རྡོ་སྦིས་ཀླུ་རྒྱལ་དོན་གྲུབ།
ང་ནི་ཡོ་རོབ་སུད་སི་རྒྱལ་ཁབ་ན་ཡོད་པའི་བོད་མི་བཙན་བྱོལ་བ་ཞིག་ཡིན། ཛུ་རིག་བོད་ས་གནས་ཚོགས་ཆུང་གི་འཐུས་མི་ཞིག་ཡིན། ང་ནི་བོད་ཤར་ཕྱོགས་རྡོ་སྦིས་ཡུལ་དུ་སྐྱེས་པ་དང་། ངའི་ཆུང་མ་ནི་བོད་དབུས་ཀྱི་ཕྱོགས་ནས་སྐྱེས་མཁན་ཞིག་ཡིན། སྤྱིར་བཏང་ང་ནི་སློབ་སྦྱོང་དང་དཔལ་འབྱོར་གང་གི་ཐད་ནས་དམིགས་བསལ་དང་བྱས་རྗེས་ཆེན་པོ་ཡོད་པ་དེ་འདྲ་གང་ཡང་མིན། ཡིནའང་རང་ཉིད་བོད་པ་ཞིག་ཡིན་སྙམ་པའི་སེམས་པ་ཏན་ཏན་ཡོད་མཁན་ཞིག་དང་། ནམ་རྒྱུན་ཁ་བཤད་ཙམ་མིན་པར་བོད་པ་སྤྱིའི་ལས་དོན་དང་མ་འོངས་པར་བསམ་བློ་གཏོང་མཁན་ཞིག་ཡིན་པ་ལས་ཁམས་པ་དང་ཨ་མདོ་ཟེར་པའི་ས་གནས་རིང་ལུགས་དང་བྲན་གཡོག་ལམ་ལུགས་ཀྱི་བསམ་བློ་གཏོང་མཁན་ཞིག་མིན།
ཉེ་ལམ་སྐུ་ངོ་སྲིད་སྐྱོང་བློ་བཟང་སེང་གེས་བྱང་ཨ་རིའི་དོན་གཅོད་འཕོ་འགྱུར་བཏང་བ་ནས་བཟུང་།འཛམ་གླིང་གི་རྒྱལ་ཁབ་ཁག་ཏུ་གནས་པའི་བོད་པ་ཚོས་ནང་ཁུལ་དུ་ཆོལ་ཞེན་གྱི་མེ་ལྕེ་དྲག་ཏུ་འཕྱོ་བཞིན་པའི་སྒང་རེད་ལ། ཆོལ་ཁའི་དབྱེ་འབྱེད་ཀྱི་དབང་གིས་མི་སྒེར་གྱི་བྱེད་ལས་རྣམས་ཀྱང་སོ་ལྟའི་འབེན་དུ་གྱུར་འདུག ས་གནས་རིང་ལུགས་དང་བྲན་གཡོག་ལམ་ལུགས་ཀྱི་གཤིས་ཀ་དེ་ལ་སེམས་པ་ཤིན་ཏུ་སྐྱོ་བོ་བྱུང་བ་མ་ཟད། ཡིད་མུག་པ་ཞིག་ཀྱང་བྱུང་། ང་ཚོ་བོད་པ་ཚོར་རྒྱ་གཞུང་ལ་འཐབ་རྩོད་ཀྱི་བློ་སྟོབས་དང་ཐབས་ཤེས་ཅི་ཡང་མེད་པར་ནམ་རྒྱུན་སྲང་ལམ་ནས་རྒྱ་མི་ལ་རྒོལ་བའི་གཤིས་ཀ་དང་ལུགས་སྲོལ་དེ་དག་བོད་རང་གཞུང་གི་སྲིད་སྐྱོང་ཐོག་ལ་བཀོལ་བཞིན་པ་ནི་ཡིད་མུག་ལ་རྒྱ་མིས་བལྟས་ན་ཡང་དགོད་བྲོ་ཞིང་སྙིང་རྗེ་བ་ཞིག་ལོས་ཡིན་འདོད།
ཁ་སང་སྔ་དྲོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་མོས་འོས་བསྡུ་འཐོབ་པའི་སྲིད་སྐྱོང་ལས་ཐོག་གིས་ས་གནས་མི་མང་ལ་གཏམ་བཤད་གོ་སྒྲིག་བྱེད་ཆེད་བྷི་ལག་ས་གནས་གྲོང་སྡེའི་ཚོགས་ཁང་ཆེན་པོར་བསྐྱོད་པ་ཡིན། རང་ཉིད་ཀྱི་འགན་འཁྲིའི་ལས་དོན་རྣམས་གོ་སྒྲིག་གྲུབ་རྗེས་སྲིད་སྐྱོང་ཕེབས་བསུ་བྱས། ཕེབས་བསུ་བྱེད་སྟངས་དེ་ཡང་དགའ་སྤྲོ་ཆེན་པོ་དང་། ཕྱི་གསལ་ནང་གསལ། གཟི་བརྗིད་དང་སྤོབས་པའི་ངང་ཞུས་ཡིན། དེ་ལ་ཡང་རྒྱུ་མཚན་མེད་པ་མིན་དེ། གཅིག་ནས་༧གོང་ས་སྐྱབས་མགོན་ཆེན་པོས་དཀའ་ལས་ཆེན་པོ་བརྒྱབ་ནས་བཙུགས་པའི་སྲིད་གཞུང་གི་སྒྲིག་འཛུགས་མ་ལག་དང་བཅས་པར་འཛིན་སྐྱོང་གི་འགན་ལེན་གནང་མཁན་མི་མང་གི་འོས་ཤོག་འཐོབ་པའི་སྲིད་སྐྱོང་ཡིན་པ་དང་། གཉིས་ནས་ང་དམངས་གཙོ་ལ་དུངས་པའི་བོད་པ་ཞིག་གིས་འོས་བསྡུའི་ལམ་ནས་མོང་མོས་འཐོབ་པའི་སྲིད་སྐྱོང་འཛམ་གླིང་མི་མང་ལ་ཕྱི་གསལ་ནང་གསལ་གྱི་ཕེབས་བསུ་ཞུས་པ་དམངས་གཙོ་དང་དེའི་ལག་སྟར་བྱེད་བཞིན་པའི་སྒྲིག་འཛུགས་དེར་བརྩི་བཀུར་བྱེད་སྟངས་ཤིག་ཡིན། གསུམ་ནས་ང་ནི་ཆོལ་གསུམ་མཉམ་འདུས་ཀྱི་ས་གནས་ཛུ་རིག་ཚོགས་ཆུང་གི་འཐུས་མི་ཡིན་པའི་ཆ་ནས་ཁོ་ལ་བཀྲ་ཤིས་བདེ་ལེགས་དེ་བས་ཀྱང་ཞུ་འོས་པ་ཞིག་རེད་བསམ།
ཚེས་༢༩ ་ཞོགས་པ་ནས་ལས་ཀ་ཕྱིན་ནས་ཕྱི་དྲོ་ནང་ལ་སླེབས་དུས། རྒྱ་གཞུང་གི་དོ་དམ་དང་བལྟ་རྟོགས་འོག་ཡོད་པའི་སྐར་འཕྲིན་ཚོགས་པ་སྣ་ཚོགས་ཀྱི་ནང་དུ། ངའི་ཕ་སྤུན་གཙོ་བྱས་པའི་མི་མང་པོ་ཞིག་གིས་སྲིད་སྐྱོང་སྣེ་ལེན་ཚོགས་འདུ་ཐོགས་བླངས་པའི་པར་འགའ་ཤས་བསྐུར་ནས། “ཨ་མདོ་ཀླད་མེད་འགའ་འདུག”་ཅེས་ང་ལ་ཟུར་ཟ་དང་། མཐོང་ཆུང་། ད་དུང་རྩད་གཅོད་བྱེད་དགོས་པ་རེད་ཅེས་ཡ་མཚར་མདོག་དང་ཧ་ལས་མདོག་བྱེད་ཀྱིན་འདུག་ཟེར། ངས་དེ་དང་འབྲེལ་བའི་སྐད་ཆ་མང་པོ་གོ་དུས་བོད་མི་འདི་དག་ནི་ནུབ་དུ་ལོ་མང་པོར་བསྡད་ཀྱང་ནུབ་ཕྱོགས་ཀྱི་དམངས་གཙོའི་འགྲོ་སྟངས་ཅུང་ཙམ་ཀྱང་མ་ཤེས་མཁན། མདོར་ན་གདོད་མིའི་སྤྱོད་ལམ་དང་ཞིང་བྲན་ལམ་ལུགས་ཀྱི་བསམ་པ་རྒྱུ་ནས་འདོར་མི་འདོད་མཁན་རེད་བསམ།
ང་ནི་ནམ་རྒྱུན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་ལ་དོ་སྣང་དང་། སྒྲིག་འཛུགས་ཀྱི་ཆེད་དུ་རང་ཉིད་ཀྱིས་ཅི་ཞིག་སྒྲུབ་ཐུབ་མིན་ལ་ལྟ་མཁན་ཞིག་ཡིན་པས་འོས་བསྡུས་སྐབས་སུ་དམངས་གཙོའི་ལྟ་གྲུབ་ལ་གཞི་བཅོལ་ནས་རང་ཉིད་ཀྱི་འོས་མིར་ཡོངས་ཁྱབ་ཀྱིས་རྒྱབ་སྐྱོར་དང་། རང་ཐག་རང་གཅོད་བྱེད་མཁན་ཞིག་ཡིན། འོས་འདེམས་ཀྱི་སྐབས་སུ་རང་གི་འོས་མི་ཚོགས་ཟུར་སྐུ་ངོ་སྤེན་པ་ཚེ་རིང་ཡིན་པ་མ་ཟད། ཁོ་ལ་རྒྱབ་སྐྱོབ་ཆེན་པོ་བྱེད་མཁན་དང་། ཁོ་ཉིད་ཛུ་རིག་སོགས་ལ་བསླེབས་དུས་སྣེ་ལེན་བྱེད་མཁན་ཞིག་ཡིན། ཡིན་ན་ཡང་སྐུ་ངོ་སྲིད་སྐྱོང་བློ་བཟང་སེང་གེ་ལ་འོས་བསྡུའི་ཁྲོད་ནས་རྒྱལ་ཁ་འཐོབ་མཁན་དེ་ཡིན་པས་དམངས་གཙོའི་འགྲོ་སྟངས་ལྟར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྟེགས་སུ་འཁོད་པ་དེ་རེད། དེའི་ཉིན་ནས་བཟུང་། བློ་གཅིག་སེམས་གཅིག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་སྲ་བརྟན་དང་། དམངས་གཙོའི་འགྲོ་ལུགས་ངོ་ཤེས་པའི་ཐོག་ནས་སྲིད་སྐྱོང་མཆོག་ལ་གུས་བརྩི་དང་རྒྱབ་སྐྱོར་བྱེད་ཀྱིནཡོད། དེའི་དགོས་པ་རྒྱུ་མཚན་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་དང་། སྒྲིག་འཛུགས་འདི་བོད་ཀྱི་བདེན་མཐའ་མ་གསལ་བར་དུ་གནས་ཐུབ་རྒྱུའི་ཆེད་དུ་ཡིན། ལྷག་པར་བཅའ་ཁྲིམས་རིན་པོ་ཆེ་དགོངས་དོན་དང་མཐུན་པའི་ལས་དོན་བྱ་རྒྱུ་སོགས་ཡིན།
སྲིད་སྐྱོང་ནི་མང་མོས་འོས་འདེམས་བྱས་ཟིན་པའི་སྲིད་སྐྱོང་རེད། དེའི་དབང་ཚད་འཛིན་སྐྱོང་གི་དབང་ཚད་རེད་ལ། འཛིན་སྐྱོང་ཐད་ལ་དབང་ཆ་ཡོད་དགོས་པ་ཡང་ཨ་རྐྱང་རྐྱང་། བྱང་ཨ་རིའི་དོན་གཅོད་གནས་དབྱུངས་བཏང་བའི་བཀའ་ཁྱབ་འབྱོར་རྗེས་སྐུ་ངོ་སྤེན་པ་ཚེ་རིང་མཆོག་གིས་དང་དུ་ལེན་དགོས་པ་ཡང་ཐུག་ས་སྒྲིག་འཛུགས་ཀྱི་བརྟན་བརླིང་དང་ཆེ་མཐོང་ལ་བརྩི་བཀུར་བྱེད་པ་མ་རེད་དམ། དོན་དངོས་བཤད་ན་སྐུ་ངོ་མཆོག་གིས་འདི་ལྟར་སྒྲིག་འཛུགས་ལ་གུས་བརྩི་ཆེན་པོ་བྱེད་ཐུབ་ས་ནས་ཁྱོད་རང་ཚོས་དབུས་སྒྲིག་འཛུགས་དང་དེའི་བྱེད་ནུས་ལ་བརྩི་བཀུར་བྱེད་མི་དགོས་དོན་ཅི་ཡིན་ནམ། དེ་དོན་ཁྱེད་རང་ཚོ་ཞིང་བྲན་རིང་ལུགས་ཀྱི་ལྟ་བ་ཤུགས་ཆེ་དྲགས་པས་རེད་དམ། སྐད་ཆ་དྲང་མོར་བཤད་ན་ཁྱོད་ཚོས་སྐུ་ངོ་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོབ་བྱེད་ཡོད་པ་མ་རེད་ལ་སྒྲིག་འཛུགས་ལ་དེ་བས་ཀྱང་བརྩི་བཀུར་བྱས་ཡོད་པ་མ་རེད།
སྐུ་ངོ་སྲིད་སྐྱོང་གི་རྒྱབ་སྐྱོར་བ་ཚོ་ཡང་དེ་ལྟར་རེད། ཁྱོད་ཚོས་ཤེས་པ་ནི་འུར་རྒྱག་རྒྱུ་རེད་མ་གཏོགས་གང་ཡང་མི་འདུག འུར་དེའི་རྒྱབ་ལྗོངས་ཀྱང་ཕུག་དེད་ན་ལུང་ཁོག་སྐམ་པོ་ཞིག་གི་མིང་མ་རེད་དམ། སྲིད་སྐྱོང་ནི་ཆོལ་ཁ་གསུམ་གྱི་སྲིད་སྐྱོང་རེད་མ་གཏོགས་ཆོལ་ཁ་ཞེ་དྲག་པ་ཞིག་གི་མིན་པ་ཁྱེད་ཚོས་ཤེས་མེད་དམ། ང་ཚོ་མདུན་དུ་ལྷག་ཡོད་པ་ནི་བོད་མིའི་སྤྱིའི་ངོ་བོ་སྲུང་སྐྱོབ་དང་། སྒྲིག་འཛུགས་བརྟན་པོ་ཡོང་རྒྱུ་དེ་རེད་མ་གཏོགས་གཞུང་ཞབས་པ་ཞིག་ལ་ལས་ཀ་ཐོབ་དང་མ་ཐོབ་ཀྱི་རྩོད་པ་ཞིག་རྩ་བ་ཉིད་ནས་མ་རེད། མདོར་ན་གཅིག་ནས་སྲིད་སྐྱོང་ལ་སྐུ་ངོ་སྤེན་པ་ཚེ་རིང་ལགས་སུ་ལ་ལས་ཀ་སྤྲོད་པའི་དབང་ཆ་ཡོད་ན་ལས་ཀ་ནས་ཕྱིར་འཐེན་པའི་དབང་ཆ་ལོས་ཡོད། གཉིས་ནས་སྲིད་སྐྱོང་ལ་སྐུ་ཚབ་དོན་གཅོད་བསྐོ་བའི་དབང་ཆ་མེད་ན་སྲིད་སྐྱོང་ལ་སྐུ་ཚབ་བསྐོ་བསྡུའི་དབང་ཆ་མེད་ཅེས་ཁྲིམས་ཐོག་ནས་གསལ་བོ་བཟོས་དང་། དམངས་གཙོའི་འགྲོ་སྟངས་ལྟར་ཁྲིམ་བཟོ་ལྷན་ཁང་ལ་ཁྲིམས་སྒྲིག་འགྱུར་བ་གཏོང་དགོས་པའི་ཞུ་ཡིག་གཏང་ཆོག་ཆོག་རེད། དེ་ལྟར་བྱུང་ན་དམངས་གཙོ་འགྲོ་ལུགས་རེད་ལ་མ་འོངས་པར་ག་ལེར་གསལ་བོ་ཆགས་ཡོང་གིན་རེད། དེ་མིན་ཕ་ཡུལ་གྱི་ལུང་ཁོག་སྐམ་པོ་ནང་གི་ནོར་ལུག་གི་རྗེས་སུ་འབྲངས་བའི་ས་རྩོད་ཆུ་རྩོད་ཀྱི་སེམས་ཁམས་དེ་དག་དམངས་གཙོ་དང་ཡར་རྒྱས་ཀྱི་དུས་རབས་འདི་ལ་མི་འགྲོ་བར་ཤེས་པར་གྱིས། ལྷག་པར་དུ་རང་ཉིད་མོས་ཕྱོགས་ཀྱི་བསམ་བློ་རྒྱ་བསྐྱེད་ཀྱིས་ཆོལ་ཁའི་ངོ་བོར་བསྒྱུར་གང་ཐུག་བྱེད་བཞིན་པ་ནི་མ་འོངས་པའི་བོད་ཀྱི་རྩ་དོན་རྩོད་བྱེད་ཀྱི་སྟོབས་ཤུགས་ཉམས་པའི་རྒྱུ་ལས་གཅིག་པོ་ལས་མ་འདས་སོ།།
ང་ལ་མཚོན་ན་སྲིད་སྐྱོང་གི་འོས་ཤོག་བློ་སེང་ལགས་སུ་འཕངས་པ་ཡིན། རྒྱུ་མཚན་གཙོ་བོ་ནི་རྒྱ་དམར་མི་ཉུང་པ་ཞིག་གིས་བོད་པ་རྣམས་ཤེས་ཡོན་མེད་མཁན་ (རྒྱ་དམར་གཞུང་ཞེན་པ་ཁ་ཤས་ཀྱི་བོད་རྒོལ་རྩོམ་ཡིག་ནང་དུ་དེ་ལྟར་བྲིས) དུ་རྩི་བཞིན་པའི་ཁ་གཏད་ལྟ་བུར་དམིགས་པ་ཡིན། འོན་ཀྱང་ད་ལྟར་ཁོང་ལ་སྔར་ལྟར་གྱི་དགའ་མོས་མེད། རྒྱུ་མཚན་ནི་ཁོང་བ་ཁམས་པ་དང་ང་རང་ཨ་མདོ་བ་ཞིག་ཡིན་པ་ལ་འབྲེལ་བ་རྩ་ནས་མེད། སྤེན་ཚེ་ལགས་གནས་དབྱུང་བཏང་བ་གཅིག་པུར་ཡང་འབྲེལ་བ་མེད། འོ་ན་ཅི་ལ་ཞེ་ན། ལོ་ཟླའི་བགྲོད་པའི་ཁྲོད་ཁོང་གི་བྱེད་ཕྱོགས་མང་པོ་ཞིག་ལ་བརྟགས་དུས། ཁྲིམས་དང་མི་མཐུན་པ། གནས་ལུགས་དང་མི་མཐུན་པ། བཟང་སྤྱོད་དང་མི་མཐུན་པ། ལྷག་བསམ་གྱིས་མ་ལྕོགས་པ་སོགས། སྐྱོན་མང་པོ་ཞིག་མངོན་གསལ་ཇེ་དོད་དུ་གྱུར་ཏེ་ཡི་ག་ལ་ཁེངས་ཐབས་ཤིག་རྩ་ནས་མ་བྱུང་བས་ཡིན།
ད་ལྟའི་དུས། སྐུ་ཞབས་བློ་སེང་གི་རྒྱབ་རྩར་ཡང་ཁམས་པའི་ཞེན་ཁོག་ཁོ་ན་འཁྱེར་ནས་རྒྱུག་མཁན་མི་ཉུང་པ་ཞིག་འདུག་པས། དེར་མཚུངས་རང་ཉིད་ལའང་རང་ཕྱོགས་ཀྱི་ཞེན་ཁོག་མ་རུངས་པ་འདི་སླེབས་ཉེན་འདུག་གོ །འོན་ཀྱང་། ཡུལ་ལུང་གི་ཞེན་ཁོག་ནི་རྒྱུ་མཚན་གྱིས་ཕོངས་པ་ཞིག་ཡིན་པས། ཕྱོགས་གཉིས་ཀས་གཏན་དུ་སྤང་བྱའོ། །
སྙན་པོ་འདུག་དེའི་ནང་ནས་ས་རྩོད་ཆུ་རྩོད་ཟེར་བའི་དཔེ་དེ་འོས་པོ་འདུག་ལ་སྙན་པོ་ཡང་འདུག་།
གཞུང་སེམས་དྲང་ཞིང་རང་ཚུགས་བརྟན་པའི་ཨ་མདོའི་ཕོ་རྒོད་བློ་རྒྱ་ཡངས་པ་ཞིག་གཏམ་འདི་ངོ་མ་ངོ་མཚར་ཆེ། ཡི་རངས་ཤུགས་ཆེར་ཞུ་འདོད། བཀའ་དྲིན་ཆེ།
དེའི་ཉིན་ནས་བཟུང་། བློ་གཅིག་སེམས་གཅིག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་སྲ་བརྟན་དང་། དམངས་གཙོའི་འགྲོ་ལུགས་ངོ་ཤེས་པའི་ཐོག་ནས་སྲིད་སྐྱོང་མཆོག་༼གིས་དབང་ཆ་སྒེར་གཅོད་བྱེད་ནའང་མཐའ་གཅིག་ཏུ་༽་གུས་བརྩི་དང་རྒྱབ་སྐྱོར་བྱེད་ཀྱིནཡོད།
སྲིད་སྐྱོང་ནི་མང་མོས་འོས་འདེམས་བྱས་ཟིན་པའི་སྲིད་སྐྱོང་རེད། དེའི་དབང་ཚད་འཛིན་སྐྱོང་གི་དབང་ཚད་རེད་ལ། འཛིན་སྐྱོང་ཐད་ལ་༼སྲིད་དབང་སྒ྄ེར་གཅོད་བྱེད་ཡ་་བོད་མིའི་བསྒྲིག་འཛུགས་གཏོར་ཞིག་གཏོང་ཡ་རྒྱལ་བ་རིན་ཆེ་ལ་དྲིན་ལན་ལོག་འཇལ་བྱེད་ཡ་སོགས་ཀྱི་དབང་༽་ཆ་ཡོད་དགོས་པ་ཡང་ཨ་རྐྱང་རྐྱང་། བྱང་ཨ་རིའི་དོན་གཅོད་གནས་དབྱུངས་བཏང་བའི་བཀའ་ཁྱབ་འབྱོར་རྗེས་སྐུ་ངོ་སྤེན་པ་ཚེ་རིང་མཆོག་གིས་དང་དུ་ལེན་དགོས་པ་ཡང་ཐུག་ས་སྒྲིག་འཛུགས་༼ཀྱི་ད་ལྟའི་བློ་སེང་གི་བཀའ་་ཤག་གི་སྒེར་གཅོད་རང་ལུགས་བརྟན་༽་བརླིང་དང་ཆེ་མཐོང་ལ་བརྩི་བཀུར་བྱེད་པ་མ་རེད་དམ།
དམངས་གཙོའི་ལུང་བ་ཞིག་ཡིན་ཕྱིན་མི་མང་གིས་མ་བདམ་པའི་འགོ་བ་ཞིག་མེད་འོན་ཀྱང་འདེམས་ཐོན་བྱུང་བའི་འགོ་བ་དེའི་ཁྲིམས་ལུགས་དང་མི་མཐུན་པ། སྤྱི་དོན་བཞག་ནས་སྒེར་དོན་གཙོ་གཉེར་བྱས་པ། རང་གིས་ཁེས་ལེན་དམ་བཅའ་དང་འགལ་ན་་་་མི་མང་གིས་འདེམས་པ་རེད་ཟེར་ནས་འཇོག་ཐབས་བྲལ་བ་རེད། འགོ་བ་དེས་མི་མང་གི་མངོན་འདོད་མ་བསྒྲུབ་པ་རེད། དེ་ཙམ་གྱིས་ཁྱད་པར་ཤེས་ནས་སྐད་ཆ་བཤད་ན་བཟང་གི་་་་་
ད་ལྟ་སྤྱི་དོན་ཕྲག་ཏུ་བཞེས་ཤིང་། རྟག་བརྟན་ཐེར་ཟུག་གི་དཀྱིལ་ཐིག་ལས་གཏན་ནས་བརྒལ་མ་མྱོང་བའི་མི་རྣམས་ཀྱིས་ང་ཚོའི་དཔྲལ་ཁོག་གི་མིག་སྙིང་ལྟར་གྱི་འདི་ཕྱིའི་ལམ་སྟོན་བཤེས་གཉེན་དམ་མཆོག༧ གོང་ས་རྒྱལ་བ་རིན་པོ་ཆེར་ཐུགས་ཕམ་མི་བཟོ་བ་ཞིག་དང་། དབུས་བོད་མི་སྒྲིག་འཛུགས་སྲ་བརྟན་རྒྱུན་གནས་ཐུབ་ཐབས། དེ་བཞིན་བོད་མདོ་དབུས་ཁམས་གསུམ་ཆིག་སྒྲིལ་རྒྱུན་བསྲིང་གནང་ཐབས་སུ་བསམ་གཞིགས་དང་། བཏང་སྙོམས་ཀྱི་འདུ་ཤེས་བཟུང་ནས་གཏིང་ཟབ་ཀྱི་དཔྱད་ཞིབ་གནང་གྱིན་པ་འདི་ནི་ཅི་འདྲའི་རླབས་ཆེ་བའི་ཡོངས་ཁྱབ་ཀྱི་འགན་འཁུར་ཞིག་ཨང་།
ང་ཚོ་དང་ང་ཚོའི་མི་རབས་རྗེས་མ་རྣམས་སུ་ངེས་པར་མཁོ་སྤྲོད་བྱ་དགོས་པ་ནི་བོད་དང་བོད་ཡིག་གིས་མཚོན་དེར་བརྟེན་ཆོས་རིག་ལེགས་བྱང་དང་བཅས་པ་ཡིན་པ་ལས་ལུང་ཞེན་གྱི་གཅོང་ནད་འདི་མིན། འདི་རིགས་ཁས་དང་ལག་པས་བཤད་བྲིས་བྱས་པ་ཙམ་གྱིས་མི་ཕམ་པར་དོན་དངོས་ལག་ལེན་ལ་གདབ་དགོས། དེ་ཡོང་བར་ཐོག་མར་རང་ཉིད་ནས་འགོོ་བརྩམ་དགོས་པ་ལས་གཞན་ལ་མཛུབ་མོོ་འཛུགས་ས་གཏན་ནས་མེད། རང་ཉིད་ཀྱིས་མ་བསྒྲུབས་ན་གཞན་གྱིས་ཀྱང་མི་སྒྲུབ་པས་དང་ཐོག་རང་ཉིད་ཀྱིས་གང་ནུས་ཅིས་ལྕོགས་ཀྱི་ལེགས་ལམ་འཚོལ་སྒྲུབ་དང་ལག་ལེན་དུ་བསྟར་དགོས།
བདག་ནི་སྐྱེས་ས་མདོ་སྨད་པ་ཞིག་ཡིན་ཡང་དུས་ད་ལྟའང་གང་གི་ཕྱོགས་སུ་མ་གཏོགས་པའི་དབུས་ལམ་བདམས་པའི་གང་ཟག་ཐལ་ཆག་ཅིག་ཡིན། བལྟས་ནས་ཡོང་ན་ད་ཆར་མི་མང་བོ་ཞིག་གིས་ཕྱོགས་གཏོགས་འཚོལ་སྒྲུབ་ཀྱི་ལས་ལ་འབད་འབུངས་བྱེད་ཀྱིན་འདུག་ལ། མི་བུ་འདི་དག་ལ་ཆོལ་ཞེན་གྱི་གཅོང་ནད་ཅིག་ཤ་རུས་ཀྱི་གཏིང་དུ་འཐིམས་ཤིང་། རླུང་ཁྲག་ཐིག་གསུམ་དང་འདྲེས་པས་བཅོས་ཐབས་མེད་པའི་གནས་སུ་གྱར། འདི་རིགས་ལ་གཅོང་ནད་འདིས་དུས་ནམ་ཡང་གློད་གྲོལ་གཏོང་མི་སྲིད་ལ། གཏོང་ཐབས་ཀྱང་མེད།
ན་ཚ་འདི་ཐོག་མར་སྤྲོད་མཁན་བློ་སེང་དང་སྤེན་ཚེ་གཉིས་ཡིན་ཞིང་། ནད་གཞི་འདི་གཅོང་ནད་ཏུ་འགྱུར་ཐབས་སུ་འབད་མཁན་ཁོ་བ་གཉིས་ཀྱི་ཕྱོགས་གཏོགས་པ་མགོ་བདེ་དྲན་འཕྲུལ་ཅན་ཁ་ཤས་ཤིག་རེད། འདི་དག་ངོ་མ་བཤད་ན་ས་སུ་ག་བ་ད་དྲག་གི་ཐོབ་ཐང་ཙམ་ཡང་མི་ཤེས་མཁན་རྐྱང་རེད་ཅེས་ལབ་ནའང་མི་ཆོག་པ་མེད་པའི་ཚོད་རེད། ཡིན་ནའང་།
སྤེན་ཚེའི་ཕྱོགས་ན་ས་སུའི་ཐོབ་ཐང་ཤེས་མཁན་ཅུང་མང་བ་འདུག ཧ་ཅང་མང་བོ་མ་རེད།
ངས་བལྟས་ནས་ཡོང་ན་བློ་སྤེན་གཉིས་ལས་སུ་ཞིག་དཀར་རྐྱང་དང་སུ་ཞིག་ནག་རྐྱང་ཡིན་པ་ད་དུང་ཁ་ཚོད་ཆོད་ཐུབ་མ་སོང་། ཁོ་གཉིས་ལས་སུ་ལ་སྐྱོན་མང་ཉུང་གི་བསྡོམས་རྩིས་ཤིག་བརྒྱབ་ན་བློ་སེང་ལ་མང་ཡང་། སྤེན་ཚེ་ལ་སྐྱོན་མེད་པ་ཞིག་གཏན་ནས་མ་རེད། བློ་སེང་གིས་སྤེན་ཚེ་སྦེལ་ལྗམ་དོན་གཅོད་དུ་བསྐོ་བཞག་གནང་ཞིང་སྤེན་ཚེས་དེ་དོན་ཁས་བླངས་འདུག་མོད། འོན་ཏེ། ཤར་གླིང་ཟླ་སྒྲོན་ལ་བློ་སེང་དང་མཉམ་ལས་བྱེད་པར་བཀག་འགོག་གི་སྐད་ཆ་བཤད་དོན་ཅི་ཞིག་ཡིན་ནམ། བློ་སེང་དང་མཉམ་ལས་བྱེད་དཀའ་ན་ཁྱེད་ཀྱིས་བློ་སེང་དང་མཉམ་ལས་བྱ་རྒྱུའི་ཁས་ལེན་ཅི་ལྟར་བྱས་པ་ཡིན་ནམ། ཨ་དོན་བསྐོ་བཞག་གི་སྐོར་དེ་དོན་དག་གཞན་ཞིག་རེད།
བློ་སེང་ཐེངས་འདིར་ནུབ་གླིང་ཡོ་རོབ་རྒྱལ་ཁབ་ཁ་ཤས་ཤིག་ཏུ་བསླེབས་པ་རེད། ཡོང་དོན་འདི་ཡིན་ཟེར་བ་མཐོང་མ་སོང་། མི་དགོས་སར་ཁྲ་ཟིང་བཟོས་སོང་། གཟའ་ཟླ་བུ་ཕྲུག་འཁྲིད་ནས་སུ་སིད་དུ་ཡོང་བ་དེ་སྒེར་དགོང་དང་རེད་དམ། སྤྱི་དངུལ་བཏང་སྟེ་སྒེར་སྐྱིད་གཏོང་དུ་སླེབས་པ་གང་ཡིན་གསལ་བོ་ཤེས་མ་སོང་། ཁོ་བ་གང་དུ་ཕྱིན་ཡང་ཁམས་ཕྲུག་དང་ཨམ་ཕྲུག་སྐོར་ཁག་ཅིག་ཕན་ཚུན་གྱི་ཁ་གཏད་དུ་ལངས་ཀྱི་ཡིན་པ་གསལ་བོ་རེད།
རྙོག་བཟོ་བ་གང་ཟག་འདི་གཉིས་ཀྱི་ཕྱོགས་གཏོགས་ཁམསཞེན་དང་ཨམ་ཞེན་པ་དག་གིས་བཙན་བྱོལ་སྒྲིག་འཛུགས་སྲུང་སྐྱོབ་གཏན་ནས་བྱས་མེད། འདི་དག་ནི་རྟོན་བཞིའི་འཇུག་ལྡོག་ནོར་བའི་བོད་མི་རིགས་ཀྱི་ཉེས་ཅན་པ་ཤ་སྟག་རེད། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་པའི་ཚབ་ཏུ་གང་ཟག་ལ་རྟོན་པ་རྒྱུ་མཚན་དུ་བྱས་ནས་ཆོས་ལ་རྟོན་པའི་བོད་མི་རིགས་ཀྱི་ཞི་བདེའི་སེམས་ཁམས་འཕྲོག་སོང་། ཕྱོགས་གཏོགས་པ་གཉིས་ཀས་ཁ་ནས་སྒྲིག་འཛུགས་བཤད་ཀྱང་། ལག་ནས་སྒྲིག་འཛུགས་གཏོར་བའི་ལས་འགུལ་ཇི་སྙེད་སྤེལ་བ་འཛམ་གླིང་ན་ད་དུང་གསལ་ལྷང་ངེའི་ངང་གནས་ཡོད་ལ་བལྟ་ཀློག་ཀྱང་ཐུབ་བོ།།
དཔལ་ལྡན་ལགས།
ཁྱེད་ཀྱི་མཆན་གྱི་ནང་དུ་“ན་ཚ་འདི་ཐོག་མར་སྤྲོད་མཁན་བློ་སེང་དང་སྤེན་ཚེ་གཉིས་ཡིན་ཞིང་། ནད་གཞི་འདི་གཅོང་ནད་ཏུ་འགྱུར་ཐབས་སུ་འབད་མཁན་ཁོ་བ་གཉིས་ཀྱི་ཕྱོགས་གཏོགས་པ་མགོ་བདེ་དྲན་འཕྲུལ་ཅན་ཁ་ཤས་ཤིག་རེད།”་ཅེས་པ་འདིར་ཞིབ་ཆ་ཞིག་དགོས་པ་འདུག འདིའི་ཐོག་མར་ཞེས་པ་༢༠༡༦་ལོའི་འོས་བསྡུ་ཆེན་མོ་ལ་གོ་རྒྱུ་ཡིན་ན་མི་འགྲིག་པ་མ་མཐོང་མོད། ཨ་དོན་འཕོ་འགྱུར་ལ་གོ་བ་ཡིན་ན་ནོར་སོང་བསམ། ད་ལན་བློ་སེང་ལ་གནས་ལུགས་མེད་པ་རྩ་བ་ནས་རེད་མི་འདུག་ལ། སྤེན་ཚེ་ལ་ཡང་བདེན་པ་བཤད་རྒྱུ་ཞིག་ཡོད་ན་ཡང་བློ་སེང་ལ་ཁག་མེད་ཡོག་མེད་ཅིག་ཆགས་ཡོད་པ་བསམ་བློ་དྲང་པོར་བཏང་ན་ཚོར་ཐུབ་ཀྱི་འདུག ང་ཡང་མདོ་སྨད་ཆོལ་ཁར་འོས་འཕེན་པ་ཞིག་ཡིན། འོན་ཀྱང་བདེན་པ་ཞིག་མཐོང་བ་དང་དགོས་པ་ཞིག་མཐོང་ནས་འདོད་པ་མེད་བཞིན་དུ་རྩོད་རྙོག་ཛོར་བོ་འདིའི་ནང་དུ་ལག་པ་བཅུག་ནས་བློ་སེང་གི་བྱ་བ་ལ་རྒྱབ་སྐྱོར་ཞུས་པ་ཡིན། ནོར་ཡང་མི་འདུག་བསམ་གྱི་འདུག དེ་ཡང་ཆེ་མཐོང་དང་ལྡན་པ་གང་ཐུབ་བྱེད་ཀྱིན་ཡོད་པ་ལས་ཁ་ངན་ཚིག་རྩུབ་གང་ཡང་བརྗོད་མྱོང་མེད།
མདོར་ན་སྤེན་ཚེ་ལ་གནས་ལུགས་ཤིག་གསུང་རྒྱུ་ཡོད་ན་ཡང་དེ་བོད་ཀྱི་རྩ་དོན་གྱི་ལྡོག་ཕྱོགས་སུ་ཕྱོགས་ཡོད་པ་དང་། དམའ་མཐར་ཡང་བློ་སེང་གི་བཀའ་ཤག་གི་མིག་ལ་དེ་ལྟར་ཡིན་པ་དང་། བློ་སེང་ལ་སྐྱོན་འདོགས་ཤིག་བཙལ་ན་འཚོལ་གཞི་ཡོད་ན་ཡང་བོད་ཀྱི་རྩ་དོན་གྱི་ཆེད་དུ་དེ་ལས་གཡོལ་ས་མེད་པ་ཞིག་ཡིན་ས་རེད་སྙམ། དམའ་མཐར་ཡང་ཁོའི་ལྷག་བསམ་གྱི་མིག་ལ་དེ་ལྟར་ཡིན་ས་རེད་སྙམ།
འདི་འདྲ་ཡོང་སྲིད་པ་ཀྱང་ཞིག་རེད། གང་ལགས་ཤེ་ན་བདེན་པ་ཡིན་ཚད་ལ་བདེན་པ་ཡིན་ཞེས་གནམ་ལ་འཕྱར་ས་མེད་པ་ནི་དངོས་པོའི་གནས་ལུགས་ཤིག་རེད། གཙོ་བོ་བསམ་ཤེས་བྱེད་མཁན་གྱིས་བསམ་ཤེས་བྱེད་མིན་ལ་རག་ལས་པ་ཞིག་ཡིན་པ་མཐོང་། བུ་ཕྲུག་མཚེ་མ་ཞིག་ལ་ཕ་མས་མིག་ལོག་གི་བལྟ་སྟངས་མི་འདྲ་བ་བྱས་ན་དེ་གཅིག་ལ་དྲང་བདེན་བྱས་མ་སོང་ཞེས་ལབ་ན་འོས་བབ་མེད་པ་བཞིན་བློ་སེང་གིས་སྤེན་ཚེ་ལ་དྲང་བདེན་མ་ཡིན་པ་ཞིག་ཅི་སྟེ་བྱས་ཡོད་དུ་ཆུགས་རུང་ང་ལ་དྲང་བདེན་བྱས་མ་སོང་ཞེས་རྩོད་ན་འོས་བབ་མེད་པ་ཞིག་ཆགས་སོང་སྙམ། མདོར་ན་བློ་སེང་ལ་ཧམ་པ་དང་སྒེར་གཅོད་སོགས་བཙུགས་པའི་སྐྱོན་དེ་དག་གིས་ཡེ་ནས་ཟུགས་ཀྱི་མི་འདུག་སྙམ།
ཕྱོགས་གཉིས་ཀའི་རྒྱབ་སྐྱོར་བའི་ནང་དུ་མི་ཐ་ཤལ་བ་ཡོད་པ་བདེན། དེ་དག་གིས་གང་ལ་རྒྱབ་སྐྱོར་བྱེད་ས་ལ་ཕན་པ་ལས་གནོད་མང་བར་བསྐྱལ་བ་ཡང་མཐོང་གི་ཡོད། དེ་ཡང་སྤེན་ཚེ་གནོད་པ་མང་ཕོགས་པ་འདྲ་ཞིག་བྱུང་། དེའི་རྒྱུ་མཚན་ནི་ཁོ་རང་གིས་དྲང་ཚུགས་དང་གསེར་ལས་ལྷག་པའི་གོ་སྐབས་ཤིག་དམ་འཛིན་མ་ཐུབ་པའི་སྐྱོན་མང་པོ་ཞིག་བྱུང་སོང་སྙམ། རྙོག་གླེང་དེའི་བརྒྱུད་རིམ་ཁྲོད་དུ་ང་འདྲ་བ་མི་མང་པོའི་སེམས་སུ་ཁོ་མ་རབས་བསམ་ནག་ཅིག་འདུག་སྙམ་པའི་བསམ་བློ་ཐེངས་འགར་སྐྱེས་བཅུག་སོང་།
ཆོལ་ཞེན་གྱི་རུལ་དྲི་མ་གཏོགས་ཁ་རྒྱུ་མེད་པའི་སྐབས་འདིར། པདྨ་འདམ་གྱི་མ་གོས་ལྟར་ཕྱོགས་ཞེན་དྲི་མས་མ་གོས་པའི་བསམ་འཆར་འདི་དང་འདི་འདྲ་བ་ལ་ལེགས་སོ་ཞུ་རྒྱུ་ཡིན།
བློ་སེང་ཁོ་པ་མི་དམངས་ཀྱིས་འཁྲི་ལ་བཀོད་པ་རེད་ད་ལྟ་མི་དམངས་ལ་འཕན་པ་ལས་གནོད་པ་མང་བ་འདུག་པས་ཁོ་པ་རང་ཉིད་ཀྱིས་ང་ཚོ་བོད་མིའི་མ་འོང་ཁེ་གྱོང་ལ་བསམ་བློ་གཏང་ནས་རང་འགུལ་གྱི་སྲིད་སྐྱོང་དགོང་ཞུ་གནང་ན་ལེགས་ ཁོ་པའི་ཕྱོགས་གཏོག་པ་ཚོ་དགོང་པ་ཡག་པོ་བཞེས་ཁྱི་སྒྲ་མ་ལང་ན་ལེགས་བློ་སེང་དང་ཁྱེད་ཚང་མ་ནག་པོའི་ཐོག་ནག་པོ་ཆག་པ་ལས་གཞན་མི་འཕན་ ངས་ཁམ་པར་ངོ་འགོལ་མིན་ངས་བློ་ལ་ངོ་འགོལ་ཡོད།
རྡོ་སྦིས་ཀླུ་རྒྱལ་དོན་འགྲུབ་ཀྱི་དཔྱད་བརྗོད་དེ་དང་དེ་ལ་མཆན་འདེབས་མཁན་ཁ་ཤས་ནས་
བློ་སེང་མི་མང་གིས་སྲིད་སྐྱོང་ལ་འདེམས་པ་ཡིན་ཙང་གུས་ཞབས་བྱེད་ཀྱི་ཡོད་དང། བྱེད་དགོས་རེད་ཅེས་བྲིས་པ་ལ་བལྟས་ན། བོད་མི་རྣམས་ད་དུང་ཞིང་བྲན་ལམ་ལུགས་ལ་གནས་འདུག་ཅེས་བོང་རྫི་ཟེར་པ་དེས་ངོ་དེབ་ཏུ་བྲིས་འདུག་པ་འདུག་སྙམ།
རྡོ་སྦིས་ཀླུ་རྒྱལ་དོན་འགྲུབ་ཀྱི་དཔྱད་བརྗོད་དེ་དང་དེ་ལ་མཆན་འདེབས་མཁན་ཁ་ཤས་ཀྱིས་དམངས་གཙོའི་གོ་དོན་རྩ་ནས་མ་ཤེས་པའི་རྟགས་འདུག་པས། གཟུར་བོར་གནས་པ་ཡིན་མདོག་བསྟན་པ་ནི་བླུན་རྟགས་བསྟན་པ་ཙམ་ལས་ཅི་ཡང་མི་འདུག་གོ།
ངོ་དེབ་ཏུ་བྲིས་འདུག་པ་བདེན་པ་འདུག་སྙམ། བྱས
༸གོང་ས་མཆོག་གི་༸སྐུ་ཚབ་སྤེན་མཆོག་ཕུད་པ་ནས་བཟུང་། བློ་སེང་ལགས་ལ། དགའ་པོ་བྱེད་མཁན་རྒྱུགས་ཁྱི་ཉུང་ཟས་ཤིག་ལ་མ་ལྷག་པ་ལྟ་བུར་མཐོང་ལགས། ཧཧཧ།། །།
མི་མང་གི་ནུས་ཤུགས་གཟིགས་དང་། བོད་རིགས་ཚོ།
https://www.facebook.com/LordFresh85/videos/1702511140034372/?hc_ref=ARTGKrClRcP79HiAEfibCs3jcLJoHwBgF_6EiMkdwN0FrpQk6DRGlhdgpKG-cV0ivt0
གནས་ལུགས་སྤུ་ཉག་ཙམ་ཡང་མེད་པའི་གླེང་སློང་ཙམ་ཞིག་རེད་ལ། བཙན་བྱོལ་མི་མང་གི་རང་དབང་དང་། འདྲ་མཉམ། ཐོབ་ཐང་། མང་གཙོ་སོགས་གཏིང་བརྗེད་བྱས་འདུག དེ་མིན། སློབ་བཟང་སངས་རྒྱས་ཀྱི་སྒེར་གཅོད་སྲིད་དབང་ལ་བསྟོད་པ་རེ་བྱས་ནས་ཅི་ཕན། བྱ་སྤུ་གནོན་གྱི་རྗེས་འཇུག་པ་འདྲ་བྱས་ཏེ་ར་མིན་ལུག་ཅིག་མ་བྱེད། གཙོ་བོ་གང་ན་བདེན་པ་ཡོད་ན་དེ་ལ་བརྩི་མཐོང་དང་། གོང་བཀུར་བླ་མེད་ཞུ་དགོས། དེ་འདྲ་མ་ཡིན་པར་སློབ་བཟང་གི་ངན་ཇུས་དང་ལྟ་ལོག་གི་སྤྱོད་པ་དེ་དག་ལ་མུ་མཐུད་དུ་འགྲིག་འདུག་ཟེར་གྱིན་བསྡད་ན་ཁྱེད་རང་གི་ཀླད་པའི་ནང་ན་ཕྱོགས་ཞེན་མེད་ཟེར་རུང་བདེན་པ་གསོན་ཤི་བྱེད་དུ་འཇུག་གིན་མཆིས། དེ་ནི་སོ་སོའི་གདོང་འབག་ལྕགས་ཡིན་པ་མཚོན་འདུག་ལ། བཙན་བྱོལ་བོད་མི་སྤྱི་ལ་ཤ་མ་ཚ་བའི་རྟགས་ཤིག་རེད།
ང་ལ་མཚོན་ན་བློ་སེང་དང་། སྤེན་ཚེ་གང་ཡང་རུང་བའི་ཕྱོགས་སུ་གཏོགས་མེད། ང་རང་ཉིད་ལ་དབང་བའི་འོས་ཤོག་གཅིག་པུ་དེ་ཀླུ་གར་བྱམས་ལ་བླུགས་པ་ཡིན། ཡིན་ནའང་། བློ་སེང་འོས་ཤོག་མང་མོས་ཀྱིས་ཐོབ་པ་ནས་བཟུང་ཁོང་ལ་རྩི་བཀུར་དང་རྒྱབ་སྐྱོར་ཞུས་པ་ཡིན། དེ་ནི་ཤེས་ཡངས་ཁྱེད་ཀྱིས་གསུངས་པ་ལྟར་ལས། རང་ཉིད་ཁམས་རིགས་ཤིག་ཡིན་པའི་ཆ་ནས། ཆོལ་ཁའི་ཞེན་ཁོག་སྐམ་པོ་དང་ནུས་མེད་དེ་རིང་སུ་སྤངས་ཏེ། སྤྱི་པ་ཁོ་ན་གཙོར་འདོན་ཞུས་པའི་ཁུལ་ཡིན། ཁྱེད་ཀྱི་དགོངས་ཚུལ་དང་ལར་ཞེན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་གི་ཡིན།
བློ་སྤེན་རྙོག་གཞིའི་ཐད་ཨ་མདོ་ཁམས་པ་99%ཆོལ་ཞེན་ཅན་ཤ་སྟག་རེད་བསམ་བསམ་བྱུང་། ཁྱོད་འདྲ་བའི་གཟུར་གནས་རེ་ཟུང་ཕྱོགས་གཉིས་ཀ་ནས་བྱུང་འདུག །མཐེ་བོང་སྒྲེང་གི་ཡོད།
ཀླུ་བྱམས་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ན་མི་དེ་རྩ་མི་ཚང་བ་ཞིག་ཡན་པ་ཐག་ཅོད་
ད་ཆ་ང་ཚོ་ལ་སུ་ཆོལ་ཞེན་པ་ཡིན་མིན་དེ་གལ་ཆེན་པ་ོ་མ་རེད་ ༧གོང་ས་མཆོག་གི་ལོ་རྒན་དྲུག་ཅུའི་རང་ཡ་རབས་བཟང་སྤྱོད་དང་བྱམས་བརྩེ་དྲང་བདེན་བཅས་གཞི་ལ་བཞགས་ནས་བཙུགས་པའི་སྒྲིགས་འཛུགས་འདིའི་མ་རྩ་འདི་དག་གཞིར་བཞགས་ཐོག་མདུན་སྤྱོད་བྱེད་རྒྱུ་ཡིན་མིན་ལ་ཐུག་ཡོད་
རླུང་དམར།
སྐུ་ངོ་སྤེན་པ་ཚེ་རིང་ངམ་ཚོགས་ཟུར་མཆོག་ནི་བཙན་བྱོལ་བོད་མིའི་གཞུང་གི་མི་སྣ་ཆེས་གལ་ཆེན་ཡིན་ལ། འདས་མ་ད་གསུམ་གྱི་བཙན་བྱོལ་ལོ་རྒྱུས་ནང་བལྟས་ཏེ་ཡོང་ན་སྐུ་ངོ་སྤེན་ཚེའི་མཛད་རྗེས་བཞག་པའི་བརྒྱུད་རིམ་ནི་ཤིན་ཏུ་རླབས་ཆེན་རེད། ཡིན་ཡང་། ད་ལོར་ཡིད་ཕངས་བ་ཞིག་ལ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སངས་རྒྱས་ཀྱིས་སྔོན་མ་འོས་བསྡུའི་སྐབས་ཀྱི་སྒེར་འཁོན་སྙིང་ལ་བཅངས་ཏེ། ཨ་རིའི་དོན་གཅོད་སྐུ་ངོ་སྤེན་པ་ཚེ་རིང་གི་མཛད་འཕྲིན་ཡོད་ཚད་ལས་མཚམས་བཞག་ཏུ་འཇུག་པ་རེད། དེ་ནི། བཙན་བྱོལ་བོད་མི་སྤྱི་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་གྱོང་གུད་ཆེན་པོ་ཞིག་ཡིན། མ་ཟད། ༧གོང་ས་མཆོག་གིས་ཐད་བསྐོས་བྱས་པའི་སྐུ་ངོ་ཞིག་ཆགས་ཡོད་སྟབས་དེ་ཡང་རྩིས་མེད་བཏང་བ་རེད། མཐར་དེད་ན། ང་ཚོའི་དཔྲལ་བའི་མིག་དང་ཁོག་གི་སྙིང་ལྟ་བུའི་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་བཀུར་བསྟི་མ་བྱས་པ་རེད་ལ། གཞིས་བྱེས་གཉིས་ཀྱི་མི་མང་ཡོངས་ཀྱི་རེ་བ་གསོན་པོ་སྣང་མེད་དུ་བཞག་སྟེ་ཆབ་སྲིད་ཀྱི་བདག་དབང་སྒེར་གཅོད་བྱས་ཏེ་ཡོད་ཚད་མེད་བརླག་ཏུ་གཏོང་གིན་ཡོད་འདུག
ཚོགས་ཟུར་སྤེན་པ་ཚེ་རིང་ནི་བཙན་བྱོལ་ནང་ནས་འཚར་ལོངས་བྱུང་བའི་བོད་ཀྱི་མི་སྣ་རླབས་ཆེན་ཤེས་ཡོན་པ་ཞིག་རེད་ལ། བཙན་བྱོལ་བོད་མིའི་སྒྲིག་ཁྲིམས་དང་། ཆབ་སྲིད། དཔལ་འབྱོར། མང་གཙོ་དོན་གཉེར་སོགས་ལ་འཇོན་ཐང་ཆེ་བའི་མི་ཞིག་ཡིན་པ་སུས་ཀྱང་བསྙོན་དུ་མེད་པ་ཞིག་ཡིན་ཡང་། སྲིད་སྐྱོང་བློ་བཟང་སངས་རྒྱས་ཀྱི་ཕྱོགས་ཞེན་གྱི་བསམ་བློ་དེས་སྐུ་ངོ་མཆོག་གི་མཛད་རྗེས་འཇོག་དང་འཇོག་བཞིན་པ་དག་ལ་བར་ཆད་དང་། གཞི་མེད་འཕུང་དཀྲུག ཉེས་མེེད་ནག་འགེལ་སོགས་བྱས་ཏེ། སྐུ་ངོ་མཆོག་གི་ལས་དོན་འོད་སྟོང་ལྡན་པ་ཡོངས་རྫོགས་ལས་མཚམས་འཇོག་ཏུ་བཅུག་པ་རེད། འདི་དག་ནི་སྲིད་སྐྱོང་བློ་བཟང་སངས་རྒྱས་ཁོ་རང་སྒེར་ལ་མཚོན་ནའང་། ཕམ་ཉེས་ཆེན་པོ་ཞིག་དང་། བཙན་བྱོལ་སྒྲིག་འཛུགས་ཀྱི་ལོ་རྒྱུས་ནང་གི་ཆེས་བསུབ་དུ་མེད་པའི་ནག་ཉེས་ངོ་མ་དེ་རེད།
སྲིད་སྐྱོང་གིས་སྒེར་གཅོད་ཀྱིས་སྲིད་དབང་འཛིན་བཞིན་ཡོད་ཀྱང་། བོད་ཕྱི་ནང་དང་། འཛམ་གླིང་ཤར་ནུབ་ཀྱི་ཤེས་ལྡན་པ་མང་པོས་ཁོ་རང་གི་བྱ་སྤྱོད་“བྱ་སྤུ་གནོན“ཟེར་བ་དེ་“བྱ་སྤུ་གཏོར“་ལ་སོང་ནས་ཁྲིམས་མེད་ལུགས་ཀྱིས་བཙན་བྱོལ་ནང་གི་མི་སྣ་རླབས་ཆེན་སྐུ་ངོ་སྤེན་པ་ཚེ་རིང་ལྟ་བུ་དོན་མེད་དུ་ནག་པོ་བཟོས་ཏེ་ཆོལ་གསུམ་བར་ལ་འགལ་རྐྱེན་བསླངས་བ་ནི་བློ་བཟང་སངས་རྒྱས་ཀྱི་གཟི་བརྗིད་ཁོག་སྟོང་གི་ལས་ཀ་བྱེད་སྟངས་རིགས་ཤིག་རེད། དེ་ལྟ་ནའང་། བཙན་བྱོལ་བོད་མིའི་སྲིད་སྐྱོང་ཁོ་ལྟ་བུས་མ་འོངས་པའི་བོད་ཀྱི་གནས་སྟངས་ལ་ཆག་གྲུམ་ཤོར་ཏུ་བཅུག་སོང་བས། ད་དུང་། མ་ཡིན་ཡིན་མདོག་གིས་མགོ་བོ་གཟེངས་ཏེ་འགྲོ་བཞིན་གདའ་ནའང་། རྒྱུ་འབྲས་མེད་པའི་ལས་ཀ་བྱས་པ་དེ་དག་ང་ཚོའི་སེམས་ན་གསལ་ལྷང་ངེར་ཡིན།
དེ་ཡང་། བསམ་བློ་ཟབ་གསལ་ཞིག་བཏང་ནས། ཕྱིར་མིག་རེ་འཕངས་ན་སྐུ་ངོ་མཆོག་གི་དྲང་བདེན་དང་། ལྷག་བསམ། ཕྱི་གསལ་ནང་གསལ་གྱི་ཕྱག་ལས་གནང་སྟངས་ནི་དཔེ་མི་སྲིད་པའི་ཡག་པོ་རེད་ལ། བཙན་བྱོལ་བོད་མི་བྱིངས་ལ་བཀའ་དྲིན་ཆེན་པོའང་རེད། ཡིན་ཡང་། སྒེར་གཅོད་ཀྱི་སྲིད་སྐྱོང་བློ་བཟང་སངས་རྒྱས་ཀྱིས་མིག་སྔར་ཡོ་རོབ་(Europe)དང་། ཁཱ་ཎ་ཌཱ(Canada) ཨ་མེ་རི་ཁཱ (America)སོགས་ལ་སོང་ནས། མི་མང་གི་མདུན་ནས་སྐྱག་རྫུན་བརྒྱ་སྐོར་རེ་བཤད་དེ། སྐུ་ངོ་སྤེན་ཚེ་ལ་མ་ཉེས་ཁ་གཡོག་གི་ཉེན་བརྡ་མང་པོ་བཏང་བ་ནི་བློ་སངས་ཀྱི་ངོ་འབག་རུལ་སུངས་ཤིག་རེད། དེ་མིན། ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་གནད་དོན་དེ་ཡང་མགོ་རྙོག་བཟོས་ཏེ་རྩིས་མེད་བྱས་པ་དང་། དེའི་སྐོར་ལའང་སྒྲུང་སྙན་མོ་རེ་བཤད་དེ་མི་མང་ནང་ལ་འགྲེལ་བཤད་གསལ་ཁ་ཐག་ཆོད་ཅིག་མེད་པར་བཞག་ནས་ཡོད་ཚད་བརླགས་པ་རེད།
སྐུ་ངོ་མཆོག་གི་ལས་མཚམས་བཞག་རྗེས་སྲིད་སྐྱོང་བློ་བཟང་སངས་རྒྱས་ཨ་རིར་སོང་བ་དང་། ཨ་རིའི་གནམ་ཐང་ནས་ཕྱོགས་ཞེན་པ་སྐོར་ཞིག་གིས་བློ་སངས་ཀྱི་འདྲ་པར་ལ་ཁ་བཏགས་སེར་པོ་འཐེན་ནས་ཁྱི་སྤྱང་ལ་ལྟོ་མ་རག་པ་ལྟ་བུའི་ངུ་ཅོ་བཏོན་ཞོར་བསུ་མ་འདྲ་བྱས་ནའང་། སྲིད་སྐྱོང་གནམ་གྲུའི་ཐང་གི་ལྟག་སྒོ་ནས་བྲོས་ཏེ་སོང་འདུག དེ་ནི། རང་གཟུགས་ངན་པ་ལྷང་ལ་བུད་པ་རེད་ལ། དྲང་བདེན་མིན་པའི་གཡོ་འཕྲུལ་ཅན་ཞིག་ཡིན་པའང་ཧ་གོ་སོང་བ་རེད། དེ་བཞིན་དུ། བློ་སངས་ཀྱི་ཨ་ཕྲུག་དེ་ཚོས་དྲང་བདེན་པ་རྒྱབ་ཏུ་བཞག་ནས་རྫུན་མ་གཙུག་ཏུ་བཀུར་ཏེ་བློ་སངས་ལ་བསྟོད་གླུ་བླངས་པ་རེད་དེ། བསྟོད་གླུ་ནི་༧གོང་ས་མཆོག་ལ་བསྟོད་པ་ཞིག་ཡིན་པ་ནི་༧རྒྱལ་བ་རིན་པོ་ཆེའི་སྐུ་ཕྲེང་རིམ་བྱོན་གྱི་ལོ་རྒྱུས་ནང་ཡོད་མོད། མི་ངན་དེ་དག་གིས་༧གོང་ས་མཆོག་གི་བསྟོད་གླུ་དེ་སྲིད་སྐྱོང་བློ་སངས་སྦྱར་ཏེ་བླངས་བ་ནི་ཆེས་མུན་ནག་དང་། ཀླ་ཀློ། ཅི་ཡང་མི་ཤེས་པར་ཆོལ་ཞེན་གྱི་འཐེན་ཁྱེར་ཁོ་ན་ལས་གྲུབ་འདུག
སྐུ་ངོ་སྤེན་པ་ཚེ་རིང་གིས་“ངའི་རྐུབ་སྟེགས་བློས་གཏོང་དགོས་བྱུང་ན་གཏོང་གི་ཡིན། འོན་ཀྱང་། བོད་ཀྱི་རྩ་དོན་ནམ་ཡང་བློས་གཏོང་བྱེད་ཀྱི་མིན།“ཞེས་གསུངས་བ་ལྟར། སྐུ་ངོ་སྤེན་ཚེས་རང་ཉིད་ཀྱི་ཕྱག་ལས་དེའི་ལས་མཚམས་བཞག་རྗེས་ཨ་རི་ནས་རྡ་སར་ཡོང་སྟེ། བཀའ་ཤག་དང་སྲིད་སྐྱོང་གི་ཁྲིམས་མེད་སྐྱོན་འཛུགས་དང་། ཉེས་མེད་ཉེན་བརྡ་བཏང་བ་སོགས་ལ་གསལ་བཤད་གནད་ལ་ཐིངས་བ་ཞིག་གནང་པ་རེད། དེའི་རྗེས་ལ། བཀའ་ཤག་དང་སྲིད་སྐྱོང་ལ་བདེན་པ་མེད་ཙང་ཁ་གྲག་འགུལ་མེད་པར་བསྡད་དགོས་བྱུང་བ་རེད། དེ་ལྟར། སྐུ་ངོ་མཆོག་གི་ཕྱི་གསལ་ནང་གསལ་གྱི་ཕྱག་ལས་གནང་སྟངས་ནི་ཕུལ་དུ་བྱུང་བ་ཞིག་ཡིན་པས། ཨ་རིའི་ནང་གི་བོད་མིའི་སྐྱིད་སྡུག་ཚོགས་པ་ཁག་གིས་བདེན་པ་རྒྱབ་ལངས་བྱས་ཏེ་སྐུ་ངོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་ཆེད་གསོལ་ཚིགས་ཐོག་གདན་ཞུ་གནང་ནས་བདེན་པར་རྒྱབ་སྐྱོར་དང་། སྐུ་ངོ་མཆོག་གིས་ཀྱང་མི་མང་ལ་བཀའ་སློབ་ཟབ་ཅིང་རྒྱས་པ་གནང་ནས་རང་ཉིད་བདེན་པ་དང་། ༧གོང་ས་མཆོག་གི་བཀའ་དགོངས་ལ་ཤར་བསྐྱོད་བྱེད་མཁན་གྱི་མི་ཞིག་ཡིན་པའི་གསུངས་བཤད་སོགས་གནང་འདུག
དངོས་གནས་དྲང་གནས་ཨ་མདོའི་ཕོ་རྒོད་རྡོ་སྦིས་ཀླུ་རྒྱལ་དོན་གྲུབ་མཆོག་གིས་བྲིས་ཡིག་དེས་ངའི་ཡིད་དབང་ཕྲོགས་སོང་། ཨ་མདོའི་ཕོ་རྒོད་ཡ། ཨ་མདོའི་ཕོ་རྒོད། ཁྱེད་ལ་བདེན་པ་འདུག དཔལ་ལྡན་སྲིད་སྐྱོང་གིས་ག་རེ་གནང་ན་ཡང་ང་ཚོས་ཁོང་ལ་རྒྱབ་སྐྱོར་བྱེད་དགོས་ངེས་རེད། དཔལ་ལྡན་སྲིད་སྐྱོང་མཆོག་ལ། ཅི་བཛད་ལེགས་མཐོང་དང་། ཅི་གསུངས་བཀའ་བསྒྲུབ་ཞུ་དགོས་ངེས་རེད། དཔལ་ལྡན་སྲིད་སྐྱོང་མཆོག་ལ་ང་ཚོས་རྒྱབ་སྐྱོར་ཁོ་ན་ཞུ་དགོས་པ་རེད། དངོས་གནས་དྲང་གནས་བྱས་ན། དཔལ་ལྡན་སྲིད་སྐྱོང་མཆོག་ང་ཚོའི་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་མགོན་རེད། དངོས་གནས་དྲང་གནས་ཁོང་༧གོང་ས་མཆོག་གི་མ་འདས་སྤྲུལ་སྐུ་རེད། ང་ཚོས་ཁོང་ལ་དད་པ་བཞག་དགོས་པ་རེད། འོན་ཀྱང་བོད་པ་ལས་ངན་ཚོས་ཅི་ཡང་མི་ཤེས་པར། ཁོང་ལ་ངོ་རྒོལ་བྱེད་བཞིན་པ་རེད། ཨ་ཧ་ཧ་ཧ། དངོས་གནས་སེམས་པ་སྐྱོ་བ་ལའང་། སྲིད་སྐྱོང་བློ་བཟང་སེང་གེ་མཁྱེན་ནོ།།