གསར་བུ་ནས།
༡
མི་ཞིག་མདུན་སྒོ་ནས་སོང་མ་ཐག མི་ཞིག་ལྟག་སྒོ་ནས་སླེབས་སོང༌། མི་ཞིག་གི་དྲོད་མདངས་ཁོ་མོའི་སྐྲ་གསེང་ནས་མ་ཡལ་གོང༌། མི་ཞིག་གི་དྲོད་ཤ་ཁོ་མོའི་འོ་འཛིན་ལ་བརླན་སོང༌། མི་ཞིག་སོང་བའི་མདུན་སྒོ་དང༌། མི་ཞིག་སླེབས་པའི་ལྟག་སྒོ་གཉིས་ལས་ཁོ་མོ་ནི་ངས་ཁང་པ་ཞིག་དང་ཨ་ན་མ་ན་མ་ཞིག་རེད་བསམ་བྱུང༌།
༢
མི་ཞིག་གིས་རྐང་ལམ་དུ་གོམ་ཁ་སྤོས་མ་ཐག མི་ཞིག་གཞུང་ལམ་དུ་འཕྲུལ་རྟར་བཞོན་ནས་སླེབས་སོང༌། མི་ཞིག་གི་རྐང་རྗེས་རླུང་གིས་མ་སྦུར་གོང༌། མི་ཞིག་གི་རྐང་རྗེས་མི་ཞིག་གི་འཁོར་ལོས་བསུབས་སོང༌། མི་ཞིག་གི་རྐང་རྗེས་དང་མི་ཞིག་གི་འཕྲུལ་རྟའི་འཁོར་ལོ་གཉིས་ནས། ངས་ཁོ་མོ་ནི་འགྲོ་ལམ་ཞིག་དང་ཨ་ན་མ་ན་ཞིག་རེད་བསམ་བྱུང༌།
༣
མི་ཞིག་མལ་ནས་ལངས་ཏེ་སོང་མ་ཐག མི་ཞིག་ཉལ་ཁྲིར་བསྡད། མི་ཞིག་ལངས་ནས་ཉལ་གོས་མ་ལྟེབས་གོང༌། མི་ཞིག་ཁོ་མོའི་རུམ་དུ་ཉལ་སོང༌། ཉལ་ལངས་གཉིས་ཀྱི་བར་གསེང་ནས། ངས་ཁོ་མོ་ནི་ཉལ་ཁྲི་ཞིག་དང་ཨ་ན་མ་ན་ཞིག་རེད་བསམ་བྱུང༌།
སྤྱིར་བཏང་ང་རང་ལ་ཆ་མཚོན་ན། སྙན་ངག་དང་སྙན་ངག་གི་མཚོན་དོན་དང་བྲོ་བ་སོགས་ལ་རོལ་མྱོང་བྱེད་མི་ཤེས་མཁན་ཞིག་ཡིན་མོད། འོན་ཀྱང་དེ་རིང་གི་སྙན་ངག་འདི་ལྟ་བུ་ལ་མཚོན་ན། གོ་རྒྱུ་ཡོད་ཅིང་སྙན་ངག་གི་བྲོ་བ་དངོས་གནས་སྟེར་སོང་། གང་ཡིན་ཟེར་ན། སྙན་ངག་འབྲི་དུས་ཁ་ཕྱོགས་ཡོད་པ་ཞིག་དང་མྱོང་སྣང་ཡོད་པའི་བྲིས་ཡོད་པས་རེད། གང་ལྟར། སྙན་ངག་འདིའི་ཅི་ཞིག་བསྟན་ཡོད་པ་དང་གང་ཞིག་གཙོར་འཛིན་བྱས་ཡོད་པ་སོགས་གསལ་ལྷང་ལྷང་ཞིག་རེད།
ཡ་གསར་རུ་ངོ་མ་སྙན་ངག་བདེ་བོ་ཤིག་འབྲི་འདུག།
མི་ཞིག་གསང་སྤྱོད་ལ་ཕྱིན་སོང་། མི་ཞིག་འཁྲུས་ཁང་ལ་ཕྱིན་སོང་། མི་ཞིག་གཅིན་པ་བཏང་ནས་མར་ཐོན་བྱུང་མི་ཞིག་ཡར་འཛུལ་སོང་། མི་ཞིག་པག་བཟའ་བཞིན་མི་ཞིག་ཆང་འཐུང་།
སྙན་ངག་ཚིག་གསུམ་པ་དེ་སྙན་རྒྱུ་མེད་ཀྱང་གོ་རྒྱུ་ཅན་ཞིག་བྲིས་འདུག བོད་བའི་པོ་གསར་མོ་གསར་ཚོས་དོ་སྣང་དགོས་རྒྱུ་ཞིག་རེད།
སྨད་འཚོང་ཞིག་ལ་བཤད་ཀྱིན་པ་འདྲ།
སྤང་གསེང་ནས་ཆུ་ཕྲན་བཞུར་བ་ལྟ་བུ་སྙན་ངག་ཅིག
སྨུག་ལོང་ཁྲོད་ཀྱི་ངོ་གདོང་གཡོ་བ་ལྟ་བུ་སྙན་ངག་ཅིག
སྙན་ངག་གི་སྨྲོ་སྒོ་ཡིས་ཇི་ལྟར་ཟས་ཆོག་ཆོག་ཅིག་རེད་ཨང་།
བཀའ་དྲིན་ཆེ་།
མུ་མཐུད་ནས་འབྲི་རོགས་།
ང།སྙན་ངག་གི་བཀྲེས་སྐོམ་བྱུང་བའི་མི་དེའོ།
ང་རང་བུད་མེད་ཅིག་ཡིན་པའི་ཆ་ནས། བསམ་ཚུལ་ཉུང་ངུ་ཞིག་མཆན་བུར་འདེབས་འདོད་བྱུང་སོང་། རྒྱུ་མཚན་ནི། གོང་གི་སྙན་ངག་གི་ཁ་ཕྱོགས་དེ་ཡང་། བུད་མེད་རང་ཚུགས་ཤོར་མཁན་དང་རང་ངོས་ཀྱི་རིན་ཐང་མི་རྟོགས་མཁན་རྣམས་ཀྱི་གནས་ཚུལ་གཞི་ལ་བཞག་སྟེ་བྲིས་ཡོད་པས་རེད་མོད། རེ་ཤས་དང་འགའ་ཞིག་གིས་ག་དུས་ཡིན་རུང་། རྐང་འདྲེན་ཞུས་དང་ཞུ་བཞིན་པ་རེད་དེ། དེ་ནི། སྐྱོན་གནད་ཆེན་པོ་ཞིག་ཏུ་མཐོང་གི་མི་འདུག གང་གིས་ཟེར་ན། ཉམས་མྱོང་དང་རིན་ཐང་གི་ཚད་གཞི་འཇལ་བྱེད་ཀྱི་ཐབས་ལམ་ལྟ་བུ་ཞིག་ཏུ་ཆགས་ཡོད་པས་སོ།། དེ་འདྲ་ཡིན་དུས། སྙན་ངག་འབྲི་མཁན་དང་མཆན་འདེབས་པ་ཚང་མས་ཕྱོགས་ཡོངས་ལ་བསམ་ཞིབ་ཀྱི་སྒོ་ནས་འབྲི་བཤད་བྱེད་དགོས་པ་དེ་གལ་འགངས་ཆེན་པོ་ཞིག་ཏུ་ཆགས་འདུག