རྫ་ཚེ་རིང་བཀྲ་ཤིས།
བོད་ཀྱི་མཛངས་མ་བསྟན་འཛིན་སེང་ཉི་ལགས།
ཁྱེད་ལ་ཉིས་སྟོང་བཅུ་དྲུག་གི་ལོའི་མཛངས་མའི་དབུ་རྒྱན་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུ། ཁྱེད་ནི་རྒྱ་གར་བྱང་རྒྱུད་ཀྱི་གྲོང་གསེབ་ཀྱི་བོད་ཀྱི་བུ་མོ་དཀྱུས་མ་ཞིག་ཡིན་པ་དང་། ལུགས་མཐུན་གྱི་སློབ་གཉེར་གནང་བཞིན་པར་མ་ཟད། ཡག་མོ་སྒོ། གཤིས་ཀ་སོགས་གཞི་རིམ་གྱི་ཆ་རྐྱེན་ཡང་ཕལ་བལྟས་ཚོད་ལ་མི་དམན་པ་ཙམ་འདུག དེའི་ཐོག་ད་ཐེངས་མཛངས་མའི་འགྲན་བསྡུར་ལ་ཞུགས་པ་དང་ཞུགས་ནས་དབུ་རྒྱན་ཐོབ་པ། ༧གོང་ས་མཆོག་གི་མཇལ་ཁ་རེག་པ་སོགས་ཁྱེད་རང་ལ་མཚོན་ན་ཧ་ཅང་གལ་ཆེན་རེད། རྗེས་སུ་ཡི་རངས་དང་འཚམས་འདྲི་ཡོད། བྱ་བ་ལམ་འགྲོ་ཡོང་བའི་སྨོན་ལམ་འདེབས།
འོན་ཀྱང་྄྄ཁྱེད་ཀྱིས་གསར་འགོད་པའི་དྲི་བར་ལན་འདེབབས་སྐབས་ཀྱི་སྦྲགས་སྐད་དེ་ཚོ་དངོས་གནས་དོ་སྣང་མ་བྱས་རང་བྱས་ཆགས་པ་རེད། ཁྱེད་ལ་འཕྱ་ལད་རྒྱག་གི་མེད། ཁྱེད་ཀྱི་སྐད་ཆའི་གནས་སྟངས་འདིས་བོད་ཕྱི་ལོགས་སུ་སྐྱེས་པའི་སྤུན་ཟླ་མང་པོ་ཞིག་གི་གནས་བབས་མཚོན་ཡོད་ཅིང་། གཞུང་དང་ཤེས་ཡོན་གྱི་སྲིད་བྱུས་བཅས་ལ་ཡང་ཉེན་བརྡ་བཏང་བ་ཞིག་རེད། ངའི་ངོས་ནས་སེམས་ཁྲལ་བྱེད་ས་གཙོ་བོའང་དེ་རེད། གལ་ཏེ་ཁྱེད་གཅིག་པུའི་དོན་དག་ཅིག་ཡིན་ན་དེ་ཙམ་ཁྱད་པ་འགྲོ་གི་མ་རེད་མོད། དེ་འདྲ་མ་རེད།
ཁྱེད་ཀྱིས་བོད་ཀྱི་མཛངས་མའི་སྡིངས་ཆ་འདི་ཧ་ཅང་གལ་ཆེན་ཡིན་པ་ང་ལས་ལྷག་པ་ཤེས་ཀྱི་ཡོད་རེད། གལ་ཆེ་བའི་རྒྱུ་མཚན་ནི་མི་མང་པོས་དོ་སྣང་བྱེད་པའི་རྒྱུ་མཚན་གྱིས་རེད་ལ། འདིས་ཚད་ངེས་ཅན་གྱི་ཐོག་ནས་སུ་ཞིག་གི་ངོ་ཚབ་བྱེད་ཀྱི་ཡོད་རེད། ཁྱད་པར་བོད་ཀྱི་རྩ་དོན་གྱི་མཐར་གཏུགས་སའང་བོད་ཀྱི་སྐད་དང་རིག་གཞུང་འདིར་ཐུག་ཡོད། ཁྱེད་ཀྱིས་ཀྱང་འབྱུང་འགྱུར་སྡིངས་ཆའི་ཐོག་ནས་བོད་པའི་ཚབ་བྱེད་པའི་ཆོད་སེམས་དེར་བསྔགས་འོས་ན་ཡང་། དེ་ལ་བོད་ཀྱི་སྐད་ཡིག་གི་ཆུ་ཚད་ད་ལྟའི་གནས་བབ་གང་ཡིན་པ་དེར་འགྱུར་བ་མ་བཏང་ཐབས་མེད་ཆགས་འདུག
མ་གཞི་ལམ་ཁ་འདི་བདམས་ཉིན་ནས་བཟང་ཕྱོགས་ཀྱི་བསྔགས་བརྗོད་དང་ལྡོག་ཕྱོགས་ཀྱི་དགག་པ་གཉིས་ཀ་མཉམ་དུ་ཡོང་གི་རེད། དེར་སྐྱོན་ཆེན་པོ་རང་ཡོད་ལེ་མ་རེད། དེ་ཚོས་ཁྱེད་སྔར་ལས་འཐུས་སྒོ་ཚང་བར་རོགས་རམ་བྱེད་གི་རེད། ས་རཱ་ལྟ་བུ་ཞིག་ཏུ་བོད་ཡིག་ཟབ་སྦྱོང་གནང་བའམ། མ་མཐའ་ཡང་བོད་སྐད་ཀྱི་ཆུ་ཚད་དེ་ངེས་པར་མཐོར་འདེགས་ཡོང་བ་གནང་རོགས། དེ་ནས་བོད་ཀྱི་རྩ་དོན་ལ་བཅངས་པའི་ཕུགས་བསམ་མངོན་གྱུར་ཡོང་བ་བྱེད་ཆོག་གི་རེད། ངའི་སྐད་ཆ་འདི་བཤད་སྐབས་སྨ་འབེབ་དང་སྐྱོན་བརྗོད་ཀྱི་ཀུན་སློང་གཏན་ནས་མེད།
མཇུག་ཏུ་ཞུ་རྒྱུར།
ཁྱེད་རང་སྤྱི་པའི་དོ་སྣང་བྱ་ཡུལ་ཞིག་ཆགས་པའི་ཆ་ནས་ད་ཐེངས་ཀྱི་ཞན་ཆ་དེར་ངོས་ལེན་བྱས་ཏེ་དྲ་འབངས་དག་ལ་དགོངས་སེལ་ཞུ་འོས། ཁྱད་པར་དུ་བོད་ཀྱི་སྐད་ཡིག་རིན་པོ་ཆེ་ལ་༼ངས་སྣང་མེད་ཏོག་ཙམ་ཤོར་སོང་། དགོངས་དག འོན་ཀྱང་ངས་རང་ཉིད་ལ་འགྱུར་བ་གཏོང་ངེས་ཞེས་ཐེངས་གཅིག་ལབ་རོགས༽
༢༠༡༦ ཟླ་༦ ཚེས་༨ ལ། རྫ་ཚེ་རིང་བཀྲ་ཤིས་ཀྱིས་སྤྲིངས།
ཡག་པོ་བྲིས་འདུག དེ་དེ་བཞིན་ནོ།།
བློ་བཟང་དབང་རྒྱལ་ཕོ་མིན་མོ་མིན་འདྲ་བོ་ཁོ་ཡི་རང་སྟེང་ན་བོད་ཀྱི་གཤིས་སྤྱོད་གཅིག་ཀྱང་མེད་པ་གང་ཞིག་ལ། བོད་དང་བོད་ཀྱི་རིག་གཞུང་ལ་ཤེས་རྟོགས་ཅི་ཡང་མེད་པ་ཞིག་གིས། རླབས་ཆེ་བའི་བོད་ཀྱི་མཛངས་མའི་ལས་དོན་སྐོར་ཡག་པོ་ཞིག་གཏན་ནས་བསྒྲུབ་ཐུབ་མི་སྲིད་པ་མཐོང་ཆོས་སུ་ཡོད་པ་དེ་ལྟར་རེད། གཅེར་གཟུགས་དང་འགུལ་སྐྱོད་ཙམ་ལ་གཙོ་བོར་བལྟས་ནས་མཛངས་མའི་ཆོ་ལོ་སྟེར་བཞིན་པ་དེ་་་ཨ་ཁ་ཁ་་།
འདི་ལྟར་བོད་དང་བོད་ཀྱི་རིག་གཞུང་ལ་རྒྱུས་མངའ་ཡོད་པ་ཕར་ཞོག བོད་སྐད་ཙམ་ཡང་གསལ་དག་ཅིག་བརྗོད་མི་ཤེས་པའི་བོད་མོ་ཕྱེད་ཀ་ཅན་འདི་རིགས་ལ་མཛངས་མ་ཞེས་བརྗོད་ཀྱིན་པ་འདིས་ནི། དོན་དངོས་སུ་བོད་མི་རིགས་ལ་དུངས་པ་ཟབ་ཅིང་། བོད་རང་གི་སྐད་ཡིག་རིག་གནས་བཅས་པར་ཤེས་ཡོན་ཡོད་པའི་བོད་ཀྱི་མཛངས་མ་དངོས་འབྲེལ་ཅན་ཚོ་ལ་མཐོང་ཆུང་གི་རྣམ་པ་ཞིག་མངོན་ཡོང་།
དེར་བརྟེན། གནས་དུས་ཀྱི་དགོས་མཁོ་ལ་གཞིགས་ནས་མཛངས་མའི་ལས་དོན་འདི་རིགས་ནི། བོད་དང་བོད་རང་གི་སྐད་ཡིག་རིག་གནས་བཅས་པར་རྒྱུས་ལོན་གསལ་ཞིང་ཤ་ཞེན་ཆེ་བའི་ཚོགས་སྡེ་ཅིག་གིས་སྣེ་ཁྲིད་ནས་ལས་འགུལ་བརྩམ་ན་ཕྱོགས་གང་ཅིའི་ཆ་ནས་ལེགས་པར་མཐོང་ངོ་།།
འདི་རིགས་ལ་བོད་ཀྱི་མཛངས་མ་ཞེས་བོས་ན་མང་མང་ཞིག་གི་རྣ་བར་སྙན་གི་ཡོད་པ་འདྲ། སྤྱིར་མང་ཚོགས་ཕལ་བ་རྣམས་ལ་ཅི་ཁག་མོད། འོན་ཀྱང་། རང་ཉིད་ཤེས་ཡོན་པ་ཞིག་ཡིན་སྙམ་སྟེ་གཞན་ལ་ལམ་སྟོན་བྱེད་མཁན་དག་གི་ཁྲོད་ན་ཡང་འདི་རིགས་ལ་བོད་ཀྱི་མཛངས་མ་ཞེས་བསྒྲགས་དང་སྒྲོག་གིན་པ་ནི་བདག་གིས་ཡ་མཚན་པ་དང་ཡིད་སྐྱོ་བའི་གནས་ཤིག་ཏུ་འདོད་སོང་། སྤྱིར་བསམ་ཚུལ་ནི་བསམ་ཚུལ་ཙམ་ཡིན་པས་སྐྱོན་མེད་ཀྱང་སྲིད་མོད། ཡིན་ནའང་། བསམ་བློ་མ་བཏང་བར་བསམ་ཚུལ་བཤད་པ་འདི་ཡང་ཡག་རྟགས་ཤིག་ཏུ་མཐོང་དཀའ་ཨང་།
གཞིས་ཆགས་ཁག་ལ་སྐྱེས་པའི་བུ་བུ་མོ་རྒྱ་ཆ་དགུ་བཅུ་གོ་ལྔའི་བོད་སྐད་དེ་འདྲ་ཡིན་པའི་ཧ་ལས་རྒྱུ་ཀྱང་མེད་གི བོད་པ་སྤྱི་ཡི་ཁྲོད་ནས་མཛངས་མ་ཐོབ་པ་ཞིག་མིན་པར་སྒེར་གྱི་འཚོགས་པ་ཆུང་ཆུང་ཅིག་གི་མཛངས་མ་ཡིན་པའི་གནད་འགག་ཆེ་བ་མ་མཐོང་།
བསམ་ཤེས་ན་ལྷག་བསམ་བཟོད་མེད་ཀྱི་བསླབ་བྱ་ཞིག་རེད་།
འོན་ཀྱང་སྲིད་སྐྱོང་སངས་རྒྱས་ཀྱི་བོད་ཡིག་དང་ཤེས་ཡོན་གྱི་གནས་ཚད་དེ་ལྟ་བུའི་སྐྱོ་པོ་ཞིག་ཡིན་ཚར་དུས་གཞན་ལ་དམིགས་བསལ་རེ་བ་བརྒྱབ་ས་ཞིག་མ་མཆིས་སོ་།
༅༅། བསྟན་འཛིན་སེང་ཉི་ ཡང་ན་བསྟན་འཛིན་སང་ཉི་ལགས།
ཁྱེད་༢༠༡༦ ལོའི་བོད་ཀྱི་མཛངས་མར་ཐོབ་པར་བཀྲིས་བདེ་ལེགས་ཡོད། འཛམ་གླིང་རྒྱལ་ཁབ་སོ་སོའི་ནང་བེུད་མཛངས་མ་རེ་ལོ་ལྟར་ཡོང་བཞིན་པ་རེད། དེ་བཞིན་བོད་རྒྱལ་ཁབ་ལའང་མཛངས་མ་འདེམས་རྒྱུའི་ལམན་སྲོལ་གཏོད་མཁན་བློ་བཟང་དབང་རྒྱལ་ལགས་སུའང་བཀྲིས་བདེ་ལེགས་ཡོད།
བོད་གངས་ཅན་གྱི་མི་རིགས་འདི་ལས་སླ་བོ་མིན་ཞེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཡང་ཡང་བཀའ་གནང་གི་ཡོད་པ་བཞིན་དེ་དེ་བཞིན་ལས་འགུལ་སྤེལ་མཁན་ཚོའི་མི་རིགས་གི་ཞེན་ཁོག་ནམ་ཡང་བརྗེད་པ་མ་གནང་། མི་རེ་གཉིས་ནས་རང་ཉིད་འཇོན་མདོག་བཤད་པ་མ་གཏོགས་བྱེད་རྒྱུ་ཨ་ན་གཅིག་མེད་མ་རེད། གཞན་གྱི་ལས་གཞིར་སྐྱོན་འཛུགས་མ་གཏོགས་མེད་པ་འདི་རིགས་ནི་། ཇབ་ཆུང། ཀླད་ཆུང། མིག་ཆུང་གསུམ། ལེགས་པའི་ཡོན་ཏན་སྤུ་ཙམ་མེད། རང་གི་མི་འཇོན་མིར་སྐྱོན་བཏོན་། འདི་ལ་་་་ རང་གིས་རང་བཀྱགས་སྐྱག་པས་རྐུབ་བཀྱགས་ཟེར། རྒྱ་གར་སྐད་དུ་་་མུག་རྦ་རྡུར་ཟེར།
ད་སྔ་ཕན་ཐོག་ག་རེ་བྱུང་ཡོད་རེད་དམ།
བོད་ཀྱི་མཛངས་མར་བཀྲ་ཤིས་བདེ་ལེགས།
བོད་པ་ཡོངས་སུ་གནས་ལུགས་འདི་བཤད་དགོས་པ་འདུག ངས་ཀོ་ལམ་བི་ཡ་སློབ་གྲྭ་ཆེན་མོར་བོད་ཀྱི་ཆོས་སྐད་སློབ་དུས་ཨ་རི་པ་གཞོན་པ་ཞིག་ངའི་འཛིན་གྲྭར་སློབ་སྦྱོང་ལ་སླེབས། དབུས་སྐད་འགའ་ཤེས། ལོ་ངོ་ལྔ་དྲུག་སྔོན་གྱི་གནས་ཚུལ་ཡིན། གཞོན་པ་དེས་ལྷ་རུ་ཡི་གེའི་དག་ཆའི་སྐོར་ལ་དྲིས་པས་དག་ཆའི་སྐོར་འཆན་མཁན་མི་གཅིག་ཀྱང་ཐུག་མ་སོང་ཟེར་བ་དང་། ད་ལན་སྔོ་བསངས་ཀྱི་ཡུལ་ནས་དགུང་བསངས་ལ་ཕྱིན་པའི་བལ་ག་རི་ཡ་ནུབ་ཕྱོགས་པ་ཞིག་ལ་དྭགས་ཀླུ་འཁྱིལ་དགོན་པའི་སློག་གྲྭར་སློབ་སྦྱོང་སྤྲོད་པའི་ལས་ཀ་བྱེད་དུས་བཙུན་ཆུང་དགེ་ཚུལ་ཀུན་ལ་དག་ཆའི་སྐོར་དྲིས་པ་ན། ཡོངས་གྲགས་ཚིག་གི་དག་ཆ་ཡང་མི་ཤེས་པ་འདུག་ཅེས་བཤད་ཅིང་སེམས་ཕམ་པ་ལྟ་བུར་བྲིས་པ་མཐོང་། འདི་ནི་འཛིན་གྲྭ་ལ་དག་ཆའི་སྐོར་གླེང་མཁན་མེད་པའི་སྐྱོན་ཡིན་འདུག
ཨ་རི་པ་སློབ་སྦྱོང་ཡོད་པ་རྣམས་རང་སྐད་དག་ཆའི་སྐོར་ལས་བོད་རིགས་ཀྱི་གོང་དུ་རེད་འདུག དེ་ལྟར་འབྱུང་བའི་རྒྱུ་མཚན་གཙོ་བ་ནི། དུས་དང་རྣམ་པ་རྒྱུན་དུ་དག་ཆ་ལ་དོ་སྣང་བྱེད་དགོས་ཞེས་མ་བཤད་པ་དང་། དག་ཆའི་སྐོར་ལ་རྒྱུགས་ལེན་མ་བྱས་པའི་འབྲས་བུ་རེད་འདུག་གོ །
བྲིས་ནོ་ངོ་མ་བཟང་གི་ཡ
གལ་སྲིད་རང་རྒྱལ་གྱི་མི་རིགས་ཡིན་པའི་བོད་ཀྱི་མཛངས་མ་ཞིག་གི་ངོས་ནས་བཤད་སོང་ན་བོད་སྐད་དག་མོ་བཤད་པ་དང་བོད་ཡིག་ཀློག་འབྲི་ངེས་ལྡན་ཞིག་དགོས་ངེས་པས་མཛངས་མ་ཁྱེད་ཀྱིས་ཐུགས་ལ་བཅངས་རོགས་གནང་།