ངེས་བརྟན་མེད་པའི་མི་ཚེ། Posted on 2010-06-042010-06-05 By ཁ་བརྡ་ 23 Comments on ངེས་བརྟན་མེད་པའི་མི་ཚེ། ཨ་མཆོག་མགོན་པོ་དོན་གྲུབ་། གློག་བརྙན་གྱི་སྐོར་ལ་བཅར་འདྲི་། http://www.tibettimes.net/news.php?showfooter=1&id=2509 སྣ་ཚོགས།
ཨ་མཆོག་མགོན་པོ་དོན་འགྲུབ་མཆོག་གི་ངོ་ཤེས་ཕྱི་རྒྱལ་བུད་མེད་ཅིག་ནས་གློག་བརྙན་འདི་མཐོང་མ་ཐག ཁོ་མོས་བཤད་རྒྱུར་ཡག་ཤོས་སུ་ཁོ་རང་ད་ལྟ་ཁ་ན་སྒྲ་ནས་མུ་མཐུད་དུ་སློབ་སྤྱོང་བྱས་ན་ཡག་ཤོས་རེད། ལྷག་པར་དུ་གློག་བརྙན་ནང་དུ་བོད་ཀྱི་ཕོ་གསར་ཞིག་ངུ་བཞིན་པ་དེ་ནི་བོད་མིའི་ཕོ་གསར་གྱི་གོམ་གཤིས་དང་ཡོངས་སུ་འཚམ་པོ་མི་འདུག རྗེས་སུ་འདི་འདྲའི་རྒྱ་གར་གྱི་གློག་བརྙན་ནང་གི་ཕབ་བཤུས་དེ་འདྲ་མ་གནང་ན་ཡག་པོ་འདུག་གསུངས་སོང་། ཁོ་མོས་རེ་འདོད་ལྟར་དྲ་ཐོག་དུ་བསམ་ཚུལ་ཞུས་པ་ལས། གཞན་ང་རང་གི་ལྟ་ཚུལ་རྩ་ནས་མིན།
ང་ཚོས་གློག་བརྙན་བཟོ་སྐབས་བོད་མིའི་དངོས་ཡོད་གནས་ཚུལ་ལས་འགལ་ན་དགེ་མཚན་ཅི་ཡང་མེད་ལ་དེ་ལས་ལྡོག་སྟེ་སྤྱི་ཚོགས་སྟེང་ཤུགས་རྐྱེན་ངན་པ་ཞིག་འཇོག་སྲིད་པས་དུས་དང་རྣམ་པ་ཀུན་ཏུ་ཡིད་ཟབ་གནང་དགོས་སོ།
ཡ་ད་རེས་ཡིན་ན་། ངར་བ་ཞིག་སླེབས་ཡོད་པ་འདྲ་བོ་འདུག་། སྤྱི་ཚོགས་ཡར་ཁྲིད་མར་ཁྲིད་དེས་འགན་དེ་བཀའ་བློན་ཁྲི་བར་ཡོད་པ་རེད་མ་གཏོག་གློག་བརྙན་བཟོ་མཁན་ཞིག་ལ་བབ་པས་འགན་ཁྲི་མ་རེད་།
ངས་བལྟས་ན་གློག་བརྙན་འདི་འདྲའི་རིགས་ང་ཚོའི་སྤྱི་ཚོགས་ནང་མང་ཙམ་བཟོ་ཐུབ་ན་བསམས། སྒྲུང་དང་ཁྲབ་གཞུང་ཡིན་གཅིག་མིན་གཅིག་བོད་ཀྱི་ལུགས་སྲོལ་ཡིན་དགོས་བའང་མེད། ང་ཚོ་མི་དཀྱུས་མའི་ཉིན་རེའི་འཚོ་བ་མཚོན་པའི་ཁྲབ་གཞུང་འདི་འདྲ་ལ་བལྟས་རྗེས་དགའ་བོ་བྱུང་།
གློག་བརྙན་འདི་ཡི་ཡོན་ཏན་དང་སྐྱོན་སོགས་གང་ཡོད་དུས་ཡུན་ཐུང་ངུ་ཙམ་ལས་མེད་པའི་གློག་བརྙན་དེར་བརྗོད་ཁག་པོ་རེད།་་་་འོན་ཀྱང་བུ་མོ་དེ་ཡི་འཁྲབ་སྟངས་ཀྱི་རྣམ་འགྱུར་ཅུང་ལེགས་མོད་བུ་དེ་ཡི་རྣམ་འགྱུར་ལེགས་པོ་ཞིག་མ་མཐོང་ངོ།་་་མ་གཞི་བོད་ཀྱི་གློག་བརྙན་འཁྲབ་འདོད་ན་བུ་མོ་དེ་ཡི་བོད་གོས་གྱོན་པ་ནང་བཞིན་བུ་དེ་ཡིས་ཀྱང་བོད་གོས་ཞིག་གྱོན་ན་ཅི་མ་རུང་སྙམས་པའི་ཚོར་བ་ཞིག་སྐྱེས་བྱུང།་་་་རྗེས་སུ་མཇལ་ཡོང།་
བོད་གོས་དེ་གང་འདྲ་ཞིག་ལ་ངོས་འཛིན་དགོས། གལ་སྲིད་བོད་གོས་ཟེར་བ་འདི་ཐོག་མར་བོད་མཐོ་སྒང་ན་འཚོ་བའི་མིའི་གྱོན་ཆས་དེ་ཡིན་ན་ད་ལྟ་ང་ཚོས་གྱོན་བཞིན་པ་དེ་ཐོག་མའི་བོད་གོས་རེད་དམ། ཡང་ན་ཐོག་མའི་གྱོན་ཆས་ལ་བཟོ་བཅོས་བྱས་ནས་སྟབ་བདེ་བར་བཟོ་བ་རེད་ཟེར།
ད་ནི་དུས་རབས་གསར་བའི་ནང་སླེབས་ཚར་བ་རེད་མོད་་་་ད་དུང་གནའ་བོའི་བོད་ཀྱི་གྱོན་ཆས་དེ་རིགས་གོན་དགོས་ཟེར་ན་གླེན་རྟགས་རེད། དེ་སྔོན་ང་ཚོས་ལེ་བར་བརྒྱ་ཕྲག་ཡོད་པའི་སར་གཡག་རྒན་ཞོན་ནས་ཉིན་མང་བོ་འགྲོ་སྲོལ་ཡོད་ནི་རེད་་་་་དེ་ཡང་ད་སྐབས་རྒྱུས་འཛིན་གནང་དགོས་ཟེར་ན་དཀའ་མོ་རེད། མ་གཞི་གློག་བརྙན་བཟང་དང་མི་བཟང་གླེང་ཡོང་དུས་གཙོ་བོ་གང་ལ་ངོས་འཛིན་དགོས་ཤེས་ན་ད་བཟོད་ཁྲབ་ཆས་ཙམ་ལ་རྩོད་པ་ཡོང་དགོས་དོན་ཨེ་ཡོད་དྲན།
ཆོས་འཕེལ་དར་རྒྱས་ལགས།་ ཁྱེད་རང་གི་བོད་གོས་ཙམ་ཞིག་ཀྱང་མི་མཁྱེན་པ་ཡིན་ནམ།་་་དེ་འདྲ་ཡིན་ན་སེམས་པ་ཧ་ཅང་གི་སྐྱོ་གི་ཡ། ངས་ཟེར་ན་བོད་ཆས་སམ་བོད་གོས་ཟེར་བ་ནི།་་་་བོད་པའི་སྐྱེས་པ་དང་བུད་མེད་རྣམས་ཀྱི་གྱོན་པའི་གོས་ལ་བཤད་ཀྱི་ཡོད།་་་་་འགྲེལ་བཤད་རིང་པོ་མི་དགོས། རྒྱ་བལ་སོགས་སུ་སྐབས་རེ་བོད་ཀྱི་དུས་ཆེན་གྱི་སྐབས་སུ།་སྐུ་ངོ་འགའ་ཞིག་ནས། སངས་ཉིན་དུས་ཆེན་ཡིན་པས་བོད་པ་རྣམས་བོད་ཆས་གྱོན་ནས་ཡིན་ཅི་མིན་ཅི་ཕེབས་རོགས་་ཅེས་གསུང་སྲོལ་ཞིག་ཡོད་པ་མ་ཐོས་སམ།་་དེ་ལ་ཁམས་ཆས་དང་དབུས་ཆས་ཨམ་ཆས་སོགས་ཀྱི་རྣམ་གྲང་ཀྱང་དབྱེ་ཆོག་གོ། ད་བོད་ཀྱི་རིགས་གཞུང་ཟེར་བ་ཚད་ག་འདྲ་ཞིག་སླེབ་འདུག་དྲ་གྲོགས་རྣམས་ཀྱིས་དགོངས་དང།
དབུས་ཕྱོགས་ཀྱི་བུ་སྨན་ཚོའི་ཕྱུ་བ་དེ་དེང་རབས་ཀྱི་གྱོན་ཆས་དང་འདྲ་བའམ། དམིགས་གསལ་གྱི་ནུབ་ཕྱོགས་ཀྱི་བུ་སྨན་ཚོས་བློར་འབབ་ཀྱིན་པ་ཕྱི་གླིང་བ་མང་པོས་བདག་ལ་བཤད་མྱོང་། རང་གིས་བལྟས་ནའང་བོད་པའི་བུ་སྨན་ཚོའི་ཕྱུ་བ་དེ་ནམ་གྱོན་པའམ། དམིགས་གསལ་གྱིས་ཚོགས་འདུའམ་སྟོན་ཆེན་སྟེང་གྱོན་ན་བུ་མོ་ཚོའི་མཛེས་སྡུག་ལ་ཁ་སྣོན་དང་ཧ་ཅང་མཛེས་པའི་སྣང་བ་སྟེར་གི
རྩམ་དགའ་ལགས་གནའ་བོའི་གྱོན་གོས་ཟེར་ན་ཅི་རེད ངས་ནམ་ཡང་གནའ་བོའི་གྱོན་གོས་སྐོར་ལ་བཤད་ནི་མེད། ཁྱེད་རང་གིས་སུ་ཡིས་འདོད་པ་དང་བཤད་པ་ལ་འགོག་གི་ཡོད་དམ། ེཁྱེད་རང་བྱེད་དུས་དུས་རབས་གསལ་པ་ཁག་གཡོགས་ནས་གནའ་རབས་ཀྱི་སྲོལ་རྒྱུན་དེ་དག་མེད་པ་བཟོ་རྩིས་ཡིན་པ་འདྲ།་་་ངས་གོ་དུས་ཁྱེད་རང་ནི་རྩམ་པ་ལས་སོགས་ཟ་འཐུང་ཙམ་ལ་དགའ་བའི་མི་ཞིག་ལོས་ཡིན་ སྙམས་པ་ཞིག་བློ་ལ་ལྷང་ངེར་ཤར་བྱུང།་་་ མ་ཟད་ཁྱེད་རང་གིས་ང་ཡིས་བསམ་ཙུལ་བཤད་པ་ལ་དགག་པ་བྱེད་ཀྱི་ཡོད་ན ངས་གློག་བརྙན་བཟང་དང་མི་བཟང་གི་སྐད་ཆ་བཤད་མེད་ལ། བོད་གོས་སམ་བོད་ཆས་ཞིག་གྱོན་པ་ཡིན་ན་དེ་ནི་བོད་ཀྱི་ཐུན་མོང་མིན་པ་ཞིག་མཚོན་པར་བྱེད་ཐུབ་སྙམས་ནས་བཤད་པ་ལས་གློག་བརྙན་བཟང་མི་བཟང་གི་སྐད་ཆ་བཤད་མེད་པ་ར་བཟི་མེད་ན་ཡག་པོ་བྱེད་ནས་གཟིགས་རོགས་དེ་ནས་སྐད་ཆ་བཤད་རོགས།་ དུས་ཚོད་བྱུང་ན་རྗེས་སུ་མཇལ་ཡོང་ངོ།
རྩམ་དགའ་ལགས་གནའ་བོའི་གྱོན་གོས་ཟེར་ན་ཅི་རེད ངས་ནམ་ཡང་གནའ་བོའི་གྱོན་གོས་སྐོར་ལ་བཤད་ནི་མེད། ཁྱེད་རང་གིས་སུ་ཡིས་འདོད་པ་དང་བཤད་པ་ལ་འགོག་གི་ཡོད་དམ། ེཁྱེད་རང་བྱེད་དུས་དུས་རབས་གསར་པ་ཁག་གཡོགས་ནས་གནའ་རབས་ཀྱི་སྲོལ་རྒྱུན་དེ་དག་མེད་པ་བཟོ་རྩིས་ཡིན་པ་འདྲ།་་་ངས་གོ་དུས་ཁྱེད་རང་ནི་རྩམ་པ་ལས་སོགས་ཟ་འཐུང་ཙམ་ལ་དགའ་བའི་མི་ཞིག་ལོས་ཡིན་ སྙམས་པ་ཞིག་བློ་ལ་ལྷང་ངེར་ཤར་བྱུང།་་་ མ་ཟད་ཁྱེད་རང་གིས་ང་ཡིས་བསམ་ཙུལ་བཤད་པ་ལ་དགག་པ་བྱེད་ཀྱི་ཡོད་ན ངས་གློག་བརྙན་བཟང་དང་མི་བཟང་གི་སྐད་ཆ་བཤད་མེད་ལ། བོད་གོས་སམ་བོད་ཆས་ཞིག་གྱོན་པ་ཡིན་ན་དེ་ནི་བོད་ཀྱི་ཐུན་མོང་མིན་པ་ཞིག་མཚོན་པར་བྱེད་ཐུབ་སྙམས་ནས་བཤད་པ་ལས་གློག་བརྙན་བཟང་མི་བཟང་གི་སྐད་ཆ་བཤད་མེད་པ་ར་བཟི་མེད་ན་ཡག་པོ་བྱེད་ནས་གཟིགས་རོགས་དེ་ནས་སྐད་ཆ་བཤད་རོགས།་ དུས་ཚོད་བྱུང་ན་རྗེས་སུ་མཇལ་ཡོང་ངོ།
དུས་རབས་གསར་པ། དུས་རབས་གསར་པ་ལ་ཞེས་བཅོས་ཡོད། བསམ་ཙུལ། བསམ་ཚུལ་ཞེས་བཅོས་ཡོད། དགོངས་དག་ང་ཡང་རྩམ་དགའ་ནང་བཞིན་བཟའ་འཐུང་ལ་མགོ་ཡེངས་ནས་བྲིས་ཐལ་ཤོར་བཞག
གཅན་བཟོད་རྒྱམ་ནས་བུད་མེད་ཅེས་པའི་ཚབ་ཏུ་བུ་སྨན་ཞེས་བྲིས་འདུག་པས་དེ་ལ་འགྲེལ་བཤད་གསར་པ་དེ་འདྲ་ཡོད་ན་འགྲེལ་བཤད་གནང་རོགས། རེད་རེད་བོད་ཀྱི་བུད་མེད་རྣམས་ལ་ཐོབ་ཐང་དང་རང་དབང་མི་འདུག་ཅེས་བཤད་སྲོལ་ཞིག་ཡོད། ཕལ་ཆེར་ངས་ལྟས་ཚོད་ལའང་དེ་ལྟར་བསམ་གྱི་ཡོད། བོད་ཀྱི་དུས་ཆེན་དང་དགོན་པ་ཁག་ལ་གནས་སྐོར་དེ་བཞིན་རྒྱ་གར་དུ་དགུན་ཚོང་ལ་འགྲོ་སྐབས་སུ།་ སྐུ་ངོ་དང་ཕ་མ་དེ་ཚོས་དམིགས་བསལ་གྱིས་བུད་མེད་རྣམས་ལ་བོད་ཆས་གྱོན་གོས་ཀྱིས་བརྩན་བཀའ་གཏོང་དང་གཏོང་བཞིན་པ་ལས། སྐྱེས་པ་རྣམས་སྨད་ཀྱི་རོང་པ་ནང་བཞིན་གྱོན་ནས་འགྲོ་ཆོག་གི་ཡོད། གཟིགས་དང་རྒྱུ་མཚན་གང་ལ་བརྟེན་ནས་བྱུང་བ་རེད།
བོད་སྐད་ཐོག་ལ་གློག་བརྙན་བཟོས་པ་ཙམ་གྱིས་དགའ་བསུ་ཞུ། བུ་དེས། བདུན་ཕྲག་རྗེས་མའི་ཚབ་ལ། རྗེས་མའི་བདུན་ཕྲག་གསུངས་སོང་། དེ་འགྲིག་ཡོད་མེད་དཔྱད་དགོས། ཡང་བུ་མོ་དེས་ར་བཟིའི་རྣམ་འགྱུར་ཆ་ཚང་སྟོན་ཐུབ་མི་འདུག དེ་ཚོ་ཡར་རྒྱས་དགོས་ངེས་སུ་མཐོང་། གློག་བརྙན་བརྒྱུད་ནས་བོད་སྐད་དང་བོད་ཡིག་ལ་དར་སྤེལ་ཐུབ་པ་ལ་མོས་འདུན་ཡོད་པས། གལ་སྲིད་ཕན་ཐོགས་སྲིད་སྙམ་ན།།kardorime@gmail.com
གོན་པ་རྒྱག་ཐུབ་པ་ཚང་མ་མཆོང་ལྡིང་བྱེད་ཐུབ་པས་རེ་བ་མ་རྒྱག་། མི་ཞིག་གིས་དཀའ་ལས་རྒྱབ་ནས་ལས་ཀ་ཞིག་བྱས་བ་ལ་བཟང་ཕྱོགས་ཀྱི་ཆ་གང་ཡོད་ལ་བསམ་བློ་བཏོང་དགོས་བ་ལས་། སྐོར་ཞིག་གིས་ཁོ་ཚོ་ནི་ཕལ་ཆེར་སྤྱི་ཚོགས་འདི་ནང་གཞུང་སྒེར་གང་གིས་ལས་ག་གང་བྱས་ཚད་ལ་དག་ཐེར་བྱེད་མཁན་ཡིན་པ་འདྲ་བོ་ཞིག་དུ་ཡོད་པ་དེ་སྲོལ་ངན་པ་རེད་།
Drung ལགས། དེ་ན་རྗེས་སུ་བོད་ཀྱི་དུས་ཆེན་སོགས་ཀྱི་སྐབས་སྐུ་ཁྱེད་ཀྱིས་ལྤག་སྩག་ཞིག་གོན་ནས་ཕེབས་པར་ཞུ། དེ་ནི་ཐོག་མའི་བོད་ཆས་ཡིན་པས་སོ། གལ་སྲིད་སྟབས་བདེར་བཟོས་བའི་རེས་ཀྱི་ཕྱུ་བ་ཞིག་གོན་ཡོང་ན་དེ་ནི་བོད་ཆས་གཙང་མའམ་ཐོག་མའི་བོད་ཆས་མ་ཡིན་པས་ཁེ་མི་ལེན་ནོ།
ཨ་མཆོག་མགོན་པོ་དོན་གྲུབ་ལགས། ངས་བལྟས་ན་གློག་བརྙན་འདི་ཞེ་དྲག་ཡག་པོ་བཟོས་འདུག འཁྲབ་མཁན་ཚོས་བོད་སྐད་ཀྱང་གཙང་མ་རྒྱག་གི་འདུག འཁྲབ་སྟངས་ཡང་ཡག་པོ་འདུག ད་དུང་བོད་ཀྱི་རིག་གཞུང་དང་འབྲེལ་བའི་གློག་བརྙན་འདི་རིགས་མུ་མཐུད་ནས་ཇེ་མང་བཟོ་སྐྲུན་གནང་རོགས་ཞེས་སྙིང་ནས་རེ་སྐུལ་ཞུ་རྒྱུ་ཡིན།
http://www.himalayanactor.com ་་་་་་་་་་་་་་་་་<> ངེས་གཏན་མེད་པའི་མི་ཚེ་ཞེས་པའི་གློག་བརྙན་འདིའི་ནང།འཛམ་གླིང་གི་ མཐོ་སར་གནས་ཤིང་ནང་ཆོས་ཀྱི་བསམ་བློ་ལྡན་པའི་བོད་མི་རིགས་ཀྱི་ཡ་ རབས་ཀུན་སྤྱོད་དང་བསམ་བློ།འཚོ་བའི་གོམས་གཤིས་དང་དེའི་འགྱུར་ལྡོག་ གཙོ་བོར་མཚོན་པར་བྱས་ནས་མི་ཚེ་ལ་ངེས་གཏན་མེད་པའི་དོན་དངོས་དེ་ གསལ་སྟོན་བྱས་ཡོད། ལོ་མང་པོའ་ིསྔོན་འཛམ་གླིང་གི་ས་བབ་དང་འགྲིམ་འགྲུལ་གྱི་ཆ་རྐྱེན་ལ་ བརྟེན་ནས་གངས་རིས་བསྐོར་ཞིང་མ་ཎི་འདོན་པའི་བོད་མི་རིགས་འདི་ནུབ་ ཕྱོགས་པ་ཚོར་མཐོང་ཐོས་བྱུང་བའི་གོ་སྐབས་ཡག་པོ་རེག་མེད།ད་ལྟའི་ཆ་ ལ་རྒྱ་ནག་གི་བཙན་གནོན་འོག་ནས་བོད་མི་རིགས་ཀྱི་གནས་ཚུལ་དངོས་ མ་དེ་ནུབ་ཕྱོགས་པ་མང་པོ་ཞིག་ལ་མཐོང་ཐོས་དཀའ་བའི་ཚད་དུ་ཡོད།དེ་ བས་གློག་བརྙན་འདིས་ མཐོ་སྒང་བོད་མིའི་བསམ་སྤྱོད་དང་འཚོ་བའི་གོམས་ གཤིས་དངོས་མ་ཞིག་ནུབ་ཕྱོགས་པ་ཚོར་ཁུར་ནས་ཡོང་ཡོད། གློག་བརྙན་འདིའི་ནང་ན་བོད་ཀྱི་རིག་གཞུང་དང་དེའི་བསམ་གཤིས་གསལ་ པོ་མཚོན་པར་བྱས་པ་ཙམ་མ་ཟད།དེང་རབས་གྲོང་ཁྱེར་གྱི་ཤུགས་རྐྱེན་གྱིས་ བོད་པ་མང་པོའ་ིབསམ་བློ་དང་ཀུན་སྤྱོད།འཚོ་བ་དང་གཤིས་ཀ་བཅས་ལ་ ཕོག་གཏུག་གཏོང་གི་ཡོད་པའི་འགྱུར་ལྡོག་གི་དངོས་དོན་དེ་ཡང་གསལ་བོར་ བཀོད་ཡོད།དེ་བས་གློག་བརྙན་འདིས་བོད་མི་རིགས་ཀྱི་གནས་ཚུལ་དངོས་མ་ ཞིག་འཛམ་གླིང་ལ་གསལ་སྟོན་བྱེད་པའི་
i can’t see anything here. what happend for it?
i can’t see anything here. what happend?
ཨ་མཆོག་མགོན་པོ་དོན་འགྲུབ་མཆོག་གི་ངོ་ཤེས་ཕྱི་རྒྱལ་བུད་མེད་ཅིག་ནས་གློག་བརྙན་འདི་མཐོང་མ་ཐག ཁོ་མོས་བཤད་རྒྱུར་ཡག་ཤོས་སུ་ཁོ་རང་ད་ལྟ་ཁ་ན་སྒྲ་ནས་མུ་མཐུད་དུ་སློབ་སྤྱོང་བྱས་ན་ཡག་ཤོས་རེད། ལྷག་པར་དུ་གློག་བརྙན་ནང་དུ་བོད་ཀྱི་ཕོ་གསར་ཞིག་ངུ་བཞིན་པ་དེ་ནི་བོད་མིའི་ཕོ་གསར་གྱི་གོམ་གཤིས་དང་ཡོངས་སུ་འཚམ་པོ་མི་འདུག རྗེས་སུ་འདི་འདྲའི་རྒྱ་གར་གྱི་གློག་བརྙན་ནང་གི་ཕབ་བཤུས་དེ་འདྲ་མ་གནང་ན་ཡག་པོ་འདུག་གསུངས་སོང་།
ཁོ་མོས་རེ་འདོད་ལྟར་དྲ་ཐོག་དུ་བསམ་ཚུལ་ཞུས་པ་ལས། གཞན་ང་རང་གི་ལྟ་ཚུལ་རྩ་ནས་མིན།
གློག་བརྙན་ཤར་གི་མི་འདུག
ཡིག་ཊོ་ནང་གོང་གི་གློག་བརྙན་འདི་བཅུག་ཡོད་དམ།
ངོས་ཀྱིས་ལྟས་ན་གློག་བརྙན་དེ་ཧ་ཅིང་གི་ཡག་པོ་འདུག་བསམ་བྱུང་
ང་ཚོས་གློག་བརྙན་བཟོ་སྐབས་བོད་མིའི་དངོས་ཡོད་གནས་ཚུལ་ལས་འགལ་ན་དགེ་མཚན་ཅི་ཡང་མེད་ལ་དེ་ལས་ལྡོག་སྟེ་སྤྱི་ཚོགས་སྟེང་ཤུགས་རྐྱེན་ངན་པ་ཞིག་འཇོག་སྲིད་པས་དུས་དང་རྣམ་པ་ཀུན་ཏུ་ཡིད་ཟབ་གནང་དགོས་སོ།
ཡ་ད་རེས་ཡིན་ན་། ངར་བ་ཞིག་སླེབས་ཡོད་པ་འདྲ་བོ་འདུག་། སྤྱི་ཚོགས་ཡར་ཁྲིད་མར་ཁྲིད་དེས་འགན་དེ་བཀའ་བློན་ཁྲི་བར་ཡོད་པ་རེད་མ་གཏོག་གློག་བརྙན་བཟོ་མཁན་ཞིག་ལ་བབ་པས་འགན་ཁྲི་མ་རེད་།
ངས་བལྟས་ན་གློག་བརྙན་འདི་འདྲའི་རིགས་ང་ཚོའི་སྤྱི་ཚོགས་ནང་མང་ཙམ་བཟོ་ཐུབ་ན་བསམས། སྒྲུང་དང་ཁྲབ་གཞུང་ཡིན་གཅིག་མིན་གཅིག་བོད་ཀྱི་ལུགས་སྲོལ་ཡིན་དགོས་བའང་མེད། ང་ཚོ་མི་དཀྱུས་མའི་ཉིན་རེའི་འཚོ་བ་མཚོན་པའི་ཁྲབ་གཞུང་འདི་འདྲ་ལ་བལྟས་རྗེས་དགའ་བོ་བྱུང་།
གློག་བརྙན་འདི་ཡི་ཡོན་ཏན་དང་སྐྱོན་སོགས་གང་ཡོད་དུས་ཡུན་ཐུང་ངུ་ཙམ་ལས་མེད་པའི་གློག་བརྙན་དེར་བརྗོད་ཁག་པོ་རེད།་་་་འོན་ཀྱང་བུ་མོ་དེ་ཡི་འཁྲབ་སྟངས་ཀྱི་རྣམ་འགྱུར་ཅུང་ལེགས་མོད་བུ་དེ་ཡི་རྣམ་འགྱུར་ལེགས་པོ་ཞིག་མ་མཐོང་ངོ།་་་མ་གཞི་བོད་ཀྱི་གློག་བརྙན་འཁྲབ་འདོད་ན་བུ་མོ་དེ་ཡི་བོད་གོས་གྱོན་པ་ནང་བཞིན་བུ་དེ་ཡིས་ཀྱང་བོད་གོས་ཞིག་གྱོན་ན་ཅི་མ་རུང་སྙམས་པའི་ཚོར་བ་ཞིག་སྐྱེས་བྱུང།་་་་རྗེས་སུ་མཇལ་ཡོང།་
བོད་གོས་དེ་གང་འདྲ་ཞིག་ལ་ངོས་འཛིན་དགོས། གལ་སྲིད་བོད་གོས་ཟེར་བ་འདི་ཐོག་མར་བོད་མཐོ་སྒང་ན་འཚོ་བའི་མིའི་གྱོན་ཆས་དེ་ཡིན་ན་ད་ལྟ་ང་ཚོས་གྱོན་བཞིན་པ་དེ་ཐོག་མའི་བོད་གོས་རེད་དམ། ཡང་ན་ཐོག་མའི་གྱོན་ཆས་ལ་བཟོ་བཅོས་བྱས་ནས་སྟབ་བདེ་བར་བཟོ་བ་རེད་ཟེར།
ད་ནི་དུས་རབས་གསར་བའི་ནང་སླེབས་ཚར་བ་རེད་མོད་་་་ད་དུང་གནའ་བོའི་བོད་ཀྱི་གྱོན་ཆས་དེ་རིགས་གོན་དགོས་ཟེར་ན་གླེན་རྟགས་རེད། དེ་སྔོན་ང་ཚོས་ལེ་བར་བརྒྱ་ཕྲག་ཡོད་པའི་སར་གཡག་རྒན་ཞོན་ནས་ཉིན་མང་བོ་འགྲོ་སྲོལ་ཡོད་ནི་རེད་་་་་དེ་ཡང་ད་སྐབས་རྒྱུས་འཛིན་གནང་དགོས་ཟེར་ན་དཀའ་མོ་རེད།
མ་གཞི་གློག་བརྙན་བཟང་དང་མི་བཟང་གླེང་ཡོང་དུས་གཙོ་བོ་གང་ལ་ངོས་འཛིན་དགོས་ཤེས་ན་ད་བཟོད་ཁྲབ་ཆས་ཙམ་ལ་རྩོད་པ་ཡོང་དགོས་དོན་ཨེ་ཡོད་དྲན།
ཆོས་འཕེལ་དར་རྒྱས་ལགས།་
ཁྱེད་རང་གི་བོད་གོས་ཙམ་ཞིག་ཀྱང་མི་མཁྱེན་པ་ཡིན་ནམ།་་་དེ་འདྲ་ཡིན་ན་སེམས་པ་ཧ་ཅང་གི་སྐྱོ་གི་ཡ།
ངས་ཟེར་ན་བོད་ཆས་སམ་བོད་གོས་ཟེར་བ་ནི།་་་་བོད་པའི་སྐྱེས་པ་དང་བུད་མེད་རྣམས་ཀྱི་གྱོན་པའི་གོས་ལ་བཤད་ཀྱི་ཡོད།་་་་་འགྲེལ་བཤད་རིང་པོ་མི་དགོས།
རྒྱ་བལ་སོགས་སུ་སྐབས་རེ་བོད་ཀྱི་དུས་ཆེན་གྱི་སྐབས་སུ།་སྐུ་ངོ་འགའ་ཞིག་ནས།
སངས་ཉིན་དུས་ཆེན་ཡིན་པས་བོད་པ་རྣམས་བོད་ཆས་གྱོན་ནས་ཡིན་ཅི་མིན་ཅི་ཕེབས་རོགས་་ཅེས་གསུང་སྲོལ་ཞིག་ཡོད་པ་མ་ཐོས་སམ།་་དེ་ལ་ཁམས་ཆས་དང་དབུས་ཆས་ཨམ་ཆས་སོགས་ཀྱི་རྣམ་གྲང་ཀྱང་དབྱེ་ཆོག་གོ།
ད་བོད་ཀྱི་རིགས་གཞུང་ཟེར་བ་ཚད་ག་འདྲ་ཞིག་སླེབ་འདུག་དྲ་གྲོགས་རྣམས་ཀྱིས་དགོངས་དང།
དབུས་ཕྱོགས་ཀྱི་བུ་སྨན་ཚོའི་ཕྱུ་བ་དེ་དེང་རབས་ཀྱི་གྱོན་ཆས་དང་འདྲ་བའམ། དམིགས་གསལ་གྱི་ནུབ་ཕྱོགས་ཀྱི་བུ་སྨན་ཚོས་བློར་འབབ་ཀྱིན་པ་ཕྱི་གླིང་བ་མང་པོས་བདག་ལ་བཤད་མྱོང་། རང་གིས་བལྟས་ནའང་བོད་པའི་བུ་སྨན་ཚོའི་ཕྱུ་བ་དེ་ནམ་གྱོན་པའམ། དམིགས་གསལ་གྱིས་ཚོགས་འདུའམ་སྟོན་ཆེན་སྟེང་གྱོན་ན་བུ་མོ་ཚོའི་མཛེས་སྡུག་ལ་ཁ་སྣོན་དང་ཧ་ཅང་མཛེས་པའི་སྣང་བ་སྟེར་གི
རྩམ་དགའ་ལགས་གནའ་བོའི་གྱོན་གོས་ཟེར་ན་ཅི་རེད
ངས་ནམ་ཡང་གནའ་བོའི་གྱོན་གོས་སྐོར་ལ་བཤད་ནི་མེད།
ཁྱེད་རང་གིས་སུ་ཡིས་འདོད་པ་དང་བཤད་པ་ལ་འགོག་གི་ཡོད་དམ།
ེཁྱེད་རང་བྱེད་དུས་དུས་རབས་གསལ་པ་ཁག་གཡོགས་ནས་གནའ་རབས་ཀྱི་སྲོལ་རྒྱུན་དེ་དག་མེད་པ་བཟོ་རྩིས་ཡིན་པ་འདྲ།་་་ངས་གོ་དུས་ཁྱེད་རང་ནི་རྩམ་པ་ལས་སོགས་ཟ་འཐུང་ཙམ་ལ་དགའ་བའི་མི་ཞིག་ལོས་ཡིན་
སྙམས་པ་ཞིག་བློ་ལ་ལྷང་ངེར་ཤར་བྱུང།་་་
མ་ཟད་ཁྱེད་རང་གིས་ང་ཡིས་བསམ་ཙུལ་བཤད་པ་ལ་དགག་པ་བྱེད་ཀྱི་ཡོད་ན
ངས་གློག་བརྙན་བཟང་དང་མི་བཟང་གི་སྐད་ཆ་བཤད་མེད་ལ།
བོད་གོས་སམ་བོད་ཆས་ཞིག་གྱོན་པ་ཡིན་ན་དེ་ནི་བོད་ཀྱི་ཐུན་མོང་མིན་པ་ཞིག་མཚོན་པར་བྱེད་ཐུབ་སྙམས་ནས་བཤད་པ་ལས་གློག་བརྙན་བཟང་མི་བཟང་གི་སྐད་ཆ་བཤད་མེད་པ་ར་བཟི་མེད་ན་ཡག་པོ་བྱེད་ནས་གཟིགས་རོགས་དེ་ནས་སྐད་ཆ་བཤད་རོགས།་
དུས་ཚོད་བྱུང་ན་རྗེས་སུ་མཇལ་ཡོང་ངོ།
རྩམ་དགའ་ལགས་གནའ་བོའི་གྱོན་གོས་ཟེར་ན་ཅི་རེད
ངས་ནམ་ཡང་གནའ་བོའི་གྱོན་གོས་སྐོར་ལ་བཤད་ནི་མེད།
ཁྱེད་རང་གིས་སུ་ཡིས་འདོད་པ་དང་བཤད་པ་ལ་འགོག་གི་ཡོད་དམ།
ེཁྱེད་རང་བྱེད་དུས་དུས་རབས་གསར་པ་ཁག་གཡོགས་ནས་གནའ་རབས་ཀྱི་སྲོལ་རྒྱུན་དེ་དག་མེད་པ་བཟོ་རྩིས་ཡིན་པ་འདྲ།་་་ངས་གོ་དུས་ཁྱེད་རང་ནི་རྩམ་པ་ལས་སོགས་ཟ་འཐུང་ཙམ་ལ་དགའ་བའི་མི་ཞིག་ལོས་ཡིན་
སྙམས་པ་ཞིག་བློ་ལ་ལྷང་ངེར་ཤར་བྱུང།་་་
མ་ཟད་ཁྱེད་རང་གིས་ང་ཡིས་བསམ་ཙུལ་བཤད་པ་ལ་དགག་པ་བྱེད་ཀྱི་ཡོད་ན
ངས་གློག་བརྙན་བཟང་དང་མི་བཟང་གི་སྐད་ཆ་བཤད་མེད་ལ།
བོད་གོས་སམ་བོད་ཆས་ཞིག་གྱོན་པ་ཡིན་ན་དེ་ནི་བོད་ཀྱི་ཐུན་མོང་མིན་པ་ཞིག་མཚོན་པར་བྱེད་ཐུབ་སྙམས་ནས་བཤད་པ་ལས་གློག་བརྙན་བཟང་མི་བཟང་གི་སྐད་ཆ་བཤད་མེད་པ་ར་བཟི་མེད་ན་ཡག་པོ་བྱེད་ནས་གཟིགས་རོགས་དེ་ནས་སྐད་ཆ་བཤད་རོགས།་
དུས་ཚོད་བྱུང་ན་རྗེས་སུ་མཇལ་ཡོང་ངོ།
དུས་རབས་གསར་པ།
དུས་རབས་གསར་པ་ལ་ཞེས་བཅོས་ཡོད།
བསམ་ཙུལ།
བསམ་ཚུལ་ཞེས་བཅོས་ཡོད།
དགོངས་དག་ང་ཡང་རྩམ་དགའ་ནང་བཞིན་བཟའ་འཐུང་ལ་མགོ་ཡེངས་ནས་བྲིས་ཐལ་ཤོར་བཞག
གཅན་བཟོད་རྒྱམ་ནས་བུད་མེད་ཅེས་པའི་ཚབ་ཏུ་བུ་སྨན་ཞེས་བྲིས་འདུག་པས་དེ་ལ་འགྲེལ་བཤད་གསར་པ་དེ་འདྲ་ཡོད་ན་འགྲེལ་བཤད་གནང་རོགས།
རེད་རེད་བོད་ཀྱི་བུད་མེད་རྣམས་ལ་ཐོབ་ཐང་དང་རང་དབང་མི་འདུག་ཅེས་བཤད་སྲོལ་ཞིག་ཡོད།
ཕལ་ཆེར་ངས་ལྟས་ཚོད་ལའང་དེ་ལྟར་བསམ་གྱི་ཡོད།
བོད་ཀྱི་དུས་ཆེན་དང་དགོན་པ་ཁག་ལ་གནས་སྐོར་དེ་བཞིན་རྒྱ་གར་དུ་དགུན་ཚོང་ལ་འགྲོ་སྐབས་སུ།་
སྐུ་ངོ་དང་ཕ་མ་དེ་ཚོས་དམིགས་བསལ་གྱིས་བུད་མེད་རྣམས་ལ་བོད་ཆས་གྱོན་གོས་ཀྱིས་བརྩན་བཀའ་གཏོང་དང་གཏོང་བཞིན་པ་ལས།
སྐྱེས་པ་རྣམས་སྨད་ཀྱི་རོང་པ་ནང་བཞིན་གྱོན་ནས་འགྲོ་ཆོག་གི་ཡོད།
གཟིགས་དང་རྒྱུ་མཚན་གང་ལ་བརྟེན་ནས་བྱུང་བ་རེད།
བོད་སྐད་ཐོག་ལ་གློག་བརྙན་བཟོས་པ་ཙམ་གྱིས་དགའ་བསུ་ཞུ། བུ་དེས། བདུན་ཕྲག་རྗེས་མའི་ཚབ་ལ། རྗེས་མའི་བདུན་ཕྲག་གསུངས་སོང་། དེ་འགྲིག་ཡོད་མེད་དཔྱད་དགོས། ཡང་བུ་མོ་དེས་ར་བཟིའི་རྣམ་འགྱུར་ཆ་ཚང་སྟོན་ཐུབ་མི་འདུག དེ་ཚོ་ཡར་རྒྱས་དགོས་ངེས་སུ་མཐོང་། གློག་བརྙན་བརྒྱུད་ནས་བོད་སྐད་དང་བོད་ཡིག་ལ་དར་སྤེལ་ཐུབ་པ་ལ་མོས་འདུན་ཡོད་པས། གལ་སྲིད་ཕན་ཐོགས་སྲིད་སྙམ་ན།།kardorime@gmail.com
གོན་པ་རྒྱག་ཐུབ་པ་ཚང་མ་མཆོང་ལྡིང་བྱེད་ཐུབ་པས་རེ་བ་མ་རྒྱག་། མི་ཞིག་གིས་དཀའ་ལས་རྒྱབ་ནས་ལས་ཀ་ཞིག་བྱས་བ་ལ་བཟང་ཕྱོགས་ཀྱི་ཆ་གང་ཡོད་ལ་བསམ་བློ་བཏོང་དགོས་བ་ལས་། སྐོར་ཞིག་གིས་ཁོ་ཚོ་ནི་ཕལ་ཆེར་སྤྱི་ཚོགས་འདི་ནང་གཞུང་སྒེར་གང་གིས་ལས་ག་གང་བྱས་ཚད་ལ་དག་ཐེར་བྱེད་མཁན་ཡིན་པ་འདྲ་བོ་ཞིག་དུ་ཡོད་པ་དེ་སྲོལ་ངན་པ་རེད་།
Drung ལགས།
དེ་ན་རྗེས་སུ་བོད་ཀྱི་དུས་ཆེན་སོགས་ཀྱི་སྐབས་སྐུ་ཁྱེད་ཀྱིས་ལྤག་སྩག་ཞིག་གོན་ནས་ཕེབས་པར་ཞུ། དེ་ནི་ཐོག་མའི་བོད་ཆས་ཡིན་པས་སོ། གལ་སྲིད་སྟབས་བདེར་བཟོས་བའི་རེས་ཀྱི་ཕྱུ་བ་ཞིག་གོན་ཡོང་ན་དེ་ནི་བོད་ཆས་གཙང་མའམ་ཐོག་མའི་བོད་ཆས་མ་ཡིན་པས་ཁེ་མི་ལེན་ནོ།
ཨ་མཆོག་མགོན་པོ་དོན་གྲུབ་ལགས།
ངས་བལྟས་ན་གློག་བརྙན་འདི་ཞེ་དྲག་ཡག་པོ་བཟོས་འདུག འཁྲབ་མཁན་ཚོས་བོད་སྐད་ཀྱང་གཙང་མ་རྒྱག་གི་འདུག འཁྲབ་སྟངས་ཡང་ཡག་པོ་འདུག ད་དུང་བོད་ཀྱི་རིག་གཞུང་དང་འབྲེལ་བའི་གློག་བརྙན་འདི་རིགས་མུ་མཐུད་ནས་ཇེ་མང་བཟོ་སྐྲུན་གནང་རོགས་ཞེས་སྙིང་ནས་རེ་སྐུལ་ཞུ་རྒྱུ་ཡིན།
http://www.himalayanactor.com
http://www.himalayanactor.com
་་་་་་་་་་་་་་་་་<>
ངེས་གཏན་མེད་པའི་མི་ཚེ་ཞེས་པའི་གློག་བརྙན་འདིའི་ནང།འཛམ་གླིང་གི་ མཐོ་སར་གནས་ཤིང་ནང་ཆོས་ཀྱི་བསམ་བློ་ལྡན་པའི་བོད་མི་རིགས་ཀྱི་ཡ་ རབས་ཀུན་སྤྱོད་དང་བསམ་བློ།འཚོ་བའི་གོམས་གཤིས་དང་དེའི་འགྱུར་ལྡོག་ གཙོ་བོར་མཚོན་པར་བྱས་ནས་མི་ཚེ་ལ་ངེས་གཏན་མེད་པའི་དོན་དངོས་དེ་ གསལ་སྟོན་བྱས་ཡོད།
ལོ་མང་པོའ་ིསྔོན་འཛམ་གླིང་གི་ས་བབ་དང་འགྲིམ་འགྲུལ་གྱི་ཆ་རྐྱེན་ལ་ བརྟེན་ནས་གངས་རིས་བསྐོར་ཞིང་མ་ཎི་འདོན་པའི་བོད་མི་རིགས་འདི་ནུབ་ ཕྱོགས་པ་ཚོར་མཐོང་ཐོས་བྱུང་བའི་གོ་སྐབས་ཡག་པོ་རེག་མེད།ད་ལྟའི་ཆ་ ལ་རྒྱ་ནག་གི་བཙན་གནོན་འོག་ནས་བོད་མི་རིགས་ཀྱི་གནས་ཚུལ་དངོས་ མ་དེ་ནུབ་ཕྱོགས་པ་མང་པོ་ཞིག་ལ་མཐོང་ཐོས་དཀའ་བའི་ཚད་དུ་ཡོད།དེ་ བས་གློག་བརྙན་འདིས་ མཐོ་སྒང་བོད་མིའི་བསམ་སྤྱོད་དང་འཚོ་བའི་གོམས་ གཤིས་དངོས་མ་ཞིག་ནུབ་ཕྱོགས་པ་ཚོར་ཁུར་ནས་ཡོང་ཡོད།
གློག་བརྙན་འདིའི་ནང་ན་བོད་ཀྱི་རིག་གཞུང་དང་དེའི་བསམ་གཤིས་གསལ་ པོ་མཚོན་པར་བྱས་པ་ཙམ་མ་ཟད།དེང་རབས་གྲོང་ཁྱེར་གྱི་ཤུགས་རྐྱེན་གྱིས་ བོད་པ་མང་པོའ་ིབསམ་བློ་དང་ཀུན་སྤྱོད།འཚོ་བ་དང་གཤིས་ཀ་བཅས་ལ་ ཕོག་གཏུག་གཏོང་གི་ཡོད་པའི་འགྱུར་ལྡོག་གི་དངོས་དོན་དེ་ཡང་གསལ་བོར་ བཀོད་ཡོད།དེ་བས་གློག་བརྙན་འདིས་བོད་མི་རིགས་ཀྱི་གནས་ཚུལ་དངོས་མ་ ཞིག་འཛམ་གླིང་ལ་གསལ་སྟོན་བྱེད་པའི་