སེང་བུ་འབྲུག་ཞོན།
དེང་སང་མང་པོ་ཞིག་གིས་ངོ་དེབ་ཀྱི་ངོས་སུ་པར་རིས་རྫུན་མའི་གདོང་འབག་གྱོན་པ་དེ། ཐབས་རྡུག་གི་བྱ་བ་ཞིག་ཡིན་ནའང་། ང་ཚོའི་སྤྱི་ཚོགས་གུ་དོག་གི་ཁྲོན་པའི་ནང་སྨྲ་བརྗོད་རང་དབང་གི་ནམ་མཁའི་མཐོངས་ཚད་བཤད་ན། སུ་ལའང་ཡིད་དུ་མི་འཐད་པས། ཀུན་གྱིས་གཤེ་ཞིང་། མི་གྲལ་ནས་དོན་རྒྱུ་ལས་མེད་པས། དྲྭ་ལམ་གང་སར་མིང་རྫུན་རེའི་འོག་ཏུ་མ་ཡིབ་ཐུ་མེད་དུ་སྣང་། དཔེར་ན། གནའ་སྔ་མོའི་ལོ་རྒྱུས་ཀློག་མ་དགོས་པར། དེ་རིང་ཁ་སང་མིག་ལམ་ལ་མངོན་བསྡད་པ། དགེ་ཆོས་དང་། ལི་ཐང་ཨ་ཐར། ཚ་བ་མདའ་སྨྱུག དཔལ་དོན་གྲུབ་རྒྱལ་སོགས་ལ་ཅི་བྱུང་དེ། ང་ཚོས་མིག་ལམ་དུ་བལྟས་བལྟས་རིག་རིག་རེད། དེ་དག་དཔེ་མཚོན་ཙམ་ལས་རེ་རེ་བཞིན་བགྲངས་འདོད་མེད། དཔེར་ན། སྤྲུལ་སྐུ་དབང་ཆེན་དང་། དྲྭ་འབུ་བདེན་པ་སྨྲ་མཁན་ཁ་ཤས་ཀྱི་རྩོམ་ཡིག་ཕལ་ཆེ་ཤོས་རྒྱུ་མཚན་ལྡན་པ་ཤ་སྟག་རེད་མོད། འགའ་རེའི་ནང་ཐལ་ཆེ་དྲགས་པའི་སྐྱོན་རེ་ཡོད་སྲིད།
ཁྱོན་ཡོངས་ཀྱི་རྩོམ་གྱི་སྤུས་ཚད་དང་ནང་དོན་ཟབ་ནའང་། སྤྱི་ཚོགས་ནང་རྒྱ་དམར་ལས་ཀྱང་ལྟ་ཚུལ་ངན་པ་འཛིན་བཞིན་པ་འདི་རེད། སྨྱུག་ཐོགས་པ་རྣམས་ཀྱིས་ཁོང་རྣམས་ལ་ཁ་རྡུང་གཏོང་བའི་རྩོམ་ཡིག་དྲྭ་ལམ་གང་སར་མཐོང་རྒྱུ་འདུག ཡི་གེ་འབྲི་མ་ཤེས་ནའང་། རྒྱ་མིའི་སོ་བ་དང་། དོལ་ཚོགས་རྗེས་འབྲང་ཟེར་བའི་དག་ཡིག་ནོར་བའི་ཡི་གེ་དྲྭ་ལམ་དུ་སྤེལ་བཞིན་འདུག དེ་བཞིན་གཡམ་རྒྱུགས་ཡིག་རྨོངས་བ་ཚོས་དམོད་མོ་དང་འཁང་ར་བྱེད་མཁན་མི་ཉུང་བ་ཡོད་པ་ཀུན་གསལ་རེད། རྒྱ་དམར་གྱི་འཁྱོག་བརྗོད་ལ་གཅིག་གྱུར་གྱིས་ལན་འདེབས་དེ་ལྟ་བུ་བྱེད་མཁན་ཡོད་ན་དགའ་འོས་པ་ཞིག་ཡིན་ན་ཡང་། དེ་ནི་ཕལ་ཆེར་བྱང་སེམས་ལ་ཉམས་ལེན་བྱེད་བཞིན་ཡོད་མདོག་གིས་ཕལ་ཆེར་བ་འཇམ་ཐིང་ངེར་འཁུམ།
གུས་པའི་ལྟ་ཚུལ་ནི། བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ཡང༌། །གང་ཞིག་རིགས་པ་ལྡན་པའི་ཚིག །དེ་ཉིད་སྟོན་པར་ཡོངས་སུ་འཛིན།། ཞེས་དང༌། གང་ལ་སྐྱོན་ཀུན་ཡོད་མིན་ལ། །ཡོན་ཏན་ཐམས་ཅད་ཡོད་གྱུར་ན། །ཚངས་དང་ཁྱབ་འཇུག་དབང་ཕྱུག་ཆེ། །དེ་ཡང་བདག་གི་སྟོན་པ་ཡིན།། ཞེས་གསུངས་པ་དེ་དག་ཉམས་སུ་ལེན་དེ། རྒྱུ་མཚན་གྱི་རྗེས་སུ་འབྲངས་ན་རང་གཞན་གཉིས་ཕན་དང་། སྤྱི་ཚོགས་ལའང་ཕན་ངེས། ཕན་ཚུན་དབར་གོ་རྟོགས་ཀྱང་སད། ཁོང་ཁྲོ་དང་། ཞེ་སྡང་གི་དབང་འོག་དུ་མ་སོང་ན། འདི་ཕྱི་གཉིས་ལྡན་གྱི་བྱ་བར་འགྱུར་གྱི་རེད་སྙམ།
ཕ་མས་བུ་ཕྲུག་ལ་སྐྱོན་ཆ་བཤད་པ་དེ། མ་འོངས་པ་བཟང་ཕྱོགས་སུ་འགྲོ་བར་རེ་ནས། ཤ་ཚས་བཤད་པ་རེད་མ་གཏོགས། བོད་ཕྲུག་ལ་དོན་མེད་ཀྱིས་ཁ་རྡུང་དང་། སྐྱོན་བརྗོད་མ་རེད། སྤྱི་ཚོགས་ཀྱི་ངན་ཕྱོགས་སམ་སྐྱོན་གླེང་བསྡད་པ་དེ། སྤྱི་ཚོགས་ཀྱི་འགན་ཁུར། སེམས་ཁུར་བྱེད། ཤ་ཚ། སྙིང་ཉེ་བའི་རྟགས་རེད། དེ་དག་ལ་ང་ཚོས་ཁ་རྡུང་བཏང་ན། བཟང་སྤྱོད་དང་ཕན་པའི་ལས་ཤིག་ཏུ་མ་མཐོང་། ང་དྲང་མོ་ཡིན། ཁྱོད་ཚོ་འཚིག་པ་མ་ཟ། མ་འགྲིག་པ་མཐོང་དུས། རྒྱུ་མཚན་དང་། གནས་ལུགས་ཀྱི་ལམ་ནས། སྐད་ཆ་བཤད་རྒྱུ་དེ་ཧ་ཅང་གལ་ཆེན་དུ་མཐོང་།
ཞེ་སྡང་ཁོག་ནས་འབར་ཞིང་རང་ལྟ་མཆོག་འཛིན་དང་། ཨུ་ཚུགས་ཀྱིས་གཞན་ལ་ཁ་རྡུང་གཏོང་ན། སྤྱི་ཚོགས་ཕུ་དཀྲུག་མདའ་དཀྲུག་བཟོ་མཁན་ངོ་མ་དེ་རང་ཉིད་ཆགས་སོང་བ་རེད། སྐབས་དེར་བདེན་པ་ཡོད་ན་ཕན་མེད་དུ་གྱུར་ཟིན་པ་རེད།
དགྲ་རྒྱ་དམར་གྱིས། མིག་གིས་མཐོང་སར་མངོན་སུམ་དུ། ༧གོང་ས་མཆོག་དང་། བོད་གཞུང་ལ་གཞི་མེད་ཀྱིས་སྐུར་འདེབས་དང་སྒྲོ་འདོགས་བྱེད་སྟངས་ལྟ་བུ་དེ། མ་དགའ་བའི་སྐྱོན་བརྗོད་རེད། ད་རུང་ང་ཚོས་དགྲ་རྒྱ་དམར་དང་སྐད་ཆ་མཉམ་དུ་བཤད་པའི་གོ་སྐབས་རག་ཕྱིར་ཡོད་ཚད་བློས་གཏོང་ནུས་དུས། ནང་ལ་ཐུག་དུས་ཚོད་འཛིན་ངེས་པར་དུ་བགྱི་གལ་ཆེ་སྙམ། ད་དུང་ཡང་ཧམ་བཤད་ཀྱིས་བོད་གཞུང་དང་རྒྱལ་བ་རིན་པོ་ཆེ་ལ་ཁ་གཏོང་གི་འདུག་ཟེར་སྟེ། ཡིན་མིན་གྱི་སྐད་ཆ་དང་གནས་ལུགས་བཤད་ས་རྩ་ནས་མེད་པ་བཟོ་བ་འདི་ལ་ལེགས་འབྲས་ཤིག་ཡོད་པར་མ་མཐོང་།
གྲོགས་པོ་ཚོ་ངས་བསམ་ཚུལ་ཙམ་ཡིན། ནོར་བ་འདུག་ན་དགོངས་འགལ་མེད་པ་ཞུའོ།།
ལོ་ཆེན་བཻ་རོ་ཙ་ནས། བདེན་ཅིང་འཐད་ན་བྱིས་པའི་ངག་ཀྱང་ཉོན། མི་བདེན་དོན་དང་འགལ་ན་རྒྱལ་བའི་བཀའ་ཡང་ཞོག་གསུངས་ཏེ། འགྲོ་བ་ཀུན་གྱིས། ཉམས་སུ་ལེན་པའི་གོ་རྟོགས་སད་པར་ཤོག་བཅས་སྨོན་ལམ་འདི་ལྟར་གྱིས་མཚམས་སྦྱར་རོ།།
ཨོ་ཡུལ་མཚོ་མཐའ་ནས།
ཡག་པོ་གསུང་འདུག། རྒྱུ་མཚན་ལྡན་པའི་བཀའ་མོལ་རེད། རྗེས་སུ་ཡིད་རངས་ཞུ།
ཨོ་ཡུལ་ཟེར་ན་གང་ཟིག་རེད། མ་རིག་མ་གོ་ནིའི་མིང་བརྡ་བཀོལ་ན་གསལ་བཤད་དགོས་བ་གལ་ཆེན་རེད། དེ་མིན་ལྷ་ཡུལ། ཀླུ་ཡུལ། མི་ཡུལ། གང་ཞིག་ཡིན་པར་ཆགས་འཇོག་གམ།
ཨོའུ་སི་ཁྲོལ་ལེ་ཡ་Australia རེད་ལགས། འདི་བཞུགས་རྣམས་ཀྱིས་བསྡུས་ཚིག་ལ། ཨོ་ཡུལ། ཞེས་བཀོལ་གྱིན་འདུག ལགས།
མཁས་དབང་དགེ་ཆོས་དང་དཔལ་དོན་འགྲུབ་རྒྱལ་སོགས་ལ་མ་ཉེས་ཁ་གཡོག་ཕོག་སོང་བ་རེད་ཟེར་ན་ཡིན་འགྲོ། སྤྲུལ་སྐུ་དབང་ཆེན་དང་ལི་ཐང་ཨ་ཐར་གཉིས་དེ་དག་དང་མཉམ་དུ་སྒྲོག་ཡོང་ན་གད་མོ་རྐུབ་ནས་མི་ཤོར་རེ་ཕ་འབུམ་དུམ་པ་བཅུ་གཉིས། མི་འདི་གཉིས་ཀྱིས་གོང་ས་མཆོག་དང་བཙན་བྱོལ་གཞུང་ལ་གཞི་མེད་སྐྱོན་འདོག་ཁོ་ན་ལས་གནས་ལུགས་ཅི་ཞིག་བཤད་མྱོང་བ་རེད། དེ་ཅིག་ཡིན། གཉིས་ནས་བཙན་བྱོལ་ནང་ལ་སྨྲ་བརྗོད་རང་དབང་མི་འདུག་ཟེར་ན་བདེན་པ་གཏན་ནས་མ་རེད། གོང་ས་མཆོག་ལ་ཡང་གང་བྱུང་མང་བྱུང་བཤད་ཆོག་པ་འདི་སྨྲ་བརྗོད་རང་དབང་ཆེ་སོང་བས་ཡིན་པ་ལས་མེད་པས་ག་ལ་ཡིན། གོང་ས་མཆོག་དང་བཙན་བྱོལ་གཞུང་ལ་གཞི་མེད་སྐྱོན་བརྗོད་བྱས་རྐྱེན་རང་ཉིད་སྤྱི་ཚོགས་ཀྱི་ཟུར་ལ་བུད་སོང་ན། དེ་ནི་རང་ཉིད་སྤྱི་ཚོགས་ཀྱི་ཁ་གཏད་ལ་ལང་བའི་སྐྱོན་ཡིན་པ་ལས་སྨྲ་བརྗོད་རང་དབང་ལ་བཙན་གནོན་བྱེད་པའི་སྐྱོན་མིན་ནོ།།
ལི་ཐང་ཨ་ཐར་ནང་བཞིན་མི་དཀྱུས་མ་ཞིག་ད་བར་དུ་བོད་སྤྱི་དོན་ཐོག་ལ་རང་སྲོག་ལན་གྲངས་མང་པོ་བློས་གཏང་གནང་མཁན་ངས་ད་བར་མཐོང་མ་སོང་དཀོན་མཆོག་གསུམ།
གྲོགས་པོ་ཚོ་ངས་བསམ་ཚུལ་ཙམ་ཡིན། ནོར་བ་འདུག་ན་དགོངས་འགལ་མེད་པ་ཞུའོ།། རེད། བསམ་ཚུལ་ལ་སྐྱོན་ཆེན་པོ་མེད་པ་འདྲ། ཡིན་ན་ཡང་། (གྲོགས་པོ་ཚོ་(ངས)་བསམ་ཚུལ་ཙམ་ཡིན།) ཟེར་བའི་ངས་དེ་ལ་ནོར་བ་ཤོར་ཡོད་པ་འདྲ། ཧ་ཧ།
ས་སྐོར་ལོག་དེ་ན་ཅི་ཞིག་བྱེད་བཞིན་ཡོད། ས་དེའི་མྱི་ཡང་གནས་བདག་ལ་མི་སྲལ་རབས་གོ་མྱོང་། དེང་སང་ག་འདྲ་ཡོད་མིན་ཅིག་གསུང་དང་།
མགུར་བཅུ་གསུམ་པ།
སྨྲ་བརྗོད་རང་དབང་མེད་ས། ཁྲིམས་གཅོད་བཙོན་འཇུག་བྱེད་སར། གདོང་འབག་གྱོན་པ་ཐབས་ཤེས།
དེ་ལས་ལྡོག་པའི་ས་རུ། གདོང་ཐུག་བདེན་པ་བདར་རྒྱུར། སུ་ཞིག་ཞུམ་ན་གནོང་ཞིག
དགེ་ཆོས་རང་གྲོལ་ལ་སོགས། གདོང་མཆོང་བདེན་པའི་དཔའ་རྒོད།
འཆི་རྒྱུའི་སྙིང་སྟོབས་མེད་ཀྱང། བཤད་རྒྱུའི་བློ་ཁོག་ལྡན་དགོས།
མགུར་ལ་མགུར་མཚམས་མེད་པའི།། རྒན་པོ་མགུར་རུ་སྐྱབས་ཀྱིས།།
འགའ་རེ་མགུ་འི་བཅུག་རུང་།། འགན་ཞིག་བཤད་ཀི་མེད་ཀི།
མགུར་མཚམས་མེད་པ་མ་རེད། འགུགས་གཅོད་མ་ཤེས་རྟགས་རེད།
འགན་ཞིག་ཡིན་མིན་གང་རུང། མགུར་ཞིག་མ་རེད་མ་ཟེར། ཧཧཧཧཧ
་་་་་ གོང་ས་མཆོག་ལ་ཡང་གང་བྱུང་མང་བྱུང་བཤད་ཆོག་པ་འདི་སྨྲ་བརྗོད་རང་དབང་ཆེ་སོང་བས་ཡིན་པ་ལས་མེད་པས་ག་ལ་ཡིན། གོང་ས་མཆོག་དང་བཙན་བྱོལ་གཞུང་ལ་གཞི་མེད་སྐྱོན་བརྗོད་བྱས་རྐྱེན་རང་ཉིད་སྤྱི་ཚོགས་ཀྱི་ཟུར་ལ་བུད་སོང་ན། དེ་ནི་རང་ཉིད་སྤྱི་ཚོགས་ཀྱི་ཁ་གཏད་ལ་ལང་བའི་སྐྱོན་ཡིན་པ་ལས་སྨྲ་བརྗོད་རང་དབང་ལ་བཙན་གནོན་བྱེད་པའི་སྐྱོན་མིན་ནོ།། ་་་་ཟེར་བ་འདི་ལ། རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད་དོ། །
རེད་ཡ། རང་གིས་རང་ཕྱིར་ཕུད་པའམ་བུད་པ་དེ་རང་ལས་གཞན་ལ་ཉེས་པ་འཛུགས་པ་འཁྲུལ།
མགུར་གླུ་ལ་རང་དབང་ཐོབ་ན།།
ཆོས་རྣམས་ཀུན་མགུར་ལ་གྱེར་ཆོག།
མགུར་གླུ་ལ་ས་མཚམས་མེད་པར།།
ཚངས་མགུར་ལས་རོབ་ཙམ་མཐོང་ཐུབ།།
མགུར་བཅོ་ལྔ་བ།
ཕྱི་གླིང་གི་ཡུལ་གྲུ་འདི་ན། རང་མི་ནི་ངོ་མ་རེ་ཡོད་འདྲ།
སྐད་ཡིག་དང་ཆ་ལུགས་དག་འགྱུར་ཡང། རིག་གཞུང་གི་ཞག་རྩི་རེ་ཡོད་འདུག
འདྲེ་རྐང་གི་གླིང་བུའི་ནང་ན། མགུར་མ་ཡི་འདྲེ་ཞིག་ནི་བཞུགས་འདྲ།
གནས་ལུགས་ནི་རྟོགས་པ་ཡི་མགུར་བ། དེང་སང་ནི་རེ་གཉིས་ལས་མ་མཐོང། ཧཧཧཧ་