ཡོང་ཁུངས། བོད་ཀྱི་བང་ཆེན།
བོད་ཀྱི་བུད་མེད་རྩོམ་པ་པོ་འོད་ཟེར་གྱི་ངོ་དེབ་སྟེང་ཉེ་ཆར་ཁམས་རྟའུ་རུ་དགེ་འདུན་པ་སྐལ་བཟང་ཡེ་ཤེས་ཀྱིས་རང་སྲེག་སྐབས་ཀྱི་བརྙན་ཐུང་ཞིག་བཞག་པ་དེ་ངོ་དེབ་ཀྱིས་གསུབ་ཡོད་འདུག་ཀྱང་། ངོ་དེབ་ཀྱི་འབྲེལ་ཡོད་དོ་དམ་མི་སྣ་ཞིག་གིས་རང་སྲེག་གི་བརྙན་ཐུང་གསུབ་པ་དང་ཆབ་སྲིད་འབྲེལ་བ་གང་ཡང་མེད་སྐོར་བརྗོད་འདུག
དེའང་ཕྱི་ཟླ་༡༢ པའི་ཚེས་༢༣ ཉིན་བོད་ཁམས་རྟའུ་རུ་དགེ་འདུན་པ་སྐལ་བཟང་ཡེ་ཤེས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱི་རང་ལུས་མེར་སྲེག་གཏོང་བའི་སྐབས་སུ་གསང་བའི་ཐོག་ནས་བརྙན་པར་ཐུང་ངུ་ཞིག་ལེན་ཐུབ་ཡོད་པ་དང་། བརྙན་ཐུང་དེ་བོད་ཀྱི་བུད་མེད་རྩོམ་པ་པོ་འོད་ཟེར་གྱིས་མོའི་སྒེར་གྱི་ངོ་དེབ་སྟེང་ཡར་འཇུག་བྱས་ཀྱང་། མི་རིང་བའི་རྗེས་ངོ་དེབ་ཐོག་ནས་བརྙན་ཐུང་དེ་གསུབ་ཡོད་པ་མ་ཟད། ནག་གསུབ་ཏུ་བཏང་ཟིན་པའི་བརྡ་ཐོ་ཡང་འབྱོར་ཡོད་འདུག འོད་ཟེར་གྱིས་དེ་ནི་ངོ་དེབ་བེད་སྤྱོད་དེ་ལོ་དྲུག་ཙམ་ཕྱིན་པའི་རིང་ནག་གསུབ་བཏང་པའི་གནས་ཚུལ་བྱུང་བ་ཐོག་མ་ཡིན་པ་དང་། བརྙན་ཐུང་དེ་ནི་བོད་ནང་དུ་ཡོད་པའི་བོད་མིས་རང་སྲོག་ལ་མ་འཛེམས་པར་བརྙན་པར་དུ་བླངས་པ་ཞིག་རེད་ཅེས་བརྗོད་འདུག
ཨ་རིའི་རླུང་འཕྲིན་ཁང་གིས་ངོ་དེབ་ཀྱི་འབྲེལ་ཡོད་དོ་དམ་མི་སྣ་ཞིག་ལ་གནས་ཚུལ་དེའི་སྐོར་སྐད་ཆ་དྲིས་སྐབས། བརྙན་ཐུང་དེ་ངོ་དེབ་ཐོག་ནས་གསུབ་དགོས་དོན་ནི་བརྙན་པར་ཚད་བརྒལ་གྱིས་ལྟ་མི་གཟོད་པའི་ནང་དོན་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་ཡིན་པ་ལས། ཆབ་སྲིད་དང་འབྲེལ་བ་གང་ཡང་མེད་སྐོར་བརྗོད་འདུག་པ་དང་། འོད་ཟེར་གྱིས་དེའི་ལན་དུ་ཨི་རག་གི་ཁ་ཆེའི་དྲག་སྤྱོད་པས་ནུབ་ཕྱོགས་པའི་མི་སེར་གྱི་མགོ་བཏུབ་པའི་བརྙན་པར་ལ་ངོ་དེབ་ཀྱིས་ཆོག་མཆན་སྤྲད་ཡོད་སྐོར་བརྗོད་འདུག་ཀྱང་། ངོ་དེབ་ཀྱི་འབྲེལ་ཡོད་དོ་དམ་པ་དེས་ཁ་ཆེའི་དྲག་སྤྱོད་པས་མགོ་བོ་བཏུབ་པའི་བརྙན་པར་ནང་དུ་མགོ་བཅད་དེ་སར་ཟགས་པའི་བརྙན་པར་མེད་པའི་ལན་འདེབས་བྱས་འདུག
དེ་བཞིན་ནེའུ་ཡོག་དུས་བབ་ཀྱི་དྲ་བའི་ཐོག་ཏུ་བོད་ཀྱི་བུད་མེད་རྩོམ་པ་པོ་འོད་ཟེར་གྱི་ངོ་དེབ་ཐོག་གི་བརྙན་ཐུང་ནག་གསུབ་བཏང་པའི་གནས་ཚུལ་སྤེལ་ཏེ། ངོ་དེབ་ཀྱིས་ཆབ་སྲིད་ཀྱི་ཀུན་སློང་ལ་བརྟེན་ནས་མཆན་དང་བརྙན་པར་རིགས་ལ་ཞིབ་བཤེར་བྱེད་བཞིན་པའི་སྐོར་ལ་དོ་སྣང་བྱས་ཡོད་པ་མ་ཟད། ངོ་དེབ་གསར་གཏོད་མཁན་རྫུ་ཁར་བྷར་གྷི་(Mark Zuckerberg) ཡིས་རྒྱ་ནག་གི་ཁྲོམ་རའི་ནང་ཞུགས་འདོད་ཀྱི་རྣམ་འགྱུར་བསྟན་པ་ཞིག་ཡིན་སྐོར་བཀོད་ཡོད་པ་དང་། འདི་ལོའི་ཕྱི་ཟླ་༡༠ པའི་ནང་ཁར་བྷར་གྷི་ཡིས་ཤིན་ཧྭ་སློབ་གྲྭ་ཆེན་མོའི་ནང་རྒྱ་སྐད་ཀྱི་ལམ་ནས་སློབ་ཕྲུག་གི་དྲི་བར་ལན་འདེབས་བྱས་ཡོད་འདུག་ལ། ཟླ་འདིའི་འགོ་སྟོད་ཙམ་ལ་རྒྱ་ནག་དབུས་དྲིལ་བསྒྲགས་ལས་ཁུངས་ཀྱི་དཔོན་རིགས་ཤིག་ཨ་རིར་མཚམས་འདྲིར་བསྐྱོད་སྐབས། ཨ་རིའི་གྲོང་ཁྱེར་ཀེ་ལེ་ཧྥོ་ནི་ཡཱ་ལ་རྟེན་གཞི་བྱས་པའི་ངོ་དེབ་ཀྱི་ལས་ཁུངས་ཨ་མའི་ནང་ལྟ་སྐོར་དུ་སོང་པ་དང་། དཔོན་རིགས་དེས་ཁར་བྷར་གྷི་ཡི་ལས་ཤག་གི་ཅོག་ཙེའི་སྟེང་ཞི་ཅིན་ཕིང་གི་དེབ་ཅིག་བཞག་ཡོད་པ་མཐོང་བ་མ་ཟད། སྐབས་དེར་ཁར་བྷར་གྱིས་རྒྱ་ནག་གི་དཔོན་རིགས་དེར་“ངས་ལས་རོགས་ཚོ་ལའང་དེབ་འདི་ཉོས་ཏེ། ཁོང་ཚོར་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་རྒྱུས་ལོན་བྱས་བཅུག་པ་ཡིན་”ཞེས་བརྗོད་ཡོད་པ་རེད།།
གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།
ཧང་སང་ཡ་གཅིག་ཀྱང་མི་འདུག རང་དབང་དང་གཞན་ཁོ་ན་གླེང་མཁན་གྱི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། དེ་འབྲེལ་གྱི་ཚོགས་པ་ཀུན་གྱིས་རང་ལ་གནོད་གཞི་ཞིག་ཡིན་ཚེ། དྲང་བདེན་དང་སྨྲ་བརྗོད་རད་དབང་ཡིན་མིན་ལ་མི་ལྟ་གང་ཐུབ་ཀྱིས་བཀག་སྡོམ་བྱེད་པས་ཡིན།
དགྱ་མོ་གཡབ་རྒྱུ་རག་ན་དེ་འདྲ་རེད། སྔོན་མ་ཞིག་ལ་ངས་བོད་མིའི་གསོན་སྲེག་གི་ཐད་ནས་དབྱིན་མགོ་སེར་པོ་ཅན་ཞིག་ལ་དེ་སྐོར་གྱི་སྐད་ཆ་བྱུང་། སྐབས་དེར། ཁོ་ནི་རྒྱལ་ཁབ་ཞིག་གི་གནད་ཡོད་མི་སྣ་དང་། དེ་རིང་སང་གི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འཁོར་འགྲོ་ལ་རྒྱུས་ང་ཆེན་པོ་ཡོད་ཟེར། བཤད་ཀྱིན་བཤད་ཀྱིན། ཁོ་ནི་བོད་མིའི་མེ་སྲེག་གི་འཐབ་རྩོད་ལ་ངོ་རྒོལ་དང་། ༧གོང་ས་མཆོག་ལ་ཡང་ངན་བཤད་བཤད་པ་སོགས་དགྱ་དམག་དམར་པོ་ཞིག་དང་ཐུག་པ་འདྲ་པོ་བྱུང་། ཡིན་ན་ཡང་། བཤད་སར་ཐུག་དུས་བཤད་དགོས་བ་དང་། ཟ་སར་ཐུག་དུས་ཟ་དགོས་བ་ཡིན་དུས། ངས་ཡང་རང་གི་ཁོང་ཁྲོའི་མགོ་ལ་སོ་བཏབ་ནས། རྣམ་འགྱུར་ཡག་ཡག་དང་གནད་དོན་ཆེ་ཆེ་ཡིས། བོད་མིའི་ཨུ་ཐུག་ཐབས་སྡུག་གི་ཡིད་སྐྱོ་བའི་ཚེ་སྲོག་གི་འབོད་སྒྲ་རེ་རེ་ནས་རེ་རེར། གང་ཤེས་ཤེས་་དང་གང་དུང་དུང་་གིས་བཤད་པ་དང་། མི་སྣ་གནད་ཡོད་ཞིག་གི་སེམས་པའི་འཁྱེར་ཚུལ་ནི་དེ་འདྲ་ཞིག་ཡིན་མི་སྲིད་པ་དང་། མི་ཞིག་གིས་སྡུག་བསྔལ་བ་བཟོད་པར་སྐྱོབས་རོགས་བྱས་བའི་ཞུ་བ་ལ། ཆོས་ལུགས་དབྱེ་མེད། མི་རིགས་དཀར་ནག། རྒྱལ་ཁབ་འཚམས་མེད་དུ། སྙིང་རྗེ་མ་ཤར་ན་མྱི་མིན་པ་དང་། མི་མིན་དེའི་སེམས་ན་ཆོས་ལུགས་ཡག་པོ་གང་གིས་ཀྱང་བག་ཆགས་མེད་པ་སོགས་གང་ཐུབ་བཤད་པ་ཡིན། ཁ་བདེ་པོ་རང་མེད་ན་ཡང་དོན་བདེན་པ་ཞིག་གླེང་གིན་ཡོད་དུས། བར་ཞིག་ལ། མགོ་སེར་དེ་གྲགས་མེད་དུ་བཞག་ཡིན། མཐའ་མ་དེར། ཁོས་ང་ལ་ཐུགས་རྗེ་ཆེ། རྗེས་ཕྱོགས་བོད་ཀྱི་གནད་དོན་ལ། བསམ་བློ་གཏང་ཟབ་གཏོང་གི་ཡིན་ཟེར། ངས་ཡང་ཁོ་ལ་མི་སྒར་བར་ལ་ཚིག་ནག་འདྲ་ཤོར་ཡོད་ན་དགོངས་དག་ཞུས་བ་ཡིན། དེ་ནས་ཁྱོད་བདེ་མོ་དང་ང་བདེ་མོས་སོ་སོའི་ཕྱོགས་སུ་ཕྱིན་པ་ཡིན།
ཉིན་ཤས་རྗེསལ། སྟབས་མ་ལེགས་པ་དང་བློ་མི་བདེ་བ་ཞིག་ཤེས་བརྟགས་བྱུང་བ་ནི། མི་ངན་མགོ་སེར་དེའི་གཡབ་ཏོ་དགྱ་མོ་ཞིག་ཡིན་པ་དང་། དགྱ་མིན་དབྱིན་མིན་ཀྱི་གསོ་ཕྲུག་གཉིས་ཡོད་པ་ཡང་ཤེས་བྱུང་བས། སེམས་ལ་དགོད་རྒྱུ་ཞིག་དང་ཁོང་ཁྲོ་ཞིག་དུས་མཉམ་དུ་ལངས་སོང་།
འདི་ཚོང་གི་གནད་དོན་ཞིག་མ་རེད། འདི་གཉའ་མའི་གནད་དོན་ཞིག་རེད། ཁོང་ཚོའི་རྒྱབ་ལོགས་ན་གཉའ་ཁ་བཙུམ་མི་ཐུབ་ནིའི་དགྱ་ངན་མ་ཞིག་ཡོད་ཐག་ཆོད་ཡིན། ཁྱེད་རང་ཚོས་འཚོལ་རོགས་གནོངས།
ངོ་དེབ་ན་ཁ་ཆེ་བས་ཡེ་ཤེའུ་བའི་མིའི་སྐེ་ལ་རལ་གྲི་གཡུག་ཐེངས་གཅིག་གིས་མགོ་སྐེ་བཅད་པ་དེ་འདྲ་མཐོང་རྒྱུ་ཡོད།
ངོ་དེབ་ན་ཁ་ཆེ་བས་ཁ་ཆེ་བ་རྡང་རྡང་བྱས་ནས་མདེའུ་བཙོགས་ལ་བཀོད་ནས་དམར་གསོད་ཆེན་མོ་མང་པོ་མཐོང་རྒྱུ་ཡོད།
ངོ་དེབ་ན་སྲིན་མོ་གསོན་འདྲེ་མར་རློམ་དང་དང་དེའི་ཁྱིམ་རྒྱུད་ཡོད་ཚད་ཆ་མྱེ་ནང་ལ་གསོན་སྲེག་བྱེད་མཐོང་རྒྱུ་ཡོད།
ངོ་དེབ་ན་ཡ་ང་བ་དང་ཡིད་སྐྱོ་བ་མང་པོ་ཡོད། འདི་ཚོས་དམར་རྗེན་དང་ང་ཡ་ཆེ་འདུག་བཤད་པ་ནི་ཡོལ་ཐབ་ཙམ་ཡིན།
ངོ་དེབ་་ནང་གང་བྱུང་མང་བྱུང་བཀོད་ཀྱི་རེད་ལ་སྲུབ་ཀྱི་ཡང་་རེད་ཧང་སང་ཡ་
ཡིད་པ་མ་རེད་ངོ་དེབ་གལ་ཆེན་པོ་མ་རེད་་ལག་ལེན་གལ་ཆེན་པོ་རེད་།བང་
ཆེན་ཤོག་བུ་བཀངརྒྱུ་ཙམ་རེད་གནས་ཚུ་འདི་འདྲ་ཤ་སྟག་བཀོད་ན་་གདར་ཤོག་གི་རིན་ཐང་རླག་གི་རེད་ལ་བལྟ་ཀློག་་བྱ་མཁན་ཡང་ཐུབ་ཀྱི་མ་རེད་།
ངོ་དེབ་གསར་གཏོད་པ་ཁོ་རྒྱ་དངུལ་དམར་པོ་ལ་འགྲམ་ཆུ་ལྡང་གི་ཡོད་པ་རེད། ནུབ་ཕྱོགས་ཀྱི་མ་རྩ་རིང་ལུགས་པ་འདི་ཚོར་ཁེ་ཞིག་རག་ན་དྲང་བདེན་དང་ཡ་རབ་ཅེས་པ་དེར་སྐྱག་མཐོང་ཡང་མེད་པ་ཤེས་གསལ་རེད།
་་་་་་་་་་་་་་་་་་་་ བོད་ཀྱི་བུད་མེད་རྩོམ་པ་པོ་འོད་ཟེར་གྱི་ངོ་དེབ་སྟེང་ཉེ་ཆར་ཁམས་རྟའུ་རུ་དགེ་འདུན་པ་སྐལ་བཟང་ཡེ་ཤེས་ཀྱིས་རང་སྲེག་སྐབས་ཀྱི་བརྙན་ཐུང་ཞིག་བཞག་པ་དེ་ངོ་དེབ་ཀྱིས་གསུབ་ཡོད་འདུག་ཀྱང་། ངོ་དེབ་ཀྱི་འབྲེལ་ཡོད་དོ་དམ་མི་སྣ་ཞིག་གིས་རང་སྲེག་གི་བརྙན་ཐུང་གསུབ་པ་དང་ཆབ་སྲིད་འབྲེལ་བ་གང་ཡང་མེད་སྐོར་བརྗོད་འདུག ་་་་་་་་་་་་་་་་་་་་་་་་
་་་་་་་་་་་་་་་ དེའང་ཕྱི་ཟླ་༡༢ པའི་ཚེས་༢༣ ཉིན་བོད་ཁམས་རྟའུ་རུ་དགེ་འདུན་པ་སྐལ་བཟང་ཡེ་ཤེས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱི་རང་ལུས་མེར་སྲེག་གཏོང་བའི་སྐབས་སུ་གསང་བའི་ཐོག་ནས་བརྙན་པར་ཐུང་ངུ་ཞིག་ལེན་ཐུབ་ཡོད་པ་དང་། བརྙན་ཐུང་དེ་བོད་ཀྱི་བུད་མེད་རྩོམ་པ་པོ་འོད་ཟེར་གྱིས་མོའི་སྒེར་གྱི་ངོ་དེབ་སྟེང་ཡར་འཇུག་བྱས་ཀྱང་། མི་རིང་བའི་རྗེས་ངོ་དེབ་ཐོག་ནས་བརྙན་ཐུང་དེ་གསུབ་ཡོད་པ་མ་ཟད། ནག་གསུབ་ཏུ་བཏང་ཟིན་པའི་བརྡ་ཐོ་ཡང་འབྱོར་ཡོད་འདུག ་་་་་་་་་་་་་་་་
་་་་་་་་་་་ ངོ་དེབ་གསར་གཏོད་པ་ཁོ་རྒྱ་དངུལ་དམར་པོ་ལ་འགྲམ་ཆུ་ལྡང་གི་ཡོད་པ་རེད། ་་་་་་་་་་་་་་་