ང་ཚོའི་མིག་དོན་གྲུབ་དབང་ཆེན་དང་། ཞོགས་ལྗང་། (འབྲུག་ལོ།) ཐེའུ་རང་། ༼བཀྲིས་རབ་བརྟན།༽ ཞོགས་དུང་།༼བཀྲ་རྒྱ།༽སོགས་རེ་རེ་བཞིན་བཟུང་སོང་། ད་དུང་ཤུལ་ལ་ལུས་པའི་སྐྱེས་ཆེན་རྣམས་ཀྱི་བདེ་འཇགས་ལ་སེམས་ཚབ་འདུག ད་རང་དབང་ཡུལ་གྲུ་ཁག་ནང་ལ་ཡོད་པའི་བོད་མི་རྣམས་ཀྱིས་ཁོང་རྣམས་ཀྱི་ཆེད་དུ་བྱ་བ་གང་སྒྲུབ་ཐུབ་བམ། འདི་ལ་བསམ་འཆར་འགའ་ཡོད་པས་དཔྱད་ཞིབ་དང་ལག་ལེན་ཡོང་བའི་རེ་བ་ཞུ།
༡༽ སྐྱེས་ཆེན་དམ་པ་རྣམས་ཀྱི་ཤུལ་ལུས་ནང་མི་དང་བུ་ཕྲུག་ལ་ལྟ་སྐྱོང་བྱེད་དགོས་ཀྱི་འདུག འདིའི་ཆེད་དུ་དམིགས་བསལ་ཚོགས་པ་ཞིག་བཙུགས་ནས་དངུལ་སློང་ནས་ཁོང་རྣམས་ལ་འཚོ་བའི་ལྟ་སྐྱོང་བྱེད་ཐུབ་ན་ལེགས། དོན་གྲུབ་དབང་ཆེན་གྱི་ནང་མིར་འཚོ་བའི་དཀའ་ངལ་ཡོད་པ་ངོ་མ་རེད་འདུག
༢༽ ཕྱི་རྒྱལ་དང་ལྷག་པར་དུ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ནང་བོད་པའི་རྩོམ་པ་པོ་རྣམས་ཀྱིས་ཤེས་ཡོན་ཅན་ལྟ་རྟོག་ཚོགས་པ་བཙུགས་ནས་རྒྱ་ནག་གཞུང་ཚབ་ཁག་ལ་འབྲེལ་བ་བྱས་ནས་ཁོང་ཚོའི་བདེ་འཇགས་ཀྱི་སྐོར་ལ་སྙན་ཞུ་འབུལ་ཐུབ། རྒྱ་མིས་ནུབ་ཕྱོགས་རྒྱལ་ཁབ་ནང་ཡོད་པའི་རྩོམ་པ་པོ་དང་བསམ་བློ་བའི་བསམ་ཚུལ་ཉན་རྒྱུར་དོ་སྣང་བྱེད་ཀྱི་འདུག
ད་དུང་བསམ་ཚུལ་ཡོད་ན་འདིར་གསུངས་རོགས།
WOESER BLOG:
http://woeser.middle-way.net/
FOX NEWS:
http://www.foxnews.com/world/2010/04/26/tibetan-writer-detained-quake-critique/
LONDON TIMESONLONE:
http://www.timesonline.co.uk/tol/news/world/asia/article7108169.ece
REUTERS:
http://in.reuters.com/article/worldNews/idINIndia-47997320100426
BAOXUN:
http://news.boxun.com/news/gb/china/2010/04/201004261944.shtml
LONDON GUARDIAN:
http://www.guardian.co.uk/world/2010/apr/26/tibetan-writer-detained-china-earthquake-critique
PHAYUL:
http://www.phayul.com/news/article.aspx?id=27180&article=China+arrests+prominent+Tibetan+writer+in+Xining
Tibettimes:
http://www.tibettimes.net/news.php?showfooter=1&id=2625
རྒན་ཚངས་དབྱངས་ལགས་ཀྱི་བསམ་ཚུལ་དེ་ཚོ་ཡག་པོ་འདུག
ང་ཚོས་ལག་ལེན་སྒང་ནས་ག་ཚོད་ཡོང་ཐུབ་མིན་བལྟ།
ཐེའུ་རང་། (བཀྲ་ཤིས་རབ་བརྟན།) ཞོགས་ལྫང་། (འབྲུག་ལོ།)
ཞོགས་དུང་། (བཀྲ་རྒྱ།) འདི་ཚོ་བཅོས་རོགས་གནང་། སྙན་ཞུ་འབུལ་དུས་མིང་ནོར་ན་འགྲིག་གི་མ་རེད་འདོད།
རིག་འབྱུང་ལགས།
བཅོས་ཡོད། དགོངས་འཆར་ཐུགས་རྗེ་ཆེ།
རེད་ཡ། ང་ཚོས་ཕྱོགས་ཡོངས་ནས་རྒྱབ་སྐྱོར་ཞུ་དགོས་པ་རེད་ལ། ལྷག་པར་དུ། རྒྱལ་ཞེན་ཅན་འདི་དག་གློད་གྲོལ་ཡོང་བའི་ཐབས་ལམ་ལ་འབད་དགོས་པ་རེད།
འབྲི་ཞོ་ཟེར་བའི་མཆན་འདི་བསུབ་པ་ཡིན། འབྲེལ་བ་མིན་འདུག
གོང་སྨོས་ཤེས་ཡོན་ཅན་གྱིས་ན་གཞོན་འདི་དག་གིས། བོད་མི་ས་ཡ་དྲུག་གི་བདེ་སྡུག་གླེང་ནས་
དམར་པོའི་བཙོན་འོག་ཏུ་བཅུག་པ་ལས། ཨ་མདོའི་བདེ་སྡུག་ཙམ་གྱིས་ཆེད་མིན་པས།
ཁོང་ཚོས་ཆེད་དུ་རྒྱབ་སྐྱོར་དང་ལས་འགུལ་སྤེལ་ན་ཨ་མདོ་པ་ནས་སྤེལ་དགོས་པའི་རྒྱུ་མཚན་ཅི་ཡིན།
ད་དུང་ཁྱེད་ཀྱིས་ལྐོག་ཟ་བཤད་པ་སྔ་དྲག་པ་མ་རེད་དམ།
བྱ་བ་འགོ་མ་བཙུག་གོང་ནས་འཐའ་ཁོང་དུ་ཆུད་པའི་མངོན་ཤེས་ཅན་ཁྱེད་ཐལ་དྲག་འདུག།
སྤྱིར་ང་ཚོ་བོད་པ་ཚང་ལ་སྡུག་ཐོག་སྡུག་བརྩེག་ནས་གཞེས་བྱས་ཀྱི་སྤུན་ཟླ་རྣམས་སེམས་ཁོང་དུ་ཆུད་
པའི་སྐབས་འདིར་ཁྱེད་ཀྱིས་སྐད་ཆ་བཤད་སྟེང་ལ་བལྟ་ན་ཁྱེད་གླད་མེད་ཀྱི་མི་འཁྱམ་ཞིག་ཡིན་པར་རྟོགསོ།
དྲ་གྲོགས་སྔོན་མར་་་་་
ཨ་ཁྱད་མཚར། སྒྲོལ་མ་སྐྱབས། གངས་ཉི། ཀིརྟི་སྐྱབས་ཁོ་ཚོ་མི་འཇོག་དོན་ཅི་ཡིན་ནམ།
ད་དུང་བཤད་རྒྱུ་ཞིག་ལ། ཁྱེད་ཚོ་ཤེས་ཡོན་པ་ཚོ་ཕྱོགས་ལྷུང་ཆེ་དྲགས་འདུག ཉམས་ཆུང་འབངས་མི་དཀྱུས་མ་དང་། གྲྭ་བ་གྲྭ་རྐྱང་ཚོ་བོད་ཀྱི་དོན་དུ་དམར་བསད་བཏང་ཡང་ཁྱེད་ཚོར་གྲག་འགུལ་མི་འདུག འབངས་མི་དཀྱུས་མ་དེ་དག་གི་ཚེ་སྲོག་རྩ་ཆེན་མིན་པ་རེད་དམ། ཁོ་ཚོའི་ལར་ཞེན་ལ་རིན་ཆུང་བ་རེད། ཅིའི་ཕྱིར་འདི་འདྲའི་ཕྱོགས་ལྷུང་བྱེད་དགོས་པ་རེད། ཤེས་ཡོན་་པའི་མིང་ཁུར་བའི་ཀླད་མེད་ཁོག་སྟོང་ཚོ། ཁྱོད་ཚོ་ལྟ་བུ་ཤེས་ཡོན་པར་བཀུར་སྟབས་གངས་ཅན་པའི་མིག་ཞར་ར་དང་། རྐང་ལག་རྡུམ་རྡུམ་བཟོ་གི་ཡོད་པ་རེད་ཧ་གོ་སོང་ངམ།
མདོར་ན། འབངས་མི་གཉོམ་པོ་ཚོར་ཁྱད་གསོད་ཀྱི་བསམ་བློ་དོར་ནས། ཚེ་སྲོག་འདྲ་མཉམ་གྱི་འདུ་ཤེས་ཙམ་ཡང་མེད་ན། ཇི་ལྟར་དུས་རབས་གསར་པའི་ཤེས་ཡོན་པར་བརྩི་དགོས་སམ། ཚེ་སྲོག་འདྲ་མཉམ་དང་། མི་ལུས་ཀྱི་རིན་ཐང་འདྲ་མཉམ་གྱི་འདུ་ཤེས་བསམ་བློའི་ནང་གཏན་ནས་ཆགས་མེདཔའི་རྟགས་མཚན་རིམ་བཞིན་དུ་སྟོན་གྱིན་དུ། ད་དུང་བླ་སྲོག་དང་སྒེར་ཚུགས་སོགས་གླེང་ཁུལ་བྱེད་པ་མ་ཟད། རིག་གནས་རྙིང་པའི་རིན་ཐང་ལ་བསྐྱར་ཞིབ་ལྟ་བུའི་གཏམ་སྦོམ་བཤད་པ་ནི་སྙིང་རྗེའོ། ཀླད་མེད་ཚོ། མང་ཚོགས་རྒྱང་ལ་གཡུག་གཡུག་མཐར་ང་ཚོའི་ལས་དབང་འདི་འདྲར་གྱུར་པ་རེད། ཨ་ཁོག་སྟོང་ཚོ། ད་ཆོག་གི
ཨོ་ད་ངས་ཤེས་སོང་། རྟོགས་པ་མཐོ་བའི་སྐྱེས་བུ་དམ་པའམ། ཡང་ན་དེང་རབས་འཇིག་རྟེན་གྱི་ཕུན་ཚོགས་ཁྲོད་མངོན་པར་འཕགསཔའི་མི་ཡིན་པའི་ཆ་ནས། དཀོན་མཆོག་དང་ལས་འབྲས་ལ་རྨོངས་དད་བྱེད་པའི་འབངས་མི་སྟེ། ང་ཚོའི་ཞིང་པ་དང་། འབྲོག་པ་དང་། གྲྭ་པ་དང་། ཇོ་མོ་རྣམས་ནི་ཇུས་གཏོགས་བྱེད་རན་མེད་པ་རེད། ད་ཤེས་སོང་། བརླ་ཡང་ཚོ། ད་ལྟ་བར་འདི་འདྲའི་ཁྱད་གསོད་བྱས་ནི་རེད། ད་དུང་འདི་འདྲ་བྱོས་དང་། ནམ་ཞིག་ནས་ཚེ་སྲོག་བོའུ་ཁར་གཏོད་པའི་རྨོངས་དད་པ་དེ་ཚོར་ཡང་ཚོར་བ་ཡོད་པས་ཕྱིར་སྣུར་རྒྱག་སྲིད། བསམ་ཞིང་བསམ་ན། ང་རང་རིགས་ཀྱི་ཤེས་ལྡན་པར་རློམ་པའི་མིག་ཞར་ཁྱོད་ཚོར་ཡིད་འཆད་ཀི། ཁོ་འཆད་གི། དངོས་གནས་བཤད་པ་ཡིན། སྙིང་རྗེ། ལག་པར་སེར་ག་གས་ཤིང་། ངོ་གདོང་ཙག་གིས་ཕྱིད་པའི་བརྩེས་ལྡན་ཞིང་འབྲོག་མང་ཚོགས། སྙིང་མ་རྗེ། ཤེས་ཡོན་པར་རློམ་པའི་ཁྲེལ་མེད་འདི་ཚོས་ཁྱེད་ཅག་གནའ་ཞིག་ནས་བོར་སོང་། སེམས་དང་སྙིང་གིས་བོར་སོང་བ་ངས་སྔོན་ནས་ཤེས་ཡོད།
སྐྱེས་ཆེན་དམ་པ་དང་། རྩོམ་མཁན་དྲིན་ཆེན་གཉིས་ལ་མུ་བཞི་ཡོད་དགོས། ལ་རྒྱ་ཅན་རྣམས་རྒྱལ་གྱུར་ཅིག
ཁ་སྔོན་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ལ་ཛ་དྲག་ཐོག་འབོད་སྐུལ་བྱས་པ་ཡིན་མོད། ད་དུང་བརྒྱུད་ལམ་གང་དུའང་ལན་འབྱོར་གསལ་མི་འདུག དེ་རིང་ཆེད་དུ་ཚོགས་གཙོ་ཆབ་བྲག་ལྷ་མོ་སྐྱབས་ལགས་སུ་འབོད་སྐུལ་ཞུ་རྒྱུ་ཡིན། རྡ་རམ་ས་ལ་ལྟེ་བ་བྱས་པའི་ཚོགས་མི་ཡོད་སའི་རྒྱལ་ཁབ་ཚང་མར་གནས་ལུགས་སྦྱངས་བཤད་ཀྱི་ལས་འགུལ་རྒྱ་ནག་གཞུང་གི་གཞུང་ཚབ་ཁག་ཏུ་སྤེལ་དགོས་ཤིང་། ཚོགས་མི་ཡིན་མིན་ལ་མ་ལྟོས་པར་གནས་ཡུལ་རྒྱལ་ཁབ་ཀྱི་གསར་འགོད་པ་སྐོང་ཐུབ་ཀྱིས་གསར་འགོད་གསལ་བསྒྲགས་གནང་ཐབས་ལ་འབད། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ། ལྷག་དོན་གནས་ཡུལ་རྒྱལ་ཁབ་ཀྱི་རིག་གནས་སྲུང་སྐྱོབ་ཀྱི་ཚོགས་པ་ཁག་ལ་འབྲེལ་བ་གནང་སྟེ་མཉམ་རུབ་ཐོག་གསར་འགོད་གསལ་བསྒྲགས་གནང་རྒྱུ་གལ་ཆེན་རེད།