་མཉེས་པོ་གནང་བ་མི་ངོར་མཛེས་པོ་གཏན་ནས་མི་འདུག ཕྱིན་ཆད་དེ་འདྲ་མི་འདྲ་བའི་འབོད་བསྐུལ་ཞུ་བཞིན་ཡོད།
སྐར་ཚེ་ཁྱོད་ཅི་འདྲའི་བླུན་པ་ལ་ང་ཁྱོད་བཤད་བཤད་ནས་དཀར་པོ་ལ་སྡོམ་པ་ཡོད་པ་ཡོད་མེད་བཤད་ན་ཡག་པོ་གཏན་ནས་མི་འདུག གོང་ནས་དྲ་བ་ལས་་་ནག་རིལ་མིང་སྲིང་བར་ནས་ཐན་ཕྲུག་ཅིག་འདུག་ཟེར་བསད་པ་འམ་ཤི་བ་ཅི་ཆ་བདེན་པ་ཡིན་ནམ། ང་ནི་ཡིད་ཆེས་མེད། པདྨས་དྭོགས་དཔྱོད་དེ་ཚོ་ཡག་པོ་ཚོར་སོང་། བློ་གྲོས་ལྡན་པའི་དཔྱད་པ་རེད་མོད། ཁྲེལ་མེད་དང་ངོ་ཚ་མེད་པའི་རིགས་ལ་ཇི་ལྟར་བདེན་པར་བཤད་ཀྱང་ལོག་པར་གོ་བ་ལས་རང་ངོ་ཤེས་མི་སྲིད། འུག་པ་ལ་ཉི་མ་འོད་གསལ་དུ་མཐོང་མི་ཐུབ་པ་བཞིན་ནོ།།
ཧ་ཧ་རང་ཐོག་ཏུ་བབ་དུས་ལྟད་མོ་འདུག་ག
ངས་བསྡོམས་ཞིག་རྒྱབ་འདོད་ན་་་གསོན་དུས་མིའི་རྙོག་དྲྭ་་ཤི་དུས་རོའི་རྙོག་དྲྭ་་་ཧཧཧ
ཧ་ཧ་ཧ་ཨ་ཕྱི་འདྲེ་མོ་རང་རེད་་་་ང་དང་བོན་པོ་དགའ་མི་དགའ་ཀུན་གྱིས་ཤེས་གསལ་རེད། བོན་གྱི་དགོན་པ་དང་ཕྱི་རྒྱལ་དུ་ཡོད་པའི་བོན་གྱི་ཆོས་ཚོགས་མང་པོས་ཞྭ་དམར་རིན་པོ་ཆེ་སྐུ་གཤེགས་འདུག་གོ་བ་དེ་ཉིན་རང་མཆོད་འབུལ་སྨོན་ལམ་ཞུས་པ་གོ་མེད་དམ། ཁྱོད་ཀྱི་རྣ་བར་མི་སྙན་པ་དང་མིག་ལ་མི་མཛེས་པ་དགག་ཚིག་མ་གཏོགས་གོ་རྒྱུ་མེད་མཁན། ལས་ངན་གྱི་ནང་ལས་ངན་རེད། ང་དགའ་དང་མ་དགའ་ངས་གོང་དུ་ཞྭ་དམར་རིན་པོ་ཆེ་དང་འབྲེལ་བའི་མཆན་མང་པོ་བཀོད་ཡོད་པས་དེ་ཚོར་ལྟོས་དང་མིག་ཞར་མེད་ན། མི་ཁྱོད་དང་འདྲ་བས་ཞྭ་དམར་རིན་པོ་ཆེར་གུས་འདུད་ཡོད་མཁན་རྣམས་མེད་པར་བཟོ་མཁན་གྱི་ལྟེ་བ་རེད། ཞྭ་དམར་རིན་པོ་ཆེའི་གདན་ས་མི་ནུབ་གླིང་དུ་དེ་དང་ཉེ་སར་ཡོད་པའི་བོན་གྱི་བླ་གྲྭ་བཅུ་ཕྲག་འགའ་ཤས་ཀྱིས་མ་བསྐུལ་དང་བླང་གིས་སྐུ་གདུང་གདན་འདྲེན་ཞུ་འབུལ་བྱེད་པའི་གྲ་སྒྲིག་བྱེད་པར་ཕེབས་པར་འཕགས་ཤིང་དབུ་རྩེའི་གྲྭ་བ་རྣམས་དགའ་བ་དཔག་ཏུ་མེད་པར་སྐྱེས་ཚུལ་མ་གོ་བའམ། མིག་ཡོད་ན་ལྟོས། རྣ་བ་ཡོད་ན་ཉོན། རྐང་པ་ཡོད་ན་སོང། དབྱིངས་ལན་དུ
བསྡད་ནས་རང་སྣང་གར་ཤར་གྱི་འཁྲབ་བསྡད་ནས་མ་བསྡད་པར་དངོས་གནས་ཞྭ་དམར་རིན་པོ་ཆེར་དད་པ་དང་རྒྱབ་སྐྱོར་ཡོད་ན་སུས་དགའ་བ་བྱེད་ཀྱི་འདུག་སུས་མི་དགའ་བ་བྱེད་ཀྱི་འདུག་ཤེས་ངེས་རེད། འདྲེ་མོ་ཁྱོད་ལ་རྙིང་མ་མ་གཏོགས་ཐམས་ཅད་རྫུས་མ་ཡིན་པར་བལྟ་མཁན་གྱི་འུག་པའི་མིག་ལ་ཉི་མའི་དཀྱིལ་འཁོར་ཀྱང་མུན་པར་མཐོང་མཁན་ལ་་ཡ་ལན་བྱེད་འདོད་མེད།
ཨ་ཕྱི་འདི། གར་དུས་ཀྱང་ཀརྨ་པ་ལ་ཕྲག་དོག་གིས་འགྲན་རྩོད་ཀྱི་རྭ་བར་ཚུད་འདུག ཀརྨ་པ་ཨོ་རྒྱན་ཕྲིན་ལས་ལ་ཁྱོད་རང་ཚོའི་དུས་ནམ་ཡང་འགྲན་ཟླ་ཐུབ་ཀྱི་མ་རེད། ཁོང་ནི་ད་ལྟ་བོད་པའི་བླ་ཆེན་གཞོན་ནུ་རྣམས་ཀྱི་ཁྲོད་དུ་ཡར་དཔེ་ལྟ་ས་དང་། བོད་རིགས་རྣམས་ཀྱི་རེ་བ་བྱ་ས། དེ་བཞིན་ཀམ་ཚང་གི་བསྟན་པ་ལ་བྱས་རྗེས་མི་ཉུང་ཞིག་བཞག་ཡོད། ཁོང་ནི་སྡོམ་པ་གཙང་མ་ཡིན་པ་མ་ཟད། བཀའ་བརྒྱུད་སྨོན་ལམ་ཐོག་ཏུ་དགེ་འདུན་ཡོངས་ལ་འདུལ་བ་ལག་ལེན་ཞིབ་ཕྲ་གནང་མཁན་དང་། གར་དུས་ཀྱང་དགེ་ཚུལ་སློང་ལ་མཐོང་ཆེན་དང་། འདུལ་བའི་སློབ་ཁྲིད་གནང་མཁན་ཀྱང་རེད། ཁོང་གི་རྩར་བུད་མེད་ཁེར་རྐྱང་འགྲོ་བའི་གོ་སྐབས་ཀྱང་གཏན་ནས་མེད་ལ། ཁོ་རང་སྐུ་སྒེར་ལ་ཁ་པར་དང་སྐད་འཕྲིན་སོགས་ཀྱང་མེད། ཁོང་རང་གི་དགའ་ཞེན་བྱེད་ས་དང་། ནམ་ཡང་བྲལ་ཐབས་གཏན་ནས་མེད་པ་ནི་ཕྱག་དཔེ་ཁག་རེད། ཁོ་རང་གི་གུས་བཀུར་བྱེད་ས་ནི་གོང་ས་མཆོག་དང་། བཀའ་བརྒྱུད་ཀྱི་རྒྱལ་བ་ཡབ་སྲས་རྣམས་རེད། ཁོང་ནི་འཇིག་རྟེན་ཆོས་བརྒྱད་ཀྱི་དྲི་མ་གཏན་ནས་མི་གོས་པའི་དངོས་གནས་སྐྱེས་ཆེན་དམ་པ་ཞིག་རེད། ཀམ་ཚང་བཀའ་བརྒྱུད་ཀྱི་དབང་ལུང་མན་ངག་རྣམས་གཅིག་ཀྱང་མ་ལུས་པར་གསན་བཞེས་གནང་ཟིན། ཕྱག་དཔེ་ཁག་ལ་གསན་བསམ་གནང་སྐབས་སུའང་། ཀམ་ཚང་གི་དགེ་བའི་བཤེས་གཉེན་ཆེ་གྲས་ཁག་ཡོངས་རྫོགས་བརྟེན་མྱོང་བ་མ་ཟད་། ད་དུང་ཡང་བརྟེན་བཞིན་པ་ཡིན། ངས་ད་ལྟའི་བར་དུ་ཁོང་ནི་བུད་མེད་ལ་མཉེས་པོ་ཡོད་པ་མ་མཐོང་ལ་ཐོས་ཀྱང་མ་མྱོང་། སྦྱིན་བདག་ཁག་གིས་གསོལ་ཚིགས་རྒྱས་པ་ཕུལ་སྐབས་སུའང་བུད་མེད་དང་ལྷན་དུ་བཞུགས་ཀྱི་མ་རེད་ལ། བུད་མེད་རྣམས་ལ་བཀའ་མོལ་ལྷུག་པོ་གཏན་ནས་གནང་གི་མ་རེད། ཨ་ཕྱི་ཁྱོད་རང་གིས་ཀརྨ་པས་གནང་ཚད་ཐམས་ཅད་ལ་ལོག་འགྲེལ་གང་ཐུབ་བྱས་པ་ནི། ཁྱོད་རང་གི་སྙིང་ལ་གདོན་འདྲེ་ཞུགས་པའི་རྟགས་རེད། །
ཨ་ཕྱི་དགུ་རྫོགས་གནམ་ཁང་གཏོང་རན་ཐག་ཆོད་བཞག ཁ་བརྡའི་དྲ་དཔོན་ལགས། ཨ་ཕྱིའི་མགོ་དེ་ལ་ཐུགས་རྗེ་མ་ཆུང་བ་ཞིག་མཁྱེན།
གོང་དུ་གཅིག་གིས་གསུངས་པ་བཞིན་འཇུ་མི་ཕམ་རིན་པོ་ཆེའི་ཡང་སྲིད་རྩད་གཅོད་ཁྲི་འདོན་རིམ་བཞིན་གནང་བ་ཡིན་པ་དང་། རྫ་དཔལ་སྤྲུལ་རིན་པོ་ཆེ་སྙན་གྲགས་ཆེ་ཤོས་འཇིགས་མེད་ཆོས་ཀྱི་དབང་པོ་ནི་རྫ་དཔལ་སྤྲུལ་སྐུ་ཕྲེང་གསུམ་པ་རེད། དམ་པ་འདི་ཉིད་སྐུ་གཤེགས་པའི་རྗེས་སུ་ཁོང་ལ་ཡང་སྲིད་གསུམ་བྱུང་བའི་ལོ་རྒྱུས་ཡོད་ལ། དེ་ཡང་གཙོ་བོ་གཏེར་ཆེན་ཁྲག་འཐུང་བདུད་འཇོམས་གླིང་པའི་གདུང་སྲས་དཔལ་སྤྲུལ་ནམ་མཁའ་འཇིགས་མེད་རིན་པོ་ཆེ་ངོས་འཛིན་ཁྲི་གསོལ་ཞུས་པ་དེ་རེད།
གཞན་ཡང་དྭགས་པོར་འཁྲུངས་པའི་ཀུན་མཁྱེན་བོད་པ་སྤྲུལ་སྐུ་དང་། པ་ཐུར་མཁན་པོ་ཐུབ་དགའ་ཡིད་བཞིན་ནོར་བུ་གཉིས་ཀྱང་རྫ་དཔལ་སྤྲུལ་གྱི་སྤྲུལ་སྐུ་རུ་ངོས་འཛིན་གནང་གི་རེད་ལ། ཁོང་རྣམ་པ་གསུམ་ནི་སྐུ་གོང་མ་དང་འགྲན་བཟོད་པ་ཤ་སྟག་རེད། སྐུ་བདག་ཁྲི་གསོལ་ཞུས་པའི་དཔལ་སྤྲུལ་སྐུ་ཕྲེང་བཞི་པ་དཔལ་སྤྲུལ་ནམ་མཁའ་འཇིགས་འཇིགས་མེད་ཁོང་གིས་ཀྱང་། ཀུན་མཁྱེན་བོད་སྤྲུལ་དང་། པ་ཐུར་མཁན་པོ་ཁོང་གསུམ་ཀ་དཔལ་སྤྲུལ་རིན་པོ་ཆེའི་སྤྲུལ་སྐུ་ཡིན་པ་གཅིག་གྱུར་གྱིས་ངོས་འཛིན་གནང་གི་ཡོད་པ་དང་། ཕན་ཚུན་གུས་བཀུར་དང་ཐུགས་སྣང་ཧ་ཅང་མཐུན་པོ་ཡིན་པ་ལས། དེང་དུས་བླ་མ་རེ་ལ་ཡང་སྲིད་གཉིས་རེ་བྱུང་དུས་དགྲ་ཤ་བ་ལྟར་བརྩི་སྲོལ་ཡོད་པ་དེ་འདྲ་རྩ་བ་ཉིད་ནས་མ་རེད། གོང་དུ་མི་གཅིག་གིས་བཤད་པ་བཞིན་རྫ་དཔལ་སྤྲུལ་རིན་པོ་ཆེ་ལ་ཡང་སྲིད་ངོས་འཛིན་གནང་སྲོལ་མེད་པ་དེ་འདྲ་རྩ་བ་ཉིད་ནས་མ་རེད། གོང་དུ་བཀོད་འདུག་པའི་རྫ་དཔལ་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་ལ་མཚོན་ན་ཐོག་མ་འཇིགས་མེད་རྒྱལ་བའི་མྱུ་གུ་དང་། རྫ་དཔལ་སྤྲུལ། འཇུ་མི་ཕམ། དཔལ་སྤྲུལ་ནམ་མཁའ་འཇིགས་མེད་སོགས་ཀྱི་གདན་ས་རྫ་རྒྱལ་དགོན་གྱི་མཁན་པོ་གནང་བ་དང་། ད་ལྟའི་ཆར་རྫ་རྒྱལ་དགོན་པའི་བསྟན་བདག་གནང་བཞིན་པ་རེད། ཁོང་ནི་དཔལ་སྤྲུལ་ནམ་མཁའ་འཇིགས་མེད་ཀྱི་ཡང་སྲིད་དུ་ངོས་འཛིན་དང་། ལུགས་མཐུན་ཁྲི་གསོལ་ཞུས་པ་ཞིག་རེད།
དེ་མིན་སྐུ་གོང་མའི་ཡང་སྲིད་ངོ་མ་ཡིན་མིན་དེ་ངོས་འཛིན་གནང་མཁན་ཆེན་ཨ་ཁྱིག་གམ། གྲུབ་དབང་ལུང་རྟོགས་རྒྱལ་མཚན་རིན་པོ་ཆེ་སོགས་ཀྱིས་མཁྱེན་པ་ལས། ང་ལྟ་བུ་གང་ཟག་དཀྱུས་མ་དག་གིས་ཤེས་ཐུབ་པ་ཞིག་མ་རེད། འོན་ཀྱང་མཁན་སྤྲུལ་བསྟན་འཛིན་ཆོས་མཆོག་རིན་པོ་ཆེ་ལ་མཚོན་ན། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཐོག་ནས་མིག་དཔེར་འོས་པ་ཞིག་ཡིན་པ་དེ་མིག་མདུན་གྱི་གནས་ཚུལ་རེད། གཞན་ཡང་རྫ་དཔལ་སྤྲུལ་གྱི་ཡང་སྲིད་དུ་གྲགས་པ་མང་པོ་ཞིག་ཡོད་འདུག་པ་ཀྱང་འདི་རེད་དང་འདི་མ་རེད་ཅེས། ཁ་ཚོན་གཅོད་མི་ཤེས་ལ་ཁ་ཚོན་གཅོད་དགོས་དོན་ཡང་མི་འདུག མདོར་ན་དཔལ་སྤྲུལ་སྐུ་ཕྲེང་གསུམ་པས། སྐུ་སྐྱེས་བསྟན་དོན་དུ་བྱོན་ན།། བཤད་སྒྲུབ་ལག་རྗེས་རེ་འཇོག་དགོས།། ཞེས་གསུངས་པ་ལྟར་ཁོང་རྣམ་པའི་མཛད་ཕྲིན་གྱི་ཐོག་ནས་གསལ་པོ་ཆགས་ཡོང་གི་རེད།།
ཀྃ་ཚང་བསྟན་པ་འཁྲབ་སྟོན་འདྲ་བཟོས་བཞག་ན་རྒྱལ་བ་བརྒྱུད་པའི་སྐུ་ལ་བདོ་བ་མ་ཡིན་ནམ། ༧ཀུན་གཟིགས་ཞྭ་དམར་རིན་པོ་ཆེའི་སྐུ་གདུང་ལ་མཆོད་མཇལ་དུ་ཕེབས་པ་ནི་དཔལ་ལྡན་འབྲུག་གི་ཆོས་རྒྱལ་ཆེན་པོ་དང་། བཙུན་མོ། གཞན་ཡང་འབྲུག་གི་བློན་ཆེན་སོགས་དད་ལྡན་ཡོངས་ནས་མཇལ་ཁ་གྲུབ་སྟེ་དེ་རིང་བལ་ཡུལ་ཤར་མི་ནུབ་དགོན་དུ་གདན་འདྲེན་ཞུ་བཞིན་འདུག བལ་ཡུལ་དུ་ཀརྨ་པ་མཐའ་ཡས་རྡོ་རྗེ་མཆོག་དང་། ཤར་ཆེན་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་།བདུད་འཇོམས་ཡང་སྲིད་སོགས་བསྟན་འཛིན་གྱི་སྐྱེས་བུ་མང་པོ་ཞིག་གདུང་མཆོད་འབུལ་བར་ཆེད་ཕེབས་གནང་ཡོད་འདུག
xxxxxx
བཀའ་འདྲི་གཅིག་ཞུ་ཆོག་པ་གནང་རོགས། བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་གཞུང་དུ་རྣམ་ཤེས་གཅིག་རྒྱུན་གཅིག་ལ་མཐུད་ཀྱིན་པ་ནི་རྣམ་ཤེས་རྐྱང་བ་གཅིག་རྐྱང་བར་མཐུད་ཀྱི་ཡོད་པ་བསྟན་ཡོད་དམ། ཡང་ན། རྣམ་ཤེས་གཅིག་རྣམ་ཤེས་དུ་མར་འགྱུར་བཞིན་པ་བསྟན་ཡོད་དམ།
རྣམ་ཤེས་གཅིག་རང་གཅིག་གི་རྒྱུན་མཐུད་ནས་སྐྱེ་བ་ལེན་དགོས། རྣམ་ཤེས་གཅིག་ལས་དུ་མར་འཕེལ་གྱི་ཡོད་ན་ནས་ཀྱི་ས་བོན་ནང་བཞིན་ཆགས་འགྲོ་གི་རེད། ཡིན་ནའང་ལན་འདི་འདེབ་རྒྱུར་ཁག་པོ་རེད། འོ་ན་འཁོར་བ་དང་པོར་མགོ་བཙུགས་དུས་ནས་རྣམ་ཤེས་གྲངས་ངེས་ཅན་ཞིག་ག་འདྲ་སེ་བྱས་དེ་བྱུང་བ་རེད་དམ། གཅིག་བྱས་ན་སེམས་ཉུང་དུ་འགྲོ་བ་ལས་མང་དུ་འགྲོ་མི་སྲིད་པ་ཞིག་རེད་གང་ཡིན་ཟེར་ན་རྒྱུན་སྔ་མར་མ་སོང་བའི་སྔོན་མེད་ཀྱི་རྣམ་ཤེས་གསར་པ་ནི་འབྱུང་མི་སྲིད། སེམས་ཅན་གཅིག་སངས་རྒྱས་དུས་སེམས་ཅན་གཅིག་ཉུང་དུ་ཕྱིན་པ་རེད། དགོངས་དག་ལན་ཏག་ཏག་ཅིག་འདེབ་རྒྱུར་དཀའ་མོ་འདུག འོན་ཀྱང་སངས་རྒྱས་ཀྱིས་འཛམ་གླིང་བྱེ་བ་ཕྲག་བརྒྱར་སྤྲུལ་སྐུ་བྱེ་བ་ཕྲག་བརྒྱར་འགྱེད་ཚུལ་ཞིག་གསུངས་འདུག་པས། དེ་ཚོ་ནི་ངོ་བོ་ཐུགས་རྒྱུད་མཁྱེན་པ་གཅིག་ལ་རྣམ་པ་དུ་མར་ཤར་བ་ཞིག་རེད། དཔེར་ན། ནམ་མཁའི་ཟླ་བ་གཅིག་ལས་མེད་ཀྱང། ཆུ་བོ་ལུ་མ་ལྡིང་ཀ་སྟོང་ལ་ཟླ་བའི་གཟུགས་བརྙན་སྟོང་ཤར་བ་དང་འདྲ་བ་ཡིན་པར་བཤད།
རྣམ་པར་ཤེས་པའི་རྒྱུན་ཟེར་བ་འདི་རྟག་པར་ཁས་བླངས་བ་ཡིན་ན་ཕྱི་པ་མུ་སྟེགས་པས་བདག་རྟག་པར་འདོད་པ་དང་གཅིག་མཚུངས་སུ་གྱུར་འགྲོ་བའི་ཉན་ཁ་ཡོད་པ་་རེད། རྣམ་པར་ཤེས་པའི་རྒྱུན་ཟེར་བ་འདི་མི་རྟག་པར་ཁས་བླངས་བ་ཡིན་ན་སྐད་གཅིག་སྐད་གཅིག་ལ་འཇིགས་པའི་འགྱུར་བ་ཅན་གྱི་བདག་ཉིད་ཅན་དུ་གྱུར་འགྲོ་བས་ལས་དགེ་སྡིག་གང་བྱས་ཀྱང་བག་ཆགས་གསོག་སའི་གཞི་བརྟན་པོ་མེད་པར་གྱུར་འགྲོ་བའི་ཉན་ཁ་ཡོད་པ་རེད། ལས་དགེ་སྡིག་གི་བག་ཆགས་གསོག་སའི་གཞིར་གྱུར་བའི་རྣམ་པར་ཤེས་པའི་རྒྱུན་དེ་རྟག་པར་འདོད་ན་ནི་མ་འགྲིག་ཁོ་རྣམ་ཤེས་པ་རེད། མི་རྟག་པར་འདོད་ནི་སྐད་གཅིག་སྐད་གཅིག་ལ་འགྱུར་བའི་བདག་ཉིད་ཅན་ཡིན་པས་བག་ཆགས་སྔོན་མ་བསགས་པ་རྣམས་མུ་མཐུད་ནས་གནས་སའི་གཞི་མེད་པར་གྱུར་འགྲོ་བ་རེད། འདི་དངོས་གནས་ཉན་ཁ་ཚ་པོ་ཞིག་རེད་དོ། །
ལྷན་རྒྱས་ཕེབས་ནས་དྲིས་ལན་གནང་བར་ཐུགས་རྗེ་ཆེ། གཡང་དྲུང་བོན་ལུགས་ལྟར་ན། སྐྱེ་དངོས་མཐའ་དག་ལྷ་རུ་བཀུར་བའམ་སྲོག་ལྡན་དུ་འདོད་ཚུལ་ཞིག་ཡོད་ཅེས་པ་དེ་བདེན་པ་ཡིན་ནམ། གལ་སྲིད་བདེན་པ་ཡིན་ན། རྣམ་ཤེས་གཅིག་ནས་གཅིག་ལ་འཕོ་བཞིན་པར་འདོད་དམ། རྣམ་ཤེས་གཅིག་རྒྱུན་དུ་མར་འགྱུར་བཞིན་པར་ལྟའམ།
ལྷ་སྡེ་གནམ་ལོ་ཡག་ལགས། མིས་ཅི་ཟེར་ལ་མི་ཉན་པར་བོན་གྱི་གཞུང་ལུགས་ཁག་ལ་ཅིག་གཟིགས་རྟོག་གནང་དང་ངེས་པ་རྙེད་ཀྱི་རེད། དེང་སང་དཔེ་ལྟ་བྱེད་རྒྱུ་ལས་སླ་མོ་རེད། དཔེ་དེབ་ཉོ་དགོས་ཀྱི་མིན་འདུག་དྲ་ཐོག་ནས་རྙེད་འདུག་དེ་བཞིན་དཔེ་མཛོད་མང་པོ་ཡོད་པས་གང་སར་བོན་དཔེ་ཐོབ་སྲིད། སྐྱེ་དངོས་མཐའ་དག་ལ་རྣམ་ཤེས་ཡོད་པ་དང་དེ་དག་ལ་ལྷར་བལྟ་བའི་ཚིག་གཅིག་བོན་པོའི་དཔེ་ནས་ངས་མཐོང་མ་མྱོང་སྤྱིར་སྟངས་ངས་བོན་པོའི་དཔེ་ཡོངས་སུ་རྫོགས་པར་ལྟ་མ་མྱོང་མོད་གང་འཚམས་ཞིག་ལྟས་ཁུལ་ཡིན། དེ་བཞིན་བོན་གྱི་མཁས་པ་མང་པོ་ཐུག་མྱོང་དེ་ཚོས་ཀྱང་དེ་ལྟར་བཤད་པ་མ་གོ། བྱུང་ན་ཁྱེད་རང་བོན་དཔེ་དེ་ཚོར་སྐྱུག་མེར་མི་ལང་བར་གཟིགས་ཙམ་གནང་ན་ལེགས་ཤོས་རེད། གལ་ཏེ་ཁྱེད་ལ་དེ་ལྟར་བརྙེད་སོང་ན་དཔེ་དེབལུང་འདྲེན་བྱས་ན་ཁ་བརྡར་གཏོང་རོགས་དང་ང་ཚོར་བློ་བསྐྱེད་ཐོབ་ངེས་ཡིན།
ལྷ་སྡེ་གནམ་ཡག xxxxxx དེ་བཞིན་རེད། སྐྱེ་བ་སྔ་ཕྱི་འདོད་ན་དེས་ཆོག རྒྱ་མི་ཐང་བླ་མའི་སློབ་ཕྲུག་སྤེལ་རྒན་ལ་སྤྲུལ་པ་མང་པོ་དང་དུ་མ་གཅིག་ཏུ་བསྟན་པ་ནང་བཞིན་སྤྲུལ་སྐུ་ཡང་དག་རྣམ་པ་ཐུགས་རྒྱུད་གཅིག་དང་སྐུ་སྤྲུལ་བསམ་ཡུལ་ལས་འདས་པ་ཡོད་ཆོག་ཆོག་པས། ཆགས་མེད་བདེ་སྨོན་ལས་་་ཕྱག་གཡས་འོད་ཟེར་ལས་སྤྲུལ་སྤྱན་རས་གཟིགས། ཡང་སྤྲུལ་སྤྱན་རས་གཟིགས་དབང་བྱེ་བ་བརྒྱ་འགྱེད།།ཕྱག་གཡོན་འོད་ཟེར་ལས་སྤྲུལ་སྒྲོལ་མ་སྟེ།།ཡང་སྤྲུལ་སྒྲོལ་བ་བྱེ་བ་ཕྲག་བརྒྱ་འགྱེད།།ཐུགས་ཀྱིས་འོད་ཟེར་ལས་སྤྲུལ་པདྨ་འབྱུང་།།ཡང་སྤྲུལ་ཨོ་རྒྱན་བྱེ་བ་ཕྲག་བརྒྱ་འགྱེད།། ཅེས་པས་ཡིད་ཆེས་ཡོད་དམ། ཡོད་ན་དེས་ཆོག xxxxx
ཧ་ཧ་་ད་ནག་རིལ་དང་ནག་རིལ་ཅི་སྨྲས་རུང་འཕྲག་དོག་རང་རེད་་་སྐྱེ་བ་འདིར་མ་ཐུབ་ཚར་རེད།
ངས་བོན་གྱི་དཔེ་ཁ་ཤས་ཤིག་ལྟ་མྱོང་། དཔེ་ཡག་པོ་འདུག་གོང་ས་མཆོག་གི་གསུངས་པ་ལྟར་གཞུང་ལུགས་དེ་ཚོ་ཕན་ཚུན་ཆ་ཡོད་པ་ཞིག་བཟོ་ཐུབ་ན་ལོག་རྟོག་མང་མང་ཞིག་རང་བཞིན་འགག་འགྲོ་ཡི་རེད་ལ་དེས་ན་ཕན་ཚུན་ཡིད་ཆེས་དང་བརྩེ་བ་ཟབ་མོས་ནང་མ་ཤ་སྟག་ཆགས་ཡོང་གི་རེད། ལྷག་པར་བོན་དཔེ་ལས་རྫོགས་པ་ཆེན་པོ་ཞང་ཞུང་སྙན་བརྒྱུད་བཀའ་བརྒྱུད་སྐོར་བཞི་ཞེས་པ་དེ་ཚོར་ལྟོས་དང་ངོ་མ་ཟབ་མོ་ཞིག་དང་གནས་ལུགས་ཡོད་པ་ཞིག་ཚོར་གྱི་རེད་དྲན། དེ་མིན་བོན་ལབ་དུས་ཅི་ཡང་མི་ཤེས་པའི་བཟོ་འདྲ་བོ་ཞིག་བཤད་བསྡད་ན་དྲང་པོ་མ་རེད་ལ་མི་རང་མེད་མ་སྐྱིད་པ་བཟོ་ཡག་མ་གཏོགས་གང་ཕན། མ་གཞི་བོད་ཀྱི་ཆོས་བརྒྱུད་ཁག་གི་དཔེ་ཆར་བལྟས་ཡོང་དུས་ཕྲ་མོ་ཕྲ་མོས་ཐོག་ནས་ཁྱད་པར་འབྱེད་དགོས་པ་དང་དེ་ཡང་ཁ་གསལ་ལོད་ཙམ་ལས་མཐར་ཆུ་བརྒྱ་ཟམ་འོག་གི་དཔེ་ལྟར་འབབ་ས་གཅིག་ལ་ཡིན་པ་འདྲ་ཞིག་ཡིན་པར་འདོད། ཡང་རག་པ་འགའ་ཞིག་ཐོག་ནས་ཁྱད་པར་ཡོད་བཟོ་མཐོང་སྲིད་ཀྱང་དེའི་སྟེང་ནས་འུར་འདྲ་བརྒྱབ་བསྡད་ན་ཕན་གང་ཡང་མེད། དེ་ཙམ་གྱིས་ཧེ་ཧག་གནམ་ས་ལྟར་དོན་ལ་ཡོད་སྙམ་ན་ནོར་འཁྲུལ་རེད་ལ་གཏིང་དུ་འཛུལ་མ་ཐུབ་པའི་སྐྱོན་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།
འབྲོང་ངུར་ལགས་ཁྱེད་ཀྱིས་བོན་དཔེ་གཟིགས་པ་དེ་སྟབས་ཡག་ད་དུང་མང་ཙམ་གཟིགས་ཐུབ་པ་ཡིན་ན་མིས་བཤད་པ་དང་རང་གིས་མཐོང་བ་དངོས་ཡོད་གནས་ཚུལ་ལ་ཅི་ཞིག་འདུག་ངེས་པ་བརྟན་པོ་ཞིག་རྙེད་ཀྱི་རེད། ངས་རྒྱ་ཆེན་པོ་དེ་ཚོ་བལྟ་མ་ཐུབ་ཀྱང་དགེ་ལུགས་ཀྱི་གཞུང་པོད་ཆེན་ལྔ་དང་དེ་མིན་རྗེ་ཡི་ལམ་རིམ་དང་བསམ་གཟུགས། བཀའ་རྒྱུད་པའི་ན་རོ་ཆོས་དྲུག། རྙིང་མའི་བྷི་མའི་གསུང་དང་ཀློང་ཆེན་པའི་གསུང་སྙིང་ཐིག་དང་། དེ་བཞིན་ས་སྐྱ་བའི་ལམ་འབྲས། ཇོ་ནང་གི་སྟོན་པ་དོལ་པོ་བ་ཤེས་རབ་རྒྱལ་མཚན་གྱིས་མཛད་པ་ཁག་ལས་སོགས་ལ་མཇལ་མྱོང་ངས་དེ་ཚོར་ནམ་ཡང་དགག་པ་རྒྱབ་མི་སྲིད་ཅིང་བསྐུར་འདེབས་ནམ་ཡང་བྱེད་མི་སྲིད་པའི་བློ་བསྐྱེད་ཐོབ་ཀྱི་འདུག དེ་བཞིན་བོན་དཔེ་ལའང་གང་འཚམས་བལྟ་མྱོང་བར་མ་ཟད་བོན་ཁྲིད་ཀྱང་བོན་པོའི་མཁས་པ་དེ་ཚོ་ལས་ཞུས་མྱོང། བྱས་ཙང་སྔ་རབས་པས་བོན་ལ་བཤད་པ་དེ་ཚོར་ཨ་ཙི་ཅིས་ཕྱིར་འདི་འདྲ་བཤད་པ་ཡིན་ནམ། དོན་དངོས་སུ་དེ་ལྟར་མེད་ཀྱང་མིས་ཅི་ཟེར་ལ་ཉན་འཇོག་དང་ཡིད་ཆེས་བྱས་ནས་ལོ་རྒྱུས་བཤད་ཁུལ་བྱས་འདུག་སྙམས་ནས་སྐབས་རེར་ཧབ་བགད་ཤོར་མྱོང། ང་ཚོས་ང་ཚོ་རང་གིས་མིག་གིས་མཐོང་ནས་རང་ཉིད་ལ་ཕ་རོལ་པོའི་ལོ་རྒྱུས་གཞུང་ལུགས་གྲུབ་མཐའ་དེ་ཚོར་རྒྱུས་ཡོད་ངེས་ཅན་ཞིག་བྱུང་བའི་རྗེས། དཔྱད་གཏམ་སྤེལ་བ་ལོ་རྒྱུས་འབྲི་བ། དགག་པ་བརྒྱབ་པ་སོགས་བྱས་ན། གཞི་ནས། དགེ་འདུན་ཆོས་འཕེལ་གྱིས་བཤད་པ་ལྟར། ངས་མྱོང་ནས་བྲིས་པ་དང་མི་ཕམ་བཙུན་པས་གསན་ནས་བྲིས་པ་ཉིད་ལ་ཁྱད་པར་ཧེ་བག་ཆེན
ཡོད་ཅེས་བཤད་པ་ལྟར་ཡོང་གི་རེད། དེ་མིན་མིས་ཅི་ཟེར་ལ་ཉན་ནས་གཞན་གྱི་གཡམ་ལ་རྒྱུགས་ན་་་ཉིན་ཅིག་རང་གིས་དཔྱད་གཏམ་དང་རྩོམ་ཡིག་དེ་ཚོ་ཁྱི་རྔ་ལ་འདོགས་རྒྱུ་ལས་ལྷག་མེད།
གཡས་ནས་ཀརྨ་གཅིག་ཤར།།
གཡོན་ནས་ཀརྨ་གཉིས་ཤར།།
ཀརྨ་གཅིག་ཤར་གཉིས་ཤར།།
ས་ཡི་ཀར་གྲངས་འགྲིག་སོང་།།
ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་མཆོག་ནི་སྦས་པའི་རྣལ་འབྱོར་པ་མཁས་གྲུབ་གཉིས་ལྡན་ཆེ་རློམ་རྩྭ་ལྟར་སྤངས་ཏེ་དམན་སའི་ངང་ནས་དྲང་བདེན་གཙོར་འདོན་མཛད་པའི་སྐྱེས་དམ་པ་ངོ་མཚར་ཅན་ཞིག་བཞུགས་འདུག ང་ཐེངས་གཅིག་བླ་མ་དམ་པ་དེ་ཞལ་དངོས་སུ་ཁྱུག་ཙམ་མཇལ་བའི་དུས་སྐབས་ཐོབ་སོང་། ཀུན་གཟིགས་བླ་མ་དེ་གཞན་དང་མི་འདྲ་བའི་སྙོམས་ཆུང་ཆུང་ངང་ནས་མཇལ་མི་སུ་འདྲ་ཞིག་ལ་ཡང་ཆེ་ཐབས་མ་མཛད་པར་བཀའ་མོལ་ལྷུག་པོ་གནང་མཁན་ཞིག་བཞུགས་འདུག དེ་འདྲའི་བླ་མ་དག་ལ་ཁ་གཏོང་མི་འོས་པ་དེ་དུས་ནས་གོ་རྟོགས་བྱུང་སོང་།