༧ གོང་ས་མཆོག་གི་སྐུ་བརྙན་འདི་མཇལ་རྗེས་སུ་བྲིས།
༧ གོང་ས་མཆོག
ངེས་དོན་གྱི་སེམས་དཔའ་ཆེན་པོ།
ཁྱེད་ཉིད་གཞན་ཡུལ་འདིར་བཞུགས་རྒྱུན་རིང་བའི་་་ལོ་ཟླའི་ནང་།
འཚེ་མེད་ཞི་བདེའི་ལྟ་གྲུབ་དང་་་་་དྲང་བདེན་གྱི་བོད་དོན་གླེང་བཞིན་སྐུ་ངལ་སོལ་མེད་་་་
༧་གོང་ས་མཆོག་་
ཁྱེད་ཀྱི་བགྲེས་སོང་གི་སྐུ་བརྙན་འདི་མཇལ་དུས་་་་ ཁོ་བོའི་སེམས་ཁུངས་སུ་བཟོད་མི་ཐུབ་པའི་སྐྱོ་སྣང་དང་་་
་་མིག་མཐའ་མཆི་མས་བཀང་སྟེ་་་་་མགྲིན་པ་གནོང་སོང་།
༧ གོང་ས་མཆོག
ཁྱེད་ས་མཐའ་ཁོ་ནར་ མི་ལོ་ལྔ་བཅུ་རིང་བཞུགས་ཏེ་ མཐོ་སྒང་གི་མ་ཡུམ་ལ་་་་རྒྱང་གཟིགས་མཛད་ཅིང་ མི་རིགས་འདིས་ཆེད་དུ་ དྲན་གདུང་གི་ཐུགས་ལ་སྐྱོ་སྣང་མང་སོང་།
༧་གོང་ས་མཆོག་
གངས་ཕྲུག་བདག་གི་་་་ཁྱེད་ཀྱི་བརྙན་པར་འདི་མཇལ་བའི་དགོང་མོར་དེར་ སྐུ་ཉིད་སུན་སྣང་དང་ སྐུ་ངལ་གྱིས་ཁེངས་འདུག་པ་ཚོར་བྱུང་ལ་་་ བུ་ངའི་་་་་མིག་གོར་འཆི་མའི་རླན་བཞིན་
་་་་ཁྱེད་ཀྱི་སྐུ་པར་འདི་ལ་ཡང་ཡང་འཇུས།
༧་གོང་ས་མཆོག་
རྒྱུས་མེད་པའི་ས་མཐའ་འདི་ནི་་་་ནམ་ཡང་ཐུགས་མདུན་གྱི་གདམ་ཁ་མིན་ལ།
སྐུ་ཉིད་ཀྱི་དུས་རྒྱུན་ བོད་མི་ས་ཡ་དྲུག་གི་བདེ་སྡུག་ལ་གཟིགས་ཏེ་ ་་་་གངས་རིའི་སྨན་ལྗོངས་དེར་་་་བརྗིད་ཆག་གྱི་ཕོ་བྲང་པོ་ཏ་ལ་དང་། ལྷ་ཡུལ་ལྟར་མཛེས་པའི་ནོར་བུ་གླིང་ཀ་ནི་་་
་་དུས་གཏན་དུ་་་་་་་སྐུ་ཉིད་ཀྱི་བཞུག་གནས་ཡིན།
ད་དུང་ལྷག་སོང་བའི་གཞིས་ལུས་བོད་འབངས་དང་་་་་་་ གྱེས་བཞིན་པའི་བཙན་བྱོལ་འདི་རྣམས་ལྷན་འཛོམ་གྱི་ཐུགས་རེ་ཤིན་ཏུ་ཟབ་ཅིང་། ང་ཚོས་ཆེད་དུ་ཁྱེད་སྐུ་གཞན་ཡུལ་ན་བཞུགས་ཐག་རིང་སོང་།
༧་གོང་ས་མཆོག་
ཧམ་སེམས་ཆེ་ཞིང་་་
གཡོ་སྒྱུའི་གཏུམ་སྤྱོད་ཅན་གྱི་དམར་གཞུང་དེ་ བཙན་འཛུལ་བྱས་པ་ནས། ནུས་མེད་མི་རིགས་ཀྱི་ཚེ་སྲོག་ཤོར་བ་གྲངས་མེད་ལ ་ཉེས་མེད་མནར་གཅོད་བཟེད་པའང་་ མཚམས་ཆད་མ་མྱོང་་་
བོད་རིགས་སྤུན་ཟླའི་གྱེས་བྲལ་གྱི་ན་ཟུག་སྔར་བཞིན་བཟློ་ཞིང་
དུས་རབས་འདིས་བཀོད་ཆགས་རྩུབ་མོའི་ སྐུ་ཉིད་འོ་རྒྱལ་ལྕི་བ་གངས་ཕྲུག་ངའི་བརྗོད་མི་ཐུབ།
སྐབས་འདིར་ ༧ གོང་ས་མཆོག་
ཁྱེད་ནི་འཛམ་གླིང་གི་ཉི་མ་དང་ ཁ་བ་གངས་ཅན་པའི་དཔྲལ་བའི་མིག་ལྟར་་་
ང་ཚོ་དང་ལྷན་དུ་་་་གོ་ལ་འདིར་ཧ་ཅང་མཁོ་ཞིང་ ་ཁྱེད་ཀྱི་མཛད་པ་རེ་རེ་ནམ་ཡང་་སེམས་ནས་གཞལ་མི་ནུས་ཤིང་་ ཁྱེད་ནི་བོད་མི་རིགས་ཀྱི་བླ་སྲོག་ཡིན་ལ། འཇིག་རྟེན་ཞི་བདེའི་མ་མ་ཡིན་པའི།
༧་གོང་ས་མཆོག་
ཁྱེད་ཀྱི་གཏིང་རིང་ཞིང་་་་་་མཐའ་ཡངས་བའི་བློ་སྟོབས་དེས་་་
་་་་ནམ་ཞིག་མྱུར་དུ་ཁ་བའི་ལྗོངས་སུ་དགའ་སྐྱིད་འབུམ་གྱིས་ཁེངས་ཏེ་་་་ ་བྱམས་བརྩེའི་བསྐྱོང་བའི་གཞིས་བྱེས་མཇལ་འཛོམ་གྱི་་
་ཉི་མ་དེ་ནམ་ཞིག་མྱུར་དུ་འཆར་བར་སྨོན།
༧་གོང་ས་མཆོག
གངས་རིའི་མགོན་པོ། བྱམས་དང་བརྩེ་བའི་སེམས་དཔའ་ཆེན་པོ་
ཆེས་རླབས་ཆེན་གྱི་ཐུགས་རྒྱུད་འཇམ་པོ་་་་
ཡལ་མ་མྱོང་བའི་དགྱེས་འཛུམ་དང་ལྷན་དུ། ཕྱག་ཟུང་གི་ཐལ་མོ་སྦྱར་བཞིན།
སྐྱེ་འགྲོ་སྤྱི་དང་་་་་་གངས་ཅན་པའི་བདེ་སྡུག་ལ་གཟིགས་ནས མི་ཡུལ་རྐྱང་རྐྱང་ཞབས་ཀྱིས་བཅག་དུས་
ཁྱེད་སྐུ་གཞན་ཡུལ་ན་བཞུགས་རྒྱུན་རིང་ཞིང་
གཞིས་ལུས་བོད་འབངས་ཚོའི་སྒུག་རྒྱུན་རིང་སོང་།
༧་གོང་ས་མཆོག་ཁྱེད་སྐུ་ཚེ་བརྟན་ཞིང་།
་བོད་མིའི་བདེན་མཐའ་སེལ་ནས་་ གཞིས་བྱེས་ལྷན་འཛོམ་གྱི་ཉིན་མོ་མྱུར་ནས་མྱུར་དུ་འཆར་བར་བུ་ངའི་རེ་སྨོན། རེ་སྨོན་ཞུ། ཞུ།
བྲག་འགོ་དཀོན་མཆོག་དར་རྒྱས་ནས་སྤྱི་ལོ་་་་་༢༠༠༩ ་་་་་་་ཟླ་་་་་་༦་་་་ཚེས་་་་་༡༥་་་ཉིན་བྲིས
ཐུ་བྷོད་ལགས།
ཁྱེད་འཛམ་གླིང་གི་རྒྱ་ཕིབས་ལ་འགྲེང་ནས།
གངས་རི་ལྟ་བུའི་བདེན་པ་ཞིག་སྟོན་བཞིན་ཡོད་དམ།
བོད་པ་ཚོ།
ཁྱེད་སྤྱང་ཀིས་གཏོར་བའི་ལུག་ཁྱུ་བཞིན།
ས་སྒང་རི་བོར་འདིའི་ངོས་ནས་ཐར་བ་ཞིག་ཡོད་དམ།
ང་།
ཉིན་མ་རེ་རེར་ཀློག་ཀླད་ཀྱི་སྒེའུ་ཁུངས་ལ་འཁེན་ནས།
ཁྱེད་ཀྱི་རྗོགས་རྒྱུ་མེད་པའི་སྒྲུང་ལ་ཉན་དགོས་སམ།
ཐུ་བྷོད་ལགས།
ཁྱེད་འཛམ་གླིང་གི་རྒྱ་ཕིབས་ལ་འགྲེང་ནས།
གངས་རི་ལྟ་བུའི་བདེན་པ་ཞིག་སྟོན་བཞིན་ཡོད་དམ།
བོད་པ་ཚོ།
ཁྱེད་སྤྱང་ཀིས་གཏོར་བའི་ལུག་ཁྱུ་བཞིན།
ས་སྒང་རི་བོར་འདིའི་ངོས་ནས་ཐར་བ་ཞིག་ཡོད་དམ།
ང་།
ཉིན་མ་རེ་རེར་ཀློག་ཀླད་ཀྱི་སྒེའུ་ཁུངས་ལ་འཁེན་ནས།
ཁྱེད་ཀྱི་རྗོགས་རྒྱུ་མེད་པའི་སྒྲུང་ལ་ཉན་དགོས་སམ།
བྲག་འགོ་དཀོན་མཆོག་དར་རྒྱས་ནས་དཔེ་མི་སྲིད་པའི་ཡག་པོ་བྲིས་འདུག ཐུགས་རྗེ་ཆེ་ཞུ།
ཡིག་ནོར་མང་ཁི་ར། པར་རིས་ཡག་ཁུ།
༄།། ངེས་དོན་སེམས་དཔལ་ཆེན་པོ་ཁྱེད་ནི་གངས་ལྗོངས་ཀྱི་མུན་པ་སེལ་བའི་སྒྲོན་མེ་ཡང་ཡིན་ལ། འཛམ་གླིང་གི་བདེན་དོན་གསལ་བའི་མེ་ལོང་ཡང་ཡིན། ཁྱེད་ཀྱི་གསང་གསུམ་ནི་བོད་མིའི་བསོད་ནམས་ལས་གྲུབ་པའི་ནོར་བུ་ཡིན་ལ། རྒྱ་མིའི་གདུགས་རྩུབ་སེལ་བའི་བཟིལ་ཟེར་ཡང་ཡིན།
ངེས་དོན་གྱི་སེམས་པ་ཆེན་པོ།
དྲང་བདེན་གྱི་དཔའ་བོ་ཆེན་པོ།
ཞི་བདེའི་དད་དཔོན་ཆེན་པོ།
ཁྱེད་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག