འཇིགས་བྲལ་བསྟན་འཛིན། སུད་སི།
ཉེ་སྔོན་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༡༡ ཚེས་ ༣ ཉིན་སུད་སི་ཛུ་རིག་གྲོང་ཁྱེར་གྱི་ཉེ་འདབས་སུ་ཡོད་པའི་ཝེ་དཱན་སུ་ཝིལ་ཞེས་པའི་ས་གནས་སུ་ཁུལ་འདིར་གསར་དུ་འབྱོར་བའི་བོད་མི་ཞིག་ལ་དགའ་སྐྱོ་གཉིས་ལྡན་དུ་གྱུར་པའི་གནས་ཚུལ་ཞིག་བྱུང་བ་རེད། དེ་ཡང་ཉིན་དེའི་ཞོགས་པ་སྔ་པོ་བོད་མི་ཚེ་འཕེལ་ཞུ་བ་ཞིག་སུད་སི་རྒྱལ་ས་སྦེན་གྲོང་ཁྱེར་དུ་བདེན་པའི་མེ་ལྕེ་བསྐོར་བསྐྱོད་སླེབས་ཀྱི་ཡོད་པ་དེ་ལ་འགྲོ་འཆར་གྱིས་ཝེ་དཱན་སུ་ཝིལ་མེ་འཁོར་བབ་ཚུགས་སུ་འབྱོར་ཡོད་པ་རེད། ཁོས་དེ་གར་ཝེ་དཱན་སུ་ཝིལ་ས་གནས་བོད་རིགས་ཚོགས་པའི་བོད་དོན་སྐད་འབོད་ཆེད་རླངས་འཁོར་གླས་ཡོད་པ་དེ་སྒུག་བསྡད་ཡོད་པ་རེད། ནམ་རྒྱུན་ས་གནས་དེ་གའི་ཁུལ་དུ་ཡོད་པའི་བོད་མི་བོད་དོན་ཆེད་སྐད་འབོད་ལ་འགྲོ་མཁན་ཚོའི་ཆེད་དུ་གོ་སྒྲིག་བྱེད་ཀྱི་ཡོད་པ་དང་། རླངས་འཁོར་ནང་གི་རྐུབ་སྟེགས་སྟོང་པ་ཡོད་ན་དེ་ཁུལ་དུ་ཡོད་པའི་བོད་རིགས་ཚོགས་པའི་ནང་དུ་འཛུལ་ཞུགས་བྱས་མེད་པའི་བོད་མི་གསར་འབྱོར་བ་ཚོ་སྡོད་བཅུག་གི་ཡོད་འདུག དེར་བརྟེན་ཚེ་འཕེལ་ནས་རང་ལ་དངུལ་མེད་སྟབས་གོ་སྐབས་འདི་སྒུག་ནས་འགྲོ་ཐབས་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་ཉིན་འདིར་རྐུབ་སྟེགས་སྟོང་པ་ཡོད་ཀྱང་ས་གནས་བོད་རིགས་ཚོགས་པའི་འཐུས་མི་ནས་ཁོ་རང་བཅུག་མེད་པ་རེད། ཡིན་ནའང་གླ་བྱེད་རླངས་འཁོར་ལ་འགྲོ་སོང་ཆུང་དུ་འགྲོ་བ་དང་ཡང་ན་ཆེ་རུ་འགྲོ་བར་ཕན་གནོད་ཡོད་པ་མ་རེད། དེའི་རྒྱུ་མཚན་ནི་གླ་བྱེད་རླངས་འཁོར་དེ་སྔ་ས་ནས་གོང་ཚད་གཏན་འབེས་བྱས་ཡོད་པ་ཞིག་ཡིན་པ་རེད། དེར་བརྟེན་ཁོ་རང་སྡོད་མ་བཅུག་ཙང་ཧ་ཅང་བློ་ཕམ་དང་ཡིད་སྐྱོའི་ངང་ད་ལྟ་རང་ཁོ་རང་གི་མིག་མདུན་ནས་འགྲོ་བཞིན་པའི་གླ་བྱེད་རླངས་འཁོར་དེའི་རྒྱབ་ལ་ལྟ་བཞིན་ཡིད་སྐྱོ་བའི་དབུགས་རིང་ཞིག་འཐེན་བཞིན། མེ་འཁོར་བབ་ཚུགས་ཀྱི་ཕྱི་རོལ་དེར་ཡར་འགྲོ་མར་འགྲོ་བྱེད་བཞིན་བསྡད་ཡོད་པ་རེད།
སྐབས་དེར་དེ་གར་བོད་མི་དངོས་གྲུབ་རྒྱལ་པོ་དང་། ཚེ་རིང་དབྱངས་སྐྱིད་བཟའ་མི་གཉིས་སླེབས་པ་དང་། ཁོང་ཚོ་གསུམ་པོ་ཕན་ཚུན་དེ་སྔ་ངོ་མི་ཤེས་ཀྱང་བོད་པའི་འགྲོ་ལུགས་བཞིན་བཀྲ་ཤིས་བདེ་ལེགས་ཞུ་རེས་བྱས་རྗེས། ཁོང་བཟའ་མི་གཉིས་ནས། ཁྱོད་རང་དེ་རིང་སྐད་འབོད་ལ་འགྲོ་གི་མེད་དམ་ཞེས་སྐད་ཆ་དྲིས་པར། ཚེ་འཕེལ་ནས་བློ་ཕམ་དང་བཅས། ང་འགྲོ་མཁན་ཡིན་ཡང་ས་གནས་ཚོགས་པའི་གླ་བྱེད་རླངས་འཁོར་ལ་རྐུབ་སྟེགས་སྟོང་པ་ཡོད་བཞིན་བཅུག་མ་སོང་། དཱ་ང་སྐད་འབོད་དུ་འགྲོ་བར་དངུལ་མེད་པས་ཕྱིར་ལོག་དགོས་པ་ཆགས་སོང་ཅེས་ལན་དྲང་པོ་བཏབ་པ་རེད། དེ་འཕྲལ་ཁོང་གཉིས་ནས། ཁྱོད་རང་ངེས་པར་སྐད་འབོད་ལ་འགྲོ་དགོས་རེད། དཱ་ལན་གྱི་བདེན་པའི་མེ་ལྕེ་བསྐོར་བསྐྱོད་དེ་ཧ་ཅང་གལ་ཆེན་པོ་རེད། འདི་ལ་མི་རེ་རེ་ཡིན་ན་མང་ན་ཡག་པོ་ཡོད་རེད། ཁྱོད་རང་ལ་འགྲུལ་བསྐྱོད་ཆེད་བཅག་ལག་ཁྱེར་ཡོད་དམ་ཅེས་དྲིས་དུས། ང་ལ་འགྲུལ་བསྐྱོད་ཆེད་བཅག་ལག་ཁྱེར་མེད་ཅེས་ལན་བཏབ་ཡོད་འདུག ༼སུད་སི་ཁུལ་དུ་འགྲུལ་བསྐྱོད་ཆེད་བཅག་ལག་ཁྱེར་ཟེར་བ་ཞིག་སུ་སྒོར་བརྒྱ་དང་དྲུག་བཅུ་ལྷག་སྤྲད་ནས་ལོ་གཅིག་གི་རིང་བཟོ་རྒྱུ་ཡོད་པ་དང་། དེ་བཟོས་ཡོད་ན་མེ་འཁོར་སོགས་ཀྱི་འཁོར་གླ་དེ་སུ་སྒོར་ ༢༠ འགྲོ་སར་སུ་སྒོར་ ༡༠ ཙམ་ལས་འགྲོ་གི་མེད་པ་རེད། ཚེ་འཕེལ་ནི་དེ་བཟོ་བར་དངུལ་མེད་མཁན་ཞིག་ཡིན་པས་བཟོ་ཐུབ་མེད་པ་རེད། རྒྱུ་མཚན་ནི་ཁོ་རང་ཁུལ་འདིར་གསར་དུ་འབྱོར་བ་ཞིག་དང་། ཡིག་ཆ་རག་མེད་ཙང་ལས་ཀ་ཡང་བྱེད་ཆོག་གི་མེད་པས་རེད།༽ དེ་འཕྲལ་ཚེ་རིང་དབྱངས་སྐྱིད་ནས་ཏོག་ཙམ་སྒུག་ཨང་ཟེར་ནས་ཕར་སོང་སྟེ་ཉིན་འདིར་ཡར་མར་གཉིས་ཀར་འགྲོ་འོང་བྱེད་ཆོག་པའི་མེ་འཁོར་འཛིན་བྱང་ཉོས་ནས་སླེབས་པ་རེད། དེ་ནས་ཁོང་ཚོ་གསུམ་པོ་མེ་འཁོར་ལ་བསྡད་དེ་བདེན་པའི་མེ་ལྕེ་བསྐོར་བསྐྱོད་ལས་འགུལ་ལ་ཕྱིན་པ་རེད། ལམ་བར་ཛུ་རིག་མེ་འཁོར་བབ་ཚུགས་སུ་མེ་འཁོར་བརྗེ་སྤོར་གྱི་དུས་ཡུན་ནང་ཁོང་བཟའ་མི་གཉིས་ནས་བོད་མི་གཞན་པ་ཞིག་ཁྲིད་ཡོང་བ་རེད། ཚེ་འཕེལ་ནས་རྗེས་སུ་ཤེས་རྟོགས་བྱུང་བར་བོད་མི་དེ་ཡང་གསར་དུ་སླེབས་པ་ཞིག་ཡིན་པ་དང་། ཁོ་ཡང་ཁོང་གཉིས་ནས་འགྲོ་གྲོན་བཏང་ནས་ཁྲིད་ཡོང་བ་ཞིག་ཡིན་པ་དེ་རེད།
ཁོང་ཚོ་བཞི་པོ་ཛུ་རིག་ནས་མེ་འཁོར་ནང་ཕན་ཚུན་སྐད་ཆ་ཤོད་བཞིན་སྦེན་གྲོང་ཁྱེར་ལ་ཕྱིན་པ་དང་། ཁོང་བཟའ་མི་གཉིས་ནས། རྗེས་ཕྱོགས་ཁྱོད་རང་ཚོ་བོད་ནས་སླེབས་པ་ཡིན་དུས་བོད་ཀྱི་གནས་ཚུལ་ཤེས་ཀྱི་ཡོད་པས། བོད་ནང་གི་བོད་མིའི་ཆེད་དུ་བོད་དོན་ལས་འགུལ་དེ་འདྲ་སྤེལ་ན་ང་ཚོར་འབྲེལ་བ་བྱེད་རོགས། གང་ཐུབ་རོགས་པ་བྱེད་ཀྱི་ཡིན་ཅེས་ནན་ཏན་དུ་བརྗོད་ཡོད་འདུག མ་ཟད་ཉིན་དེའི་ཕྱི་ཉིན་སུད་སི་ཇི་ནི་ཝ་གྲོང་ཁྱེར་དུ་བདེན་པའི་མེ་ལྕེ་བསྐོར་བསྐྱོད་ལ་ཡང་འགྲོ་དགོས་པ་རེད་ཅེས་འགྲོ་གྲོན་བཏང་ནས་ཁྲིད་ཡོད་པ་དང་། ཉིན་གཉིས་པོ་དེའི་རིང་བོད་མི་གསར་དུ་འབྱོར་བ་དེ་གཉིས་ཀྱི་ཇ་དང་ཁ་ལག་ཡོངས་རྫོགས་ཀྱི་འགྲོ་གྲོན་བཏང་ཡོད་འདུག ཁོང་བཟའ་མི་གཉིས་ནས་རགས་རྩིས་བྱས་ན་བོད་མི་གཅིག་བོད་དོན་ལས་འགུལ་སྤེལ་བར་འགྲོ་ཐུབ་ཆེད་སུ་སྒོར་སུམ་བརྒྱ་ལྷག་གི་འགྲོ་སོང་བཏང་ཡོད་པ་རེད། དངུལ་དེ་ཧིན་སྒོར་དུ་བསྒྱུར་ན་ཧིན་སྒོར་ ༡༧༡༠༠།༠༠ ལྷག་བཏང་ཡོད་པ་རེད།
བོད་མི་ཚེ་འཕེལ་ནས་ཕྲན་ལ་གནས་ཚུལ་དེ་བརྗོད་སྐབས་གནས་ཚུལ་འདི་གལ་ཆེན་དུ་བརྩིས་ནས་ཞིབ་ཕྲའི་སྐད་ཆ་དྲིས་ཏེ། ཉིན་གཉིས་པོ་དེའི་ནང་བྱུང་བའི་གནས་ཚུལ་འདི་ཡིག་ཐོག་ཏུ་བྲིས་པ་ཡིན། ངེས་པར་ཁོང་བཟའ་མི་གཉིས་ཀྱི་འདྲ་པར་ཞིག་རག་ཐབས་བྱེད་རོགས་ཅེས་འབོད་སྐུལ་བྱས་པ་བཞིན་ཚེ་འཕེལ་ནས་ཐབས་ཤེས་བྱས་འདུག་ལ། མཐར་བོད་མི་ཚེ་འཕེལ་ནས་མཐའ་མ་ཕྲན་ལ་བརྗོད་དོན་ལ། སུད་སིར་ཕྱི་ལོ་ ༡༩༧༣ ལོར་འབྱོར་བའི་བོད་མི་ཁོང་བཟའ་མི་གཉིས་སྤྱིར་བོད་དོན་ཐོག་སེམས་ཤུགས་དེ་འདྲའི་ཆེན་པོ་ཡོད་པ་དང་། ཁོང་གཉིས་ནས་༧གོང་ས་མཆོག་དང་། བོད་གཞུང་། ལྷག་པར་དཀའ་ངལ་མྱོང་བཞིན་པའི་བོད་ནང་གི་བོད་མི་ཚོའི་ཆེད་དུ་དོན་ཕན་ལྡན་པའི་ལས་དོན་ཡིན་ཕྱིན་རོགས་སྐྱོར་བྱེད་ཡག་གི་བསམ་བློ་ཤུགས་ཆེན་པོ་ཡོད་པ་འདིས་ང་རང་སེམས་པ་ཧ་ཅང་དགའ་བ་དང་། བརྗོད་མི་ཤེས་པའི་ཚོར་སྣང་བྱུང་ཟེར།
དེ་འདྲ་ཡག་པ་ལ། བོད་དོན་ལ་ཐུག་དུས། གཅིག་སྐྱོར་གཉིས་སྐྱོབས་ཀྱི་སེམས་པ་ཅན་ཁོ་ཚོ་ངོ་མ་ཡག་པ་ལ། རྒྱུ་ཡོད་ནིའི་འགྲོ་སོང་གཏོང་ཕོད་པ་དེ་ཡང་ཡག་པ་ལ། རྒྱུ་མེད་སེམས་ཤུགས་མི་ཆག་པར་འགྲོ་ཐབ་བྱས་བ་དེ་ཡང་ཡག་པ་ལ། ཡག་པ་ལ། ཡག་པ་ལ། ཆབ་སྲིད་ཀྱི་གོ་རྟོགས་ལྡན་པའི་བོད་མི་ངོ་མ་ཁྱེད་ཚོ་ཡག་པ་ལ། གོ་རྟོགས་དེ་ཙམ་མེད་པའི་ལས་སྣེ་བ་དེ་ཚོ་ཡང་ཡག་པ་ལ། ཁོང་ཚོ་ནི་བོད་མི་མཉམ་རུབ་མི་དགོས་པར་བོད་དོན་ལས་མཁན་ཡིན་པས་དེ་ཡང་ཡག་པ་ལ། ཡག་པ་ལ།
སྙན་པོ་དང་སྙིང་རྗེ་མོ་བློ་ལ་འགྲོ་བའི་གསར་འགྱུར་བགོས་པར་ཐུགས་རྗེ་ཆེའོ།།
དེ་འདྲའི་བསམ་བློ་ཅན་མང་དག་ཅིག་ཡོད་པ་རེད་སེམས།
༧མི་རིགས་ཀྱི་ལ་རྒྱ་དང་གཞན་ཕན་གྱི་ལོ་འདབས་རྒྱས་པའི་བཟའ་མི་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག་མིག་དཔེར་འོས་པའི་བྱ་བ་ལ་སྙིང་ནས་ཡིད་སྨོན་ཤོར།
བཟའ་མི་གཉིས་ཡག་པོ་རེད། ཡིན་ན་ཚོགས་གཙོ་དེ། ཅི་དྲག།
བཟའ་མི་གཉིས་ཀྱི་བྱ་བ་དེ་ལ་རྗེས་སུ་ཡིད་རངས་ཡོད།
ལྷག་བསམ་ཅན་གྱི་བཟའ་མི་གཉིས་ལ་ཁ་དྲོ་བཀྲ་ཤིས་ཞུ་རྒྱུ་ཡིན།
ཁོང་བཟའ་མི་གཉིས་བྱ་བ་ལམ་འགྲོ་ཡོང་བ་དང་ཅི་བསམ་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ ། ལྟས་ངན་ཚོགས་ཙོ་དེའི་མིང་གསལ་པོ་ཤེས་མཁན་ཡོད་ན་གསལ་བཤད་གནང་རོགས། ུ
མི་གསུམ་པ་དེའི་གནས་ཚུལ་དྲང་བདེན་ཡིན་ན། བོད་ཡར་རྒྱས་དགོས་ན་ཚོགས་མི་དེའི་མིང་འདྲ་པར་ངེས་པར་དུ་འདིར་མཉམ་སྦྲགས་དགོས་པ་ལ་དེ་བྱུང་མི་འདུག་གོ །
ཀརྡོ། སྤྱི་ཚོགས་དཀྲུག་ན་དགེ་བ་ཆེན་པོ་ཡོད་པ་མ་རེད། ང་ཚོས་ཤེས་དགོས་པ་དེ། འབྱོར་ལྡན་འབྱོར་མེད་སུ་ཞིག་ཡིན་ན་ཡང་བོད་དོན་ལ་འཐམ་ཡོད་པ་དེ་གསལ་བ་གལ་ཆེན་པོ་རེད། ཚོགས་མི་དེ་ཡང་ཁྲིམས་ཞིག་གི་འོག་ན་ཡོད་རྒྱུ་རེད་འདོད། དེ་སྐྱོན་ཆེན་པོ་མ་རེད། ནོར་བ་ནི་ནོར་བ་རེད། སུ་ལ་ཡང་ཡོང་ཆོག་པ་ཞིག་རེད།
གནས་ཕྲིན་ཡག་པོ་ཞིག་བྲིས་གནང་བར་བཀའ་དྲིན་ཆེ་ཞུ། བཀླགས་ཟིན།
འཐུས་མི་དེའི་མགོ་ཐོག་ཏུ་ཆུ་ལོག་ཅིག་ཡོང་བར་སྨོན། བཟའ་མི་གཉིས་དང་གསར་འབྱོར་བ་གཉིས་ཀྱི་ལྷག་བསམ་དང་ལར་ཞེན་ལ་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན། དེ་བཞིན་འཇིགས་སྨྱོན་ནམ་འབྲོག་སྨྱོན་གྱིས་གནས་ཚུལ་ཁ་གསལ་བཏང་བར་དགའ་བསུ་ཞུ།
བཟའ་མི་གཉིས་དང་གསར་འབྱོར་བ་གཉིས་ཀྱི་ལྷག་བསམ་དང་ལར་ཞེན་ལ་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན། ཡིན་ཡང་མི་སུ་ལ་ཡང་མགོ་ཐོག་ཆུ་ལོག་མ་ཡོང་བ་ཤོག །
ཡ་ཡ་ཡ་ད་ཡག་ས་ནས་བཤད་ན་ཡག་པོ་ཞིག་འདུག་ལ་སྡུག་ས་ནས་བཤད་ན་ཡང་བོད་རིགས་ཚོགས་པའི་ལས་ཀ་དེ་རྐྱུག་དྲོ་བ་ཞིག དངོས་གནས་ཁོང་གཟའ་མི་གཉིས་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་ཞུ་འདོད་ཆེན་པོ་བྱུང་། ཚེ་འཕེལ་ལགས་ཀྱིས་ཀྱང་ཡག་པོ་བྱས་འདུག་རང་ཉིད་ལ་རོག་པ་བྱེད་མཁན་དེ་སྤྱི་ཚོགས་ནང་ལ་ཤེས་སུ་བཅུག་པ་དེ་ཡང་ཡག་གི་གང་ལྟར་ཕྱོགས་གཉིས་ཀ་ལ་རྒྱ་ཡོད་མཁན་ཞིག་རེད་འདུག
དེ་འདྲ་ལོས་བྱེད། ང་ཡིན་ནའང་མི་གཉིས་ལ་འགྲོ་སོང་གཏོང་ཐུབ། གཙོ་བོ་སེམས་ཤུགས་དེ་གལ་ཆེན་པོ་རེད། སེམས་ཤུགས་མེད་དུས་བོད་ཚར་སོང་བ་རེད། གང་ལྟར་རྗེས་སུ་ཡི་རང་ཞུ
ཁོང་གཟའ་མི་གཉིས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཞུ་འདོད་བྱུང་།
ཁོང་གཟའ་མི་གཉིས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
ཚོགས་མི་དེ་གནམ་གྱི་སྤུན་མཆེད་ཡིན་པ་ཐག་ཆོད་སོང་ཧཧཧཧཧཧ
གནམ་ལགས།
བོད་པའི་ལས་བྱེད་དྲང་པོ་མེད་ན་འགྲིགས་པ་དང་། རྒྱ་མིའི་ལས་བྱེད་པས་དྲང་པོ་མེད་ན། མི་འགྲིགས་པ་འདི་ཅི་ཡིན་ནམ། གནམ་ཁྱོད་ཁ་བཙུམ་ནས་བསམ་བློ་ཐོངས་ཅིག
ཆེ་ཆུང་མ་བལྟས་པར་ཁོང་བཟའ་མི་གཉིས་ཀྱི་ལྷག་བསམ་དང་ལར་ཞེན་ལ་གུས་བརྩི་ཞུ་ཀི་ཡོད། མ་ཟད། འདི་ལྟ་བུའི་ལྷག་བསམ་ཅན་གང་མང་མང་འབྱུང་ཐུབ་ནའང་ཕན་ཐོག་ཡོད་ཀ
དེ་ཡང་རྒྱལ་གཅེས་སྙིང་སྟོབས་རེད་ཨ། རྩོམ་འདི་བཀླགས་རྗེས་སེམས་པ་ལ་དྲོད་ཞིག་ཁྱབ་ཡོང་།
ཁོང་བཟའ་མི་གཉིས་ཀྱི་བསམ་དོན་འགྲུབ་པར་ཤོག
ཁོང་གཟའ་མི་གཉིས་ལ་བུ་མོ་ཞིག་ཡོད་ན་ང་དེའི་མག་པ་འགྲོ་ངེས་ཡིན་་་་་
བསམ་བློ་ཞིག་བཏང་ཡིན། རྒྱ་བོད་གཉིས་ཀྱི་ལས་ཀ་ལས་ཕྱོགས་ལ་ཁྱད་པར་ཡོད་དེ། རྒྱས་ཤེས་བཞིན་དུ་ཁྱད་གསོད་བྱེད་པ་རེད། བོད་ཀྱིས་མ་ཤེས་པར་ལྐུགས་རྟགས་སྟོན་པ་རེད།
ཡིད་ལ་དཀའ་སྡུག། ལས་ཉེས་ཀྱི་མཉམ་མྱོང་ཆ་ཚང་བ་ཐོབ་སོང་ན་བོད་པ་ཚང་མ་ཡག་པོ་ཡོད་པ་རེད།
ཀརྡོ་ཁྱོད་ཀ་ཏོ་ར་ཡིན་ན་འགྲིག་པ། སྟོང་པ་སྟོང་རྐྱང་ལ་སྟོང་སྒྱ་གྱགས་གི་འདུག།
ང་ཚོར་མཁོ་བ་དངོས་ད་བཟའ་མི་དེ་གཉིས་ནང་བཞིན་གྱི་བོད་མི་རིཊ་ལ་བཅོས་མིན་གྱི་ལྷག་བསམ་དང་སྙིང་སྟོབས་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་མཁན་དེའི་རིཊ་ཁོ་ན་ཡིན། ཁོང་གཉིས་ཀྱི་ལྷག་བསམ་དང་ལ་རྒྱ་ལ་དངོས་ནས་རྗེས་སུ་ཡི་རངས་ཡོད།
ཀ་ཏོ་ར་སྟོང་པ་གནམ་ལ་གཟེད་ནས་བསྒུགས།
གནམ་སྟོང་ཡིན་པ་གནམ་གྱིས་ག་ལ་ཤེས།
གནམ་སྔོན་མོས་གནམ་བསྐོས་ལ་གནམ་གྱིས་རེ།
གནམ་སྔོན་མོ་ད་ལྟ་ཡང་འདི་འདྲ་ཡོད་དོན་ཅི།
བཟའ་མི་དེ་གཉིས་ཀྱི་གཏོང་ཕོད་ལ་རྗེས་སུ་ཡི་རང་ཡོད། དེ་ནི་སྤྱིར་བཏང་ཞིག་མ་རེད་ཟེར་ནས་ཞུ་འདོད་མ་བྱུང་ཡང་། གཏོང་ཕོད་དང་། སེམས་ཤུགས། ཡར་སེམས། སྤྱི་སེམས་སོགས་ནི་ང་ཚོས་ནམ་ཡང་བསྟོད་པར་འོས་པའི་རིགས་སུ་བགྲང་འོས་པ་ལྟར་སློབ་སྦྱོང་ཀྱང་བྱ་དགོས་པའི་ཀུན་སྤྱོད་རིགས་ཤིག་ཡིན་པ་རེད།
འཇིགས་བྲལ་བསྟན་འཛིན་ཀྱིས་ཚོར་བ་ཞིག་དང་རྗེས་འབྲེལ་གྱིས་བཟའ་མི་དེ་གཉིས་ཀྱི་བྱས་རྗེས་ལས་ཚེ་འཕེལ་གྱི་དགའ་སྐྱོའི་ཚོར་བ་བརྗོད་འདུག་ཀྱང་། དོན་ལ་འགན་ཡོད་པའི་ཚོགས་པའི་སྣེ་འཁྲིད་མཁན་ཞིག་དང་། བལྟོས་འཇོག་གིས་འགན་དེ་ཙམ་མེད་པའི་མི་སེར་དཀྱིས་མ་བཟའ་མི་གཉིས་ཀྱི་བྱ་བྱེད་མཚུངས་བསྡུར་གྱིས་བརྡ་ལན་ཞིག་སྤྲོད་བཞིན་པ་འདྲ་ཡང་། དངོས་གནས་བཤད་ན། wädenswil ས་གནས་འཐུས་མིས་བསམ་བཞིན་དུ་དེ་ལྟར་བྱས་པ་ཡིན་མིན། རྒྱུ་མཚན་གྱིས་གསལ་འགྲེལ་ཡོད་མེད་སོགས་ཀྱི་གཏམ་ལ་ཡོལ་ནས་གླེང་བ་ནི། དངོས་བྲིས་པ་ཞིག་ཡིན་པའི་ཆ་ནས་དོན་དངོས་ཀྱི་ཕྱོགས་ཡོངས་བཟུང་མི་འདུག་ལ། ཚོར་བ་ཙམ་གྱི་རྗེས་འབྲེལ་དུ་བོད་མིའི་སྒལ་ཚིགས་ལ་རྡོག་པས་གཞུས་པ་དང་གཅིག་མཚུངས་རེད། རྗེས་སོར་དོན་དངོས་འབྲི་སྐབས། བརྡབ་གསིག་ཅན་གྱི་གླེང་སློང་དེས་བོད་མིའི་མགོ་བོ་ཉུང་ངུར་མི་གཏོང་བའི་ངེས་པ་མེད་པས་གཟབ་པར་ཞུ་ཞེས་གུས་པ་དང་བཅས་ཞུ་འདོད་བྱུང་།
ཕྱི་རྒྱལ་ལ་སླེབས་སྐབས། བོད་མི་གསར་འབྱོར་བ་དང་། གཞིས་ཆགས་པ་གཉིས་ལས་ཕྱི་མ་རིགས་ལ་ཡིག་ཆ་དང་གཞན་ཡང་དཀའ་ངལ་ཆེས་མང་བ་ཕྲད་ཀྱིན་ཡོད་པས། གསར་རྙིང་གི་དབྱེ་བ་ཕྱེ་དགོས་པ་མ་མཐོང་། བཙན་བྱོལ་བོད་གཞུང་གིས་ལྟ་རྟོགས་ཐུབ་ན། བོད་མི་གཞིས་ཆགས་ནས་སྐྱེས་པ་དང་དེར་སླེབས་པ་རྣམས་ལ་ཡིག་ཆ་རག་ཐབས་ཀྱི་བསམ་གཞིག་བྱ་དགོས་པ་མཐོང་།