ཨོ་རྒྱན་ཉི་མ།
དང་པོ་བོད་བརྒྱུད་ནང་བསྟན་རྒྱ་ནག་དང་། ཐེ་ཝན། སིང་གཱ་པུར། རྒྱ་གར་སོགས་བརྒྱུད་དེ་ནུབ་ཕྱོགས་སུ་དར་དུས་ཚང་མ་ཡིད་སྨོན་ཤོར་ཡུལ་དུ་དུ་གྱུར་བ་རེད། དེ་ནི་སྐབས་དེ་དུས་བོད་པ་ཚོར་ལྷད་མེད་ཀྱི་དྲང་བདེན་དང་། བཅོས་ཀྱི་བརྩེ་བ། ལྷག་བསམ་རྣམ་དག་ཡོད་མཁན་ལས། དེང་སང་ནང་བཞིན་མགོ་བདེ་དྲན་འཕྲུལ་ཅན་དེ་ཚོ་མེད་པས་རེད།ཆོས་ཞེས་པ་དེ་དང་པོ་རང་རྒྱུད་འདུལ། དེ་ནས་གཞན་རྒྱུད་གྲོལ་བར་བྱ་བའི་གདམ་པ་གཏད་དེ་སྐྱེ་འགྲོའི་ཕན་བདེ་སྒྲུབ་བྱེད་ཅིག་ཡིན་ཡང་། དེང་སང་ནི་སྐྱ་སེར་རྒན་གཞོན་མེད་པར་རང་མ་གྲོལ་སྔོན་ནས་གཞན་བསྒྲལ་འདོད་ཀྱིས་བྲེལ་ཞིང་། ལམ་འགྲོ་མ་རྒྱུགས་དུས་ལོག་གཡེམ་བྱས། རྐུ་རྒྱབ་པ་སྟེ། མདོར་ན་ཆབ་སྲིད་པ་དང་། ཚོང་པ་ཚོས་གང་བྱས་མཐའ་དག་དེང་སང་གི་གྲྭ་བླ་སྤྲུལ་གསུམ་དང་། མཁན་དགེ་རྫུན་མ་འདི་ཚོས་བྱེད་བཞིན་པ་ལགས་ན་ཁྱེད་ཅག་ཆོས་བརྒྱུད་ཀྱི་དབུ་ཁྲིད་དང་། ཆོས་རིག་བཀའ་བློན་ཟེར་བ་ཚོས་ཐུགས་བསམ་བཞེས་དགོས་པར་སེམས། དེ་མིན་ཁྱེད་ཅག་ལ་དབུ་ཁྲིད་ཅེས་པའི་མཚན་གནས་ཕུལ་བར་དགོས་པ་མ་མཐོང་ངོ་། །ཕྱིར་སྡོད་བོད་མི་ཚོས་ཁ་ནས་དམ་པའི་ཆོས་བཤད་ཀྱང་བསམ་བློ་ལ་ནུབ་ཕྱོགས་པའི་ལྟ་གྲུབ་རྗེས་མཐུན་པ་ཙམ་ལས་མི་འདུག་ལ། གཞིས་ལུས་བོད་མི་རྒྱ་གྲོང་ཉུལ་མཁན་ཚོ་ཡང་རྒྱ་ནག་གི་དེང་རབས་གསར་བའི་ལྟ་ གྲུབ་ལས་སྲོལ་རྒྱུན་གྱི་རིག་གཞུང་གི་བསམ་བློ་གཏིང་ཟབ་མོ་ཞིག་ཡོད་ཚོད་མ་རེད། ད་ལྟ་བོད་ཀྱི་ཆོས་དང་རིག་གཞུང་ངོ་མ་ཡོད་ས་གཞིས་ལུས་བོད་མི་རང་ས་ན་རང་སྒོ་སྲུང་ནས་འདུག་ཐུབ་པའི་གང་ཟག་ཕལ་ཆེ་བའི་སེམས་ན་ཡོད་པའི་སྲོལ་རྒྱུན་གྱི་རིག་གཞུང་དང་། ལྷད་མེད་ཀྱི་བརྩེ་དུང་། བཅོས་མིན་གྱི་ལྷག་བསམ་འཆང་བའི་སྐྱ་སེར་ལུས་ལ་རུལ་དྲི་ཁ་ཞིང་། ཁ་ནས་མར་རྩམ་གྱི་དྲི་མ་ཡལ་མེད་པ་དེ་ཚོ་རེད། བསམ་བློ་གཏོང་ཤེས་ན་བོད་ལ་ཡོད་པའི་བོད་མི་ཚོར་འདུག་བཟོ་མི་བདེ་བ་དེ་མ་བཟོ་ རོགས། ཁོ་ཚོ་ཕལ་ཆེ་བ་ལ་ཆོས་སྒྲུབ་པའི་རང་དབང་ཡོད་པར་མ་ཟད། ཐོས་བསམ་སྒོམ་གསུམ། བཤད་སྒྲུབ་ལས་གསུམ། གང་བྱས་ཀྱང་ཕུན་སུམ་ཚོགས་པ་ཡོད། འདི་དག་རྩ་མེད་དུ་མ་གཏོང་རོགས། གལ་སྲིད་བོད་ནས་ཆོས་པ་དང་། ཆོས་རྩ་མེད་དུ་གྱུར་སོང་ན། བཙན་བྱོལ་ནང་ལ་བླ་མ་སྐུ་བསྒྲེས་འགའ་ཞིག་ལས། ཕལ་ཆེ་བ་ཁ་བདེ་མོ་ཙམ་རེད་མ་གཏོགས། ཆོས་པ་རྣམ་དག་དང་། བསྟན་འཛིན་མཚན་ཉིད་ཚང་བ་ཞིག་དཀོན་པོ་རེད། ཡོད་ཚད་རང་གི་མི་ཚེ་གཅིག་གི་དཔལ་འབྱོར་འདུ་འགོད་ལ་བྲེལ་བཞིན་པ་ལས། བསྟན་པ་གནས་མིན་དང་། སེམས་ཅན་གྱི་བདེ་སྡུག་ལ་བསམ་བློ་གཏོང་མདོག་ཁག་པོ་མ་རེད། གཞིས་ལུས་ཚང་མ་བཟང་པོ་ཡིན་ཟེར་བ་མིན་ཡང་། བྱེས་པ་དག་ལས་བཟང་པ་དང་། གཞིས་ལུས་ཀྱི་རང་གིས་རང་ལ་མཚན་གནས་ཕུལ་མཁན་གྱི་རྒྱ་བླ་ཁྲམ་པ་ཞིག་དང་། བྱེས་ལ་ཡོད་པའི་བསྟན་འཛིན་གྱི་མཚན་ཆེན་པོ་ཁུར་བའི་སྐུ་གཞོན་ཕལ་ཆེ་བའི་ནང་གི་བསམ་བློ་དང་། ཕྱིའི་སྤྱོད་པ་གཅིག་པ་དེ་སྐད་གསེང་མཐོན་པོས་སྨྲ་བཏུབ་བོ། །ང་ཚོས་ནམ་རྒྱུན་བཤད་པ་ནི་བོད་བརྒྱུད་ནང་བསྟན་ནི་ཆོས་བརྒྱུད་གཞན་དང་། ཆོས་ལུགས་གཞན་དང་བསྡུར་ན་རིགས་པ་དང་། རྒྱུ་མཚན་ལྡན་པ། གཞན་དག་སུ་གཅིག་གིས་འགྲན་དུ་མེད་པ་ཞིག་ཡིན་པའི་ཚུལ་རྒན་གཞོན་གཉིས་ཀས་བཤད་བཞིན་པ་རེད། རེད་དེ་དེང་སང་ཁ་བཤད་དང་། ལག་ལེན། ཞེ་འདོད་གསུམ་གནམ་ས་ལས་ཐག་རིང་ཞིང་། མེ་ཆུ་ནང་བཞིན་འགལ་བ་ཤ་སྟག་ཏུ་འགྱུར་བཞིན་པ་མཐོང་གི་འདུག ཁ་ནས་སེམས་ཅན་ཐམས་ཅད་བདེ་བ་དང་། བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་ཟེར་བཞིན། དགྲ་བོ་དང་ཐུག་དུས་ཁོང་ཁྲོ་མེ་ལྟར་འབར། བྱམས་དང་སྙིང་རྗེ། བྱང་ཆུབ་ཀྱི་སེམས། ཡང་དག་པའི་ལྟ་བ་དག་མི་རིང་བར་བོད་ཀྱི་སྙིང་དབུས་ནས། མི་རིགས་གཞན་པའི་ཁྲོད་དུ་བཙན་བྱོལ་ལ་འགྲོ་ངེས་པས། ད་ལྟ་ཁ་ཕྱིར་སྐོར་མི་འདུག་པར་ལྟ་བའི་རྫོང་ཟིན་ལ། སྒོམ་པའི་མྱོང་བ་ཡིས་སྤྱོད་པའི་འཕྲང་ལས་གྲོལ་ཏེ། འདི་བདེ་ཕྱི་བདེ་གཏན་གྱི་བདེ་བ་ལ་སློབས་ཤིག རང་གི་རིག་གཞུང་སྲུང་བ་ལ་སེམས་ཁོང་ནས་དེ་ལ་དད་འདུན་དང་། ཡིད་ཆེས། ཆོད་སེམས་ཐུན་མིན་ཞིག་ཡོད་དགོས་པ་ལས། ལུས་ངག་གི་རྣམ་འགྱུར་ཙམ་གྱིས་ཕན་ཐོགས་ཚོད་མ་རེད། དེ་ཕྱིར་བོད་ཀྱི་རིག་གཞུང་སྲུང་ཐུབ་སོང་ན། བོད་པ་སྲུང་ཐུབ་སོང་བ་རེད། རིག་གཞུང་སྲུང་བ་ལ་རྒྱལ་ཁམས་ཀྱི་རྩ་ཁྲིམས་དང་མི་འགལ་ཞིང་། རང་ཉིད་ཀྱི་མདོ་མ་ཤོར་བ་ཞིག་དགོས་པ་ལས། སེམས་ཤུགས་ཡོད་མདོག་གིས་ཚང་མ་དམར་རྗེན་བྱེད་བཞག་ན། རང་གཞན་གཉིས་ལ་གནོད་པ་ལས་ཕན་ཐོགས་ཡོད་པར་མ་མཐོང་ངོ་། །
སྐྱབས་སུ་མཆིའོ། ཐོས་རྟགས་ཞི་ཞིང་དུལ་བ། །སྒོམ་རྟགས་ཉོན་མོངས་དུལ་བ། །མཁས་བཙུན་བཟང་གསུམ། འདོད་ཆུང་ཆོག་ཤེས་ཅན་གྱི་སྐྱེས་བུ་ཆེན་པོ་ཨོ་རྒྱན་ཉི་མ་ཟེར་བས་སྐྱེས་བུ་འདིའི་གསུངས་ཚུལ་ལ་དཔག་ན་ངོ་མ་གཞན་དྲིན་མི་འཇོག་པའི་སྐྱེས་བུ་དམ་པའི་རྣམ་མཐར་བདག་གི་བཞེས་མཁན་ཞིག །སྙིག་དུས་འདིར་ང་ཚོ་བོད་པ་ཚང་ལ་ཡོད་ངེས་སུ་འདུག་པས་ཁོང་སུ་ཡིན་དང་གང་དུ་བཞུགས་མིན་བཙལ་ནས་འདི་ཕྱི་ལམ་སྟོན་རེ་ངེས་པར་དུ་ཞུ་དགོས་གང་མགྱོགས་བྱོས་ཤིག །
“བསམ་བློ་གཏོང་ཤེས་ན་བོད་ལ་ཡོད་པའི་བོད་མི་ཚོར་འདུག་བཟོ་མི་བདེ་བ་དེ་མ་བཟོ་ རོགས། ཁོ་ཚོ་ཕལ་ཆེ་བ་ལ་ཆོས་སྒྲུབ་པའི་རང་དབང་ཡོད་པར་མ་ཟད” འདི་སུས་བཟོ་གི་འདུག་གསལ་བཤད་དགོས།
རྒྱ་མིས་ཀྱང་འདི་ལས་སྡུག་པ་ལབ་གི་ཡོད་མ་རེད། ཏཱ་ལའི་མཛུབ་སྟོན་འོག་བོད་ནང་ཟིང་འཁྲུག་ཟེར་བ་དང་དོན་གཅིག་རེད་འདུག
ཡང་ངས་འདིར་ཁྱོད་ལ་རྒྱ་མིའི་སོ་པ། ཕོགས་ཟན། རྒྱུགས་ཁྱི། ཉུལ་མ། དྲྭ་འབུ། བོད་ཞེན་མེད་པ་དེ་འདྲ་གཏན་ནས་ལབ་རྒྱུ་མིན་ལ། ད་བར་སུ་ལའང་མ་ལབ། དེ་ལྟར་མིན་པའི་ཡིད་ཆེས་དང་རེ་བ་ཡོད། ཁྱེད་ཀྱི་རྩ་རྒྱུན་ནང་བོད་ཁྲག་དྲོན་མོ་རྒྱུ་གི་ཡོད་ཡོད་པ་རེད།
ད་རེས་དངོས་གནས་ཡིན། འདི་འདྲ་བཤད་དུས་ང་སེམས་ཆུང་བ་ཡིན་སྲིད་སེམས་སྐྱོ་ཡོང་གི་འདུག
བོད་པ་བདུན་ཅུའི་སྲོག་བཏང་བ་དེ་རང་དབང་ངང་མིན་པར་གཅིག་གིས་རྒྱུད་བསྐུལ་བྱས་པ་རེད་མདོག་བཤད་ན་འདས་པོ་དེ་ཚོས་དུར་ཁུངས་ཁྱོད་ལ་མིག་ཟུང་བགྲད་ནས་ལྟ་ཡོངས།
རྒྱ་ནག་ལ་ཆོས་དད་རང་དབང་མི་འདུག་ཟེར་བ་སྐྱག་རྫུན་རེད། དགོན་པའི་གྲྭ་བ་རྩ་བ་ནས་འདུག་མི་ཆོག་པར་བཟོས་སོང་ཟེར་བའང་གཤོབ་རེད། ཐོས་བསམ་སྒོམ་གསུམ་དང་། བཤད་སྒྲུབ་ལས་གསུམ། འཆད་རྩོད་རྩོམ་གསུམ་རྩ་བ་ནས་བྱེད་ཆོག་གི་མེད་ཟེར་བའང་གཡོ་སྒྱུ་རེད། དེ་ཕྱིར་རྒྱལ་སྤྱིའི་གསར་འགོད་པ་དང་། ཆབ་སྲིད་པ་སོགས་ཀྱིས་རྒྱབ་རྟེན་མ་བྱས་པ་རེད། སྲིད་གཞུང་གི་མཐོ་རིམ་སློབ་གྲྭ་དང་། སློ་ཆུང་ཁག་ཏུ་བོད་ཡིག་ཕྱིར་འཐེན་བྱས་པ་དང་། བོད་ཀྱི་སྐོར་ཆབ་སྲི
ད་ཀྱི་སྐད་ཆ་བཤད་མི་ཆོག་པ་དང་། བོད་ལ་རྒྱ་ནག་མི་སེར་སྤེལ་ཡུལ་བྱེད་བཞིན་པ་བདེན་པ་རེད། དེ་ཕྱིར་ཕྱིར་སྡོད་བོད་མི་ཚོས་བོད་ལ་འབྱུང་བཞིན་པ་ལས། བྱུང་མེད་པ་དག་མ་གསུང་ན་ལེགས་པར་སེམས། བདེན་པ་ལས་རྫུན་མང་སོང་ན། འཛམ་བུ་གླིང་གི་མིའི་མཐོང་བཞིན་པ་བསྙོན་འདིང་བསྡད་ན་མི་རིགས་པ་དང་། གཞུག་ནས་རོགས་པ་རག་ཁག་པོ་རེད། བཙན་བྱོལ་ནང་འཚར་ལོངས་བྱུང་བའི་གཞོན་སྐྱེས་ཚོས་བོད་ཀྱི་གནས་ཚུལ་ཤེས་ཀྱིན་མེད་པས་ཁག་མེད་པ་རེད། དེ་ཕྱིར་གནས་ཚུལ་ལ་རྒྱུས་ལོན་བྱ་དགོས་པ་དང་། བོད་ཀྱི་སེར་འབྲས་དགེ་གསུམ་སོགས་དགེ་ལྡན་པའི་དགོན་པ་འགའ་ཞིག་ལ་དཀའ་ངལ་འཕྲད་བཞིན་པ་ཡང་བདེན་པ་རེད། ཁོ་ཚོའི་གྲྭ་བ་ཚོ་ཆབ་སྲིད་དགའ་བ་དང་། མི་རིགས་ཀྱི་ལ་རྒྱ་ཆེ་དྲགས་པས་དགོན་པ་ལ་བསམ་བློ་མ་བཏང་བ་རེད། སྤྱིར་བཏང་ཆབ་སྲིད་ཅེས་པ་དེ་ཆོས་པ་དང་། གྲྭ་བཙུན་ཚོའི་བྱ་བ་ཞིག་མ་རེད། དེ་ཕྱིར་སྐྱོན་དང་ཡོན་ཏན་གང་བརྗོད་ཀྱང་གཞིས་བྱེས་གཉིས་ཀྱི་སྐྱ་སེར་ཚོས་གཟབ་དགོས་པར་འདོད། གསར་འབྱོར་འགའ་ཞིག་གིས་བལ་ཡུལ་སྣེ་ལེན་ཁང་ནས་སྐྱག་རྫུན་བཤད། དེ་བཙན་བྱོལ་ཁྲོད་དུ་དངོས་འབྲེལ་ལྟ་བུ་གྱུར་བ་ཡང་མང་པོ་རེད། བོད་ནས་གསར་འབྱོར་ལ་བསླེབ་མཁན་ནང་དུ་བདེན་རྫུན་གཉིས་དང་། བྱ་བ་ཡག་གཉིས་སྒྲུབ་མཁན་ཡོད་པ་ལས། བོད་ནས་བསླེབ་མཁན་ཡིན་ན་བཟང་པོ་ཡིན་པ་དང་། ལེགས་པ་ཡིན་པས་མ་ཁྱབ་པ་དེ་ཡང་ཤེས་དགོས་པའི་གནད་དོ། །
ཁྱེད་ཀྱིས་བཤད་ཚད་མ་རེད་ཟེར་ཐུབ་མ་སོང་། རེད་ཀྱང་འདོད་མི་ཐུབ། གྲྭ་པས་ཆབ་སྲིད་བྱེད་ཆོག་དང་མ་ཆོག་འདི་ངས་ལྟ་ན་ལས་སླ་པོའི་ངང་ཐག་གཅོད་ཐུབ་པ་མ་རེད་འདོད། ཆབ་སྲིད་ཟེར་བ་འདི་གཡོ་སྒྱུ་ཁོ་ན་ཡིན་པའི་ཁྱབ་པ་ཁས་ལེན་མཁན་གཅིག་དང་། སྲོང་བཙན་སྒམ་པོ་སོགས་བོད་ཀྱི་རྒྱལ་པོ་སོགས་དང་། མྱ་ངན་མེད་དང་གཟུགས་ཅན་སྙིང་པོ་སོགས་ཀྱིས་ཆབ་སྲིད་བསྐྱངས་ནའང་ཆོས་རྒྱལ་དུ་བགྲང་པ་དེ་འདྲ་རེད།
བསམ་བློ་ཞིག་བཏང་དུས་གྲྭ་པའང་མི་ཡིན་པ་དང་། མི་ལ་རང་ཡུལ་དགོས་པ་དང་། ཡུལ་ལའང་རིག་གཞུང་དགོས་པ། དེ་འདྲ་ཞིག་རེད་པས་དེའི་ཐོགས་བྱ་སྤྱོད་སྤེལ་ན་མི་འགྲིག་པ་མ་མཐོང་། ཉན་ཐོས་གཞིར་བཞག་ནའང་དགེ་འདུན་ཆེད་ཚོང་ཡང་རྒྱབ་ཆོག་པ་དང་། བྱང་སེམས་ནང་རང་འདོད་དང་བྲལ་ན་གང་ལའང་གནང་བ་ཡོད་པ་དང་། སྔགས་ན་ནི་བསྒྲལ་བའི་ཞིང་ཚང་ན་བསྒྲལ་དགོས་པར་བཤད་པས་ཆབ་སྲིད་ཟེར་བ་ཟུར་དུ་བཞག་ནས་དེ་ལ་ཁ་གཉེར་སྣ་གཉེར་བྱེད་རྐྱང་བྱས་ནའང་ཡག་པོ་ཨ་ཡིན།
སྐུ་སྲོག་ཞུགས་ལ་ཕུལ་རྒྱུ་དེ་ལས་སླ་མོ་ཞིག་གཏན་ནས་མ་རེད། ཁོ་ཚོས་ལྷག་བསམ་རྣམ་དག་རེད། ཡིན་ན་ཡང་དེས་གྲུབ་འབྲས་ཐོན་མིན་ལ་བསམ་བློ་གཏོང་དགོས་ངེས་ཤིག་རེད། ལྟོས་དང་། སྟོབས་ཆེན་རྒྱལ་ཁབ་དང་། རང་དབང་ལུང་པ་ཚོའི་མགོ་ལ་ཤིག་དང་སྲོ་མ་ཡོད་ན་ཡང་གསར་ལམ་ཁག་ཏུ་འགོད་བཞིན་པ་རེད། བོད་པའི་ཚེ་སྲོག་ལ་རིན་ཐང་མེད་པ་དང་། གང་ཡང་གོ་རྒྱུ་མེད་པ་རྒྱུ་མཚན་གང་རེད། དེ་ནི་གཅིག་ནས་རྒྱ་ནག་གི་སྟོབས་ཤུགས་རེད། གཉིས་ནས་བཙན་བྱོལ་བོད་མི་ཚོས་བདེན་པ་ལས་ཀྱང་མང་བའི་རྫུན་བཟོ་མང་དྲགས་པ་དང་། གསུམ་ནས་བོད་པ་ཚོར་ནང་སེམས་ཀྱི་བརྟན་ཆ་དྲང་བདེན་དང་། ཡ་རབ་སྤྱོད་བཟང་སྔོན་མ་ནང་བཞིན་མེད་ནས་རེད། འདིའི་སྐོར་ངེས་པར་དུ་བཙན་བྱོལ་དུ་ཡོད་པའི་བོད་པ་ཚོས་བསམ་གཞིག་བྱ་དགོས་ངེས་དང་། མེད་པ་ཡོད་པར་བསྒྱུར་བ་དང་། ཡོད་པ་མི་ཉམས་བརྒྱུད་འཛིན་དགོས་པ་ནི་འོས་འགན་ཡིན་པར་མཐོང་ངོ་། །ཤ་ཚ་བའི་གཏམ་ལ་སྙན་མོ་མེད། ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད། ཟེར་བ་ལྟར་ངས་གང་བཤད་ལ་སྙན་པོ་མེད་ཀྱང་། ངའི་སེམས་གཏིང་གི་སྐད་ཆ་དག་ཁ་དང་། སོར་རྩེ་ནས་ལུད་སོང་བ་དག་ཡིན་ནོ། །
དེ་དེ་བཞིན་ནོ་།།་བོད་པ་ཚང་དྲང་བདེན་འགྲོ་ས་མེད་།།
སྨྱུག་ཁ་ནང་དུ་ཕྱོགས་མཁན་གྱི་མི་བུ་དག་ཨ་མའི་བུ་ངོ་མ་ཡིན་ན་། འཇོན་པོ་དང་རྒོད་པོ་ཡིན་ན། ། ལ་རྒྱལ་དང་སེམས་ཤུགས་ཡོད་ན། །ཤེས་ཡོན་དང་རྣམ་དཔྱོད་ཡོད་ན། །བློ་ཁོག་དང་རིགས་ཞེན་ཡོད་ན། སྡུག་སྐད་ནང་དུ་མ་རྒྱག་རོགས། རྒྱལ་སྤྱིའི་བརྒྱུད་ལམ་ཁག་དང་། སྲིད་གཞུང་ཁག་དང་། ཚོགས་སྡེ་ཁག་དང་། མི་མང་དང་། མི་སྒེར་དང་། གཞུང་སོགས་ལ་རེ་བསྐུལ་དང་། ཞུ་འབོད་བྱོས་ཤིག །དེ་མིན་སྐྱག་ཁ་མངོག་རེས་བྱས་ནས་གང་ཡང་མི་ཡོང་ལ་ཅི་ཡང་མི་འགྲུབ། ད་ཤེས་སོང་པེས་་་་་་་་་་་་་་་་་་་་་་་་་་་་་་དྲ་བའིའབུ་སྲིན་ཚོ་་་་་་་་་་་་
ཨྱོན་ཉི་མས་ལྷག་བསམ་ངང་ཆོས་ལ་ལྷད་མ་ཞུགས་ལབ་པ་བརྒྱ་ཆའི་བརྒྱ་ངོས་ལེན་དང་རྒྱབ་རྩ་ཡོད། ཡིན་ནའང་བོད་ནང་ན་ཆོས་སྒྲུབ་པའི་རང་དབང་ཡོད་ཟེར་བ་སྟེ་ལེགས་སོ་ཞུ་མི་ཕོད། ཕལ་ཆེར་ལུང་ཚན་ལ་ལར་ཆབ་སྲིེད་ཀྱི་ཐེ་གཏོགས་ཡོད་མེད་ཀྱི་དབང་གིས་དམ་ལྷོད་དང་དྲག་གནོན་ལ་ཁྱད་པར་ཡོད་སྲིད། དེ་མིན་མངོན་གསལ་བཏོན་པའི་རང་དབང་དེ་མེད་ཁོ་ཐག་ཡིན། སྤྱི་ཕན་གྱི་ཆོས་ཁྲིད་རྒྱ་ཆེན་པོ་ཞིག་མ་གསུངས་བའི་སྔོན་ལ་ས་གནས་སྲིད་གཞུང་ལ་སྙན་ཞུ་བྱས་ཏེ་ཆོག་མཆན་ཐོབ་ན་མ་གཏོགས་གསུངས་རྒྱུའི་ཐོབ་ཐང་ཡོད་པ་མ་རེད། སྐྱེས་བུ་སྒེར་གྱི་ངོས་ནས་རི་ཁྲོད་འགྲིམ་ཏེ་སྒོམ་སྒྲུབ་བྱས་ནས་བསྡད་ཆོག་ཀྱང་། དེ་བྱེ་བྲག་བ་ཞིག་ལས་ཐུན་མོང་སྤྱི་ལ་མི་འགྲོ་བས། ང་ཚོས་སྤྱི་ཁྱབ་ལ་བསྟུན་ནས་བསམ་དགོས། དེ་མིན་བྱེ་བྲག་པ་ནི་དོལ་རྒྱལ་ཚོགས་པ་ལྟར་ན་ཕྱིར་བོད་ལ་སོང་ན་རང་དབང་ཡོད་བ་མ་སྲིད་རྒྱབ་སྐྱོར་ཡང་ཡོོད། དེ་བས་བསམ་ཚུལ་འདི་གཅིག་པུ་ལ་ལེགས་སོ་ཞུ་མ་ཐུབ་བོ།
“དེ་ཕྱིར་རྒྱལ་སྤྱིའི་གསར་འགོད་པ་དང་། ཆབ་སྲིད་པ་སོགས་ཀྱིས་རྒྱབ་རྟེན་མ་བྱས་པ་རེད” སྤྲུལ་སྐུའི་གསུང་འདི་སྣང་བར་འགྲོ་བོ་འདྲ་ཞིག་ཏུ་མཇལ། གལ་སྲིད་དངོས་ཡོད་ཡིན་ན་་་་་
གསུང་དང་་་་་་་་ཡང་ང་ཚོས་འུར་དང་དངོས་ཡོད་དང་མི་འཚམ་པའི་ལོག་འགྲེལ་གང་དག་བྱས་རབས། འདི་ཚོ་ང་ཚོས་ངེས་པར་དུ་ཤེས་དགོས་པའི་གནས་དོན་རེད།
ང་ཚོ་བོད་པའི་མི་ལ་ཕྲ་ཞིབ་མེད་པ་བདེན་པར་མཐོང་གི་ཡོད།
གནས་ཚུལ་ཤེས་ན་བདེན་ལམ་མགྱོགས་པ་རེད་པ།
ཨོ་རྒྱན་ཉི་མ་ལགས། ད་ཡང་བསྐྱར་ཁྱེད་ཀྱི་མ་རྩོམ་ནང་འགྲོ་གི་ཡིན། ཁྱེད་ཀྱི་ལྟར་ན་བོད་པ་མེར་བསྲེགས་པ་དང་སྲེག་བཞིན། བསྲེག་འགྱུར་རྣམས་ལ་རྒྱལ་གཅེས་དཔའ་བོ་ཟེར་མི་རུང་ཟེར་རྒྱུ་རེད་དམ། ཡང་ན་ཁོང་རྣམ་པར་དཔའ་བོར་འབོད་མཁན་ཚོ་བསམ་བློ་གཏོང་མ་ཤེས་མཁན་ཟེར་རྒྱུ་ཨ་ཡིན། དོགས་པ་འདི་ཡོངས་དགོས་དོན་ནི་”བསམ་བློ་གཏོང་ཤེས་ན་བོད་ལ་ཡོད་པའི་བོད་མི་ཚོར་འདུག་བཟོ་མི་བདེ་བ་དེ་མ་བཟོ་རོགས།”ཞེས་པའི་ཚིག་དུམ་འདི་ཡིན། ད་འོ་ན་ཁྱེད་ཀྱིས་ཁོང་རྣམ་པར་དཔའ་བོར་མི་འབོད་ན་མིང་གང་ཞིག་གིས་འབོད་རྒྱུ་ཡིན། ང་ལ་རྡོག་རྫིས་མ་བཏང་བར་ལན་ཞིག་གནང་གྲོགས།
རྒྱལ་སྤྱིའི་དྲག་སྤྱོད་པ་དག་གིས་མི་བསད་རྟ་ཁྱེར་གསར་འགྱུར་རྒྱུད་ལམ་ཁག་ནང་སྟོན་གི་འདུག
དེ་དག་ལ་བདེན་ཁ་སྟེར་གི་ཡོད་རེད་དམ།
ག་གེ་མོའི་མགོ་ལ་ཤི་རྒྱུགས་པ་དང་བོད་པ་བདུན་ཅུའི་སྲོག་ཤོར་བ་གཉིས་གསར་འགྱུར་བརྒྱུད་ལམ་ནང་ཐོན་མ་ཐོན་བདེན་རྫུན་གྱི་ཁྱད་ཤོར་བ་བཤད་པ་ནི་ཁྱེད་རང་གི་བསམ་ཚུལ་ཙམ་ལས་ཁས་ལེན་ཐུབ་པ་མིན་འདུག
ཨོ་ཉི་ཟེར་མཁན་དེ་སྨྱོན་པ་ཞིག་ཡིན་པ་ད་གཞི་ནས་ཧ་གོ་སོང་། བོད་ནང་ཆོས་དད་རང་དབང་ཡོད་ཟེར། འོ་ན་ལྷ་ས་ལྟ་བུ་ཞིག་ལ་བླ་ཆེན་ཞིག་གིས་དབང་ལུང་ཁྲིད་གསུམ་གྱི་འདུ་ཚོགས་མི་ཆོག་པ་གང་རེད། དགོན་པའི་ནང་གཞུང་གི་ཚད་གཞི་ལས་ལྷག་པའི་གྲྭ་པ་བསྡད་མི་ཆོག་པ་གང་རེད། སློབ་ཕྲུག་དང་ལས་བྱེད་པ་རྣམས་ཐ་ན་ལྷ་ཁང་བསྐོར་བ་དང་བསྲུང་མདུད་ཙམ་ཡང་བཏགས་མི་ཆོག་པ་གང་རེད། བླ་མའི་སྐུ་པར་བཤམས་མི་ཆོག་པ་གང་རེད། སྨོན་ལམ་སོགས་ཆོས་ཀྱི་བྱེད་སྒོ་རྣམས་སྤེལ་མི་ཆོག་པ་གད་རེད། ཉེ་ཆར་དཔལ་ཡུལ་དགོན་དུ་བླ་མ་ག་གེ་མོས་དབང་གསུངས་དུས་ཕྱོགས་མཐའ་ནས་ཆོས་ཞུ་བ་ཡོང་མི་ཆོག་པ་གང་རེད། དགོན་པ་སོ་སོའི་སྤྲུལ་སྐུ་ངོས་འཛིན་ལ་སྟངས་འཛིན་དགོས་དོན་གང་རེད། དད་ལྡན་ཞིག་གིས་བཤད་གྲྭའམ། སྒྲུབ་གྲྭ གཙུག་ལག་ཁང་ཞིག་བཞེངས་འདོད་ཡོད་ན་མི་ཆོག་པ་གང་རེད། དེ་བཞིན་་་་་་་་་་་་་་་་་
སྤྲུལ་པའི་སྐུ་ལོ་ཨུ་རྒྱུན་རིན་པོ་ཆེ་ལ་ཁམས་འདྲི་ཞུ། ཉིད་ནི་སངས་རྒྱས་ཀྱི་བསྟན་པ་ལ་ཤ་ཞེན་ཆེ་བའི་སྐྱེས་བུ་ཞིག་ཡིན་པ་རྩོམ་ཡིག་ཁག་ཅིག་བཀླགས་རྗེས་སུ་ཤེས་སོང་། དེའི་ཕྱིར་ཡག་པོ་འདུག་ལབ་ཡིན། ཡོད་ཚད་ལ་ལེགས་སོ་དང་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བར་ནི་མི་འོས་སོ། །
ཨོ་ཉི། བོད་མི་རྣམས་ཁུ་སིམ་མེར་རྒྱ་མིས་གང་བཤད་ཉན་རྒྱུ་དང་གང་བྱས་ལྟ་རྒྱུ་མ་གཏོགས་གཞན་བྱ་མི་འོས་པ་རེད་དམ།
Wangchen ཟེར་མཁན་དེས་ཡི་གེ་དུམ་བུ་ཞིག་མ་གཏོགས་བྲིས་མ་སོང་སྟེ། བྲིས་པ་དེ་བོད་པ་རྣམས་ཀྱི་སྙིང་ལ་ཁབ་བཙུག་སོང་། བོད་པ་བདུན་ཅུ་མེ་རུ་སྲེག་མཁན་རྒྱ་མི་ལ་གང་ཡང་ལབ་གི་མིན་འདུག
ཁོ་ཕལ་ཆེར་་་་ཅིག་ཅིག་གི་མདོ་ཟེར་བ་་་༧གོང་ས་མཆོག་ལ་སྤྲེའུ་མིག་ཤེལ་ཅན་ཟེར་ནས་དངོས་སུ་ངན་སྨྲས་བྱེད་མཁན་སྤྲུལ་སྐུ་དབང་ཆེན་ཟེར་བ་ཨ་རིར་ཡོད་པ་དེ་ཡིན་སྲིད།
ཁོང་དང་ཨོ་ཉི་གཉིས་ཐུགས་མཐུན་པོ་འདུག
དབུས་གཙང་ལ་ལྟོས་ན་ཁམས་དང་ཨ་མདོར་རང་དབང་ཆེ་ཙམ་ཡོད་པ་དངོས་གནས་རེད་མོད།
དབུས་གཙང་ལ་དཔེར་ན་རྡོ་རྗེ་བྲག་གི་རིག་འཛིན་ཆེན་མོ་དེ་བོད་རང་སྐྱོང་སྦྱོང་གི་སྲིད་གྲོས་ཀྱི་མགོ་ཁྲིད་མཐོ་ཤོས་ཡིན་ཡང་། ཁོང་གི་ངོས་ནས་རྙིང་མའི་གདན་ས་གལ་ཆེན་ཡིན་པའི་རྡོ་རྗེ་བྲག་གི་ཆེད་བཤད་གྲྭ་སྤྱིར་བཏང་བ་ཞིག་རྒྱག་ཆོག་རྒྱུར་ཡུན་རིང་པོར་གོང་རིམ་ལ་ཆོག་མཆན་ཞུས་ཀྱང་གཏན་ནས་མ་ཐོབ་པའི་གནས་ཚུལ་ཁུངས་ལྡན་ཡོད་པ་ལྟ་བུ་དང་། དགོན་པ་མང་པོ་ཞིག་ལ་གྲྭ་པ་བཞི་ཡོད་པ་གཅིག་གྲྭ་ལོག་བྱས་ནས་གསུམ་ཆགས་པར་སླར་གཅིག་འཛུད་རྒྱུར་ཆོག་མཆན་མ་ཐོབ་པ་སོགས་དབུས་གཙང་ལ་ཧ་ཅང་མང་།
འོན་ཀྱང་ཁོང་གི་གསུང་ལ་གནས་ལུགས་མེད་པའང་མ་ཡིན།
རང་སྐྱོང་ལྗོངས་ཀྱི་་་་་་་་་་་་་་་བཅོས་རོགས།
ཨོ་ཉི་ཡི་སྦྱིན་བདག་རྙེད་པ་དོ་ཕོག་སོང་པས་རེད། སྦྱིན་བདག་མ་གཏོགས་མི་བསམ་མཁན་པའི་སྒེར་དོན་པ་ཁོང་ཞབས་འདྲེན་རེད།
ཨོ་ཉི་ལགས། བོད་ལ་ཆོས་དད་རང་དབང་མེད་པ་དངོན་སུམ་རེད། ཁྱེད་རང་གི་ལོག་འགྲེལ་མ་རྒྱབ་ན་ལེགས། ཁྱེད་རང་ལ་ཨ་དཀོན་སྤྲུལ་སྐུ་སོགས་དམ་ཉམས་དེ་ཚོའི་སླབས་པ་ཡིན་གྱི་རེད། ཁོང་ཚོ་དང་ཕྱི་རྒྱལ་དུ་ཆོས་ཚོགས་འགའ་ཤས་ནང་བོད་དོན་དང་བོད་མིའི་རང་དབང་བསྐོར་གླེང་ན་ཆབ་སྲིད་རེད་ཅེས་སྐྱོན་འཛུགས་བྱེད་ཀྱི་ཡོད། བོད་དོན་དེ་སངས་རྒྱས་ཀྱི་བསྟན་པ་དང་འབྲེལ་བ་ཡོད་ཚུལ་༧གོང་ས་མཆོག་གིས་ཐེངས་མང་པོ་གསུངས་ཟིན། བསམ་བློ་རྒྱ་ཆེ་ས་ནས་བཏང་།
ཆོས་དང་ཆབ་སྲིད་གཉིས་ཀྱི་བྱེད་སྒོ་མཐའ་དག་སྲིད་གཞུང་ལ་ལྟོས་དགོས་པ་དེ་འཛམ་གླིང་སྤྱིའི་འགྲོ་སྟངས་ཤིག་ལས། རྒྱ་ནག་གི་ཐུན་མིན་གྱི་ཁྱད་ཆོས་ཤིག་གང་ཡང་མ་རེད། ཤར་ནུབ་ཀྱི་ལུང་པ་གང་དུ་སོང་ཡང་། ཆོས་ལུགས་ཀྱི་དང་། ཚོང་འབྲེལ། ཆབ་སྲིད་ཀྱི་ཐོང་མཆན་དམིགས་བསལ་ཞུ་དགོས་པ་དང་། ལུང་པ་དེར་བསླེབ་དུས་ཆོས་ལུགས་དང་། ཆབ་སྲིད། ཚོང་གི་བྱེད་སྒོ་སྤེལ་དགོས་ན་རྒྱལ་ཁབ་དེའི་ཆོག་མཆན་མེད་ན་མང་ཚོགས་འདུས་སྡོད་དང་། གཞན་ལ་སློབ་སྟོན་བྱེད་ནུས་བྲལ་བ་རེད། དེ་ཕྱིར་ཚང་མས་བསམ་བློ་ཐོངས་ཤིག།
རེད་ཡ་སྤྲུལ་མིང་ཨོ་ཉི་ལགས།
བོད་ཀྱི་ནང་པ་སངས་རྒྱས་པའི་བསྟན་པ་དེ་འཛམ་གླིང་ལ་འགྲེལ་བཤད་རྒྱགས་མཁན་ཚོས་བོད་མི་རིགས་འདི་ས་ཐོབ་ཀྱི་སེམས་དཔའ་སེམས་མ་དང་དགྲ་བཅོམས་པའི་སྒོ་འཕངས་མངོན་དུ་གྱུར་ཡོད་མདོག་གི་འགྲེལ་བཤད་རྒྱག་གི་ཡོད་པ་རེད་ལ། སོ་སོ་རང་ཉིད་ཀྱིས་ཀྱང་རྒྱུད་ལ་བྱང་སེམས་རྣལ་མ་ཞིག་སྐྱེས་ཡོད་མདོག་དང་དགྲ་བཅོམས་པའི་སྒོ་འཕངས་མངོན་དུ་གྱུར་ཡོད་མདོག་མདོག་གིས་བཅོས་མའི་རྣམ་འགྱུར་དེ་བསྟོན་གྱི་ཡོད་པ་རེད། དོན་དངོས་བྱས་ན་ས་ཐོབ་ཀྱི་སེམས་དཔའ་སེམས་མ་ཇི་ཙམ་ཡོད་དམ? དགྲ་བཅོམས་པའི་སྒོ་འཕངས་མངོན་དུ་བྱས་པ་ཇི་ཙམ་ཡོད་དམ? བོད་མི་རྒྱ་ཆ་མང་ཤོས་ནི་ཞིང་འབྲོག་རེད་ཞིང་པས་ཞིང་ཇི་ལྟར་རྨོ་འདེབས་བྱེད་ཀྱིན་ཡོད་མེད་དང་འབྲོག་པས་ཕྱུགས་ཟོག་ཇི་ལྟར་གཉོར་སྐྱོང་དང་ཇི་ལྟར་བཀོལ་སྤྱོད་བྱེད་ཀྱི་ཡོད་མེད་ཙམ་ཡང་ཤེས་ཀྱི་མེད་པ་རེད་ལ། མཐའ་ན་རང་ཉིད་ཀྱིས་ཟ་བཏུང་གྱོན་གསུམ་གྱི་དཀོར་རྫས་དེེ་ཡང་རྒྱུ་རྐྱེན་ཅི་ཞིག་ཚོགས་ཡོད་མེད་དང་སྣང་གནས་ཇི་ལྟར་མཐུན་མིན་ཡང་མི་ཤེས་ཙང་བྱས་པ་རེད།
དེས་ན་བོད་དང་བོད་མི་རིགས་ཀྱི་རྩ་དོན་དེ་ལྷན་སྐྱེས་ཀྱི་ཐོབ་ཐང་དང་རང་དབང་བདེ་སྐྱིད་བཅས་ལ་འབྲེལ་བསྡད་ཡོད།
བོད་ནང་ཆོས་དད་རང་མོས་ཡོད་མདོག་བཤད་པ་ནི་ཁྱོད་ལ་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་སློབ་གསོ་མ་ཐོབ་པ་དང་རྒྱལ་གཅེས་ཆོས་གཅེས་ཀྱིས་སློབ་གསོ་ཐོབ་མྱོང་མེད་ཙང་བྱས་པ་རེད། བྱས་ཙང་ཁྱོད་ཀྱིས་ཡིན་གཅིག་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་སློབ་གསོ་དང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཞིག་ཡང་བསྐོར་སྐྱར་བསྐོར་ངེས་པར་དུ་གཟེད་དགོས་པ་རེད། དེ་ནས་ཆོས་དད་རང་མོས་ཇི་ཙམ་འདུག་བལྟ་ཆོག་པ་རེད།
ཨོ་ཉི་ལགས་དང་བསམ་ཚུལ་བསྡུར་སྐབས་ཕལ་ཆེར་ཆོས་དང་སེམས་ཅན་གཉིས་ལས་གང་གཙོ་ཆེ་བ་དེས་གཞུང་བསྲང་ནས་མེར་བསྲེགས་སྐོར་གླེང་རྒྱུ་རེད་འདུག་མ་གཏོགས། མི་རིགས་དང་། ལ་རྒྱ་ཟེར་བ་དེ་ཚོ་ཁོང་གི་བསམ་མནོ་གཏོང་གཞིའི་ནང་མེད་པ་གསལ་པོ་འདུག་ལ། དེ་ལྟར་གྱུར་པའི་རྒྱུ་མཚན་ཡང་གཅིག་བྱས་ན་ཁོང་གིས་ཆོས་བརྒྱད་མགོ་བོ་སྙོམ་ཚར་བའི་དབང་གིས་ཡིན་པ་དང་། གཅིག་བྱས་ན་མགོ་བོ་སྙོམ་ཐུབ་རྒྱུ་ལྟ་ཅི་རབ་ཏུ་འབུར་བའི་དབང་གིས། ཆབ་སྲིད་ཟེར་བ་ཐོས་མ་ཐག་ཏུ་ཟམ་གདོང་གི་གཟན་ཤམ་མིག་ལ་འཆར་འགྲོ་ཡི་མེད་དམ་སྙམ། ཀུ་རེ། དེ་ལྟར་མིན་ན་གཟོད་གསོལ།
གལ་ཏེ། ཆོས་དང་སེམས་ཅན་གཉིས་ལས་སེམས་ཅན་གཙོ་ཆེ་ན། སེམས་ཅན་སྤྱིའི་སྡུག་བསྔལ་ལ་བསམ་ནས་མེར་བསྲེགས་ཀྱི་རྒྱུ་འཚོལ་དགོས། རྒྱུ་གང་རེད་འདུག མེར་བསྲེགས་གཏོང་མཁན་དེ་ཚོའི་ཞལ་ནས་གང་འབོད་ཀྱི་འདུག ལུས་ནས་རུལ་དྲི་ཁ་མཁན་དེ་ཚོ་ལྟོ་གོས་འཛོམས་པ་ཙམ་གྱིས་འགྲིག་འདུག ཡང་མིན་ན་དེ་ཚོ་ལ་ཡང་འགྲོ་བ་མི་སྤྱི་དང་མཚུངས་པར་ནང་བསམ་པའི་སྟེང་ནས་དགོས་མཁོ་གཞན་འདུག གལ་སྲིད་རྒྱ་ནག་ནས་གྲོས་མཐུན་དོན་ཚན་བཅུ་བདུན་ཡིག་ཐོག་ལྟར་ལག་ལེན་བསྟར་ན་ད་ལྟའི་མེར་བསྲེགས་ཀྱི་གནས་ཚུལ་འདི་དག་འབྱུང་སྲིད་དམ། གལ་སྲིད་རྒྱ་ནག་ནས་དགོན་པའི་འགྲམ་དུ་སོ་པ་དང་། སྡེ་བའི་དཀྱིལ་དུ་མྱུལ་མ། འདི་བྱས་ན་མི་འགྲིག་དང་ཕ་གི་བྱས་ན་མི་ཆོག་ཅེས་བོད་མི་རྣམས་འགྲོ་ལུགས་སྡོད་སྟངས་མི་ཤེས་པ་ཞིག་མ་བཟོས་ན་མེར་བསྲེགས་ཀྱི་གནས་ཚུལ་གདི་དག་འབྱུང་སྲིད་དམ། མེར་བསྲེགས་ཀྱི་རྒྱུ་ནི་རྒྱ་ནག་གི་སྲིད་ཇུས་ངན་པ་འདི་ཡིན་པ་ངོ་ཤེས་པའི་ཐོག་སྲིད་ཇུས་ངན་པ་འདི་འགྱུར་བ་གཏོང་བ་ལ་ཤུགས་རྒྱག་དགོས་པ་མ་ཡིན་ནམ། དཔའ་བོ་དཔའ་མོ་དེ་ཚོ་ཡང་ས་ཡ་དྲུག་ཚང་མ་འབར་མི་དགོས་པའི་ཆེད་དུ་མེར་བསྲེགས་བཏང་བ་མ་ཡིན་ནམ། མེར་བསྲེགས་འགོག་དགོས་འདུག་ཟེར་ནས་རྒྱ་ནག་དང་འདྲ་བར་བོད་མིའི་རྣམ་དཔྱོད་ལ་ཁ་རྡུང་དང་ཚིག་མཚོན་འདེབས་བཞིན་བསྡད་ན་དེ་ལས་མང་བ་ཞིག་ད་དུང་མེ་ཡི་ནང་འབུད་ཀྱི་ཡོད་པ་མ་རེད་དམ།
གལ་ཏེ་ཆོས་གཙོ་ཆེ་བ་ཡིན་ན། ང་ལ་ལབ་རྒྱུ་མི་འདུག ངས་ག་གོ་བ་ཙམ་ནི་ཆོས་འདི་ནི་སངས་རྒྱས་ཀྱིས་སེམས་ཅན་རྣམས་སྡུག་བསྔལ་ལས་སྐྱོབ་ཆེད་གསུངས་པ་རེད་བསམ་གྱི་ཡོད་པ་ལས། ཁོང་གི་རྗེས་འཇུག་པ་རྣམས་ཀྱི་ལྟོ་ཕོར་འགེངས་བྱེད་ཁོ་ནའི་ཆེད་མ་རེད་དྲན།
ཨ་ཉི། དྲི་བ་ཞིག ད་ཉིན་ད་ལོ་གཉིས་ནང་བོད་མི་བདུན་ཅུའི་ཚེ་སྲོག་དེ་དག་ག་རེ་བྱས་ནས་བཏང་བ་རེད། སྐྱིད་དྲག་ནས་་
གཞན་གྱིས་བསྐུལ་ནས་་་་འུར་ལངས་ནས་་་་སྡུག་པོ་མེད་བཞིན་དུ་་་་
རང་དབང་ཡོད་ནས་་་་་
གཅིག་གསུངས་རོགས།
འོ་རེད་་་ད་ངས་དྲན་སོང་་་་་་་་་་་་་་ཨོ་ཉིད་ཁོས་ཆོས་དད་རང་དབང་ཟེར་བ་དེ་གང་འདྲ་ཡིན་མིན་མ་ཤེས་འདྲ་ཁག་མེད་ཁོས་བསམ་པར་བོད་ནང་དུ་ལྷ་ཁང་དང་དགོན་པའི་འདུར་ཁང་མཐོང་ཡ་འདུག །བྱས་ཙང་ཆོས་དད་རང་དབང་ཡོད་པར་མ་ཟད་རང་དབང་དང་ཞི་བདེའི་དཔལ་ཡོན་ལ་རོལ་པའི་གངས་ཅན་ལྗོངས་ཞེས་མཐོང་ཡོད་པ་རེད་་་ཧེ་ཧེ་ཧེ་་་་་ལུག་རྒན་ཁོ་་་་་་་་་་་་་་
བདག་ནི་བོད་ཀྱི་ཕྱོགས་མི་འཛིན། །རྒྱ་ནག་སོགས་ལ་མི་སྡང་ཡང་། །གང་ཞིག་རྒྱུ་མཚན་ལྡན་པའི་ཚིག །དེ་ཉིད་ཁོ་ནར་ཚད་མར་འཛིན། །ཞེས་པའི་མཐོ་བཙུན་གྲུབ་རྫེས་ཀྱི་ཚིག་ལ་བསྒྱུར་བཅོས་བྱས་པ་ཡིན། གང་ལྟར་ཡང་ཆོས་སེམས་ཅན་གྱི་སྡུག་བསྔལ་སེལ་བྱེད་ཡིན་པ་ལས། སེམས་ཅན་སྡུག་ལ་གཏོད་བྱེད་མིན་པ་གསལ་པོ་རེད། བོད་སྔོན་མ་ཞིག་ལ་བོད་རང་བཙན་ཡིན་པ་གསལ་པོ་རེད། དེང་སང་རྒྱ་ནག་འོག་ལ་འགྲོ་ཚར་བ་རེད། ཚར་བའི་ལས་ལ་འགྱོད་ནས་ཕན་ཐོགས་གང་ཡོད། འདི་དག་ཚང་མ་དགའ་ལྡན་ཕོ་བྲང་པས་མ་འཇོན་པ་རེད། གཉིས་ནས་རྒྱ་ནག་གཞུང་གིས་སྲིད་ཅུས་གུ་ཡངས་བཏང་སྟེ། ཆོས་དད་རང་མོས་ཀྱི་སྒོ་ཕྱེས་པ་རེད། བོད་པ་ཚང་མ་བོད་ནང་དང་། རྒྱ་ནག་ནང་གང་ལ་འགྲོ་དགོས་ན་ཡང་འགྲོ་ཆོག་པ་དང་། ཚོང་ལས། དཔལ་འབྱོར་འདུ་སོགས་ལ་བཀགས་འགོག་མེད་པར་བྱས་པ་རེད། དེའི་རྗེས་སྤྱི་ལོ་༨༨་ལོ་ནས་བཟུང་བོད་ལ་ཟིང་འཁྲུག་སློང་བ་འགོ་ཚུགས་པ་རེད། འདི་དག་ཚང་མ་དགེ་ལྡན་པའི་གྲྭ་བ་དང་། ཨ་ནེ་སོགས་ཀྱི་མགོ་བཙུགས་པ་རེད། དེ་ཕྱིར་བོད་ལ་དགེ་ལྡན་པའི་དགོན་པ་དག་ལ་དམིགས་བསལ་གྱིས་དམ་དྲགས་ཡོད་པ་དང་། དབུས་གཙང་ཁུལ་དུ་ཆོས་བརྒྱུད་གཞན་པ་ཚོར་ཡང་དེ་འདྲའི་རང་དབང་མེད་པ་རེད། ཁམས་ལ་སྔོན་མ་ཡིན་ན་རང་དབང་ཡོད་ཀྱང་དེང་སང་དེ་ལྟར་མེད་པར་ཆགས་པ་རེད། འདི་དག་ཚང་མ་དགེ་ལྡན་པའི་གྲྭ་བ་ཚོས་བྱས་པ་རེད། དེ་ཕྱིར་ངས་ནམ་རྒྱུན་དགེ་ལྡན་པའི་བསྟན་པ་འདི་ཆབ་སྲིད་ལ་དགའ་དྲགས་ནས་བཤིགས་འགྲོ་ཀྱིན་འདུག་ཅེས་བཤད་པ་ཡིན། དེང་སང་བོད་ལ་མེ་མཆོད་ཕུལ་མཁན་ཚང་མའམ་ཡང་ན་ཕལ་ཆེ་བ་དགེ་ལྡན་པའི་ཆོས་སྡེ་ཡིན་ཚོད་རེད། དེ་ཕྱིར་འདིའི་སྐོར་ལ་བསམ་བློ་མ་བཏང་རང་བཏང་རེད། བོད་ལ་འདི་འདྲའི་ལས་འགུལ་སྤེལ་བ་འདིས་ཕན་ཐོགས་ཡོད་མེད་ལྟོས་ཤིག དགེ་ལྡན་པའི་ཤེས་ཡོན་དང་། དགོན་པའི་བསྒྲིགས་ཁྲིམས་ལ་ཡི་རང་ཡོད་ཀྱང་། མཚམས་རེར་སྤྱི་ཚོགས་ནང་ཧ་ཅང་ཐལ་དྲགས་པའི་སྤྱོད་པ་ལ་རྗེས་སུ་ཡི་རང་མེད། ང་དགེ་ལྡན་པ་མི་དགའ་བའི་གཅོས་གཏམ་མིན་ཡང་། དགེ་ལྡན་གྲྭ་བ་ཚོ་ཆབ་སྲིད་ཀྱི་གྲལ་དུ་འཚང་ས་མ་རག་ནས་བྲེལ་བ་ལང་བསྡད་པ་དང་། དེ་ལ་ལད་མོ་ཡིས་ཆོས་བརྒྱུད་གཞན་པའི་གྲྭ་བཙུན་བཅོལ་ཆུང་འགའ་ཞིག་ཀྱང་མཐོང་སོང་། དགེ་ལྡན་པའི་གྲྭ་བཙུན་ཚོར་གཞན་ལ་མེད་པའི་ཁྱད་ཆོས་ཤིག་ཡོད་པ་དེ། སྤྱི་ཚོགས་དང་། མི་རིགས་ཀྱི་ལ་རྒྱ་དེ་རེད། ཡིན་ན་ཡང་ལ་རྒྱ་དེའི་རྒྱབ་ལྗོངས་ན་རྒྱལ་བ་ཞ་སེར་བའི་བསྟན་པ་མ་གཏོགས་མེད་ཅེས་པའི་སྡོམ་ཚིག་འདིས་འགྲིགས་ཀྱི་མེད་པ་གསལ་པོ་རེད། དཔེར་ན་ཆོས་བརྒྱུད་ཁག་གི་ཆོས་ཚོགས་དང་། གྲོང་སྡེ། དགོན་པའི་གྲྭ་ཤག་ཁག་ཏུ་སོང་ན། རྙིང་མ་དང་། ས་སྐྱ། བཀའ་བརྒྱུད་པའི་དགོན་པ་དང་། གྲོང་སྡེ་གཉིས་ཀའི་ཆོས་བརྒྱུད་རིས་མེད་ཀྱི་བླ་མ་དང་། ཡི་དམ་སོགས་ཀྱི་ཐང་ག་པར་སོགས་བཤམས་ནས་མཆོད་འབུལ་བྱེད་བཞིན་པ་དང་། དགེ་ལྡན་པའི་དགོན་པ་དང་། སྡེ་བའི་ནང་དུ་དགེ་ལྡན་པའི་ཕྱོགས་མ་གཏོགས་ཕལ་ཆེར་མཐོང་རྒྱུ་མེད་པ་དང་གཅིག་པ་རེད། དེ་ཕྱིར་རི་བོ་དགེ་ལྡན་པའི་མཁས་དབང་གནམ་དང་ས་ཁེབས་པ་འདྲ་བ་ཚོས་ཐུགས་བསམ་བཞེས་དགོས་པར་འདོད། ད་འོ་ན་བོད་ཀྱི་གྲྭ་བཙུན་གྱིས་བོད་ལ་ཕན་པའི་ལས་འགུལ་རྩ་བ་ནས་སྤེལ་མི་ཆོག་པ་རེད་དམ་ཟེར་ན། རང་ཉིད་བོད་མི་རིགས་ཀྱི་ཤ་ཁྲག་གི་གཟེབ་ཏུ་སྐྱེས་ཚར་དུས་བོད་ཀྱི་བདེ་སྡུག་ལ་བསམ་བློ་གཏོང་དགོས་ངེས་ཤིག་རེད། ཡིན་ན་རྒྱ་བོད་གཉིས་ལ་མི་གནོད་པའི་ཐབས་ལམ་འདིང་དགོས་ཀྱིན་ཡོད་པ་རེད། དཔེར་ན་༧གོང་ས་མཆོག་གིས་དབུ་མའི་ལམ་ནང་བཞིན་རེད། དབུ་མའི་ལམ་གྱིས་འཇིག་རྟེན་བསུབ་ཏུ་མེད་པའི་བྱས་རྗེས་བཞག་ཡོད་པ་ཚང་མས་ཤེས་ཡོད་རྒྱུ་རེད། ངས་མཚམས་རེར་བསམ་བློ་གཏོང་དུས་དེང་སང་གི་གྲྭ་བཙུན་ཕལ་ཆེ་བ་ཞིག་དགོན་པའི་འདུག་ནས་ཆོས་ནི་སྒྲུབ་ཀྱི་མི་འདུག ཐོས་བསམ་སྒོམ་གསུམ་ནི་བྱེད་ཀྱི་མི་འདུག འདི་ཚོས་ཕྲུ་གུ་དང་། སྐྱེས་སྨན་གསོ་མ་ཐུབ་ནས་དགོན་པར་ཞུགས། དེ་ནས་ཆབ་སྲིད་ལ་འཚང་ཁ་རྒྱག་པ་ཡིན་ནམ་བསྙམ་པའི་དོགས་པ་ཞིག་ངའི་སེམས་ལ་དུས་རྟག་ཏུ་ཡོད། སྔོན་མ་ཡིན་ན་ཁག་མེད་པ་རེད། བོད་ཀྱི་སྐྱ་བོ་ཚོར་ཤེས་ཡོན་མེད་པ་རེད། དེ་ཕྱིར་སེར་མོ་ཚོས་ཤུགས་མ་རྒྱག་རང་རྒྱག་རེད། དཔེར་ན་གོང་ས་མཆོག་གིས་ཆབ་སྲིད་ཀྱི་དབུ་འཛིན་རྩིས་སྤྲོད་གནང་དུས་གསུངས་པ་ནང་བཞིན་རེད། འོ་ན་ཆོས་པས་ཆོས་ཁོ་ན་སྒྲུབས་ཏེ། བོད་ཀྱི་བདེ་སྡུག་ལ་བསམ་བློ་རྩ་བ་ནས་མ་བཏང་བར་འགྲིགས་པ་རེད་དམ་ཞེས། དྲིས་སོང་ན། ཆོས་རྣམ་དག་ཅིག་བསྒྲུབས་ཏེ་འཇིག་རྟེན་གྱི་བདེ་སྐྱིད་སྒྲུབ་ཐུབ་སོང་ན་བོད་དོན་རེད། བོད་པ་ཞིག་གིས་གཞན་ལ་ཕན་ཐོགས་སོང་བ་རེད། ཆོས་ཞེས་པ་ཆབ་སྲིད་ཀྱི་གོང་ལ་རེད། ཆོས་པ་ཞེས་པ་དེ་ཆབ་སྲིད་པའི་གོང་ལ་རེད། འདིའི་གོང་འོག་ཅེས་པ་དེ་ཆབ་སྲིད་ཀྱི་འགྲན་རྩོད་ནང་བཞིན་རྩོད་ནས་འཐོབ་དགོས་རྒྱུ་ཞིག་མ་རེད། ཆོས་པ་རང་ངོས་ནས་ཆོས་བཞིན་དུ་སྤྱད་དེ་ཆབ་སྲིད་པ་ཚོས་འདི་ཕྱིའི་སྐྱབས་གནས་སུ་བཟུང་ཡོང་བ་ཞིག་ཐུབ་དགོས་པ་རེད། དེ་མིན་ང་ཆོས་པ་ཡིན་ཆབ་སྲིད་པའི་གོང་གི་ཐོབ་ཐང་དགོས་ཞེས་བཤད་པ་ཡིན་ན། ཆོས་པའི་ཞབས་འདྲེན་རེད། དེ་ཕྱིར་ཆོས་པ་རྣམ་དག་དབུ་འཕུང་སྒང་དུ་མཐོ་ན་བོད་ཀྱི་ཆོས་སྲིད་གཉིས་ལ་ཕན་པ་རེད། དཔེར་ན་བོད་ཀྱི་བླ་ཆེན་མཚན་ཉིད་ལྡན་པ་ཚོ་ཤར་ནུབ་གང་དུ་བཞུགས་ན། བོད་བརྒྱུད་ནང་བསྟན་པའི་དགེ་བའི་བཤེས་གཉེན་ཞེས་བཀུར་བཞིན། བོད་ཆོས་ལུགས་པ་དང་། ཆབ་སྲིད་པ་སུ་ས་ཕྱོགས་དེར་ཕྱིན་པ་ཡིན་ན་ཚང་མས་ངོས་ལེན་བྱེད་བཞིན་པ་ནང་བཞིན་རེད། དེང་སང་ཆབ་སྲིད་པའི་ཁྲི་ཐོག་ན་འགྱིང་བའི་མཁས་དབང་བློ་བཟང་སེང་གེ་མན་ཆོད་སྐྱ་བོ་ཚང་མས་ཤེས་དགོས་པ་ཞིག་ནི། ཁྱེད་ཅག་གི་མདུན་ལམ་དང་། འཇོན་ཐང་། སྤོབས་པ་ཡོངས་རྫོགས་བོད་ཀྱི་ནང་ཆོས་དང་། བོད་ཀྱི་ཆོས་པའི་བདག་རྐྱེན་ལས་ཐོབ་པ་ཡིན་པ་ཡང་ཤེས་པར་གྱིས་ཤིག བོད་སྲ་བརྟན་ཆགས་པ་ལ། བོད་ཀྱི་ཐུན་མིན་རིག་གཞུང་ནང་ཆོས་སྲ་བརྟན་དགོས་པ་དང་། ནང་ཆོས་སྲ་བརྟན་ཆགས་པ་ལ་ཆོས་བརྒྱུད་བཞི་པོ་ནང་མཐུན་དགོས་པར་མ་ཟད། སྡོམ་དང་། དམ་ཚིག་གཙང་མ་དགོས་པ་དེ་གལ་ཆེན་པོ་རེད། དེ་མིན་ཁ་བདེ་པོ་ཙམ་གྱིས་ཕན་ཐོགས་པ་ཁག་པོ་རེད། ངས་ཉིན་ཤས་གོང་དུ་ཞུས་པ་ཡིན། རྙིང་མ་པ་དཔལ་འབྱོར་དང་། བཀའ་བརྒྱུད་པ་ཐོབ་དང་། ས་སྐྱ་པ་གདུང་རྒྱུད། དགེ་ལྡན་པ་ཆབ་སྲིད་ཀྱིས་ཕུང་འགྲོ་གི་འདུག་ཅེས་བཤད་པ་ཡིན། འདི་དག་ཚང་མ་དངོས་ཡོད་རེད། དཔལ་འབྱོར་དང་། ཐོབ། གདུང་རྒྱུད། ཆབ་སྲིད་རྣམས་རྩ་བ་ནས་མེད་ན་མི་འགྲིགས་ཀྱང་། ཆོས་དང་། ཆོས་པ་ལ་ཧ་ཅང་མང་དྲགས་ན་ཕན་ཐོགས་མེད་པར་གནོད་པའི་རྒྱུ་རུ་འགྱུར་ཡོང་བ་རེད།
ནང་ཆོས་ཀྱིས་བོད་ཕུང་སྟངས་དེ་འདྲ་རེད་འདུག་ག
ནང་ཆོས་ཀྱིས་བོད་རྨོངས་གཉིད་ལས་སད་དུ་བཅུགས་པར་མ་ཟད། རྩ་ཆེན་རིག་གཞུང་ལ་གསོན་ཤུགས་རྒྱས་སུ་བཅུགས་པ་རེད། དེ་ཕྱིར་ཆོས་ཀྱིས་བོད་ཕུང་སོང་བ་མ་རེད། དེང་སང་གི་བོད་པ་ཚོས་ནང་ཆོས་ཕུང་བཞིན་པ་རེད། ནང་ཆོས་ཞེས་པ་དེ་ཁ་བཤད་གཅིག་པུ་ཙམ་གྱིས་ཕན་ཐོགས་ཡོད་པ་ཞིག་དང་། གྲུབ་འབྲས་ཐོན་པ་ཞིག་མ་རེད། ནང་ཆོས་སེམས་དང་དབྱེར་མེད་དུ་འདྲིས་སུ་བཅུགས་ཏེ། གཟོད་བཤད་དགོས་པ་དང་། འཆད་ན་ཕན་ཐོགས་ཡོད་པའི་ཆོས་ཤིག་རེད། ཡིན་ན་ཡང་དེང་སང་གི་བོད་པ་ཚོས་དྲིན་ལ་དྲིན་དུ་བརྩི་བར་དྲིན་ལན་ལོག་མཇལ་བྱེད་བཞིན་པ་རེད། དེ་ཕྱིར་ནང་ཆོས་མི་རིགས་གཞན་པའི་ཁྲོད་དུ་བཙན་བྱོལ་ལ་ཕེབས་ངེས་སོ། །
འགའ་ཞིག་གིས་ནང་ཆོས་བོད་ལ་དར་ནས་བོད་ཉམ་རྒུད་དུ་ཕྱིན་པ་རེད་ཟེར། ནང་ཆོས་བོད་ལ་དར་མེད་ན་ད་ལྟ་ཡང་། དམིགས་བསལ་གྱི་ཁྱད་ཆོས་ལྡན་རིག་གཞུང་གང་མེད་པར། དཔེར་ན་མི་ནག་ལུང་པ་ནང་བཞིན་གཞན་གྱི་གང་ཟེར་ལ་ཉན་པ་ལས། རང་དབང་གིས་རང་གི་རིག་རྐང་ཐོག་ལང་ཐུབ་པ་ཁག་པོ་རེད། དེ་ཕྱིར་ནང་ཆོས་ཀྱིས་བོད་རྨོངས་གཉིད་ལས་སད་དུ་བཅུགས་པར་མ་ཟད། རྩ་ཆེན་རིག་གཞུང་བརྡ་སྤྲོད་ཕུན་སུམ་ཚོགས་པ་དང་། ལེགས་སྦྱར་བའི་སྐད་དང་། ཡི་གེའི་ལམ་སྲོལ་བཏོད་པ་ལ་བརྟེན
་ནས། བོད་ཀྱི་རིག་གཞུང་ལ་གསོན་ཤུགས་རྒྱས་སུ་བཅུགས་པ་རེད། དེ་ཕྱིར་ཆོས་ཀྱིས་བོད་ཕུང་སོང་བ་མ་རེད། ད་ལྟ་བོད་ཅེས་འཛམ་གླིང་ཤར་ནུབ་གཉིས་སུ་གོ་རྒྱུ་ཡོད་པ་དང་། རིག་རྒྱུ་ཡོད་པ་དེ་ནང་ཆོས་ཀྱི་བཀའ་དྲིན་རེད། ནང་ཆོས་མེད་ན་བོད་པ་ཚོར་གཞན་ལ་ངོམ་རུང་བའི་དངོས་པོ་ཞིག་གང་ཡོད་སོམས་དང་། ལྟོས་དང་། དེང་སང་གི་བོད་པ་ཚོས་ནང་ཆོས་ཕུང་བཞིན་པ་རེད། ནང་ཆོས་ཞེས་པ་དེ་ཁ་བཤད་གཅིག་པུ་ཙམ་གྱིས་ཕན་ཐོགས་ཡོད་པ་ཞིག་དང་། གྲུབ་འབྲས་ཐོན་པ་ཞིག་མ་རེད། ནང་ཆོས་སེམས་དང་དབྱེར་མེད་དུ་འདྲིས་སུ་བཅུགས་ཏེ། གཟོད་བཤད་དགོས་པ་དང་། འཆད་ན་ཕན་ཐོགས་ཡོད་པའི་ཆོས་ཤིག་རེད། ཡིན་ན་ཡང་དེང་སང་གི་བོད་པ་ཚོས་དྲིན་ལ་དྲིན་དུ་བརྩི་བར་དྲིན་ལན་ལོག་མཇལ་བྱེད་བཞིན་པ་རེད། དེ་ཕྱིར་ནང་ཆོས་མི་རིགས་གཞན་པའི་ཁྲོད་དུ་བཙན་བྱོལ་ལ་ཕེབས་ངེས་སོ། །
སྤྲུལ་སྐུ་ལ་སྦྱིན་བདག་ཐོབ་པ་རྒྱ་བོད་མི་རིགས་ཀྱི་ཁྱད་པ་མེད་པས་དེ་གཉིས་ལ་ཕྱོགས་རིས་ཀྱིས་ལྟ་མི་ཐུབ་པ་བསམ་ཤེས་བཏང་ཐུབ་ཀྱི་འདུག ཕྲན་ཡང་ནང་ཆོས་ཀྱི་བོད་བརླགས་པ་ཡིད་ཆེས་གཏན་ཟབ་བྱེད་དགོས་བའི་གནས་དོན་གཅིག་དེ་ཡིན། སྤྲུལ་སྐུ་ཁོང་ནི་དཔེར་བརྗོད་ཡག་ཤོས་ཤིག་རེད།
ནང་ཆོས་ཀྱིས་བོད་ཕུང་སྟངས་ནི་ཨོ་ཉི་ལྟ་བུ་ནང་ཆོས་ཀྱིས་རྒྱུད་ཐུལ་བའི་འབྲས་བུར་སེམས་ཅན་ཐམས་ཅད་ལས་བོད་ཟེར་བ་ཅི་གང་མ་རེད། རྒྱ་མིའི་ཁྲིམས་ཁུར་ནས་སྡོད། ཁུ་སིམ་མེར་སྡོད། མི་རིགས་ཟེར་བ་གལ་ཆེན་མ་རེད། སྐྱེ་བ་ཕྱི་མ་གལ་ཆེ་གི་རེད་ཟེར་བ་འདི་འདྲ་ལས་ལྷག་པ་ནང་ཆོས་ཐོ་བའི་གཟུགས་ཀྱིས་བོད་ལ་གནོད་སྐྱེལ་སྟངས་ག་ལ་ཡོད། ནང་ཆོས་ཀྱིས་བོད་ལ་ཕན་སྟངས་ཁྱེད་ལྟར་ཡིན་སྲིད། བོད་ཀྱིས་ཀྱང་ནང་ཆོས་ལ་ཕན་བཏགས་པ་མི་ཉུང་སྟེ། རིག་པའི་འབྱུང་གནས་རྒྱ་གར་ནས་འཕོང་ཕྱིས་པའི་རྡོ་བཞིན་དོར་བའི་ནང་ཆོས་དེ་བོད་པས་གསོས་ཏེ་སྲོག་འབྱིན་པས་མ་ཚད། ད་ལྟ་འཛམ་གླིང་གང་སར་མགོ་འཕངས་མཐོ་ནས་འགྲོ་བ་དང་། བླ་མ་གྲྭ་པ་མང་པོ་ཞིག་གི་བྲོད་ཁོག་རྒྱོང་གི་ཡོད་པའང་བོད་པའི་དྲིན་རེད།
བོད་དང་རྒྱ་ཞེས་སོ་སོར་གཅོད་འདོད་མེད་ལ། ཤར་དང་ནུབ་ཅེས་ཁ་ཁ་ཕྱེ་འདོད་མེད། ཡིན་ན་ཡང་ལེགས་ཉེས་གཉིས་རང་གི་གང་ཤེས་བཤད་འདོད་པ་དེ་ཡིན། ངའི་ངོར་དག་པ་ཡོད་ཚོད་ཁྱོད་ལ་ཡང་དག་ཡིན་པས་ཁྱབ་པ་མེད་པས། ངས་བཤད་ཚད་ཁྱེད་ཅག་གིས་བྱ་དགོས་པའི་བསྐུལ་མ་ནམ་ཡང་མེད། ངས་རྒྱ་ནག་ལ་ལྟ་སྟངས་རྡུག་ཆགས་དང་། བོད་ལ་ཡག་པོ་འཛིན་དགོས་པ་ཞིག་གང་ཡང་མཐོང་གི་མི་འདུག ད་ལྟ་རྒྱ་ནག་གིས་གཉའ་གནོན་དང་། རིག་གཞུང་ཉམ་རྒུད་བཏང་བ་མཐའ་དག་བོད་པ་ཚོས་ཉོ་བཞིན་པ་རེད། རྒྱ་ནག་གི་འདོད་རྔམ་དང་། ཧམ་སེམས་ནི་གནའ་བོའི་དུས་ཀྱི་དབྱིན་ཇི་དང་། འཇར་མན། ར་ཤི་ཡ་དང་། ཨ་རི་ནང་བཞིན་རེད། ཁོ་ཚོས་བོད་ཙམ་དུ་འཇིག་རྟེན་གོང་བུ་ཚང་མ་བཟུང་དྲན་ནས་བསྡད་ཡོད་པ་དང་། མི་རིང་བར་སུམ་གཉིས་སའི་འཁོར་ལོ་དབང་བསྒྱུར་ངེས་རེད། ནུབ་ཕྱོགས་ཀྱི་བཟོ་གྲྭ་དང་། གནམ་ཐང་། ཚོང་ལས་ཆེ་ཁག་ཕལ་ཆེ་བའི་ནང་ནས་བརྒྱ་ཆ་འགའ་ཞིག་རྒྱ་ནག་གི་ལག་འོག་ཏུ་ཤོར་ཚར་བ་རེད། ད་ལྟ་བོད་པ་ཚོས་རང་ས་ན་འདུག་སྟེ། རང་གི་ལུས་ངག་ཡིད་གསུམ་བདག་པོ་རྒྱགས་ཏེ། བོད་ནང་ཡོད་པའི་བོད་པ་ཚོ་འདུག་བཟོ་བདེ་བ་དང་། འགྲོ་བཟོ་བདེ་བ། དཔལ་འབྱོར་འདུ་འགོད་བདེ་བ། ཆོས་ལུགས་བྱེད་སྒོ་བདེ་བ་ཞིག་བྱུང་སོང་ན་དེ་ཙམ་གྱིས་འགྲིགས་པ་རེད། འདི་དག་ཚང་མ་བོད་ཀྱི་ཆོས་ལུགས་པ་ཚད་ལྡན་ཚོའི་རེ་འབོད་དང་། གཞེན་བསྐུལ་རེད།
རེད། རྒྱ་དགའ་བླ་མ་ཡིན་ན་རྒྱ་ནག་གཞུང་གིས་རང་དབང་ཏོག་ཙམ་སྤྲད་ཚོད་རེད། དེར་བརྟེན་ཨོ་ཉིའི་སྐྱེས་དམན་གྱི་ཨ་ཁུ་བླ་མ་ཡང་དེ་འདྲ་ཞིག་སོང་ཨོ་ཉིས་དེ་ལྟར་བཤད་པ་ཡིན་ཚོད་རེད། སྤྱིར་ཆོས་ཕྱོགས་བྱེད་སྒོ་མང་པོ་ཞིག་གཞུང་ལ་ལྟོས་དགོས་པ་འཛམ་གླིང་རྒྱལ་ཁབ་ཕལ་ཆེར་བ་འདྲ་ཡང་། མི་འདྲ་ས་རྒྱ་ནག་ནང་མི་ཆོག་པ་དང་གཞན་ལ་ཆོག་པ་རེད།
ཁ་གསལ་ཐོགས། “ད་ལྟ་བོད་པ་ཚོས་རང་ས་ན་འདུག་སྟེ། རང་གི་ལུས་ངག་ཡིད་གསུམ་བདག་པོ་རྒྱགས་ཏེ། བོད་ནང་ཡོད་པའི་བོད་པ་ཚོ་འདུག་བཟོ་བདེ་བ་དང་། འགྲོ་བཟོ་བདེ་བ། དཔལ་འབྱོར་འདུ་འགོད་བདེ་བ།” འདི་མ་བདེ་སུས་བཟོ་གི་འདུག ལན་སྤྲོད་རོགས།
དེ་རིང་ཨོ་ཉིས་བཤད་པ་ཕལ་ཆེར་ལ་རྒྱབ་སྐྱོར་ཞུ་གི་ཡིན།
རེད། ང་ཚོ་སྐད་ཆ་གང་ཡང་བཤད་དུས་གཞི་འཛིན་ས་གཅིག་ཡོད་དགོས། དཔེར་ན་བོད་པ་ནང་ཁུལ་སྐད་ཆ་བཤད་སྟངས། བོད་པ་དང་བཟང་འབྲེལ་ཡོད་མཁན་ཚོར་ཤོད་སྟངས། ཡང་ཁ་བཏད་རྒྱ་མི་ལ་བཤད་སྟངས་བཅས་སོ་སོར་ཡོད་པ་ལས། ད་ལྟ་འདིར་ཁ་བརྡའི་ནང་བོད་པ་ནང་ཁུལ་གྱི་སྐད་ཆ་ཤོད་སྟངས་ཤིག་ཡོད་རེད། དེ་ལ་བསམ་ཚུལ་མི་མཐུན་པ་ཡོད་ངེས་ནའང་། ང་ཚོ་ཟེར་དུས་བོད་པར་གོ་བ་སོགས་མཐུན་ཕྱོགས་ཀྱི་གོ་སྟངས་ཇི་སྙེད་ཅིག་ཡོད་མོད། ཁྱོད་མཉམ་དུ་སྐད་ཆ་ཤོད་དུས་ཁྱོད་རང་བོད་པ་མིན་པ་ཞིག་ལྟ་བུའི་ཚོར་སྣང་དང་ངེད་ཅག་ནང་ཁུལ་གྱི་སྐད་ཆ་ཤོད་པའི་སྒྲོམ་ཞིག་འགྲོ་གི་འདུག་པས་བྱ་ཐབས་ཟད། དེའི་ཕྱིར་ནང་ཆོས་བོད་ཕུང་མཁན་རེད་ཟེར་བ་དེ་རང་རེད། ཨོ་ཉི་བོད་པ་ནས་རྒྱ་མིར་གྱུར་ཟིན་པ་འདི་ལས་དན་རྟགས་ཆེ་བ་ག་ན་ཡོད།
ནང་ཆོས་ཀྱིས་བོད་ཕུང་སོང་ན་བོད་ཀྱི་རིག་གཞུང་གིས་བོད་ཕུང་སོང་བ་རེད།
ང་རྒྱ་རེད་ཟེར་ན་སྡུག་རྒྱུ་ཞིག་དང། ང་བོད་པ་རེད་ཅེས་བཤད་ན་དགའ་དགོས་དོན་གང་ཡང་མེད་མོད། གང་ལྟར་ཡང་ཚད་ཐིགས་ལས་འདས་པའི་གཏམ་གྱིས་ཁུངས་སྐྱེལ་མི་ཐུབ་པ་དང། རྩ་ཁྲིམས་དང་འགལ་བའི་རྒྱ་བོད་སུ་ཡིན་ཡང་དུས་ནམ་ཞིག་ན་ཕམ་ངེས་སོ།
ཨོ་རྒྱན་ཉི་མས་བོད་ནང་ལ་ཆོད་དད་རང་མོས་ཡོད་པ་རེད་ཟེར་བ་ནི་སྨྱོ་སྐད་རང་རེད། ང་དེ་སྔོན་ལོ་ཉི་ཤུ་ལྷག་གི་རིང་ལ་བོད་ནང་ནས་འཚོ་བ་བསྐྱལ་བ་ཡིན་ཡང་ཆོས་དད་རང་དབང་ཡོད་པ་ཞིག་མཐོང་མ་སོང་ལ་མྱོང་མ་སོང་། དཔེར་ན་བོད་ནང་དུ་དགོན་པ་ཞིག་བཞེངས་དགོས་ན་སྔོན་མའི་དགོན་པ་ཞིག་གི་མིང་ཐོག་ནས་བསྐྱར་གསོ་བྱེད་པ་ལས། དགོན་པ་གསར་པ་གཅིག་ཀྱང་བཞེངས་ཆོག་གི་མ་རེད། བཤད་སྒྲུབ་ཀྱི་འདུས་སྡེ་ཞིག་བཞེངས་དགོས་ན་རེད། དབང་ལུང་ཁྲིད་ཞིག་གནང་དགོས་ན་རེད། སྒྲུབ་མཆོད་ཆེན་པོ་ཞིག་ཚོགས་དགོས་ན་རེད། མདོར་ན་ཆོས་ཀྱི་བྱེད་སྒོ་ཅི་ཞིག་སྤེལ་དགོས་ཀྱང་གོང་རིམ་ནས་ཆོག་མཆན་ཞུ་དགོས་ཀྱི་རེད་ལ། ད་དུང་ཆོག་མཆན་ཞུས་ནས་ཐོབ་པ་ཡང་ཉུང་ཉུང་ཡིན་པ་མ་ཟད། ཐོབ་ན་ཡང་དེས་རྐྱེན་པའི་གནས་ཚུལ་ལྷག་པ་འགན་ཡོངས་རྫོགས་དགོན་པ་དང་འབྲེལ་ཡོད་ནས་ཁུར་དགོས་པ་སོགས་འཇིགས་སྐུལ་མང་དག་ཞིག་བྱེད་ཀྱི་རེད། ཡང་ཨོ་ཉིས་”དགོན་པར་གྲྭ་པ་རྩ་བ་ནས་སྡད་མི་ཆོག་པ་བཟོས་སོང་ཟེར་བ་གཤོབ་རེད་ཟེར”དེ་འདྲ་བཤད་མཁན་ཞིག་སུ་འདུག ངས་ནི་དེ་འདྲ་བཤད་མཁན་ཞིག་གཏན་ནས་མཐོངས་མ་སོང་བས་ཨོ་རྒྱན་ཉི་མའི་དག་སྣང་ལ་གཟིགས་པ་མིན་ནམ། ལོ་བཅོ་བརྒྱད་མན་ཆད་གྲྭ་པར་བཞག་མི་ཆོག་པའི་སྲིད་ཇུས་ལག་ལྟར་བྱེད་བཞིན་པ་ནི་དངོས་ཡོད་རེད། འདི་ནི་ལྟག་ཆུ་ཆད་པའི་རྫིངས་བུ་བཞིན་དུ་རིམ་པར་དགོན་པ་རྣམས་རྩ་མེད་བཟོ་རྒྱུའི་གཡོ་བྱུས་གནག་པོ་ཞིག་ཡིན་པ་བསམ་ཡོད་སུས་བལྟས་ཀྱང་མཐོང་ཐུབ་པ་ཞིག་རེད་ལ། གྲྭ་པ་རྩ་བ་ནས་སྡད་མི་ཆོག་ཞེས་བཤད་པ་དང་གནོད་སྐྱོན་གྱི་ཆ་ནས་ཁྱད་པར་ཅི་ཡང་མེད་པ་གསལ་པོ་རེད།
ད་དུང་”ཐོས་བསམ་སྒོམས་གསུམ་དང་། བཤད་སྒྲུབ་ལས་གསུམ། འཆད་རྩོད་རྩོམ་གསུམ་རྩ་བ་ནས་བྱེད་ཆོག་གི་མེད་ཟེར་བའང་གཡོ་སྒྱུ་རེད”ཅེས་སུས་ཀྱང་བཤད་མ་མྱོང་བའི་སྐད་ཆ་ཁ་ཤས་དྲངས་ནས་དགག་ཁུལ་བྱེད་པ་ཡང་སྐབས་འཚོལ་བའི་བྱེད་སྟངས་མིན་ན་སྨྱོ་སྐད་ལས་ཅི། གཞན་ཡང་”ཆབ་སྲིད་ཞེས་པ་དེ་ཆོས་པ་དང་གྲྭ་བཙུན་ཚོའི་བྱ་བ་ཞིག་མ་རེད་ཟེར” ཆོས་རྣམ་དག་སྒྲུབ་མཁན་ཞིག་ཡིན་ན་སྐད་ཆ་དེ་བདེན་ཡང་། ཁྱེད་རང་གིས་རྟག་ཏུ་བཤད་པ་བཞིན་སྐྱ་མིན་སེར་མིན་གྱི་ཕུང་གསུམ་པ་དེ་འདྲ་ཞིག་བྱེད་པ་ལས། བོད་མི་རིག་གཞུང་དང་བཅས་པ་གཉན་འཕྲང་གི་སྐབས་འདིར་འདི་དག་ལ་ཕན་པའི་སྲིད་དོན་པ་ཞིག་བྱས་ན་བཟང་བ་ལས་སྡུག་དོན་མི་འདུག
Ndtvནང་བོད་དོན་སྐོར་སྟོན གི་འདུག
བོད་ཕྱི་ནང་གི་རྒྱ་བླ་མང་དག་ཅིག་འདི་འདྲ་རེད། ཁོང་ཚོར་རྒྱ་མོ་སྦྱིན་བདག་ཁ་ཤས་རག་སོང་ན་མི་རིགས་དང་རྒྱལ་ཁབ་བརྗེད་འགྲོ་ཡི་རེད་ལ། མཐའ་ན་མི་རིགས་དང་རྒྱལ་ཁབ་ཚོང་རྫས་བྱེད་རྒྱུ་ལ་ཡང་ཐེ་ཚོམ་མེད་པ་ཆགས་འགྲོ་ཡི་རེད། ཁོང་ཚོའི་བྱམས་སྙིང་རྗེ་དང་བཏང་སྙོམས་ཀྱི་ལྟ་བ་འདི་དག་ནི་རང་མཚང་འགེབས་བྱེད་ཀྱི་ལག་ཆ་ཡག་ཤོས་དེ་རེད། སྤྱི་ཚོགས་རྙིང་པའི་དུས་སུ་བོད་ནང་ལ་ཡང་ལག་ཆ་འདི་ཚོ་ལ་བརྟན་ནས་མི་མང་མགོ་བསྐོར་བཏང་ནས་སྒེར་དོན་སྒྲུབ་པའི་ལོ་རྒྱུས་མང་པོ་རེད་ལ། བོད་གངས་ཅན་པ་ཞེས་པའི་ལོ་རྒྱུས་ལྡན་པའི་རྒྱལ་ཁབ་དེ་ཡང་བསྐྱལ་བ་རེད། ངོ་མ་འདས་དང་ད་ལྟའི་གནས་ཚུལ་འདི་ཚོ་མཐོང་ཡོང་སྐབས་ཆོས་ཀྱིས་བོད་ཕུང་བར་བཤད་མཁན་གྱི་རྩོམ་པ་པོ་དེ་དག་ལ་བདེན་ཁ་ཅུང་ཟད་རེ་སྟེར་འདོད་སྐྱེ་ཡོང་གི་འདུག
ད་རེས་ཨོ་ཉིས་དངོས་ཡོད་སྐད་ཆ་ཡག་པོ་བཤད་སོང་རྒྱབ་སྐྱོར་ཡོད་། གཏན་ལ་འདྲ་ཡོད་འདྲེས་དགོས་ཐུག་གི་རེད་། དགེ་ལུགས་པ་ཚོས་ཨོ་ཉིའི་གཏམ་ལས་ལེགས་ཆ་ལེན་རོགས། གོང་ས་མཆོག་གིས་ཀྱང་ཨོ་ཉིའི་གཏམ་དེར་སློབ་སྦྱོང་བྱེད་འོས།
དགེ་ལུགས་པས་ཆབ་སྲིད་ལ་དོ་སྣང་ཆེན་པོ་བྱེད་པའི་ཉེར་ལེན་གྱིས་བོད་རྩ་དོན་ཐོག་ལ་ལས་འགུལ་སྤེལ་མཁན་མང་ཆེ་བ་དགེ་ལུགས་པར་གྒུར་པ་རེད། སྤྱིར་བཏང་ནོར་འཁྲུལ་ཤོར་ཡོད་པ་དེ་འདྲ་ཡང་ཡོད། འོན་ཀྱང་། ནོར་འཁྲུལ་སོང་བ་དེ། སེམས་ཤུགས་ཀྱིས་ལས་འགུལ་བརྩམས་ནས་ནོར་འཁྲུལ་ཤོར་བ་ཞིག་ཡིན་གྱི། གོ་མེད་ཚོར་མེད་དང་འགན་ཁུར་མེད་པར་བསྡད་ན་གྲུབ་འབྲས་དང་ནོར་འཁྲུལ་གང་ཡང་ཡོང་རྒྱུ་མེད།
བོད་ཁམས་ཉི་མ་ལགས། ཐུགས་སེམས་ཐང་ཐང་ཡོད་པེ??
བོད་པ་ཞིག་ཡིན་ན་དགེ་ལུགས་པ་ལ་དགའ་འོས་པ་རེད། གཞན་པ་དང་ཁྱད་པར་རྙིང་པ་ཚོ་སྦྱིན་བདག་ཁ་ཤས་རགས་སོང་ན་སེམས་ཅན་ཐམས་ཅད་ཟེར་གིན་བོད་པ་སེམས་ཅན་ནས་ཕུད་འགྲོ་གི་རེད།
ངས་རྒྱ་བོད་གཉིས་ཕྱོགས་ཀྱི་ཚིག་ལ་བལྟས་ཏེ་འཛིན་པ་ལས། བོད་ཀྱི་བཤད་ཚད་བདེན་པ་དང་། རྒྱ་མའི་བཤད་ཚད་རྫུན་མ་རུ་འཛིན་ཐུབ་ཀྱིན་མེད། གང་ཡིན་ཟེར་ན་བོད་པས་བཤད་ཚད་བདེན་པ་མ་རེད་ལ། རྒྱ་ནག་གིས་བཤད་ཚད་རྫུན་མ་མ་རེད། བོད་ནས་བསླེབ་མཁན་འགའ་ཞིག་གིས་ཤེས་བཞིན་དུ་སྐྱོན་མེད་ལ་སྐྱོན་འཛུགས་བྱེད་བཞིན་པ་དང་། བཙན་བྱོལ་དུ་འཚར་ལོངས་བྱུང་བ་ཚོས་བོད་ཀྱི་གནས་སྟངས་མ་ཤེས་ནས། རྒྱ་ནག་ལ་ནག་ཉེས་འགེལ་བཞིན་པ་རེད། རྒྱ་ནག་གིས་བོད་ཀྱི་རིག་དངོས་སྲུང་སྐྱོབ་དང་། དགོན་སྡེ་ཉམས་གསོ་མང་པོ་བྱེད་བཞིན་པ་རེད། ཡིན་ན་ཡང་ཁོ་ཚོའི་དམིགས་ཡུལ་མཐར་ཐུག་བོད་ཀྱི་སྐད་ཡིག་དེ་བོད་ཀྱི་གཞོན་སྐྱེས་ཚོའི་ངག་ལ་མེད་པ་དང་། བོད་ཀྱི་རིག་གཞུང་ཞེས་པ་དེ་བོད་མིའི་སེམས་ལ་མེད་པ་ཞིག་བྱ་འདོད་ཀྱི་ཀུན་སློང་དེ་ཡོད་ཡོད་པ་རེད། དེ་ནི་རྒྱ་ནག་གཅིག་པུ་མ་རེད། ནུབ་ཕྱོགས་སུ་དེ་འདྲ་མང་པོ་བྱུང་བ་རེད། དཔེར་ན་དབྱིན་ཇིས་སི་ཀོ་ཊི་ཤི་དང་། ཝེལ་ཤིའི་སྐད་ཡིག་ཉམ་རྒུད་དུ་བཏང་བ་ནང་བཞིན་རེད། རྒྱ་ནག་གི་རང་གི་སྐད་ཡིག་གི་ཆེད་དུ་ཅིར་ཡང་བྱེད་སྲིད་ལ། གང་ལ་མི་འཇིགས་པ་དེ་ཡང་དངོས་འབྲེལ་རེད། དེ་ཕྱིར་བོད་པ་ཚོ་ངོ་མ་དེ་འདྲའི་ངར་བོ་ཞིག་དང་། རང་ལུགས་ཡོད་མཁན་ཞིག་ཡིན་ན་རྒྱ་ནག་གི་སློབ་གྲྭ་ནང་ནས་ཚང་མ་ཐོན་ཏེ། རང་ཡུལ་ལུང་པར་སྡོད། སྔོན་མ་ནང་བཞིན་རོང་འབྲོག་གི་འཚོ་བ་རོལ་ཐུབ་དགོས་པ་རེད། དེ་ལྟར་བྱུང་ན་མེ་སྲེག་གཏོང་མི་དགོས་པར་དུས་ནམ་ཞིག་ན་རང་དབང་ཞིག་རག་པ་དང་། རང་གི་སྐད་ཡིག་བཤད་ཐུབ་པ་དང་། རང་གི་རིག་གཞུང་རྒྱག་ཐུབ་པ་ཞིག་ཆགས་ངེས་རེད། དེ་མིན་རྒྱ་ཟས་ཟ་དགོས། རྒྱ་གོས་གོན་དགོས་ལ། རྒྱ་མིའི་ལས་དཀའ་ལ་མི་མོས་ཟེར་བ་ནི་འཁྲེལ་མེད་ཅིག་གི་གཏམ་ལས་མ་མཐང་ངོ་། །ཡང་ན་རྒྱ་ཟས་ཟ་རྒྱུ་བསྐྱུར། ཡང་ན་ལས་དཀའ་ལོས། ང་ལ་རྒྱ་བོད་གཉིས་གང་བསྡམ་ཞེས་དྲིས་ན་ངས་བོད་བསྡམ་སྲིད་ཀྱང་། ངས་རྒྱ་ལ་སྡང་དགོས་དོན་གང་ཡང་མེད། སྡང་ནས་ཕན་ཐོགས་མེད་པ་རེད། ཕྱོགས་གཅིག་ནས་བསམ་བློ་བཏང་ན་རྒྱ་སེམས་ཅན་རེད། དེ་ལས་ཉེ་ས་ནས་རྒྱ་རིགས་ཕལ་ཆེ་བ་ནང་པ་རེད། དེ་ལས་ཀྱང་འབྲེལ་བ་ཁྱད་པར་ཅན་ཞིག་བཤད་ན་རྒྱ་ནག་དང་བོད་གཉིས་གཉེན་མཚན་གྱི་འབྲེལ་བྱུང་མྱོང་ཡོད་པ་དང་། སྔོན་འདས་པའི་བྱུང་རིམ་ལོ་ཁྲི་ཕྲག་གི་གོང་རོལ་ནས་བཤད་ན་རྒྱ་བོད་གཉིས་མི་རིགས་གཅིག་ཡིན་པ་ཡང་མགྲིན་པ་བཏེགས་ཏེ་སྨྲ་བར་སྤོབས། རྒྱ་ནག་གིས་བོད་ཟོས་སོང་བ་བདེན་པ་རེད། དེ་ནི་བོད་པ་རང་གིས་མ་འཇོན་པ་རེད། སྔོན་མ་སྟོབས་ཆེ་བའི་རང་བཙན་གྱི་རྒྱལ་ཁབ་དང་། རྒྱ་ནག་གོང་མ་ཡང་འཇིགས་ས་ཞིག་ཡིན་པ་དངོས་འབྲེལ་རེད། བོད་ཀྱི་རྒྱལ་རབས་ཙམ་དུ་མ་ཟད། རྒྱ་ནག་རང་གི་རྒྱལ་རབས་ཁག་ཏུ་ཡང་ཡོད་ཚོད་རེད།
རང་གི་རིག་གཞུང་༼བདག་པོ་༽རྒྱག་ཐུབ་པ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ནོར་བཅོས།
དགེ་ལྡན་པའི་གྲྭ་བ་དེ་ཚོ་དང་འགྲོགས་ཏེ་སོང་ན། རང་བཞིན་གྱིས་སེམས་ཤུགས་འཕར་བ་དང་། སྤྱི་དོན་དང་། སྤྱི་ཚོགས་ཞབས་འདེགས་ཞུས་པ་མི་ཞུམ་པའི་སྤོབས་པ་ཞིག་སྟེར་བ་ནི། ཁོང་རྣམ་པའི་ཁྱད་ཆོས་ཤིག་རེད། མི་གསོན་པོ་ཞིག་དང་། འཇོན་པོ་ཞིག ད་དུང་ཤེས་ཡོན་པ་ཞིག་བྱ་འདོན་ན་དགེ་ལྡན་པའི་ནང་དུ་སོང་། གང་ཡང་གཏད་སོ་མེད་པའི་ནུས་མེད་ཅིག་དང་། ཉོབ་ཏོ་ཞིག དཔལ་འབྱོར་མ་གཏོགས་སེམས་ལ་མེད་མཁན་ཞིག་ཆགས་དྲན་ན། བཙན་བྱོལ་དུ་ཡོད་པའི་ཆོས་བརྒྱུད་གཞན་པའི་རྗེས་སུ་སོང་། ཆོས་པ་རྣམ་དག་ཅིག་དང་། ཆོས་ལ་མཁས་པ་ཞིག་དང་། ད་དུང་རྒྱུད་ཞི་ཞིང་དུལ་བ་ཞིག་བྱ་འདོད་ན་བོད་ལ་སོང་། གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གྲྭ་ལ་སོང་། ཧཧཧཧཧཧཧཧཧཧཧཧ
ད་ཨོ་ཉི་སྨྱོན་པ་དང་བཤད་མ་བཤད་མི་འདུག སྨྱོན་པ་དང་རྩོད་ན་སྨྱོན་པ་རེད། གང་ལྟར་སྐྱེས་དམན་ཚང་ངོ་བསྲུང་ཕྱིར་བོད་ཚོང་བ་ནི་ངོ་ཚ་པོ་རེད།
ངས་བྱ་བ་གང་ཡིན་ཡང་རང་གིས་རང་ཐག་གཅོད་པ་ལས། མི་གཞན་ལ་ལྟོས་མ་མྱོང་ལ། ད་ལྟ་ཡང་ང་རང་གིས་གང་དྲན་བཤད་བཞིན་ཡོད། གཞུག་ནས་ཀྱང་དེ་ལྟར་རོ། །
ཕྱོགས་གཅིག་ནས་བསམ་བློ་བཏང་བ་ཡིན་ན། རྒྱ་ནག་ཇི་ལྟར་སྟོབས་ཤུགས་ཆེ་རུང་། དཔལ་དང་འབྱོར་བ་ཇི་ལྟར་ཆེ་རུང་། འགྲོ་བ་མིའི་ལུས་རྟེན་བདུན་ཅུ་མེ་ནང་དུ་གཞོབ་ཀྱང་། ད་དུང་རྒྱལ་སྤྱིའི་གསར་འགོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་ཚོས་མངོན་གྱུར་གྱིས་བགྲོ་བ་དང་། ཁྱབ་བསྒྲགས་གང་ཡང་མེད་པ་དེ་བསམ་བློ་གཏོང་དགོས་ངེས་ཤིག་རེད། བོད་པ་ཚོ་དབུ་མའི་ལམ་ལས་ཕྱི་རོལ་ཏུ་ལུད་སོང་བས་ཡིན་ནམ། བོད་པ་རྣམས་བྱ་བྱེད་མང་དྲགས་པ་ཡིན་ནམ། བོད་པའི་མི་ཤི་བ་དང་། མི་རིགས་གཞན་པའི་ཁྱི་ཤི་བ་གཉིས་ལས། ད་དུང་ཁྱི་ཤི་བ་སྐད་གྲགས་ཆེ་བ་རྒྱུ་མཚན་གང་རེད།
ཨོ་ཉི་ཁྱེད་རང་གི་སྐད་ཆ་དེ་ཚོ་ངའི་གནའ་སྔ་མོ་ནས་གོ་་མྱོང་། དེ་ཚོ་བཀའ་རྙིང་གི་བླ་གྲྭ་ཚོའི་བཤད་སྲོལ་རེད། ཁྱེད་རང་ལྟར་ན་རྔ་ཀིརྟི་དགོན་པར་ཆོས་དད་རང་དབང་ཡོད་ཟེར་རམ། དེར་གྲྭ་བ་སྟོང་ཁྲག་གཉིས་ལྷག་ཡོད་ཟེར། གལ་སྲིད་ཆོས་དད་རང་དབང་ཡོད་རེད་ཟེར་ན་རང་བསྲེགས་ངོ་རྒོལ་མང་ཆེ་བ་ཀིརྟི་དགོན་ནས་རེད། དོན་ངོ་མར་མིང་དོན་མཚུངས་པའི་ཆོས་དད་རང་དབང་མེད་པ་རྟགས་གསལ་པོ་རེད། དེར་བརྟེན་རང་ལུས་མེར་བསྲེགས་ཡང་ནས་ཡང་དུ་ཡོང་བའི་རྒྱུ་མཚན་དེ་འདྲ་རེད། རང་ལུས་མེར་བསྲེགས་དེ་ཡང་དགེ་ལུགས་གཅིག་པུ་མ་རེད། གཅིག་ཆབ་མདོ་ཀརྨ་དགོན་ནས་རེད། རྫ་སྟོད་ཁུལ་ནས་ཁ་ཤས་འདུག་ཁོང་ཚོ་ཡང་དགེ་ལུགས་ཡིན་གྱི་མ་རེད། ་སྤྱིར་བཏང་ཆབ་སྲིད་ནང་གཅིག་གི་གཅིག་ལ་སྐྱོན་འཛུགས་བྱེད་རེས་འཛམ་གླིང་གང་སར་གཅིག་་མཚུངས་རེད། དཔེར་ན་ང་ཚོ་བོད་ནས་གསར་དུ་བྲོས་བྱོལ་ཡོང་མཁན་ཚོར་ཡང་རྒྱ་མིས་གནར་གཅོད་སོགས་ངན་དགུས་བྱས་ནས། ཁོང་ཚོ་བོད་ལ་འདུག་མ་ཐུབ་པར་རྒྱ་གར་དུ་བཙན་བྱོལ་ཡོང་བ་རེད་ཅེས་འགྲེལ་བཤད་རྒྱབ་ཀྱི་ཡོད། དོན་ལ་དེའི་ནང་རིགས་འདྲ་མིན་མང་པོ་ཡོད། ཁ་ཅིག་མི་བསད་ནས་བྲོས་ཡོང་བ། དགའ་ཤས་རྐུ་རྒྱབ་ནས་བྲོས་ཡོང་བ། ཡང་དགའ་ཤས་རང་ཁ་གསོ་མ་ཐུབ་ནས་སླེབས་ཡོང་བ། རེ་ཟུང་རྒྱ་གར་ནང་སྐྱིད་པོ་ཡོད་རེད་བསམ་ནས་ཡོང་བ། རིགས་གཅིག་ཕྱི་རྒྱལ་དུ་འགྲོ་དགོས་བསམ་ནས་ཡོང་བ། དགའ་ཤས་༧ གོང་ས་མཆོག་དང་དེ་མིན་སོ་སོའི་རྩ་བའི་བླ་མ་མཇལ་དུ་ཡོང་བ་དང་སློབ་གཉེར་ལ་་ཡོང་མཁན་སོགས་འདྲ་མིན་་ཡོད། གང་ལྟར་ཆབ་སྲིད་འགྲོ་སྟངས་ཁ་ཁ་རེད།
ཁ་རྒྱུན་ལ། སྨྱོན་པ་སྨྱོ་བ་མ་ཡིན་སྨྱོན་པའི་ཁ་ཡ་སྨྱོ་བ་ཡིན་ཟེར་སྲོལ་ཡོད་པ་རེད། བྱས་ཙང་དྲ་མཆན་པ་ཚོས་སྤྲུལ་ལོག་ཨོ་ཉི་སྨྱོ་ལབ་རྒྱག་རུ་བཅུགས་པ་རེད། ཧ་ཧ་ཧ་ཧ་ཧ་ཧ།
སྐད་ཆ་ལ་གནས་ལུགས་དགོས་པ་ལས་ཨུ་ཚུག་འགྲོ་ས་མེད། ཨ་ཚུག་ཅན་ནི་ནམ་ཡང་ཁེར་རྐྱང་ལྷག་རྒྱུ་ལས་མེད། དེ་ཨོ་ཉིས་ཤེས་པར་གྱིས། མི་རང་ཚུག་ཅན་ཟེར་བ་ཡང་གནས་ལུགས་ཡོད་པའི་ལས་ཀ་རྟན་པོ་བྱེད་མཁན་ཞིག་ལ་ཟེར་བ་ལས་གནས་ལུགས་མེད་པའི་ཨུ་ཚུག་ནག་རྡུང་མཁན་་ཞིག་ལ་ཟེར་བ་མ་རེད། རྒྱ་ནག་དམིག་ཡུལ་མཐར་ཐུག་དེ་བོད་པའི་སྐད་ཡིག་དང་རིག་གཞུང་རྩ་མེད་བཟོ་རྒྱུ་དེ་ཡིན་པ་ཁྱེད་རང་གིས་ཁས་བླང་འདུག་ན། གནས་སྐབས་རིག་དངོས་སྲུང་སྐྱོབ་དང་དགོན་སྡེ་ཉམ་གསོ་བྱེད་པ་ནི་ཉ་བསོད་ཆེད་ལྕགས་ཀྱུའི་རྩེ་མོར་ཟས་བཀོན་པ་དང་མཚུངས་པས་དེ་ལ་བསམ་ཡོད་སུས་ཀྱང་དགའ་བསུ་ཞུ་མི་སྲིད། བོད་པས་བཤད་ཚད་བདེན་པ་དང་རྒྱ་ནག་གིས་བཤད་ཚད་རྫུན་པ་མིན་ན་ཡང་། བོད་པའི་སྐད་ཆ་བརྒྱ་ཆ་བདུན་བཅུ་བརྒྱད་བཅུ་བདེན་པ་དང་། རྒྱ་ནག་གཞུང་གི་སྐད་ཆ་བརྒྱ་ཆ་བདུན་བཅུ་བརྒྱད་བཅུ་རྫུན་པ་ཡིན་པ་དཔང་རྟགས་གཞན་གང་ཡང་མི་དགོས་པར་རྒྱ་བོད་གཉིས་ཕྱོགས་ཀྱི་གསར་འགྱུར་རྒྱུད་ལམ་ལ་དོ་སྣང་བྱེད་མཁན་ཞིག་ཡིན་ན་གསལ་པོ་ཤེས་ཡོང་། སྐད་ཡིག་དང་རིག་གཞུང་རྩ་མེད་བཟོ་བའི་སྲིད་ཇུས་དེ་རྒྱ་ནག་ཅིག་པུ་མིན་པར་ནུབ་ཕྱོགས་ལ་ཡང་བྱུང་ཡོད་པར་བཤད་སྟེ་རྒྱ་ནག་སྐྱོན་མེད་ཡིན་པ་སྒྲུབ་ཁུལ་བྱེད་ཀྱི་འདུག་ཀྱང་། དེ་ནི་རྒྱ་ནག་ཅིག་པུའི་ནང་བྱུང་ན་སྐྱོན་ཅན་དང་རྒྱལ་སྤྱིའི་ནང་བྱུང་ན་སྐྱོན་མེད་ཀྱི་སྐད་ཆ་མེད་པར་གང་དུ་བྱུང་ཡང་སྐྱོན་ཁོ་ན་རེད། རྒྱ་ནག་རང་གི་སྐད་ཡིག་ཆེད་དུ་ཅི་ཡང་བྱེད་སྲིད་པ་དང་གང་ལ་མི་འཇིགས་པ་སོགས་རྒྱ་ནག་ལ་བསྟོད་པ་མཐེན་ཁུལ་བྱས་འདུག་ཀྱང་། གལ་ཏེ་རྒྱ་ནག་ཡང་བོད་པ་བཞིན་དུ་གདུག་རྩུབ་ཅན་གྱི་རྒྱལ་ཁབ་ཅིག་གི་དབང་བསྒྱུར་འོག་ཡོད་ན་བོད་པ་ལས་ལྷག་པ་བྱེད་ཐུབ་པའི་གདེང་ཚོད་ཅི་ཡོད། བོད་པ་ཚོ་སློབ་གྲྭ་ནས་ཐོན་ཏེ་ཞིང་འབྲོག་གི་འཚོ་བ་ལ་ལོགས་དགོས་པར་བཤད་པ་ནི་ལྐུགས་པའི་བྱ་ཐབས་རེད། བོད་པ་ཚང་མ་ལྐུགས་པར་གྱུར་ན་ཁྱོད་དང་ཁྱོད་ལྟ་བུ་དག་ལ་ཁེ་ཕན་རེ་ཐོབ་ཀྱི་རེད་བསམ་གྱི་འདུག་གམ། རྨི་ལམ་རེད། གཞན་ཡང་”རྒྱ་ཟས་ཟོས་རྒྱ་གོས་གོན་རྒྱ་མིའི་ལས་ཀ་ལ་མི་མོས་ཟེར་ན་ཁྲེལ་མེད་གྱི་གཏམ་རེད”ཅེས་བཤད་པ་ནི་འཆལ་གཏམ་ཙམ་སྟེ། བོད་པ་ཚོ་རང་ཉིད་ཀྱིས་དཀའ་ལས་རྒྱབ་པའི་འབྲས་བུ་ལ་སྤྱོད་པ་ལས་རྒྱ་གཞུང་གིས་སྤྲད་བཞག་པ་ཅི་ཡང་ཡོད་མ་རེད། གལ་ཏེ་ཅུང་ཟད་རེ་ཡོད་ན་ཡང་དེ་དག་དང་། བོད་ནང་ལ་འཛུག་སྐྲུན་གྱི་ཆེད་དུ་འགྲོ་སོང་མང་དག་ཞིག་བཏང་ཡོད་པར་བཤད་པ་དེ་དག་ཐམས་ཅད་བོད་ཀྱི་ཤིང་ནག་དང་གཏེར་ཁ་སོགས་ཐོན་ཁུང་མཐའ་དག་རྒྱ་ནག་ལ་དབོར་འདྲེན་བྱས་པའི་ཆ་ཤས་ཙམ་ཡིན་པ་གསལ་པོ་རེད། ཁྱེད་རང་རྒྱ་ལ་སྡང་དགོས་དོན་མེད་ན་འགྲིག་པ་རེད། བོད་ཀྱི་དགོན་སྡེ་དང་རིག་དངོས་རིན་ཐང་བརྩི་མི་ཤེས་པ་རྒྱ་མིས་རྩ་མེད་བཟོས་པ་དང་། ཕ་མེས་འབུམ་ཕྲག་མང་པོ་གདུག་རྩུབ་དང་མནར་གཅོད་སྣ་ཚོགས་ཀྱི་འོག་ལ་བསད་པ། བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་རྩ་མེད་བཟོ་རྒྱུའི་ཐབས་ལམ་ཡོད་དགུ་མཐེན་པ། དེ་ཡང་དྲག་གནོན་ཁོ་ན་ལས་བཏུན་མཁས་ཅུང་ཟད་ཙམ་མེད་པ་སོགས་ངན་སྤྱོད་སྣ་དགུ་བྱེད་ཀྱི་ཡོད་ཀྱང་། ད་དུང་རྒྱ་ལ་སྡང་དོན་མེད་ཟེར་ན་ཁྱོད་ལྟ་བུའི་ཆོས་མིན་ཆོས་རྫུ་མཁན་གྱི་མདོ་མེད་རེ་ཟུང་ལས་མི་བསམ་ཡོད་སུ་གང་གི་རྣ་ལ་འགྲོ་མི་སྲིད། ད་དུང་རྒྱ་སེམས་ཅན་རེད་ཟེར། འོ་ན་བོད་པ་དེ་ཚོ་སེམས་ཅན་མ་རེད་དམ། སེམས་ཅན་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་རེད། རྒྱ་ལ་དགོས་པ་བཞིན་དུ་བོད་ལ་ཡང་ཅིའི་ཕྱིར་རང་དབང་དང་ཐོབ་ཐང་བདེ་སྐྱིད་ལོང་སྤྱོད་མི་དགོས་པ་རེད། རྒྱ་ནང་པ་ཡིན་ན་ནང་པ་གཅིག་པའི་ངོ་ལ་བལྟས་ནས་ཚུར་བསམ་ཤེས་ཏིལ་འབྲུ་ཙམ་ཡང་བྱེད་ཀྱི་མི་འདུག་ན། ཁོང་ཚོ་དབང་བསྒྱུར་བྱེད་མཁན་གྱིས་བསམ་ཤེས་མ་བྱས་པར་ང་ཚོ་སྡུག་བསྔལ་མྱང་མཁན་གྱིས་ཅིའི་ཕྱིར་བསམ་ཤེས་བྱེད་དགོས་པ་རེད། ད་དུང་”ལོ་ཁྲི་ཕྲག་གི་གོང་ན་རྒྱ་བོད་གཉིས་མི་རིགས་གཅིག་ཡིན་པར”བཤད་འདུག་ཀྱང་། ཕྱི་རྒྱལ་མཁས་པས་རྟག་དཔྱད་བྱས་འབྲས་སུ་བོད་ཀྱི་སྤྱི་ཚོགས་འཕེལ་རིམ་དེ་བོད་རང་གི་ས་ཐོག་ནས་བྱུང་ཡོད་པ་རྒྱལ་ཁབ་གཞན་གང་ནས་ཀྱང་བྱུང་མེད་པ་༧གོང་ས་མཆོག་གིས་ཐེང་མང་གསུངས་འདུག་པས་རྒྱུ་མཚན་གང་ཡང་བཤད་རྒྱུ་མེད་པའི་ཁྱོད་ཀྱི་སྐད་ཆ་ལ་སུས་ཡིད་ཆེས་བྱེད། ཁྱོད་རང་དྲང་པོ་ཡིན་མདོག་བྱས་ཀྱང་དོན་ལ་རྒྱ་ལ་ཕྱོགས་འདུག་པ་ལས་དྲང་པོ་མ་ཡིན་པ་གསལ་པོ་རེད། དེས་ན་ཁྱོད་ལྟ་བུ་ལ་རྒྱ་ཁྱི་ཞེས་འབོད་ན་ངོ་མ་འབོད་འོས་པ་ཞིག་རེད།
འགྲེལ་བབཤད་ཡག་པོ་རྒྱག་འདུག་་་་་་་་་་་་་་་་་་ལོག་འགྲེལ་རྐྱང་རྐྱང་། ཧཧཧ
ཨོ་ཉི་ཁྱེད་རང་ལོག་འགྲེལ་མ་རྒྱབ། ལོག་གཡེམ་མ་བྱེད། ལོག་འཚོ་མ་བསྟེན། ལོག་པའི་བཤེས་གཉེན་མ་བསྟེན། ལོག་ཆོས་མ་བཤད། ལོག་རྩོམ་མ་སྤེལ་རོགས་ཞེས་འབོད་བསྐུལ་ཡིན།
ངས་བཤད་པ་ཚང་མ་བདེན་པ་ཡིན་དྲན་ནས་ཡོད་ལ། ང་ལོག་གཡེམ་ལ་གཏན་ནས་མི་དགའ། ལོག་འཚོ་ཡང་ཕལ་ཆེར་བརྟེན་ཡོད་ས་མེད། བཤེས་གཉེན་གང་དགོས་སྔོན་ནས་བསྟེན་ཚར་བ་ཡིན། ད་གསར་བ་བརྟེན་དགོས་དོན་མི་འདུག ཆོས་ངོ་མ་བཤད་ན་ཡང་ང་རང་ལ་ཆོས་ཀྱི་དོན་དེ་མི་ལྡན་དུས་རྩ་བ་སྐྱིད་པོ་ཞིག་མི་འདུག ལོག་རྩོམ་སྤེལ་ཞེས་པ་དེ་ལ་གོ་བ་བླང་ཐུབ་མ་སོང་། ཧཧཧཧཧཧཧཧ
ཁྱེད་ཀྱིས་བཤད་པ་དེ་ཚོ་རྒྱ་ཕོ་ཞིག་གིས་ཉན་ན་ཁྱེད་ལ་ཆབ་སྲིད་པའི་གོ་རྟོགས་འདུག་བསམ་སྲིད། རྒྱ་མོ་ཞིག་གིས་ཉན་ན་མི་འདི་ནི་རུས་མེད་སྤྲེལ་ལད་ལ་དགའ་མཁན་ཞིག་འདུག་བསམ་སྲིད། ཆོས་པ་ཞིག་གིས་ཉན་ན་འདི་ཆོས་ཁ་ལ་ཁྱེར་ནས་ཁོག་ནང་གི་ཟས་འཚོལ་མཁན་རེད་བསམ་སྲིད། ཆོས་དད་མེད་མཁན་ཞིག་གིས་ཉན་ན་འདིས་སྐད་ཆ་ཚང་མ་ཁ་སྤྲུལ་སྣ་སྤྲུལ་བྱས་ནས་ཤོད་ཀྱི་འདུག་བསམ་སྲིད། གསུངས་གཅིག་ཉིད་དུ་གསུངས་གྱུར་ན། དུ་མ་ཉིད་དུ་སོ་སོར་གོ།
རྒྱ་རིགས་ཕལ་ཆེ་ནང་པ་མིན་ཞིང་བརྒྱ་ཆ་བདུན་བཅུ་ལྷག་ཆོས་མེད་སྨྲ་བ་རེད། དེ་ནི་དངོས་ཡོད་དང་བར་ཐག་རིང་ཞིང་བདེན་པ་མ་རེད།
༼ རྒྱ་ནག་གི་འདོད་རྔམ་དང་། ཧམ་སེམས་ནི་གནའ་བོའི་དུས་ཀྱི་དབྱིན་ཇི་དང་། འཇར་མན། ར་ཤི་ཡ་དང་། ཨ་རི་ནང་བཞིན་རེད། ཁོ་ཚོས་བོད་ཙམ་དུ་འཇིག་རྟེན་གོང་བུ་ཚང་མ་བཟུང་དྲན་ནས་བསྡད་ཡོད་པ་དང་། མི་རིང་བར་སུམ་གཉིས་སའི་འཁོར་ལོ་དབང་བསྒྱུར་ངེས་རེད། ནུབ་ཕྱོགས་ཀྱི་བཟོ་གྲྭ་དང་། གནམ་ཐང་། ཚོང་ལས་ཆེ་ཁག་ཕལ་ཆེ་བའི་ནང་ནས་བརྒྱ་ཆ་འགའ་ཞིག་རྒྱ་ནག་གི་ལག་འོག་ཏུ་ཤོར་ཚར་བ་རེད། ད་ལྟ་བོད་པ་ཚོས་རང་ས་ན་འདུག་སྟེ། རང་གི་ལུས་ངག་ཡིད་གསུམ་བདག་པོ་རྒྱགས་ཏེ། བོད་ནང་ཡོད་པའི་བོད་པ་ཚོ་འདུག་བཟོ་བདེ་བ་དང་། འགྲོ་བཟོ་བདེ་བ། དཔལ་འབྱོར་འདུ་འགོད་བདེ་བ། ཆོས་ལུགས་བྱེད་སྒོ་བདེ་བ་ཞིག་བྱུང་སོང་ན་དེ་ཙམ་གྱིས་འགྲིགས་པ་རེད། ༽འདི་དག་ལས་བདེན་རྫུན་གཉིས་ཀྱི་ཆ་ཡོད་ཅིང་བདེན་པའི་ཆ་ནི་ནུབ་ཕྱོགས་ཀྱི་རྒྱ་ནག་མ་རྩ་འཛུགས་མཁན་གྱི་བཟོ་གྲྭའི་དོ་བདག་ད་ལྟ་རྒྱ་ནག་པ་འགྱུར་བཞིན་ཡོད་པ་ནི་བདེན་པ་རེད། འོན་ཀྱང་ད་ལྟའང་མང་ཤོས་ཀྱི་དོ་བདག་རྒྱ་ནག་ཆགས་པ་རྒྱུན་རིང་སྒུག་སྡོད་དགོས་ཡོད། རྫུན་པའི་ཆ་ནི་རྒྱ་ནག་གིས་འཛམ་གླིང་དབང་སྒྱུར་བྱེད་པ་ལྟ་ཅི་ཐ་ན་རང་གི་མངའ་ཁོངས་དང་ནང་ཁུལ་མཐུན་སྒྲིལ་ཡག་པོ་བཟོ་ཐུབ་ཀྱི་མེད་པས་མི་རིང་བ་འཇིག་ངེས་ཡིན་པ་རྒྱ་ནག་ཉམས་ཞིབ་པ་མང་ཤོས་ཀྱིས་ལྟ་གྲུབ་རེད་ལ། དེ་ལྟར་ཡོང་བཞིན་པ་ནི་ཨི་རི་སི་དང་ན་ཙེ། ཨེ་རག་དང་ཨ་བྷུ་རྒན་ནི་སི་ཐན་སོགས་ཀྱི་དམག་འཁྲུག་གིས་བདེན་དཔང་བྱས་ཡོད། འོན་ཀྱང་འགྱུར་བ་འགྲོ་བ་ལ་འཐབ་རྩོད་བྱེད་དགོས་བ་ལས་སྒུག་
ན་ཡོང་ཡ་མེད།
གང་ལྟར་བདེན་པའི་ཆ་འགའ་ཞིག་བྱུང་ན་དེ་གས་འགྲིགས་པ་རེད། ཚོགས་པ་ཞིག་ཡིན་ནས་བཟུང་རྙོག་དྲ་ཡོད་པ་ཆོས་ཉིད་རེད། བོད་ཀྱི་ལས་འགུལ་དེ་རྣ་རྒྱབ་ཤུག་འགྲོ་བ་ཙམ་གྱི་དོགས་ཟོན་ཡང་མེད་ན། དེས་རྒྱ་ནག་གཏོར་བཤིགས་གཏོང་ཐུབ་པ་ནི་རྨི་ལམ་རེད། ཧཧཧཧཧ
ཨོ་ཉིས་བཤད་པ་ཚང་མ་བདེན་པ་རེད་ཟེར་གི་མེད་། འོན་ཀྱང་བདུན་ཅུ་བདེན་སོང་། བོད་པས་ལོ་ལོ་བཅུ་ཕྲག་ཁ་ཤས་ལ་ལས་འགུལ་སྤེལ་བ་དེས་གྲུབ་འབྲས་མེད་པ་མ་ཟད་སྡུག་ནས་སྡུག་ཏུ་སོང་བ་རེད་། ད་དུང་མ་བསྡད་ན་སྡུག་ཏུ་མ་གཏོགས་འགྲོ་ཡ་མེད་། རྒྱ་གཞུང་གིས་བོད་ཀྱི་རིགས་གཞུང་རྩ་མེད་བཟོ་དགོས་དོན་ཡང་བོས་པས་ཆབ་སྲིད་བརྩད་ནས་བྱུང་བ་རེད། དེ་མིན་རྒྱུ་རྐྱེན་མེད་། རང་བསྲེགས་གི་འབྱུང་རྐྱེན་གཙོ་བོ་ཡང་རྨང་དད་ཡིན་པ་འདྲ་། དེ་བྱེད་མཁན་རྒྱ་ཆ་གོ་དགུ་དགེ་ལུགས་པ་རེད་། དགེ་ལྡན་པ་ཆབ་སྲིད་ལ་སྤྲོ་སྣང་ཆེ་བ་ཡང་དངོས་ཡོད་རེད།
ཨོ་རྒྱན་ཉི་མ་དང་བོད་ཁམས་ཉི་མ་སྟེ་ཉི་མ་གཉིས་ཀྱིས་བཤད་སྟངས་ལས་སྔར་མཁན་སློབ་ཆོས་གསུམ་གྱི་སྐབས་རྙིང་བ་བར་མི་རིགས་ལ་རྒྱ་དང་ཆོས་ཀྱི་ལྟ་གྲུབ་གཉིས་ཀ་ལེགས་མོད། དེང་སང་བོད་སྡུག་པའི་མཐའ་ལ་སླེབས་ཤིང་ཉམ་ཐག་པའི་སྒང་འདི་འདྲ་ལ་རྙིང་མ་བ་དེ་དག་དམ་ཆོས་རིང་ལུགས་ཡོད་མེད་མི་ཤེས་ཀྱང་། མི་རིགས་རིང་ལུགས་རྨང་ནས་སྟོང་སྟེ། བོད་ཀྱི་ལ་རྒྱ་མེད་པ། བོད་ཞེན་མེད་པ། ཐ་ན་བོད་མི་བདུན་ཅུ་་ཐམ་པ་དེ་དག་གིས་རྒྱ་ཆེ་རུང་ཆུང་རུང་ས་ཡ་དྲུག་གི་བདེ་དོན་ཆེན་སྲོག་བཏང་བ་ལ་ཁོང་ཚོ་སེམས་ཅན་ཐམས་ཅད་ཀྱི་གྲས་ནང་མེད་ལ་ལྟ་བུ་སྙིང་རྗེ་ཙམ་ཡང་མི་ཟེར་བར། ཁོང་ཚོས་རྒྱབ་ལོག་ནས་སྒེར་དང་སྡེ་དེ་འདྲས་བསྐུལ་བ་རེད་མདོག་མདོག
རྨོངས་དད་ཀྱིས་རེད་མདོག་མདོག ད་དུང་བོད་ནང་མི་བདེ་བའི་ཟིང་བྱུང་སྲིད་པ་དེ་དག་གི་འགན་དེ་འདས་པོ་དེ་ཚོ་ལ་ཡོད་རེད་མདོག་མདོག བོད་པ་ཞིག་གི་ཁ་ནས་འདི་འདྲ་ཐོན་དུས་བོད་བསོད་ནམས་ཟད་པའི་རྟགས་མ་རེད་ན་ཅི་རེད། གོང་དུ་ཨོ་ཉིས། བོད་ཀྱི་ཕྱོགས་མི་འཛིན་པ་དང་རྒྱ་ལ་མི་སྡང་བ་བཤད་མོད། དེ་ལས་ལྡོག་སྟེ། རྒྱའི་ཕྱོགས་འཛིན་པ་དང་བོད་ལ་སྡང་བའི་སྐད་ལྷང་དེ་ཚོ་ཞར་དང་ཞོར་དུ་མཐོན་ཡོང་གི་འདུག
ཡིན་ནའང་ཁྱེད་རང་གིས་བཤད་པ་ལྟར་འདི་ཡང་ངས་བསམ་ཚུལ་རེད། ངའི་ངོར་བདེན་པ་རེད། ངའི་གང་དྲན་ཁྱོད་ཀྱིས་དྲན་དགོས་དོན་མེད་ལ་དྲན་དགོས་ཞེས་རེ་བསྐུལ་ཡང་མེད།
བོད་པ་ཚོར་ཁ་རོགས་སྡོད་དགོས་པ་བསྐུལ་མ་ཨ་བཏང་ཡང་བཏང་བྱེད་ཐུབ་པ་ལ། རྒྱ་ལ་བོད་ཐོག་འཛིན་པའི་སྲིད་བྱུས་གུ་ཡངས་གཏོང་དགོས་པའི་བསམ་ཚུལ་མི་འདོན་པ་འདིས་རྒྱ་བོད་འདྲ་མཉམ་མིན་པར་རྒྱ་གལ་ཆེ་ལ་བོད་གལ་ཆུང་བའི་འདུ་ཤེས་ཡོད་པ་རྟོགས་་ཐུབ། ཡིན་ནའང་ང་ཚོས་འདི་འདི་ཟེར་བ་ཙམ་ལས་གང་བྱེད་ཁྱེད་རང་གི་རང་དབང་ལོས་ཡིན།
བོད་ཁམས་ཉི་མ་ཁྱོད་རང་ཉོན་གཅིག རྒྱ་གུང་ཁྲན་གྱིས་བོད་བཙན་བཟུང་བྱས་པ་མ་ཚད། བཞེངས་པའི་མཁར་བཤིག སྐྱེས་པའི་མི་བསད། བསགས་པའི་རྒྱུ་འཕྲོག ད་དུང་བོད་མི་རིགས་རིག་གཞུང་དང་བཅས་པ་རྩ་མེད་བཟོ་བའི་ངན་བྱུས་སྣ་དགུ་གཤམ་གྱི་ཡོད་ན། བོད་པས་ཆབ་སྲིད་མ་རྩོད་པ་ཇི་ལྟར་སྡད་དགོས་པ་རེད་དམ། “རྒྱ་ནག་གིས་བོད་ཀྱི་རིག་གཞུང་རྩ་མེད་བཟོ་དགོས་དོོན་བོད་པས་ཆབ་སྲིད་རྩོད་ནས་བྱུང་བ་རེད་”ཟེར། འདི་ནི་ཆབ་སྲིད་ཀྱི་ཤེས་རྒྱ་གང་ཡང་མེད་པའི་རྟགས་རེད། གལ་ཏེ་ཁྱོད་ཀྱིས་བཤད་པ་ལྟར་ཡིན་ན་༡༩༥༩ ལོའི་རྗེས་རྒྱ་ནག་གིས་བོད་ས་ཡོངས་ལ་དབང་སྒྱུར་བྱས་པ་ནས་བཟུང་༡༩༨༧ ལོའི་བར་དུ་བོད་ནང་ལ་ཆབ་སྲིད་ཀྱི་ལས་འགུལ་བྱུང་མེད་ཀྱང་། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་འཚོ་བཞུགས་རིང་ཁོང་གིས་ནུས་པ་དང་དབང་ཐང་ལ་བརྟེན་ནས་བོོད་པའི་ཆོས་དང་རིག་གཞུང་གི་གནས་བབ་ལ་ཡར་རྒྱས་ཅུང་ཟད་བྱུང་ཡོད་ཀྱང་། ཁོང་དགོངས་པ་རྫོགས་པ་ནས་ཇེ་ཞན་ཇེ་སྡུག་ལ་སོང་རྐྱེན་བོད་པའི་ཞི་རྒོལ་རིམ་པ་དེ་དག་དང་ལྷག་ཏུ་ས་བྱིའི་ཞི་རྒོལ་ཆེན་མོ་དེ་བྱུང་ཡོད། རྒྱ་མིའི་བོད་ཀྱི་རིག་གཞུང་རྩ་མེད་བཟོ་དོན་ནི་བོད་མི་རིགས་ལ་དབང་སྒྱུར་མཐར་ཕྱིན་པ་ཞིག་བྱེད་དགོས་ན། མི་རིགས་ཀྱི་ངོ་བོ་རྩ་མེད་བཟོས་ཏེ་རྒྱ་མིའི་ནང་ཐིམ་དུ་འཇུག་རྒྱུ་དེ་ཐབས་ལམ་ཡག་ཤོས་རེད་ལ། མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་བ་ལ་མི་རིགས་དེའི་རིག་གཞུང་རྩ་མེད་མ་བཟོས་པར་ཡོང་ཐབས་མེད་པ་རེད། རྒྱ་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་ལ་དམིག་གསལ་དམ་བསྒྲགས་བྱེད་དགོས་དོན་ཡང་འདི་ལ་ཐུག་ཡོད། དེས་ན་མ་ཤེས་པའི་སྐད་ཆ་ཡིན་ན་བསམ་བློ་ཅུང་ཟད་ཐོངས། ཤེས་བཞིན་དུ་ལས་འགན་ཡིན་ན་ཁྱེད་རང་ཅི་འདོད་གྱིས།
ད་དུང་”རང་བསྲེགས་གི་འབྱུང་རྐྱེན་གཙོ་བོ་ཡང་རྨང་དད་ཡིན་པ་འདྲ་། དེ་བྱེད་མཁན་རྒྱ་ཆ་གོ་དགུ་དགེ་ལུགས་པ་རེད”ཟེར། ཇི་འདྲའི་སྐད་ཆ་ཁྱད་མཚར་ཞིག དགེ་ལུགས་པ་མ་བཏོགས། ཆོས་རྒྱད་གཞན་ལ་རྨོངས་དད་བྱེད་མཁན་མེད་པ་རེད་དམ། མདོར་ན་ཨོ་ཉི་བོད་ཉི་ཁྱེད་ཚོ་ནི་ནང་སྐྲུག་བྱེད་རྒྱུ་དང་། ནང་ཁུལ་ཞེན་ཁོག་རྩོད་རྒྱུ་ཙམ་ལས་ཅི་ཡང་མི་ཤེས་པའི་ཀླད་མེད་དག་དག་རེད།
ད་བར་བོད་ཀྱི་མེར་སྲེག་སྐོར་བསམ་ཚུལ་མི་འདྲ་མང་ཙམ་བྱུང་བ་ལས། རྩ་བའི་མི་འདྲ་བ་གཉིས་ཏེ། ཤར་ཁུགས་དང་དེའི་རྗེས་འབྲང་གིས་མེར་སྲེག་མཚམས་འཇོག་གིས་ལས་འགུལ་གཞན་སྤེལ་དགོས་པ། སྤོབས་མཐའ་དང་ལུང་རྟོགས་སོགས་ཀྱིས་མེར་སྲེག་མཚམས་འཇོག་བསྐུལ་མ་བྱ་མི་འོས་པར་གཞིས་སྡོད་ཚོས་ཐག་གཅོད་དགོས་པ་འདི་གཉིས་རེད། ངའི་ངོས་ནས་གཉིས་ཀར་དགའ་བསུ་ཞུས་པ་ཡིན། ཅིའི་ཕྱིར་ན་སྡེ་འདི་གཉིས་ཀར་བོད་སེམས་དང་བོད་ཞེན་གྱིས་བྱས་པས་སོ།།
ཡིན་ནའང་ལྟ་ཚུལ་གསུམ་པ་ཨོ་ཉིའི་བསམ་ཚུལ་ནི་ང་བོད་པ་ཞིག་ཡིན་པའི་ཆ་ནས་གཏན་ནས་ཁས་ལེན་ཐུབ་མ་སོང་། རྒྱ་གུང་ཕྲན་ཏང་ང་ཚོ་བོད་པ་འབུམ་བཅུ་གཉིས་ལྷག་དམར་གསོད་གཏོང་མཁན་དེའི་གང་བཤད་པ་དེ་བཤད་ཡོང་གི་འདུག
འདི་འདྲ་ནི་བོད་པ་ལ་བརྙས་བཅོས་རེད། བོད་མི་རིགས་ལ་མཐོང་ཆུང་བཏང་བ་རེད། ལར་ནས་རྒྱ་མིས་ཇི་ཙམ་བོད་སྐོར་ངན་པ་བཤད་ཀྱང་དེ་ཙམ་ཧཅལས་དགོས་དོན་མིན་འདུག་སྟེ་ང་ཚོ་མི་རིགས་དང་ལྟ་གྲུབ་ཁག་ཁག་ཡིན་པས་སོ།། བོད་པ་ཞིག བོད་པའི་རིག་གཞུང་གིས་བྲོད་ཁོག་ལུག་སྡད་མཁན་ཞིག བོད་སྐད་ཤོད་མཁན་ཞིག བོད་པའི་བླ་མ་བཀའ་དྲིན་ཅན་ཚོས་བསྐྱངས་སྡད་མཁན་ཞིག་གིས་འདི་འདྲ་བཤད་ན་འོས་སུ་མ་མཆིས་པ་རེད།
ཉིན་ཤས་སྔོན་ཨ་རིག་དགེ་མཐོང་གིས་ཝ་ནར་དགེ་ལུགས་པས་སྨོན་ལམ་ཚོགས་སོང་ཟེར་དེ་རྨོངས་དད་ཀྱིས་ཡིན་རྒྱུ་རེད། རྙིང་མ་བཀའ་བརྒྱུད་ཚོས་བྱ་ཤ་ཕག་ཤ་ཟ་ནས་ཐུགས་སྤྲོ་ལ་རོལ་སོང་ཟེར། དེ་རྨོངས་དད་མེད་པས་ཡིན་རྒྱུ་རེད།
ཧཧཧཧཧ་ད་ཡིན་ན་བཤད་ཀྱི་འདུག་ཨུ་ཉི་ལགས་ཀྱི་ཆོས་ལུགས་སྤེལ་ཡ་ཆེད་མི་བསད་ཁྲད་སྦྱོར་བྱས་
ན་ཡང་ཉེས་པ་མེད་ཚུལ་དང། བོད་དོན་ཆེད་དགེ་འདུན་པས་འཐབས་རྩོད་བྱས་ན་དམ་ཚིག་ལས་
འགལ་འགྲོ་ཚུལ་ ཧོའོ། དཀོན་པོ་དང་ འདམ་གཞུང་ ཁྱུང་པོ་སོགས་ལ་དགོན་པ་་་མཆོད་
རྟེན་ ལྷ་སྐུ་གསར་བཞེངས་བྱས་པ་རྣམ་ཆོས་ལུགས་རང་དབང་འཕྲོག་པ་མ་ཡིན་ན་གང་རེད།
དེ་དག་གི་ལུང་པ་ནང་་་༦༩་ཚུན་ཆད་ལ་ཕར་ཆེར་ཆབ་སྲིད་ལས་ཀ་བྱས་མེད་། ད་ཁྱོད་ངོ་མ་
རྒྱ་མིས་རྒྱུག་ཁྱི་ཟེར་ནོ་རེད།
ཧཧཧཧཧ་ད་ཡིན་ན་བཤད་ཀྱི་འདུག་ཨུ་ཉི་ལགས་ཀྱི་ཆོས་ལུགས་སྤེལ་ཡ་ཆེད་མི་བསད་ཁྲད་སྦྱོར་བྱས་
ན་ཡང་ཉེས་པ་མེད་ཚུལ་དང། བོད་དོན་ཆེད་དགེ་འདུན་པས་འཐབས་རྩོད་བྱས་ན་དམ་ཚིག་ལས་
འགལ་འགྲོ་ཚུལ་ ཧོའོ། དཀོན་པོ་དང་ འདམ་གཞུང་ ཁྱུང་པོ་སོགས་ལ་དགོན་པ་་་མཆོད་
རྟེན་ ལྷ་སྐུ་གསར་བཞེངས་བྱས་པ་རྣམ་རྒྱ་དམག་གི་བཙན་གྱི་གཏོར་བཅོམ་བྱས་པ་དག་
ཆོས་ལུགས་རང་དབང་འཕྲོག་པ་མ་ཡིན་ནམ། དེ་དག་གི་ས་ཆ་ལ་༦༩་ཚུན་ཆད་ཕར་ཆེར་ཆབ་
ཆབ་སྲིད་ལས་ཀ་བྱ་མྱོང་མེད། ད་ཁྱོད་རྒྱ་དམར་གྱི་རྒྱུག་ཁྱི་ཟེར་ནོ་རེད་ངོ་མ་སྙིང་རྗེ་ཁྱོད།
ཐེ་ཝན་གྱི་ཨ་ཕྲུག་ཡིན་རིན་ཆོག་བཞག།
རྒྱ་ནག་གིས་ཉི་ཧོང་གི་མཚོ་ནང་གི་བྲག་རྡོ་རྐམ་པོ་ཁ་ཤས་དེ་ཡང་འཕྲོག་ཐུབ་མ་སོང་། ཁྱོད་ཚོས་དེ་ལ་དོ་སྣང་བྱས་ཡོད་དམ། ངས་དེ་ལ་དོ་སྣང་བྱས་ཡོད། དང་པོ་ཧ་ཅང་ངར་སོང་། དེ་ནས་ཐའེ་ཝན་གྱིས་ཀྱང་གྲུ་གཟིངས་མང་པོ་ཞིག་བྲག་རྡོ་ཡོད་ས་དེར་བཏང་སོང་ དེ་ནས་རྒྱ་མི་ཁོ་རང་གཉིས་ཀ་ནང་འཁྲུག་ཤོར་གྲབས་ཀྱིས་མཚམས་འཇོག་དགོས་བྱུང་སོང་། ད་འཇམ་ཅག་ཅག་ཆགས་སོང་། ཉི་ཧོང་གིས་འགུལ་སྐྱོད་གཅིག་ཀྱང་བརྒྱབ་མ་སོང་། ད་དུང་ཉི་ཧོང་གི་མགོ་གཙོ་དེས་ཚིག་ངན་སྡུག་ཐག་ཆོད་ཅིག་ལབ་སོང་། ག་རེ་ལབ་སོང་ཟེར་ན། རྒྱ་དམར་གྱི་རྐང་པའི་འོག་ལ་མགོ་ཤོར་ན་བོད་ལ་ཡོང་རྒྱུ་དེ་ང་ཚོ་ལ་ཡང་ཡོང་རྒྱུ་རེད་ཅེས་བརྗོད་སོང་།
ད་རེས་ཀྱི་བཤད་སྟངས་ལ་བརྟགས་ན་ཨོ་ཉི་ཟེར་བ་འདི་འཁོར་འདས་མཉམ། བདེ་སྡུག་མཉམ། ཟན་དང་སྐྱག་པ་མཉམ་པ་སོགས་རོ་སྙོམས་ཆེན་པོ་མངོན་དུ་གྱུར་པའི་རྣལ་འབྱོར་པ་ཞིག་ཡིན་པ་རེད།
བཅོས། རྣལ་འབྱོར་པ་ཞིག་ཡིན་ས་རེད།
ཨོ་རྒྱན་ཉི་མའི་སྟེང་ལ་ཚིག་པ་ཟ་དོན་མི་འདུག ཡིན་ན་ཡང་དྲི་བ་ཡག་པོ་འདོན་དགོས། ཨོ་རྒྱན་ཉི་མས་རྒྱ་ནག་གི་ཁ་ལ་ཉན་ནས་འདུག་ཤེས་ན་ཆོས་དད་རང་དབང་ཡོད་ཟེར་གྱིན་འདུག དགེ་ལུགས་པ་ཁ་ཤས་ཤིག་འདུག་མ་ཤེས་པ་མ་གཏོགས་གཞན་ཚོ་ལ་དཀའ་ངལ་འཕྲད་མེད་ཟེར་ནས་བཤད་སོང་། དེ་ཡིན་ན་ངས་ཁྱེད་ལ་དྲི་བ་ཁ་ཤས་ཡོད། ངས་གོ་ཚོད་ལ་མཁན་པོ་འཇིགས་མེད་ཕུན་ཚོགས་སྐུ་མ་འདས་གོང་གི་ལོ་བདུན་བརྒྱད་ཅིག་ལ་དཀའ་མཛེས་བོད་རིགས་རང་སྐྱོང་ཁུལ་ནང་ཁུལ་ལ་ཡང་ཕེབས་བཞུད་ཆེས་ཉུང་ཉུང་ཞིག་ལས་བྱེད་མ་ཐུབ་དོན་ག་རེ་རེད། ༡༩༩༩ལོར་སི་ཁྲོན་ཞིང་ཆེན་གྱི་བླ་རུང་སྒར་དག་སྒྲིག་གི་བཀའ་རྒྱ་ཡིག་རྟགས་ཨང་ཞེ་ལྔ་པ་དེ་ག་རེ་རེད། ཡིག་རྟགས་ཨང་ཞེ་ལྔ་པ་དེ་ཐོན་སྐབས་མཁན་པོ་འཇིགས་མེད་ཕུན་ཚོགས་ཀྱིས་ད་ནི་ང་ཚོ་ཆུ་སྲིན་གདུག་པ་ཅན་གྱི་ཁ་ནང་དུ་ཚུད་ཚར་འདུག་གསུངས་སྐད་འདུག་པ་དེ་བདེན་པ་རེད་དམ། ༢༠༠༢ལོ་ཡིན་ནམ་ཞིག་ལ་གྲྭ་ཤག་སྟོང་ཕྲག་གསུམ་བཤིག་མཁན་དེ་སུ་རེད། ༢༠༠༨ལོའི་ངོ་རྒོལ་ལངས་ཚུན་ནས་གསེར་རྟ་སྒར་གཅིག་པོ་ནས་གྲྭ་བ་བཅུ་བདུན་ཙམ་ཞིག་བཙོན་ཁང་དུ་བཅུག་ཡོད་ན་ཡང་གནས་ཚུལ་ཕྱི་ལོགས་སུ་བསྒྲགས་མ་ཕོད་པར་ལུས་ཡོད་ཟེར་བ་དེ་བདེན་པ་རེད་དམ། གསེར་རྟ་སྒར་གྱི་རྒྱ་ནག་གི་ཆོས་སྒྲུབ་མཁན་ཚང་མ་ཕྱིར་འབུད་གཏོང་དོན་ག་རེ་རེད།
དགེ་ལུགས་ལ་དམིགས་བསལ་དཀའ་ངལ་འཕྲད་ཡོད་ཚོད་མ་རེད། དགེ་ལུགས་པའི་སྐྱབས་མགོན་མང་པོ་ཞིག་རྒྱ་ནག་གཞུང་གི་གོ་གནས་ཡོད་མཁན་རེད། བསམ་བློ་ཐོངས་དང་། བླ་བྲང་སྐྱབས་མགོན། ལི་ཐང་སྐྱབས་མགོན། མུ་ལིའི་སྐྱབས་མགོན། ཆབ་མདོ་སྐྱབས་མགོན། དཀར་ཛེས་ནག་ཚང་སྐྱབས་མགོན། ད་དུང་བརྒྱ་བརྒྱ་སྟོང་སྟོང་ཞིག་ཡོད་པ་དེ་ཚོའི་་་་་
པཎ་ཆེན་མ་གཏོགས་དགེ་ལྡན་པའི་བླ་ཆེན་ཚང་མ་བློ་ཁོག་མེད་མཁན་རྐྱང་རེད། དགོན་པ་གཞན་གྱི་དཀའ་ངལ་ཚང་མ་དགེ་ལྡན་པ་ཚོས་བྱས་པ་རེད། དགེ་ལྡན་པ་དག་ཡར་ལང་མ་རྒྱག་ན་དགོན་པ་གཞན་པ་ཙམ་དུ་མ་ཟད་དགེ་ལྡན་རང་ལ་དཀའ་ངལ་དེ་ཚོ་མེད་ངེས་སོ།། འདི་དག་རང་སྡུག་རང་གིས་ཉོས་པ་རེད། གྲུབ་འབྲས་ཐོན་སོང་ན་རབ་རེད། མ་ཐོན་ན་ཡོད་ཚད་ལ་དཀའ་ངལ་སྤྲད་སོང་།
གྲོགས་པོ་རྣམ་པ། དེ་རིང་ནས་ང་ཉིན་ལྟར་གདོང་དེབ་ནང་ལ་ཡོང་ཐུབ་ས་མ་རེད། ངས་ཆོས་ལུགས་དང་། ཆོལ་ཁ། རྒྱལ་ཁབ་དང་། མི་རིགས་ཀྱི་སྐོར་བཤད་པ་དགོངས་པ་མ་ཚོམས་རོགས། ཉིན་ལྟར་གཟའ་སྤེན་པ་དང་། ཉི་མ་གཉིས་ལ་མཇལ་བཅར་ཞུ་ཆོག དེ་མིན་ངའི་སློབ་སྦྱོང་དང་། ལས་དཀའ་ལ་ཐོས་ཤོར་འགྲོ་བ་ནི་ཚད་མེད་ཅིག་རེད།
གྲོགས་པོ་རྣམ་པ། དེ་རིང་ནས་ང་ཉིན་ལྟར་གདོང་དེབ་དང་། ཁ་བརྡ། མཚོ་སྔོན་པོའི་དྲ་བ་ནང་ལ་ཡོང་ཐུབ་ས་མ་རེད། ངས་ཆོས་ལུགས་དང་། ཆོལ་ཁ། རྒྱལ་ཁབ་དང་། མི་རིགས་ཀྱི་སྐོར་བཤད་པ་དགོངས་པ་མ་ཚོམས་རོགས། ཉིན་ལྟར་གཟའ་སྤེན་པ་དང་། ཉི་མ་གཉིས་ལ་མཇལ་བཅར་ཞུ་ཆོག དེ་མིན་ངའི་སློབ་སྦྱོང་དང་། ལས་དཀའ་ལ་ཐོས་ཤོར་འགྲོ་བ་ནི་ཚད་མེད་ཅིག་རེད།
ཨོ་ཉིས་མངོན་སུམ་དང་རྗེས་དཔག་གི་རིག་པ་མང་པོ་ཞིག་བཤམས་འདུག་མོད། ཚིག་གི་མགོ་རྔ་ཚང་བའི་རྡོག་རྡོག་ཅིག་མ་ཡིན་ཡང་ཚིག་སྔ་ཕྱི་རེ་རེ་བཞིན་གོ་རྒྱུ་ཡག་པོ་བཏང་འདུག །སྤོབས་མཐས་དྲི་བ་དག་གནད་འགག་ཅིག་རེད། འདི་ལ་ལན་འདེབས་ཤིག་ཡོང་རོགས་བྱེད་ན་ག་འདྲ་འདུག །
ཨོ་ཉི་ལ་དྲི་བ་ཞིག་ཡོད། ཆོས་སྡེ་ཁག་མ་གཏོགས་ཞིང་འབྲོོག་མང་ཚོགས་ལ་དཀའ་ངལ་མེད་པ་ཨེ་རེད། ཞིང་འབྲོག་མང་ཚོགས་ལ་ཆོས་དད་རང་མོས་ཆ་ཚང་ཡོད་པ་ཨེ་རེད། འོ་ན་རྒྱ་ནག་གི་ཁ་ལ་ཉན་ཡོད་ན་འདྲ་མཉམ་གྱི་ཐོབ་ཐང་རང་དབང་། རིག་གཞུང་རང་དབང་། འཁོར་ཡུག་རང་དབང་། དཔལ་འབྱོར་འདུ་འགོད་རང་དབང་། འགྲོ་འདུག་རང་དབང་སོགས་ཆ་ཚང་རགས་ཡོད་རྒྱུ་རེད་པ། མ་ཟད་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གདོད་མའི་སྲོལ་རྒྱུན་འབྲོག་སྡེ་ཁག་གྲོང་སྡེ་ཅན་ལ་བསྒྱུར་མེད་ཚོད་ཨེ་རེད།
ངས་དཔེ་མཚོན་ཞིག་འཇོག། ནང་སོག་རང་སྐྱོང་ཁུལ་ལ་མི་སེར་སྤེལ་ཡུལ་ལམ་ལུགས་ལག་བསྟར་འོག་སོག་རིགས་ལས་རྒྱ་རིགས་མང་བའི་རྒྱུ་རྐྱེན་ག་རེ་རེད། རྒྱ་རིགས་ཆེན་པོའི་རིང་ལུགས་ཀྱི་ལྟ་གྲུབ་འོག་སོག་རིགས་མི་དམངས་ལ་འབྲོག་ས་བཙན་འཕྲོགས་སོགས་བརྙས་བཅོས་ག་ཚོད་བྱེད་ཀྱི་འདུག་ཁྱོད་ཀྱིས་ཨེ་ཤེས། སོག་རིགས་ཀྱིས་ལོ་རེ་གཉིས་སྔོན་བར་རྒྱ་ནག་གི་ཁ་ལ་ཉན་བསྡད་པ་རེད་ལ་ངོ་རྒོལ་གྱི་ལས་འགུལ་རིགས་གང་ཡང་སྤེལ་མེད་པ་རེད།
ནང་སོག་རང་སྐྱོང་ཁུལ་གྱིས་ཀྲུང་དབྱང་ལ་དངུལ་དགོས་ཟེར་ན་ཡང་བསྟེར་གྱི་མེད་པ་རེད། བོད་དང་ཤིང་ཅང་གཉིས་ལ་དངུལ་སྤྲད་ཀྱི་ཡིན་ཟེར་ན་ཡང་མི་དགོས་ཟེར་གྱི་ཡོད་པ་རེད། རྒྱུ་མཚན་ཁྱོད་ཀྱིས་ཨེ་ཤེས།
ཤིང་ཅང་ལ་མཚོན་ན་ཡུ་གུར་མི་རིགས་འདུས་སྡོད་ཆེ་སར་རྒྱ་རིགས་འདུས་སྡོད་རྩ་བ་ནས་བྱེད་ཀྱི་མི་འདུག། གཞུང་གི་ལས་ཁུངས་ཁག་ཀྱང་མཐའ་དང་བཙན་སར་མ་གཏོགས་རྒྱག་གི་མི་འདུག། བོད་དང་ནང་སོག་ནང་བཞིན་རྒྱ་རིགས་རྐང་བརྐྱངས་ལག་བརྐྱངས་ནམ་ཡང་བྱེད་ཀྱི་མི་འདུག། དེ་རྒྱུ་མཚན་ཁྱོད་ཀྱིས་ཨེ་ཤེས། མ་གཞི་ཁྱོད་ཏང་གི་སྲིད་བྱུས་ལ་ཆ་རྒྱུས་ཡ་རྒྱུས་མེད་པ་མ་ཟད་རྒྱ་གུང་ཁྲན་ཟེར་བ་དེ་གང་འདྲ་ཞིག་ཡོད་མེད་རྩ་བ་ཉིད་ནས་མི་ཤེས་པའི་ནང་བསྟན་ཁ་རྩེར་འཁྱེར་ནས་བུད་མེད་དང་ཕྲུ་གུ་གཉོར་སྐྱོང་ཆེད་དཀོར་རྫས་དོན་དུ་གཉེར་མཁན་གྱི་སྤྲུལ་ལོག་ཞིག་ཡིན་ཚོད་འདུག།
རྒྱལ་བ་པཎ་ཆེན་རྣམ་གཉིས་གཙོར་མཛད་པའི་བོད་མི་ས་ཡ་དྲུག་ལ། བོད་རང་དབང་དགོས། བོད་རང་བཙན་དགོས། བོད་ཡིག་སློབ་རྒྱུའི་རང་དབང་དགོས། ཕ་སྐད་བཤད་རྒྱུའི་རང་དབང་དགོས། པཎ་ཆེན་རིན་པོ་ཆེ་བཙོན་གྲོལ་བྱེད་དགོས། རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་སུ་འཇུག་དགོས། རང་ལུས་མེར་བསྲེགས་བྱས་ནས་རྒྱ་གཞུང་ལ་ངོ་རྒོལ་བྱེད་པ་ཡིན། ཕ་བཀྲ་ཤིས་རྣམ་རྒྱལ་གཙོར་མཛད་པའི་བཟའ་མི་ཡོངས་ཀྱིས་སེམས་ཁུར་དང་སྡུག་བསྔལ་བྱེད་མི་དགོས། དཀར་པོ་ཆོས་ལ་དད་རྒྱུ། དགེ་བའི་ལམ་ལ་ཞུགས་རྒྱུ་མཁྱེན། བདག་གི་རེ་བ་ནི། བོད་མི་ས་ཡ་དྲུག་གིས་བོད་ཡིག་སློབ་རྒྱུ། ཕ་སྐད་བཤད་རྒྱུ། བོད་ལྭ་གོན་པ། མཐུན་སྒྲིལ་དང་རྡོག་རྩ་གཅིག་སྒྲིལ་བྱེད་རྒྱུ་མཁྱེན་ཞེས་སྙིང་དཀར་བཀྲ་ཤིས་ནས།
ཨོ་ཉིས་འདི་ལན་གཅིག་ཀློགས།
ལེགས་བཤད་ཀྱིས་ཟབ་མོ་ཅི་ཞིག་གོ་སོང་། གང་བཤད་པ་དེ་ཚང་མས་གོ་ནས་འགྲིག་དང་མ་འགྲིག་བཤད་པའི་སྐབས་རེད། ཞེ་པུ་ཟབ་ཟབ་མོ་གོ་སོང་མདོག་གིས་མཁས་ཉམས་སྟོན་ཁུལ་མ་བྱེད་དང་། ངོ་ཡང་ཚ་གི་འདུག
སྤོབས་པས་ཨོ་ཉི་ལ་ཚིག་པ་ཟ་དོན་མེད་ཟེར་ཀྱང་ ༼”བོད་ཀྱི་ལས་འགུལ་དེ་རྣ་རྒྱབ་ཤུག་འགྲོ་བ་ཙམ་གྱི་དོགས་ཟོན་ཡང་མེད་ན། དེས་རྒྱ་ནག་གཏོར་བཤིགས་གཏོང་ཐུབ་པ་ནི་རྨི་ལམ་རེད། ཧཧཧཧཧ” ༽འདི་འདྲ་ཟེར་དུས་ཁོའི་གདོང་ལ་མཆིལ་ཞགས་ཤིག་འཕང་རྒྱུ་བྱུང་ན་ཤི་ཡང་འཚེང་བསམ་པ་འདུག །
ང་སྤྲོ་ཐུང་བས་ལན།
ཨོ་རྒྱན་ཉི་མས་ངའི་དྲི་བ་ལ་ལན་བརྒྱབ་མི་འདུག
དེ་ཚོ་ཚང་མ་དགེ་ལྡན་པ་ཚོ་འདུག་མ་ཐུབ་ནས་བྱས་པ་རེད། གལ་སྲིད་དགེ་ལྡན་པའི་བྱ་བྱེད་དག་ལ་གྲུབ་འབྲས་ཐོན་སོང་ན་རབ་རེད། མ་ཐོན་ན་ཚེ་འདི་ཕུང་། ཕྱི་མ་ཕུང་གཉིས་ཕུང་ངེས་སོ། །ཡིན་ན་དགེ་ལྡན་པ་མི་རིགས་ཀྱི་ལ་རྒྱ་མི་འདུག་ཟེར་བ་མིན། ལུས་ལ་གཟན་ཤམ་གྱོན་པ་ཙམ་རེད་མ་གཏོགས། དམག་མི་དང་གཅིག་པ་རེད། བོད་ཀྱི་དམག་མི་རེད། དེ་ཕྱིར་ངས་དུས་དང་རྣམ་པ་ཀུན་ཏུ་དགེ་ལྡན་པའི་ཤེ་ཡོན་དེ་རང་རྒྱུད་དང་རྒྱབ་འགལ་ཏུ་ཕྱིན་འདུག་ཅེས་བཤད་པ་ཡིན། མ་གཞི་ནས་དགེ་ལྡན་པ་འདྲ་བོ་ཞིག་མེད་ན་བཙན་བྱོལ་བོད་གཞུང་འཛུགས་ཐུབ་པ་ཁག་པོ་རེད། ཆོས་བརྒྱུད་གཞན་པའི་སྐྱ་སེར་ཚོས་འཇིག་རྟེན་ཉེར་སྤྱོད་རྒྱ་ཆེན་པོ་དང་། ཚག་ཚུད་པོ་བྱེད་ཐུབ་པ་ཁག་པོ་རེད། གང་ཡིན་ཟེར་ན་སྒོར་མོ་བཟོ་སྟངས་ལས། ཆབ་སྲིད་མི་ཤེས་པ་རེད། དེང་སང་དགེ་ལྡན་པའི་ཤུགས་རྐྱེན་ཐེབས་ཏེ། བཙན་བྱོལ་ནང་གི་རྙིང་མ་དང་། ས་སྐྱ། བཀའ་བརྒྱུད་རྣམས་ཀྱི་བསྡུས་རྟགས་བློ་གསུམ་ལ་སྦྱངས་ཏེ། གྲུང་པོ་ཨེན་ཙམ་ཆགས་ཡོད་པའི་ཁུལ་རེད། བསྡུས་རྟགས་བློ་གསུམ་ལ་ཧུར་བརྩོན་གྱིས་ལམ་གྱི་གཙོ་བོ་རྣམ་པ་གསུམ་ཤོར་སོང་ན་ཞབས་འདྲེན་རེད། དེ་ཕྱིར་ཆོས་པ་ཆོས་བཞིན་དང་། འཇིག་རྟེན་པས་འཇིག་རྟེན་ཡང་དག་པའི་ལྟ་བ་ལ་གནས་ཏེ། གཞིས་བྱེས་བདེ་ཐབས་ལ་བརྩོན་དགོས་པ་ལས། དཔའ་བོ་དཔའ་མོ་ཞེས་ཆོ་ལོ་རེ་ཕུལ་ཏེ། རང་ཉིད་ཀྱིས་སྐད་འབོད་རེ་དང་། ལག་པ་རེ་འཆར་བཞིན་སྐྱིད་ཉལ་རྒྱགས་བསྡད་ན་གཞིས་ལུས་བོད་མི་ཚོ་ཤ་ཚ། ཁོ་ཚོས་ནི་འདུན་པ་གཅིག་ལ་གཏད་པ་ལས། བསམ་བློ་མང་པོ་གཏོང་མི་ཐུབ་ཁོ་ཐག་རེད། རྒྱ་ནག་གཞུང་གིས་ཤི་བོའི་ཉེ་འབྲེལ་ཚོ་ལ་དྲག་གནོན་དང་། དཀའ་རྡུག་ག་ཚོད་སྤྲོད་བཞིན་པ་རེད། ཁྱེད་ཅག་བཙན་བྱོལ་ལ་ཡོད་པ་ཚོས་བསམ་བློ་ཐོངས། བསྲེག་དགོས་ན་ཁྱོད་ཚོ་ཚང་མ་མེ་བསྲེག་ཐོངས་ཤིག
ཨོ་ཉི་ལགས། ང་ཡང་དགེ་ལྡན་པ་ཡིན་པས། དགེ་ལྡན་པ་ཡིན་ཚད་ལ་ཁ་བཏང་ནས། ཁ་སྡིག་མ་གསོག་ཨ། ལགས།
དགེ་ལྡན་པ།
ཇོ་རྔོག་འབྲོག་གསུམ་དགེ་ལྡན་པ་རེད།
པོ་ཏོ་མཆེད་གསུམ་དགེ་ལྡན་པ་རད།
རྗེ་ཡབ་སྲས་གསུམ་པོ་དགེ་ལྡན་པ་རེད།
རྡོ་རྗེ་མཆེད་གསུམ་དགེ་ལྡན་པ་རེད།
དགེ་འདུན་གྲུབ་དང་པཎ་ཆེན་སོགས་དགེ་ལྡན་པ་རེད།
༸སྐུ་ཕྲེང་ལྔ་པ་བཅུ་གསུམ་པ་བཅུ་བཞི་པ་ཡང་དགེ་ལྡན་པ་རེད་དོ།
ད་དུང་ཡང་དེ་ལས་མང་བའི་དགེ་ལྡན་པ་ཡོད་རེད་དོ། ཨོ་ཉི་སོགས་ཀྱི་དྲ་གྲོགས་ཚོ། ཁ་སྡིག་མ་གསོག་ན་མི་ལེགས་སམ།
བོད་ནང་རྙོག་དྲ་དེ་ཚོ་ཚང་མ་དགེ་ལྡན་པ་ཚོ་འདུག་མ་ཐུབ་ནས་བྱས་པ་རེད། གལ་སྲིད་དགེ་ལྡན་པའི་བྱ་བྱེད་དག་ལ་གྲུབ་འབྲས་ཐོན་སོང་ན་རབ་རེད། མ་ཐོན་ན་ཚེ་འདི་ཕུང་། ཕྱི་མ་ཕུང་གཉིས་ཕུང་ངེས་སོ། །ཡིན་ན་དགེ་ལྡན་པ་མི་རིགས་ཀྱི་ལ་རྒྱ་མི་འདུག་ཟེར་བ་མིན། ལུས་ལ་གཟན་ཤམ་གྱོན་པ་ཙམ་རེད་མ་གཏོགས། དམག་མི་དང་གཅིག་པ་རེད། བོད་ཀྱི་དམག་མི་རེད། དེ་ཕྱིར་ངས་དུས་དང་རྣམ་པ་ཀུན་ཏུ་དགེ་ལྡན་པའི་ཤེ་ཡོན་དེ་རང་རྒྱུད་དང་རྒྱབ་འགལ་ཏུ་ཕྱིན་འདུག་ཅེས་བཤད་པ་ཡིན། དགེ་ལྡན་པའི་ཤེས་ཡོན་དེ་ལ་བསམ་བློ་བཏང་ན་ངོ་འཇིག་རྟེན་འདིར་དེ་འདྲ་ཡོད་ས་མ་རེད། ངོ་མ་ནང་བའི་རྒྱན་ཞིག་རེད་བསམ་པ་ལྟར་ཡོད་ཀྱང་། ནང་གི་བསམ་བློ་དང་། བྱ་བ་ཚང་མ་བོད་གཅིག་པུ་དང་། བོད་ཀྱི་ཆེད་དུ་ལས་བསམ་བློ་མེད་དུས་འགྲོ་དོན་ཡོང་གི་མེད་པ་རེད། གོང་ས་མཆོག་གིས་ཡར་འཐེན། བཙན་བྱོལ་བོད་གཞུང་གིས་ཡར་བཀྱག་གང་ཐུབ་ཀྱིས་ཇི་ལྟར་བྱས་ཀྱང་། ཕན་ཐོགས་ཆེན་པོ་ཞིག་མེད་པ་དེ་རང་འདོད་ཡིད་བྱེད་ཤུགས་དྲགས་པས་རེད། འོ་ན་གོང་ས་མཆོག་འགྲོ་དོན་ནམ་མཁའ་དང་མཉམ་བསྡད་པ་འདི་དགེ་ལྡན་པས་བྱས་པ་མ་རེད་པས་ཞེ་ན། དགེ་ལྡན་པའི་ཤེས་ཡོན་ལ། ལམ་གཙོ་རྣམ་གསུམ་སྲོག་ཏུ་ཞུགས་ཏེ། ཕན་སེམས་བཅོས་མིན་ཞིག་གིས་འཕུལ་བ་ལ་བརྟེན་ནས་བྱུང་བ་རེད། གོང་ས་མཆོག་གི་རྣམ་དཔྱོད་ཕུལ་དུ་བྱུང་བ་དེ་དགེ་ལྡན་པས་བསྐྱེད་སྲིང་བྱས་པ་ཡིན་སྲིད་ཀྱང་། འགྲོ་བའི་ཡོང་བར་བྱེད་པའི་བྱམས་སེམས་དེ་ཆོས་བརྒྱུད་གཞན་པ་དག་གིས་ཕུལ་ཡིན་པ་འདྲ། དེང་སང་གི་དགེ་ལྡན་པ་ཚོར་བསྡུས་རྟགས་བློ་གསུམ་ལས། ལམ་གཙོ་རྣམ་གསུམ་དགོས་ཀྱིན་མེད་པ་རེད། དེ་དང་འདྲ་བཀའ་རྙིང་ས་གསུམ་དང་། བོན་པོ་ཚོ་ཡང་བསྡུས་རྟགས་བློ་གསུམ་ལས་མི་དགོས་པ་ཤུགས་ཆེན་པོ་ཆགས་བཞིན་པ་དང་། ཆོས་ཀྱི་བྲོ་བ་དངོས་དེ་མི་རིང་བར་ཡལ་ངེས་ཏེ། ཁ་ནས་བཤད་པ་ཙམ་ལས་ལག་ལེན་མེད་པའི་ཕྱིར་རོ། །མ་གཞི་ནས་དགེ་ལྡན་པ་འདྲ་བོ་ཞིག་མེད་ན་བཙན་བྱོལ་བོད་གཞུང་འཛུགས་ཐུབ་པ་ཁག་པོ་རེད། ཆོས་བརྒྱུད་གཞན་པའི་སྐྱ་སེར་ཚོར་ཕན་སེམས་ཅུང་ཟད་ཡོད་ཀྱང་། འཇིག་རྟེན་ཉེར་སྤྱོད་རྒྱ་ཆེན་པོ་དང་། ཚག་ཚུད་པོ་བྱེད་ཐུབ་པ་ཁག་པོ་རེད། གང་ཡིན་ཟེར་ན་སྒོར་མོ་བཟོ་སྟངས་ལས། ཆབ་སྲིད་མི་ཤེས་པ་རེད། དེང་སང་དགེ་ལྡན་པའི་ཤུགས་རྐྱེན་ཐེབས་ཏེ། བཙན་བྱོལ་ནང་གི་རྙིང་མ་དང་། ས་སྐྱ། བཀའ་བརྒྱུད་རྣམས་ཀྱི་བསྡུས་རྟགས་བློ་གསུམ་ལ་སྦྱངས་ཏེ། གྲུང་པོ་ཨེན་ཙམ་ཆགས་ཡོད་པའི་ཁུལ་རེད། བསྡུས་རྟགས་བློ་གསུམ་ལ་ཧུར་བརྩོན་གྱིས་ལམ་གྱི་གཙོ་བོ་རྣམ་པ་གསུམ་ཤོར་སོང་ན་ཞབས་འདྲེན་རེད། དེ་ཕྱིར་ཆོས་པ་ཆོས་བཞིན་དང་། འཇིག་རྟེན་པས་འཇིག་རྟེན་ཡང་དག་པའི་ལྟ་བ་ལ་གནས་ཏེ། གཞིས་བྱེས་བདེ་ཐབས་ལ་བརྩོན་དགོས་པ་ལས། དཔའ་བོ་དཔའ་མོ་ཞེས་ཆོ་ལོ་རེ་ཕུལ་ཏེ། རང་ཉིད་ཀྱིས་སྐད་འབོད་རེ་དང་། ལག་པ་རེ་འཆར་བཞིན་སྐྱིད་ཉལ་རྒྱགས་བསྡད་ན་གཞིས་ལུས་བོད་མི་ཚོ་ཤ་ཚ། ཁོ་ཚོས་ནི་འདུན་པ་གཅིག་ལ་གཏད་པ་ལས། བསམ་བློ་མང་པོ་གཏོང་མི་ཐུབ་ཁོ་ཐག་རེད། རྒྱ་ནག་གཞུང་གིས་ཤི་བོའི་ཉེ་འབྲེལ་ཚོ་ལ་དྲག་གནོན་དང་། དཀའ་རྡུག་ག་ཚོད་སྤྲོད་བཞིན་པ་རེད། ཁྱེད་ཅག་བཙན་བྱོལ་ལ་ཡོད་པ་ཚོས་བསམ་བློ་ཐོངས། བསྲེག་དགོས་ན་ཁྱོད་ཚོ་ཚང་མ་མེ་བསྲེག་ཐོངས་ཤིག
ཨོ་ཉིས། རྣམ་པ་ཀུན་ཏུ་དགེ་ལྡན་པའི་ཤེས་ཡོན་དེ་རང་རྒྱུད་དང་རྒྱབ་འགལ་ཏུ་ཕྱིན་འདུག་ཅེས་བཤད་པ་ཡིན། དགེ་ལྡན་པའི་ཤེས་ཡོན་དེ་ལ་བསམ་བློ་བཏང་ན་ངོ་མ་འཇིག་རྟེན་འདིར་དེ་འདྲ་ཡོད་ས་མ་རེད། ངོ་མ་ནང་བའི་རྒྱན་ཞིག་རེད་བསམ་པ་ལྟར་ཡོད་ཀྱང་། ཞེས་ཟེར། དགེ་ལྡན་པའི་ཤེས་ཡོན་ནི་ལམ་རིམ་དང་སྔགས་རིམ་གཉིས་ཀྱི་སྟེང་ནས་བསྟན་པ་ཡོངས་རྫོགས་གདན་ཐོག་གཅིག་ཏུ་ཉམས་ལེན་བྱེད་རྒྱུ་དེ་རེད། དེ་ལྟར་ཡིན་པ་ཡང་། རྗེ་གུང་ཐང་བས། ཀྱི་ཧུད་དགེ་ལྡན་བསྟན་པ་འདི།།དཔལ་དང་འབྱོར་བས་རབ་རྒྱས་ཀྱང་།།བཤད་དང་སྒྲུབ་པས་ཆེས་ཕྲ་བ།།བསམ་གྱིན་སྙིང་ནས་ཤེས་པ་འཕྱོ།།ཞེས་པ་ལྟར་བསྟན་པ་ལ་འགལ་རྐྱེན་རི་ལྟར་འཛིངས་ཤིང་ཕྱིའི་ཆབ་སྲིད་ཀྱི་འདོད་རྔམས་ཆེན་པོ་དེ་དངོས་ཤུགས་བརྒྱུད་གསུམ་གྱིས་བོད་ཡུལ་གྱི་ཐོན་ཁུངས་དང་ཆོས་ཀྱི་ལྟེ་གནས་ཁག་ལ་བསླེབས་ནས་བསླུ་བྲིད་བྱེད་མགོ་ཚུགས་པ་རེད། །ལྷག་པར་མ་རྟོགས་ལོག་རྟོག་གིས་རང་རྒྱུད་དཀྲུགས་པ་དང་རང་རྒྱུད་བདུད་ཀྱིས་བརླམས་པའི་སྐྱེ་བོ་དག་གིས་དགེ་ལྡན་པ་ལ་ཟུར་ཟ་དང་དམའ་འབེབས་བྱེད་ན་ཡང་དགེ་ལྡན་པའི་མཁས་གྲུབ་དག་གིས་དེ་ལ་ཡ་ལན་མཛད་པ་ཕར་བཞགས་ནས་སྟོན་པའི་རང་ལུགས་གཙང་མ་བཟུང་སྟེ་དུས་ད་ལྟའི་བར་དར་ཞིང་རྒྱས་པ་འདི་བྱུང་བ་རེད། དགེ་ལྡན་པ་ནི་བོད་ལ་བཀའ་དྲིན་ཆེ་ཞེས་ཞུས་ན་རེད། རེད་མ་རེད་ཨོ་ཉི་ལགས།
བདག་ཅག་གི་སྟོན་པས་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་བདེན་དོན་གྱི་ཆེད་དུ་ལུས་ལ་ལྕགས་གཟེབ་སྟོང་བརྡབས་པ་དང་མར་མེ་སྟོང་བཙུགས་པ་སོགས་དང་། སེམས་ཅན་གྱི་དོན་དུ་བདག་གིས་སྔོན།།དཀའ་བ་གང་ཞིག་སྤྱད་གྱུར་དང་།།བདག་གི་བདེ་བ་བཏང་བ་ཡིས།།བསྟན་པ་ཡུན་རིང་འབར་གྱུར་ཅིག །ངས་སྔོན་ནད་པའི་ཆེད་དག་ཏུ།།རང་གི་འཚོ་བ་ཡོངས་བཏང་བས།།སེམས་ཅན་ཕོངས་བ་བསྐྱབ་པའི་ཕྱིར།།ཡུན་རིང་བསྟན་པ་འབར་གྱུར་ཅིག །བུ་དང་བུ་མོ་ཆུང་མ་དང་།།ནོར་དང་གླང་ཆེན་ཤིང་རྟ་དང་།།རིན་ཆེན་བྱང་ཆུབ་ཕྱིར་བཏང་བས།།བསྟན་པ་ཡུན་རིང་འབར་གྱུར་ཅིག །ཞེས་སོགས་གསུངས་པ་ལྟར་འཛམ་གླིང་ཞི་བདེ་དང་སེམས་ཅན་བདེ་བའི་ཆེད་དུ་རང་གི་ལུས་སྲོག་ལོངས་སྤྱོད་ཡོངས་སུ་བཏང་བ་དེ་ལྟར་ན་སྔོན་བྱུང་སྟོན་པའི་རྣམ་ཐར། རྗེས་འཇུག་གདུལ་བྱའི་ཉམས་ལེན་ཞེས་སྟོན་པ་ལ་དད་པ་ཡོད་མཁན་ཞིག་གི་ངོས་ནས་བལྟས་ན་ཡང་། བོད་ཀྱི་དཔའ་བོ་དཔའ་མོ་ཚོས་བྱང་ཆུབ་སེམས་དཔའ་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་ཤཱཀྱའི་དགེ་སློང་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མཆོག་བོད་ལ་གདན་འདྲེན་ཞུ་ཆེད་རང་སྲོག་མཆོད་མེ་ཕུལ་ནས་རེ་འདུན་ཞུས་བ་རླབས་ཆེན་ལོས་ཡིན། སེམས་དཔའ་ཞེས་པའི་ངེས་ཚིག་ནི། ལོ་པན་བཀའ་ཐང་ལས། གཞན་དོན་སེམས་ཤིང་དེ་ལ་དཔའ།།ཞེས་པ་ལྟར་གཞན་གྱི་དོན་དུ་རང་ལུས་གཏོང་བ་ལ་ཞུགས་པ་ལ་དཔའ་བོ་ཞེས་པའི་མཚན་སྙན་ཐོབ་པ་རེད། རང་གི་དོན་དུ་རང་ཤི་བརྒྱབ་པ་ཙམ་ལ་དཔའ་བོ་ཟེར་གི་མ་རེད།
དགེ་ལྡན་བསྟན་པ་བོད་ལ་བཀའ་དྲིན་ཆེ། །
ལམ་སྔགས་རིམ་གཉིས་ནམ་ཡང་འདས་གྲོངས་མེད། །
ད་ལྟ་རྒྱ་བོད་ཧོར་སོག་ཀུན་ཏུ་དར། །
སངས་རྒྱས་བསྟན་པ་ངོ་མ་དེ་ལ་འདུད། །
འདོད་ཆུང་ཆོག་ཤེས་ཀྱི་དགེ་བའི་བཤེས་གཉེན་རྣམ་པས་ནམ་རྒྱུན་དཔེ་ཆ་ཁྲིད་ནས་ཤག་ལ་བཞུགས་བཞུགས་པ་རེད། དགེ་ལྡན་པའི་ཤེས་ཡོན་རང་རྒྱུད་དང་རྒྱབ་འགལ་ཕྱིན་འདུག་ཟེར་བ་ཐེ་ཝན་གྱི་ནང་པའི་དགེ་སློང་ཞིག་གིས་ཀྱང་དེ་ལྟར་བཤད་འདུག །སྔགས་རིམ་ནི་ལོག་གཡེན་གྱི་བསྟན་བཅོས་ཡིན་ཚུལ་དང་འཆལ་གཏམ་དེ་རིགས་བོད་དང་ཉི་ཧོང་གི་མཁས་པ་འགའ་རེས་བཤད་པ་ཡིད་བརྟན་དུ་མི་སྣང་ན་ཡང་བསྟན་པའི་གནད་མ་གོ་བའི་རྟགས་ཡིན་ཞེས་མཁས་པ་འགས་གསུངས་མྱོང་། ང་ལྟ་བུ་སྲང་བར་དང་ཚོང་ཁང་སྒོ་ཁ་ན་འཕྱན་ཉུལ་བྱེད་པ་དང་མིའི་གདོང་ལ་ཡར་ལྟ་མར་ལྟ་བྱེད་མཁན་དག་དང་སྒེར་དོན་ཆེད་དུ་ཕྱི་རྒྱལ་ཁག་ལ་བྲེལ་སྟབས་ཀྱིས་འགྲོ་ཐབས་བྱེད་པ་དག་ནི་རང་རྒྱུད་ཆོས་དང་རྒྱབ་འགལ་ཕྱིན་འདུག་ཟེར་ན་མི་ཆོག་རྒྱུ་མེད། ཚང་མ་ལ་ཞྭ་མོ་ནག་པོ་གཡོགས་ན་སྡིག་པ་རེད་ཡ། སྡིག་པ། དི་མོ་རྩ་ནས་ཡེད་མི་ཉན།
དགེ་ལྡན་པའི་ཤེས་ཡོན་སྐོར་འདི་ན་གསལ།
རྗེ་བླ་མའི་བསྟོད་པ་དད་པའི་དྲི་བསུང་འཐུལ་བའི་སྤོས་ཀྱི་རྫིང་བུ་ཞེས་བྱ་བ་བཞུགས་སོ།།
དགེ་བཤེས་ཤེས་རབ་རྒྱ་མཚོ།
༄༅།།རྗེ་བཙུན་འཇམ་དཔལ་དབྱངས་དང་གཉིས་སུ་མ་མཆིས་པའི་བླ་མ་དམ་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་ཙོང་ཁ་བ་བློ་བཟང་གྲགས་པའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།། ཚེ་རབས་ཐམས་ཅད་དུ་རྗེས་སུ་གཟུང་དུ་གསོལ།
ཕན་བདེའི་གཟུགས་འཆར་དངུལ་དཀར་མེ་ལོང་ལ།། དག་གཙང་ཙམ་གྱིས་ཉིན་མཚན་ཁ་སྦྱོར་ཞིང་།། མངོན་ཤེས་རྫུ་འཕྲུལ་སྦ་བའི་ཐུགས་དམ་ཅན།། སྐྱབས་གཅིག་དྲིན་ཆེན་བླ་མ་བློ་བཟང་གྲགས།། བདེ་སྐྱོང་སྣོད་དང་ཕུར་བུའི་ཆེ་བ་མེད།། ཆང་དང་བུད་མེད་སྤྱོད་པའི་འཕྲུལ་མཛངས་མེད།། སྐལ་ངན་རྨོངས་པ་སླུ་བའི་སྙིང་སྟོབས་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། རང་ཤར་རང་གྲོལ་རྫིག་པོའི་རྟོགས་པ་མེད།། དུས་གསུམ་གཟིགས་པའི་ཉམས་དང་ལུང་བསྟན་མེད།། ཕ་རོལ་གསོད་པའི་མཐུ་དང་ནུས་པ་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། རང་བཟོའི་བརྡ་ཆད་སྤེལ་བའི་གཞུང་འགྲེལ་མེད།། འགལ་འདུའི་སྟོང་གསོབ་ཚིག་བཀྲའི་ཝུ་བ་མེད།། མ་རེག་ཐུག་པའི་རྒྱུས་གཏམ་ཁ་ཕོ་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། གྲུབ་རྟགས་སྤྱི་བོར་སྤུངས་པའི་རལ་བ་མེད།། ལུས་ཕྲའི་འཁོར་དང་ཤ་ཆང་ལོངས་སྤྱོད་མེད།། དྭངས་མ་འདོད་རྒུར་འཇོ་བའི་བདེ་ཆེན་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། ལྷ་མཐོང་འདྲེ་མཐོང་སྤྱན་དང་མངོན་ཤེས་མེད།། བླུན་དད་འདྲེན་པའི་ལྟས་དང་བརྟག་དཔྱད་མེད།། རྙེད་བཀུར་ཟབ་ལམ་སྒྲུབ་པའི་འདག་སྦྱར་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། དབེན་གཞིས་སྟོང་བའི་སྐུ་ཡི་ཏིང་འཛིན་མེད།། འབྲུ་གསུམ་མ་དམིགས་ངག་གི་ཏིང་འཛིན་མེད།། ངེས་ཤེས་བྲལ་བའི་ཐུགས་ཀྱི་ཏིང་འཛིན་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། རང་ཉམས་ཁུངས་མེད་འདོན་པའི་སྤོབས་པ་མེད།། རྒྱལ་བའི་བཀའ་ལས་འགོངས་པའི་སྙིང་སྟོབས་མེད།། ས་རྡོ་རྨི་ལམ་ལུང་གི་ཆོས་གཏེར་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། འདུལ་བའི་ཁྲིམས་ཀྱིས་མ་གོས་ལུང་གཙང་མེད།། དམ་པ་སྒྲོལ་བའི་ཕཊ་དང་ཧཱུཾ་སྒྲ་མེད།། སོར་རྟོག་དཔྱད་སྒོམ་སྤོང་བའི་ཐོམ་ཡོར་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། མདོ་སྔགས་ཉམས་ལེན་གདན་གོས་སོ་སོར་མེད།། ཕན་ཚུན་སྤོང་བའི་རྭ་དང་མཆེ་བ་མེད།། བཤད་སྲོལ་མཐའ་དག་འདྲེས་པའི་ཁྲུས་རྫིང་མེད།།འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ ཕྱག་འཚལ།། ལག་རྗེས་རྐང་བས་བསུབ་པའི་སུག་བཞི་མེད།། དཔྱད་ན་གཏད་སོ་བྲལ་བའི་འཇའ་རིས་མེད།། རྨོངས་ཡུས་བརྗིད་པོར་ཆགས་པའི་སྤྲིན་ཕུང་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། ཚད་ལྡན་མཁས་པ་སྨོད་པའི་ལྕེ་རྩལ་མེད།། ཆོས་མཐུན་རྒོལ་བའི་ཐོག་གི་འཇིགས་པ་མེད།། སྡོམ་གསུམ་དྲི་ཡིས་ཁོར་ཡུག་བཏང་བ་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། མ་སྦྱངས་མཁས་པའི་རང་བྱུང་འབྲས་བུ་མེད།། མ་བསྒོམས་གྲོལ་བའི་རྟོགས་པ་ཀློང་རྡོལ་མེད།། མ་བཤིག་ཞིག་པའི་སྒྲིབ་པ་རང་ལོག་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། རང་ཉིད་མ་གྲོལ་གཞན་སྒྲོལ་གདམས་པ་མེད།། རང་ཉིད་མི་ཤེས་གཞན་སློབ་འཆད་རྩོམ་མེད།། རང་ཚོད་མ་རྟོགས་དུས་གསུམ་རིག་པ་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། རྟག་ཆད་མཐའ་རུ་གོལ་བའི་ལྟ་བ་མིན།། བྱིང་ཕྲའི་ཀློང་དུ་འབྱམས་པའི་སྒོམ་པ་མིན།། བག་མེད་གླང་ཆེན་སྨྱོན་པའི་སྤྱོད་པ་མིན།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། གནག་རྫིས་ཕྱུགས་ངོ་བགྲང་བའི་འཆད་པ་མིན།། དམུས་ལོང་གཟུགས་ལ་རྟོག་པའི་རྩོད་པ་མིན།། བྱིས་པས་བྱེ་མ་སྤུངས་པའི་རྩོམ་པ་མིན།། འབྲོག་རིའི་བླ་མ་མཆོག་ལ་བདག་ཕྱག་འཚལ།། མ་སྦྱངས་རི་ནས་བརྡོལ་བའི་མཁས་པ་མིན།། རྐུན་པོ་ནོར་ལ་འཇབ་པའི་བཙུན་པ་མིན།། རང་སྲོག་གཅོད་ལ་མཛའ་བའི་བཟང་པོ་མིན།། འབྲོག་རིའི་བླ་མ་མཆོག་ལ་བདག་ཕྱག་འཚལ།། འཁྲུལ་བ་རང་ཞིག་རལ་བའི་རྟོགས་ལྡན་མིན།། སྨན་ཤར་མཁའ་འགྲོས་དབང་བསྐུར་སློབ་མ་མིན།། སྦྱོར་སྒྲོལ་ཨ་ཏི་གསང་བའི་རིག་འཛིན་མིན།། འབྲོག་རིའི་བླ་མ་མཆོག་ལ་བདག་ཕྱག་འཚལ།། རིག་པའི་སྣང་བ་མ་མཐོང་མིག་སེར་མིན།། ཟེར་སྒྲོས་མ་ཎི་འདོན་པའི་མཆུ་དམར་མིན།། འགལ་འདུའི་ཚིག་ཉམས་བཀྲ་བའི་མདོངས་མཐའ་མིན།། འབྲོག་རིའི་བླ་མ་མཆོག་ལ་བདག་ཕྱག་འཚལ།། མ་རྟོགས་ཁུང་བུར་ཉལ་བའི་སྦྲུལ་ནག་མིན།། ལོག་རྟོག་ལྗོན་རྩེར་འཁྱུག་པའི་སྤྲེའུ་མིན།། སོམ་ཉིའི་འབུ་སྲིན་ཟ་བའི་བྱིའུ་མིན།། འབྲོག་རིའི་བླ་མ་མཆོག་ལ་བདག་ཕྱག་འཚལ།། འཇིག་རྟེན་ཕ་རོལ་འཇོམས་པའི་དགྲ་སྟ་མིན།། འདི་སྣང་བདེ་ལ་རྒྱས་པའི་པདྨ་མིན།། མཐོང་ཚད་བདེན་པའི་འཛིན་པའི་ལྕགས་ཀྱུ་མིན།། འབྲོག་རིའི་བླ་མ་མཆོག་ལ་བདག་ཕྱག་འཚལ།། དམ་པ་སྨོད་ལ་མི་འཇིགས་རྡོ་རྗེ་མིན།། བླུན་པོའི་འཁོར་མང་སྡུད་པའི་ཞགས་པ་མིན།། ཕན་བདེའི་བྲག་རི་གསིལ་བའི་ཐོག་མདའ་མིན།། འབྲོག་རིའི་བླ་མ་མཆོག་ལ་བདག་ཕྱག་འཚལ།། མང་དུ་ཐོས་པའི་ལུས་རྩལ་ཞུམ་པ་མིན།། དྲི་མེད་རིགས་པའི་མཆེ་སྡེར་རྟུལ་བ་མིན།། ལེགས་པར་བཤད་པའི་གཡུ་རལ་གཟི་ཆུང་མིན།།འབྲོག་རིའི་བླ་མ་མཆོག་ལ་བདག་ཕྱག་འཚལ།། མདོ་རྒྱུད་ཆུ་གཏེར་ཆེ་ལ་འཇིགས་པ་མིན།། ཡང་དག་ཐབས་ཀྱི་སྣ་ཞགས་ཐུང་བ་མིན།། སྐྱེས་སྦྱངས་ཤེས་རབ་སོ་རྣོན་བྲུལ་བ་མིན།། འབྲོག་རིའི་གླང་བོ་དེ་ལ་བདག་ཕྱག་འཚལ།། བཤད་སྲོལ་གཤེགས་པའི་བཤུལ་ལམ་གཡང་ས་མིན།། སྨྲ་ངན་ཝ་མོས་དབྱི་བའི་དོགས་གནས་མིན།། རྗེས་འབྲང་འཇིགས་པས་བ་སྤུ་གཡོ་བ་མིན།། འབྲོག་རིའི་ཁྱུ་མཆོག་དེ་ལ་བདག་ཕྱག་འཚལ།། ཕྲག་དོག་རྨོངས་པའི་ས་ཡིས་གནོན་ནུས་མིན།། སྤངས་རྟོགས་ཡལ་འདབ་ར་བར་ཤོང་བ་མིན།། ལེགས་བཤད་དྲི་བཟང་ཕྱོགས་རེར་འཐུལ་བ་མིན།། འབྲོག་རིའི་དཔག་བསམ་དེ་ལ་བདག་ཕྱག་འཚལ།། མཐའ་བྲལ་གནམ་འཕང་གཅོད་ལ་ཞུམ་པ་མིན།། ཀུན་མཁྱེན་དག་གསལ་གསེར་མིག་ལྡོངས་པ་མིན།། གཞུང་ངན་གདུག་སྦྲུལ་ཡན་པོར་གཏོང་བ་མིན།། འབྲོག་རིའི་མཁའ་ལྡིང་དེ་ལ་བདག་ཕྱག་འཚལ།། རང་བྱུང་ཚངས་པས་རི་མོར་སྤེལ་བ་མིན།། བླུན་པོའི་བསྟོད་བསྔགས་རྟ་ཡིས་དྲངས་པ་མིན།། མཁས་རློམ་ཆུ་རྒྱན་སྨྲ་བའི་གོ་སྐབས་མིན།། འབྲོག་རིའི་ཟླ་བ་དེ་ལ་བདག་ཕྱག་འཚལ།། འཇམ་དབྱངས་མཁྱེན་རབ་རལ་གྲི་ཆག་པ་མིན།། གསང་དབང་མཐུ་ནུས་རྡོ་རྗེ་འཐོར་བ་མིན།། འཕགས་མཆོག་བརྩེ་ཆེན་མེ་ཏོག་ཟུམ་པ་མིན།། རིགས་གསུམ་གཅིག་བསྡུས་བླ་མ་བློ་བཟང་གྲགས།། སྙིང་ནས་དྲན་པའི་གསོལ་འདེབས་གླིང་བུའི་གདངས།། དད་གུས་སོར་རྩེས་ལྡེམ་པོར་བསྒྱུར་བ་ནི།། ངོ་མཚར་དཔག་ཡས་ཡིད་དགའ་ཆོས་འཛིན་ནས།། ཡབ་གཅིག་འཇམ་དཔལ་སྙིང་བོས་གསན་དུ་གསོལ།། འཇམ་དབྱངས་མཁྱེན་རབ་ཉི་མ་ཞུ་བའི་ངོགས།། རྒྱལ་ཀུན་དགོངས་པའི་པདྨོ་རྣམ་རྒྱས་པ།། ད་དུང་སྨྲ་མཁས་དབྱངས་ཅན་བྱེ་བས་བཟུང་།། དགྱེས་འཛུམ་གསར་བའི་ཐིགས་ཕྲེང་སྤྲོ་བར་མཛོད།། བརྩེ་ཆེན་བྱིན་རླབས་དྲི་བཟང་འཛིན་པའི་དཔལ།། རྣམ་དཔྱོད་དལ་གྱིས་འཁྱིལ་བའི་ལང་ཚོ་ནི།། ཁྱོད་ཀྱི་ལེགས་བཤད་མཚོ་ལས་མི་འཕོ་ཞིང་།། ཟབ་གསང་དོག་པ་མངར་བོས་སྙེམས་པར་མཛོད།། དབང་བོ་སྙིགས་མའི་ཡང་མཐར་ལྷུང་བ་ཡི།། རྨོངས་པ་རྣམས་ཀྱི་རོལ་རྩེད་འདི་དགོངས་ལ།། མཁྱེན་བརྩེ་མི་ཟད་གསང་བའི་འཕྲུལ་འཁོར་གྱིས།། ཡང་དག་རྡོ་རྗེའི་མིག་གི་སྣང་བ་སྩོལ།། རྨོངས་ཞེན་འཁྲུལ་བའི་དྲི་མ་བསལ་དུ་གསོལ།། ཟབ་དོན་དག་པའི་རི་མོ་མཇལ་དུ་གསོལ།། ངེས་ལེགས་བདུད་རྩིའི་རོ་མཆོག་མྱོང་དུ་གསོལ།། མཁའ་མཉམ་ལས་ཅན་བདེ་ལ་སྦྱོར་དུ་གསོལ།། དེང་སང་སྐྱེ་བོ་ཕལ་ཆེར་བློ་མིག་ལྡོངས།། ལེགས་བཤད་ཉེས་བཤད་འབྱེད་པའི་མཐུ་རྩལ་ཆུང་།། ཇི་ལྟར་བྱས་ཀྱང་དོན་དུ་འགྱུར་དཀའ་བ།། བརྩེ་བས་དགོངས་ལ་མྱུར་དུ་བསྐྱབ་ཏུ་གསོལ།། དེ་ཕྱིར་རྨོངས་ཞེན་གྲགས་པའི་རྗེས་སུ་འབྲང་།། ཡིན་ལུགས་བརྡ་ཡིས་སྦྲན་ན་ཚུར་ལ་བསྡོ།། ལས་ངན་མགོ་བསྐོར་ཁྲམ་པའི་སྤྱོད་ལ་རངས།། བརྩེ་བས་དགོངས་ལ་མྱུར་དུ་བསྐྱབ་ཏུ་གསོལ།། དུས་གསུམ་མཁས་མཆོག་ཀུན་གྱི་བགྲོད་གཅིག་ལམ།། རྨོངས་པའི་འཁྲི་ཤིང་གཅོད་པའི་རལ་གྲི་ཆེ།། གཞུང་དོན་ཐང་མར་བརྡལ་བ་སྐྱོན་དུ་སེམས།། བརྩེ་བས་དགོངས་ལ་མྱུར་དུ་བསྐྱབ་ཏུ་གསོལ།། སྒོ་ངའི་མཐིལ་ནས་ནམ་མཁའི་ལོ་རྒྱུས་སྨྲ།། མཁས་པའི་དྲི་གཏུགས་འགོག་པའི་གཡོ་ཟོལ་བྲིན།། བླུན་སྒོམ་ལྷ་མཐོང་འདྲེ་མཐོང་མཆོག་ཏུ་འཛིན།། བརྩེ་བས་དགོངས་ལ་མྱུར་དུ་བསྐྱབ་ཏུ་གསོལ།།
ཕྱི་ཡི་སྤྱོད་ཚུལ་གནས་བརྟན་ཨུ་པ་ལི།། ནང་གི་རྣལ་འབྱོར་དཔལ་ལྡན་ས་ར་ཧ།། གསང་བ་འཆད་རྩོམ་རྩོམ་པ་འཇམ་དཔལ་དབྱངས།། མགོན་པོ་ཁྱོད་ཀྱི་རྣམ་ཐར་ཟིན་པར་ཤོག།། ཉི་མའི་གཉེན་གྱི་གསུང་རབ་མ་ལུས་པ།། གདུལ་བྱ་གཅིག་གི་གདམས་པར་འགལ་མེད་འཆད།། ཕྲ་ཞིབ་ལུང་རིགས་ཐིག་ལས་འཛུར་བ་མེད།། མགོན་པོ་ཁྱོད་ཀྱི་རྣམ་ཐར་ཟིན་པར་ཤོག། ཡང་དག་ལྟ་དང་གསང་ཆེན་བིད་ཀ་ར།། གངས་ཅན་མཁས་རློམ་ཆུ་གཏེར་ཀློང་བྱིང་ཚེ།། གསར་བཤད་གསེར་མིག་གཟུགས་ཀྱིས་འདོན་མཁས་པ།། མགོན་པོ་ཁྱོད་ཀྱི་རྣམ་ཐར་ཟིན་པར་ཤོག། གཞན་སྟོང་བདེན་གྲུབ་ཡོད་མིན་མེད་མིན་སོགས།། སྨྲ་བ་ངན་པའི་རི་ཚོགས་འཁྲུགས་པའི་ཚེ།། རིགས་ལམ་རྩེ་བརྒྱ་འབར་བས་གཞོམ་མཛད་པ།།མགོན་པོ་ཁྱོད་ཀྱི་རྣམ་ཐར་ཟིན་པར་ཤོག། མདོ་དང་སྔགས་ཀྱི་ཆོས་ཚུལ་གང་ལའང་།། རྗེ་བཙུན་མཁྱེན་པའི་གཏེར་དང་རང་རང་གི། གདམས་པའི་ཆུ་མགོར་སྒྲོ་འདོགས་ལྷག་མེད་བཅད།། མགོན་པོ་ཁྱོད་ཀྱི་རྣམ་ཐར་ཟིན་པར་ཤོག། རང་བཞིན་མེད་དང་མེད་པ་དོན་གཅིག་སོགས།། ཆོས་ཉིད་དཔྱད་བཟོད་སྨྲ་བའི་ཐལ་འགྱུར་སྲོལ།། བྱུང་ཚེ་ལེགས་བཤད་སྣང་བ་འབུམ་ཕྲག་སྤྲོས།། མགོན་པོ་ཁྱོད་ཀྱི་རྣམ་ཐར་ཟིན་པར་ཤོག། གང་སྣང་དགག་བྱ་མཉམ་བཞག་ཡུལ་མེད་སོགས།། ཆེན་པོ་རྣམས་ཀྱང་རྒྱ་ལ་ཐིམ་པའི་ཚེ།། མཁྱེན་རབ་གྲི་སོ་རྣོན་པོས་དུམ་བརྒྱར་གྲོལ།། མགོན་པོ་ཁྱོད་ཀྱི་རྣམ་ཐར་ཟིན་པར་ཤོག། རྒྱལ་ཀུན་དགོངས་པ་ཟད་སར་བསྐྱལ་བའི་མཐུས།། ཟབ་དོན་དགྲོལ་བའི་གསུང་ཟུར་ཕྲ་མོས་ཀྱང་།། རྒོལ་ངན་གླང་བོ་འབུམ་སྡེ་གཅིག་ཅར་འཇིག།། མགོན་པོ་ཁྱོད་ཀྱི་རྣམ་ཐར་ཟིན་པར་ཤོག།། དེ་ཚེ་འདོད་ཡོན་ཆང་གིས་མྱོས་པ་འགའ།། སུན་འབྱིན་ལྟར་སྣང་གློག་དམར་འཕེན་ལ་བརྩོན།། བ་སྤུའི་རྩེ་ཡང་མི་གཡོ་རི་ཡི་དབང་།། མགོན་པོ་ཁྱོད་ཀྱི་རྣམ་ཐར་ཟིན་པར་ཤོག། མ་འོངས་སྲིད་པའི་སྐྱེ་ཕྲེང་ཐམས་ཅད་དུ།། བློ་བཟང་རྒྱལ་བའི་བསྟན་དང་མི་འབྲལ་ཞིང་།། ཚང་ལ་མ་ནོར་དགེ་ལྡན་བཀའ་བརྒྱུད་ཀྱི།། གདམས་པས་འགྲོ་བའི་མགོན་པོ་མྱུར་ཐོབ་ཤོག།
ཅེས་རྗེ་བཙུན་འཇམ་དཔལ་དབྱངས་དང་གཉིས་སུ་མ་མཆིས་ཤིང་སྐྱེ་རྒུ་རྣམས་ལ་གཅིག་ཏུ་བརྩེ་བའི་གཞན་དབང་དུ་གྱུར་བ་གངས་རིའི་ལྗོངས་འདིར་འཕགས་མཆོག་ཀླུ་སྒྲུབ་ཡབ་སྲས་ཀྱི་བཞེད་སྲོལ་དཔལ་ལྡན་ཐལ་འགྱུར་བའི་རང་ལུགས་ཕྱིན་ཅི་མ་ལོག་པར་འགྲེལ་བ་ལ་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བའི་སྨྲ་བའི་ཁྱུ་མཆོག གྲུབ་མཐའ་རིས་མེད་ཀྱི་མཁས་གྲུབ་ཚོགས་ཀྱི་སློབ་དཔོན་ཆེན་པོའི་ཆེན་པོར་བཞུགས་པ་དག་གིས་ཀྱང་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བའི་ཡུལ་དམ་པར་གྱུར་པ། ཕྱི་སོ་སོར་ཐར་བའི་བརྟུལ་ཞུགས་བརྟན་པོ་ལ་གནས་ཤིང་ནང་གསང་བ་སྔགས་ཀྱི་རྣལ་འབྱོར་ཟབ་མོ་ལ་རྩེ་གཅིག་ཏུ་གཞོལ་བའི་བདག་ཉིད་ཆེན་པོ། བཀའ་དྲིན་མཚུངས་མེད་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཤར་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་ལ་སྙིང་ཐག་པ་ནས་བསྟོད་ཅིང་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་དད་པའི་དྲི་བསུང་འཐུལ་བའི་སྤོས་ ཀྱི་རྫིང་བུ་ཞེས་བྱ་བ་འདི་ནི། ༧རྗེ་བླ་མའི་རིང་ལུགས་ལ་མི་ཕྱེད་པའི་དད་པ་བརྟན་པོ་དང་ལྡན་ཞིང་ཞི་དུལ་བག་ཡོད་ལ་གནས་པའི་མང་ཐོས་དགེ་བའི་བཤེས་གཉེན་ཁྲི་བྱང་ཡོངས་འཛིན་ཕུ་ཁང་པ་བློ་བཟང་ཚུལ་ཁྲིམས་ནས་འདི་ལྟ་བུ་ཞིག་བྲི་དགོས་ཞེས་ཡང་ཡང་ནན་ཏན་མཛད་པ་ལྟར། བཀའ་དང་དགོངས་འགྲེལ་གྱི་ལེགས་བཤད་མང་པོ་རྣ་ལམ་དུ་སོན་པའི་མཐུ་ལས་ཆོས་དང་ཆོས་མིན་གྱི་རྣམ་དབྱེ་འབྱེད་པའི་སྤོབས་པ་ཅུང་ཟད་དགེ་ཞིང་འཇམ་མགོན་བླ་མ་ས་གསུམ་གྱི་སྒྲོན་མེ་གང་གི་རྗེས་སུ་དད་གུས་ཀྱིས་མངོན་པར་ཕྱོགས་པའི་ལུང་རིགས་རབ་འབྱམས་སྨྲ་བ་ཤེས་རབ་རྒྱ་མཚོར་འབོད་པས་དགོས་དབང་གིས་དགག་ཕྱོགས་ནས་བརྩམས་ཏེ་ཤིན་ཏུ་གོ་སླ་བར་མཁས་གྲུབ་བྱེ་བའི་བསྟི་གནས་སེ་ར་ཐེག་པ་ཆེན་པོའི་གླིང་དང་ཉེ་བར་ཆར་འཁོད་དབེན་པའི་གནས་མཆོག་ཆུ་བཟང་རི་ཁྲོད་དུ་དད་གུས་རྩེ་གཅིག་པས་ སྦྱར་བ་ཚེ་རབས་ཀུན་ཏུ་ཞྭ་སེར་རིང་ལུགས་དྲི་མ་མེད་པ་དང་མི་འབྲལ་བའི་རྒྱུར་ གྱུར་ཅིག། །།
སྐད་ཆ་དྲང་མོ་བཤད་ན་སྤྲུལ་སྐུ་ཨོ་རྒྱན་ཉི་མ་ཟེར་བ་དེ་ལ་བདེན་ཁ་ཆ་ཚང་འདུག །ཡིན་ནའང་ཆོས་ལུགས་ཀྱི་ཕྱོགས་འཐེན་དང་མི་རིགས་ཀྱི་ཞེན་ཁོག་རང་བྱེད་མཁན་ཚོ་ལ་མི་དགའ་བས་གཞི་མ་རུ་འགྱུར་ཡང་སྲིད་པ་ཞིག་རེད། ད་འཇིག་རྟེན་འདིར་དྲང་བདེན་ཟེར་བ་ཞིག་སློང་ས་མི་འདུག་གོ
ཕུར་ཚེ་རིང་། དེ་ཙམ་གྱིས་བློ་ཕམ་མི་ཉན། བོད་པའི་ནང་དྲང་བདེན་སློང་ས་མེད་ཀྱང་རུང་། རྒྱ་ནག་ནང་དྲང་བདེན་ཟེར་ས་ཡོད་པས་དེར་ཕེབས་ལ་ལྷོད་ཀྱིས་དྲང་བདེན་མོལ་ཅིག
དགོངས་དག་ཡང་གཅིག་ལ་ཕོག་སོང་ང་། ཨ་ཁ་ཁ
བླ་མ་མཉམ་མེད་རྗེ་བཙུན་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །མཆོད་དོ། སྐྱེ་བ་ནས་ཚེ་རབས་ཀུན་ཏུ་རྗེས་སུ་བཟུང་བར་མཛད་དུ་གསོལ།
གཞན་སྟོང་བདེན་གྲུབ་ཡོད་མིན་མེད་མིན་ལ། །དགག་སྒྲུབ་རིགས་པའི་ཐལ་སྒྲ་སྒྲོག་ན་ཡང་། །རང་ལུགས་ངོ་བོས་མི་སྟོང་ཆོས་ཤིག་ལ། །དགག་བྱ་གཞན་ཞིག་ཡོད་པར་ནན་གྱིས་བཏགས། །ཐུགས་གཞེན་རང་སྟོང་ཕྱོགས་ལ་ཆེ་ན་ཡང་། །རྟོག་གེ་གཏན་ཚིག་བྱང་བའི་ལེགས་རྗེས་སུ། །དངོས་པོ་སྟོང་ཞེས་སྨྲ་བའི་སྤོབས་པ་ཞན། །བླ་མ་ཙོང་ཁ་པ་ལ་གསོལ་བ་འདེབས། །ཧཧཧཧཧཧཧཧཧཧཧ
གཞན་སྟོང་བདེན་གྲུབ་ཡོད་མིན་མེད་མིན་ལ། །དགག་སྒྲུབ་རིགས་པའི་ཐལ་སྒྲ་སྒྲོག་ན་ཡང་། །རང་ལུགས་ངོ་བོས་མི་སྟོང་ཆོས་ཤིག་ལ། །དགག་བྱ་གཞན་ཞིག་ཡོད་པར་ནན་གྱིས་བཏགས། །ཐུགས་གཞེན་རང་སྟོང་ཕྱོགས་ལ་ཆེ་ན་ཡང་། །རྟོག་གེ་གཏན་ཚིག་བྱང་བའི་ལག་རྗེས་སུ། །དངོས་པོ་སྟོང་ཞེས་སྨྲ་བའི་སྤོབས་པ་ཞན། །བླ་མ་ཙོང་ཁ་པ་ལ་གསོལ་བ་འདེབས། །ཧཧཧཧཧཧཧཧཧ
ཚང་མར་བཀྲ་ཤིས་བདེ་ལགས་ཡོད་ཞུ།
དང་ཐོག་ཨོ་ཉི་འདི་ངས་མི་དྲང་པོ་ཞིག་ཡིན་ན་བསམ་བྱུང་། དེ་རྗེས་ཆོག་ཤེས་ཞེས་པའི་དེབ་དེ་མཐོང་འཕྲལ། གོ་རྒྱུ་མེད་པའི་ཚིག་ཉོབ་དང་རྒན་མོས་ལོང་གཏམ་ནང་བཞིན་གང་དྲན་བཤད་བསྡད་མཁན་ཞིག་རེད་བསམ་པ་བྱུང་། དེ་རིང་འདི་མཐོང་སྐབས་སྨྱོ་ལབ་བརྒྱབ་པ་ནང་བཞིན། ཁོ་རང་གི་གང་བཤད་བཞིན་ཡོད་མེད་དང་། ག་རེའི་ཆེད་དུ་ཡིན་མིན་གསལ་པོ་ཞིག་ཁོ་རང་གིས་ཀྱང་མི་དྲན་ནས། རིག་པ་འཁྱོལ་བའི་གཏམ་ནང་བཞིན་རེད་ཤག། དཔེར་ན་ཆོས་ལུགས་མཐུན་སྒྲིལ་དགོས་ལུགས་དེ་ཁོས་དང་པོས་དམ་བཅའ་དེ་རེད། ད་ཆར་དགེ་ལུགས་ལ་དམའ་འབེབས་དང་ཚིག་མཚོན་འདི་དག། ཁོས་སྔར་ཆོག་ཤེས་ཞེས་པའི་དེབ་ནང་བྲིས་པ་དང་ནང་འགལ་རེད།་ཧཧཧ། འདི་ལ་ཡ་ལེན་སྤྲད་པ་ནི་སྨྱོན་པ་ལ་འཐབས་འཛིངས་བྱེད་པ་དང་གཅིག་མཚུངས་རེད།
དེ་སྔོན་ཁོ་རང་གི་ཆོས་འབྲེལ་ཞུས་པའི་བླ་མ་གཙོས་རྙིང་མའི་བླ་ཆེན་ཕལ་མོ་ཆེ་ལ་སྡོམ་པ་མེད་རབ་བཤད་ཡོད། སྐབས་དེར་སེར་འབྲས་དགེ་གསུམ་དེ་ཁོས་ཡིད་སྨོན་ཤོར་ས་ཡིན་ཞེས་བཤད་ཡོད། ཟླ་བ་ཁ་ཤས་རྗེས་ལ་དགེ་ལུགས་ཡོང་རྫོགས་དེ་ཁོས་དམའ་འབེབས་བྱེད་ས་ཡིན་པ་མ་ཟད། རྒྱ་ནག་དམར་པོ་དེ་ཁོས་ཡིད་སྨོན་ཤོར་ས་ཆགས་ཤག། འདི་ལ་སྨྱོ་ལབ་རེད་མ་གཏོག་དོན་སྙིང་གང་ཡང་མེད། དེས་ན་ཚང་མའི་སྙིང་རྗེ་རེ་བསྒོམས་ནས་བཏང་སྙོམས་བཞགས་མཛོད།
བླ་མ་ཨོ་རྒྱན་ཟེར་བ་འདི་དེང་ཐོག་བྱ་བྲལ་བ་རྟོག་ལྡན་ཞིག་ཡིན་ས་རེད་བསམ་ནས་རྩོམ་ཡིག་མ་བཀླགས་གོང་ནས་དག་སྣང་སྟེར་རྩིས་བྱས་པ་ཡིན། འདིས་རྒྱ་ནག་ན་ཆོས་དད་རང་དབང་ཡོད་ཟེར་ཚུལ་ལ་བལྟས་ན་ཡེ་རྡོར་གྱི་བཟོ་ལྟ་འདུག ཆོས་པ་མགོ་བདེ་བོ་ཟེར་ཚོད་ཀྱིས་འབྲུག་འབྲས་ལྗོངས་བླ་ཚང་ཞིག་གི་ནང་མིའི་བཟོ་འདུག དཔེ་ཀློག་འགའ་རྒྱག་མྱོང་ཚོད་ཀྱིས་བཤད་གྲྭ་ཞིག་གི་མཁན་པོ་ཞིག་ཀྱང་ཨེ་ཡིན་བསམ་གི། དགེ་ལྡན་པ་ཟེར་ནས་དམིགས་བསལ་གྱིས་ངར་ལངས་སྟངས་ལ་བལྟས་ན་བལ་བོ་ལྡོམ་པོ་ཞིག་འདྲ་ཡི། དེ་ལས་ཀྱང་། ཉིན་མཚན་མེད་པར་གློག་ཀླད་ལ་འབྱར་ནས་འདུག་ཚོད་ཀྱིས་རྒྱ་སློབ་འགའ་འམ་མགོ་སེར་འགའི་ཆོས་ཚོགས་ཞིག་ཡོད་ཐག་ཆོད་རེད། ངེད་བོད་མིའི་སྤྱི་ཚོགས་ན་རྙིང་མ་ཚང་གི་ཅིག་ཡིན་ཟེར་མཁན་ཚོའི་དབྱེན་ལའང་ཅི་སྙམ་གྱིན་མེད་པས། བན་མིན་སྔགས་མིན་ཞིག་གི་ཕྲག་དོག་གི་གཏམ་གྱིས་ཅི་བསྒྲུབ་ཐུབ། མཆན་ལན་དེ་དག་ལ་ལྟ་ཁོམ་ཡང་མེད་ལ་ལྟ་འདོད་ཀྱང་མེད། དག་ཡིག་པ་ཞིག་ཡིན་ཚོད་འདུག་པས་ང་ཚོའི་ཡིག་ནོར་ལ་ཞུ་དག་རེ་བྱེད་བཞིན་འདུག་ཐུབ་ན། དགེ་བ་དེ་ཙམ་ཡང་སྡིག་དང་དཀོར་གཤགས་ཀྱི་ཆ་ཤས་ཙམ་ཡོང་གི་རེད།
། ཞེ་སྡང་ལྟ་བུའི་སྡིག་པ་མེད། བཟོད་པ་ལྟ་བུའི་དཀའ་ཐུབ་མེད།
དེ་བས་བཟོད་ལ་ནན་ཏན་དུ། སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ།
རང་རྒྱལ་སྲིད་གཞུང་འདི་དག་ལ། བརྩེ་པས་ཞབས་ཞུ་བྱེད་འདོད་ན།
ཆོས་སྲིད་འབྲེལ་པ་མེད་པ་དང་། རང་སྲོག་གཅིད་སོགས་སྤོང་པ་གཅེས།
མི་ཡི་སེམས་ལ་གདོན་ཞུགས་ནས། དེ་ཡི་མི་ལ་གནོད་པ་ལྟར།
ཆོས་སྲིད་གཉིས་འབྲེལ་སྤྱད་གྱུར་ན། དེ་ཡི་དེ་ལ་གནོད་ནས་འཛིང།
སྲིད་ཀྱི་ནང་དུ་ཆོས་མ་འཇུག ཆོས་ཀྱི་ནང་དུ་སྲིད་མ་སྐྱོང་།
ཆོས་སྲིད་གཉིས་འབྲེལ་སྤྱོད་དགོས་ན། སྟོན་པས་ཅིའི་ཕྱིར་རྒྱལ་སྲིད་སྤངས།
ཆོས་ཀྱི་སྲིད་ལ་ཕན་ནོ་ཟེར། སྲིད་ལ་རྟེན་ནས་ཆོས་ཡོད་ལོ།
དོན་ལ་ཆོས་དང་སྲིད་གཉིས་པོ། རྣམ་པ་ཀུན་ཏུ་འགལ་པ་ཡིན།
ཆོས་སྒྲུབ་པ་ཡིས་སྲིད་སྤོང་ལ། སྲིད་སྒྲུབ་པ་ཡིས་ཆོས་སྤང་གྱུར།
མེ་དང་ཆུ་གཉིས་མཉམ་སྲེས་ཞིག སྲིད་འདིར་ནམ་ཡང་ཡོད་མ་ཡིན།
མཁས་སྤྱང་ལྡན་ལ་དགྲ་བོ་མེད། བླུན་པོའི་བོགས་ལ་དགྲ་བོ་མང་།
ཤིན་ཏུ་ལྐུགས་པའི་ལས་ངན་ལ། རང་ཉིད་རང་གི་དགྲ་བོ་བྱེད།
དངོས་པོའི་ཕྱེད་དུའང་ང་གཏོང་ན། ང་ཉིད་ང་ལ་ཤིན་ཏུ་མཁོ།
ང་ཡིས་ང་ལ་གསོད་པ་ནི། འགྲོ་ཀུན་བསད་ལས་འདི་སྡིག་ཆེ།
ཞེ་སྡང་ཟུག་རྔུའི་སེམས་འཆང་ན། ཡིད་ནི་ཞི་བ་ཉམས་མི་མྱོང་།
དགའ་དང་བདེ་བ་འང་མི་ཐོབ་ལ། གཉིད་མི་འོང་ཞིང་བརྟན་མེད་འགྱུར།
མི་གང་བྱས་པ་མི་གཟོ་བ། དེ་ནི་གཞན་པས་རང་ལ་གནོད།
ལྟས་ངན་བསྒྲུབ་ཉེས་པ་འགའ། དགྲ་ཡི་ཐོག་མར་རང་ལ་བྱུང་།།
ངས་ཆོས་ཞུས་ས་ལ་བསྐུར་བ་བཏབ་མེད། དགེ་ལྡན་པ་ལ་ང་ཤིན་ཏུ་དགའ།