འཇིགས་མེད་སེང་གེ
སྲིད་སྐྱོང་འོས་མི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་ལངས་ཕྱོགས་བརྟན་ཞིང་བློ་ཐག་ཆོད་པ། གནད་དོན་གང་ཅིར་ཞལ་གསལ་བོ་ཡིན་པ་ནི་མི་མང་གིས་སྔ་ས་ནས་མཁྱེན་གྱི་ཡོད་པས་གསལ་བཤད་འདི་མི་དགོས་ནའང། གཞན་གྱི་ལོག་རྟོགས་བཅོམ་རྒྱུ་མཁས་པའི་ལས་སུ་རུང་བའི་ཉུང་ངུར་བཟློ་བ་ལ།
མང་གཙོའི་ལམ་ལུགས་ནང་སྐྱོན་བརྗོད་དང་འགན་འཁུར་ཟུང་དུ་སྦྲེལ་ཕྱོགས། འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་གི་ས་མཚམས་བཅས་ནི་རྦད་དེ་སྣང་བ་གང་དྲན་དང་། གཞི་མེད་འཆལ་གཏམ་གང་སར་སྒྲོགས་པ་ལ་མི་ཟེར་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་དང་རྒྱལ་ཁབ་ཕལ་མོ་ཆེའི་རྩ་ཁྲིམས་ནང་ཆ་རྐྱེན་ཡོད་པའི་ཐོག་ནས་གསལ་འཁོད་ཟིན་པའི་གནད་དོན་ཞིག་ཡིན། དེ་ལ་དེང་གི་འཇིག་རྟེན་འདིར་རྩོད་གླེང་དང་ཀླན་ཀ་འཚོལ་མཁན་ཉུང་ཉུང་རེད།
ཁྲིམས་ཀྱི་དབང་བསྒྱུར་ཁ་ལ་འཁྱེར་ཏེ་སྲིད་དབང་སྒེར་གཅོད་ཀྱིས་ཁྲིམས་མེད་ལུགས་མེད་བྱེད་པ་དག་ནི་ཕོ་རོག་དཀར་པོ་ལྟར། སྟོབས་འབྱོར་དང་མངའ་ཐང་ཇི་ལྟར་རྒྱས་ཀྱང་རྒྱལ་སྤྱིའི་ཁྱོན་ན་སྣང་བརྙན་ཡག་པོ་ཞིག་མེད་པ་ཇི་བཞིན། བོད་མིའི་ཁྲོད་ཀྱི་ངོ་བོ་དང་དམིགས་ཡུལ་ཁྱོན་ནས་གསལ་བོ་མིན་པའི་རང་བཙན་ཁ་ལ་འཁྱེར་མཁན་རེ་ཟུང་གིས་༧གོང་ས་མཆོག་ལ་མང་གཙོའི་འགྲོ་ལུགས་དང། འགྲོ་བ་མིའི་བཟང་སྤྱོད། བོད་མིའི་ཐུན་མོང་མིན་པའི་ཆོས་ཉིད་རྒྱུ་འབྲས་ཀྱི་ཁྲིམས་བཅས་པར་གཏན་འགལ་དུ་སོང་བའི་གཞི་མེད་ཀྱི་མཚན་སྨོད་ཞུ་བ་དག་ནི། དངོས་དོན་དུ་རྒྱ་ནག་གཞུང་དང་དོལ་རྒྱལ་ཚོགས་པ་ལས་ཀྱང་གཟབ་གཟབ་བྱེད་དགོས་ཡུལ་ཉག་ཅིག་རེད།
གཞིས་བྱེས་བོད་མི་ས་ཡ་དྲུག་ལ་དུས་རབས་ཕྱེད་ལྷག་རིང་རྒྱ་ནག་གཞུང་གིས་ཚུལ་མཐུན་མིན་པའི་སྲིད་བྱུས་ཅི་ཙམ་ལག་བསྟར་བྱས་ཀྱང། དོལ་རྒྱལ་རྗེས་འབྲངས་པས་༧གོང་ས་མཆོག་ལ་གཞི་མེད་མཚན་སྨོད་ཅི་ཙམ་ཞུས་ཀྱང། ཁོ་ཚོའི་དམིགས་ཡུལ་དང་ངོ་བོ། རྣམ་འགྱུར་བཅས་པ་ཧ་ཅང་གསལ་བོ་ཡིན་སྟབས། འདས་པ་དང་ད་ལྟ། མ་འོངས་པ་གང་དུའང་༧གོང་ས་མཆོག་གིས་སྙིང་བོ་བྱས་པའི་བོད་མི་ས་ཡ་དྲུག་ལ་ཁྱོན་ནས་གླེགས་མི་འཁེལ་ལ། ཁོ་ཚོའི་བྱ་བྱེད་ལས་གསུམ་གྱིས་རྩ་བ་ནས་ཁུངས་འཁྱོལ་གྱི་མེད་པ་ཇེ་གསལ་ནས་ཇེ་གསལ་དུ་འགྲོ་གི་ཡོད།
ཡིན་ནའང། བོད་མི་ས་ཡ་དྲུག་གི་མདུན་ལམ་དང་བོད་མིའི་ཐུན་མོང་མིན་པའི་ལེགས་བྱང་གིས་འཇིག་རྟེན་སྤྱིའི་ཤེས་རིག་གི་གླེགས་བམ་ཁྲོད་དང། བཟང་སྤྱོད་ཀྱི་རིགས་པའི་གཞུང་ལུགས་ནང། ཚན་རིག་གི་དཔྱོད་ཤེས་གསར་གཏོད་ནང། དཔལ་འབྱོར་འབག་བཙོག་ཁོ་ནས་ཁ་ལོ་བསྒྱུར་བའི་ཆབ་སྲིད་ཁྲོམ་རྭའི་ནང་བཅས་པར་ངེས་པར་དུ་བཟང་ཕྱོགས་ཀྱི་ནུས་པ་བླ་ལྷག་ཏུ་ཐོན་དགོས་པ་དང། ཐོན་ངེས་པ་རིག་པས་ལམ་ནས་སྒྲུབ་ན་མཐོང་གསལ་འདི་ཡིན་སྟབས། ང་ཚོས་གོམ་པ་དང་པོར་མེས་འཚིགས་མེས་གཏུག་གིས་རྒྱ་ནག་གཞུང་དང་མཉམ་དུ་གཉིས་སྨན་ཞི་བའི་གྲོས་མོལ་གྱིས་བོད་ཀྱི་ཆོས་རིག་དང། ཡུལ་གྱི་གོམས་པའི་གཤིས་ལུགས་སོགས་ངེས་པར་དུ་སྐྱོབ་དགོས་ཤིང། དེ་སྐྱོབ་པར་བྱེད་པ་ལ་བོད་མི་རྣམས་འཛིན་སྐྱོང་གཅིག་གི་རང་སྐྱོང་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་འཚོ་སྡོད་བརྟན་བརླིང་ཡོང་དགོས་པ་ནི་མཆོག་དང། ཕུལ་དང། རྩེ་མོ་ཡིན་གཤིས། རྒྱ་ནག་གཞུང་གི་མཉམ་དུ་ཞི་བའི་གྲོས་མོལ་གནང་དགོས་པ་ནི་གཡོལ་ཐུབ་མེད་པ་ཞིག་དང། དེ་ལྟར་གནང་ཐུབ་པའི་ཆབ་སྲིད་ཀྱི་ཆོད་སེམས་ནི་རྩ་ཆེན་པོ་ཞིག་ཡིན།
འོན་ཀྱང་བོད་མི་རེ་འགས་བསམ་བཞིན་དང། མ་ཤེས་པ་ལ་སོགས་པས་གནད་དོན་དེར་གོ་བ་ལོག་པར་བླངས་ཏེ། བོད་དོན་ཁ་ལ་འཁྱེར་ནས་མཚན་སྨོད་ཞུ་མཁན་ཚོའི་མཉམ་སྡིངས་ཆ་གཅིག་ཏུ་བགྲོ་གླེང་གནང་མི་ཐུབ་པ་ཅི་རེད་སོགས་མིག་རྒྱང་ཐུང་བའི་དྲི་བ་བཀོད་པ་ནི། བོད་རང་གི་གནས་བབ་ཁྱོན་ཡོངས་ནས་མ་གཏོགས་པའི་ར་སྤྲོད་གསལ་བོ་རེད་ལ།
བོད་མི་རིགས་ཀྱི་རྒྱལ་རབས་ལོ་རྒྱུས་ནང་དུའང་དགྲ་ལ་གཡུལ་འགྱེལ་བྱས་རྗེས་ཞི་བའི་གྲོས་མོལ་གྱི་ལམ་ནས་འདུམ་ཞིང་འགྲིག་སྟེ་རྡོ་རིང་གནམ་མཁར་བསླངས་པའི་གནས་ཚུལ་མང་པོ་ཡོད་པ་ལས། ནང་གི་ཕ་མར་དོན་མེད་ངོ་ལོག་རྒྱག་མཁན་ཚོ་མཐོ་སར་བཞག་པ། མི་གྲལ་དུ་བརྩིས་པའི་གོམས་སྲོལ་རྩ་ནས་བྱུང་མྱོང་མེད་པས། རྒྱ་ནག་གཞུང་གི་མཉམ་དུ་ཞི་མོལ་གནང་ཐུབ་ན། ངོ་བོ་དང་དམིགས་ཡུལ་མི་གསལ་ལ་གཞི་མེད་གཏམ་འཆལ་གྱིས་༧གོང་ས་ཆེན་པོར་མཚན་སྨོད་ཞུ་མཁན་བོད་མི་རེ་ཟུང་དང་མཉམ་དུ་སྡིངས་ཆ་གཅིག་ཏུ་གནས་མི་ཐུབ་པ་ཅི་རེད་ཅེས་དོགས་སློང་བྱེད་པ་ནི། ཧ་མ་གོ་ཧོན་ལོག བཤད་ནི་མེད་མཁན་ཚང་གི་རྒན་མོ་སྨྱོས་པའི་གཏམ་རྒྱུད་ཆགས་སོང་བ་ཡིན་སྟབས། སྔར་འགྱོད་ཕྱིས་སྡོམས་ཀྱིས་གཏན་ཚིགས་དང་ལྡན་པའི་བཀའ་མོལ་གསུང་རྒྱུར་འབད་བརྩོན་གནོང་ཞེས་ལམ་སྟོན་འདི་ཤར་མར་བསྟར་བ་ཡིན།
༢༠༡༦། ༨། ༣༠། ཉིན།།
རྩོམ་ཡིག་དེའི་ནང་དུ་་་་ཡ་རབས་བཟང་སྤྱོད་་་་་་དགྲ་བོ། ཉམས་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་་་་་་ཅེས་ཚིག་གསུམ་སྤྱད་འདུག
༡་་་སྤེན་པ་ཚེ་རི་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་གིས་ངོས་ནས་ཡ་རབས་བཟང་སྤྱོད་ཟེར་བའི་ཚིག་འདི་བེད་སྤྱོད་མ་བཏང་པའི་སྔོན་དུ་འོས་མི་སྤེན་ཚེ་ལ་ཀ་སྟག་སྤྲུལ་སྐུ་བསད་པའི་རྙོག་གླེང་ཡོད་པ་དེར་ཐག་གཅོད་བྱོས། འགན་ཁུར་ཡོད་པའི་ཐོག་ནས་སྤྱི་འཐུས་ཤིག་གིས་སྤྲུལ་སྐུ་བསད་པའི་ཉེས་བཙུགས་བྱས་དུས་གྲོས་ཚོགས་ཀྱི་ཚོགས་ཁང་ནས་ཕྱི་རུ་བྲོས་ཐུབ་ནའང་བོད་མི་དམངས་ཀྱི་མདུན་ནས་བྲོས་ས་མེད།
སྤྱི་ཚོགས་ཡོངས་གྲགས་ཀྱི་ཐོག་ཏུ་གཞུང་རྒྱུ་སྒེར་བདག་བྱེད་མཁན་ཡུང་གླིང་ཟླ་བ་ཚེ་རིང་གིས་སྤེན་པ་ཚེ་རིང་འོས་མི་བཏོན་པ་ལ་དབུས་གཙང་མི་དམངས་ཀྱིས་ངོས་ལེན་བྱས་མེད། མངའ་རི་ཡིས་སྤེན་ཚེ་སྲིད་སྐྱོང་འོས་མི་ལ་ཁས་ལེན་བྱས་མེད། ཅིའི་ཕྱིར་དུ་སྤེན་ཚེ་སྲིད་སྐྱོང་འོས་མི་ལ་ཁས་ལེན་མ་བྱས་པ་རེད་དམ། སྤྲུལ་སྐུ་བསད་པའི་རྙོག་གླེང་གྲོས་ཚོགས་ནང་དུ་ཡོད་པར་མཐོང་བཞིན་དུ་སྲིད་སྐྱོང་འོས་མི་བཏོན་ན་ཡ་རབས་བཟང་སྤྱོད་མེད་པའི་ལས་ངན་བསགས་དགོས་པའི་རྒྱུ་མཚན་གྱིས་སྤེན་ཚེ་འོས་མི་ལ་ཁས་ལེན་བྱས་མེད་པར་མ་རེད་དམ།
༢་་་་དགྲ་བོ་ཟེར་ན་སུ་རེད། སྤེན་ཚེ་དང་སྤེན་ཚེའི་རྒྱབ་སྐྱོར་བ་ཚོས་དགྲ་བོ་ངོ་ཤེས་སམ། རྒྱ་གུན་ཁྲན་དགྲ་བོ་རེད་དམ་མ་རེད། ཁས་ལེན་དམ་མི་ལེན། བོད་མི་ཁྲི་ཕྲག་མང་པོ་དམར་གསོད་དངབཙོན་བཅུག ལྟོགས་ཤི་དང་མུ་ཤི་བཟོས། དགོན་སྡེ་སྟོང་ཕྲག་གཏོར། ༧གོང་ས་ཏ་ལའི་བླ་མ་གཞན་གྱི་ཡུལ་དུ་ཕུད། མི་ཚེ་གཅིག་ལ་རང་ཡུལ་དུ་ཡོང་མ་བཅུག་མཁན་རྒྱ་གུན་བྲན་ཏང་མིན་ན་སུ་རེད།
སྤེན་ཚེས་རྒྱ་དཔོན་ཚོ་མི་དགོས་རྒྱ་འཁྱམ་རྣམས་དང་ཚོགས་ཁང་གཅིག་གི་ནང་དུ་གཏམ་བཤད་བྱས། རྒྱ་ཅོག་གཅིག་གི་སྟེང་དུ་ཟས་ཟོས། ཀླུ་བྱམས་མཉམ་དུ་ཅོག་ཙེ་གཅིག་གི་ཐོག་ཏུ་བགྲོ་གླེང་བཤད་ཀྱི་མིན་ཟེར་བ་འདི་དགྲ་ངོ་རང་ངོ་ཤེས་ཀྱི་མེད་པའི་རྟགས་རེད་དམ་མ་རེད།
༣་་་་རྒྱལ་སྤྱིའི་འགྲོ་བ་མིའི་ཁྲིསམ་ལུགས་ནང་དུ་་་པགས་པ་དཀར་ནག་དང་། ཆོས་དད་ཡོད་མེད། ཚོགས་ཁུངས་གང་ཡིན་གྱི་ཐོག་ནས་དབྱེ་འབྱེད་བྱེད་མི་ཆོག་ཅེས་བཀོད་ཡོད་པར་རྡོག་རོལ་གཏོང་བཞིན་དུ་རྒྱལ་སྤྱི་ཁྲིམས་ལུགས་ཟེར་ནས་གླེང་ཕོད་པའི་་ཧམ་པ་དེ་ག་ནས་བྱུང་། གྲོས་ཚོགས་ནང་དུ་མི་བསད་ནག་ཉེས་བཙུགས་བསྡད་ཡོད་སའི་མི་ཞིག་གིས་ངོས་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་བཤད་ཀྱི་ག་ནས་དྲན་བྱུང་ངམ།
xxཟླ་བ་ཚེ་རིང་དང་མི་བསད་ནག་ཉེས་ཀྱི་གླེང་རྙོག་ཡོད་པའི་སྤེན་ཚེ་གཉིས་རྒྱལ་སྤྱིའི་ཁྲིམས་ཀྱི་མདུན་དུ་ཡོང་འདོད་པ་ཨེ་རེད།
ཁྲམ་རྒན་འཇིགས་མེད་སེང་གེ་ངོ་གདོང་སྟོན་རོགས། སྤེན་ཚེ་ལ་བློ་ཁོག་མེད་སོང་པ་དང་ཕམ་ཉེས་ཡོད་པའི་སྔོན་རྟགས་རང་རེད། མི་དམངས་མདུན་ལ་གདོང་མཉམ་དུ་སུ་བདེམ་སུ་རྫུན་ལངས་དགོས་རེད། ངོ་མ་གཞིས་ཆགས་བུ་འགྱིག་གི་མི་རབས་ཡིན་པས་རྟགས་རང་ངོས་འཛིན་བྱ་གི་ཡོད།
ཟླ་བ་ཚེ་རིང་གིས་སྤ྄ེན་པ་ཚེ་རིང་ལ་དཔུང་རོགས་གནང་བ་ནི། རྐུ་མ་རྒྱབ་ལ་ཇག་པ་ཟེར་བ་དེ་ཅི་མི་བདེན། གཅིག་ནི་གཞུང་རྒྱུ་ཧམ་ཟ་མཁན་དང་། གཅིག་ནི་མི་བསད་ནག་ཉེས་ཡོད་མཁན་གཉིས་རེད། ཁྱོད་གཉིས་ཀྱིས་ཆབ་སྲིད་ཕྱག་ལས་གནང་དུས་གོང་ས་མཆོག་གི་མཚན་བེད་སྤྱོད་མ་གནང་རོགས། གལ་སྲིད་ཁྱོད་གཉིས་ཀྱིས་ཕྱག་ལས་གནང་ཚད་གོང་ས་མཆོག་གི་ཆེད་དུ་ཡིན་ན། ཁྱོད་གཉིས་ཀྱི་ནག་ཉེས་དེ་ཡང་གོང་ས་མཆོག་གི་ཆེད་དུ་བྱས་པ་རེད་དམ། ཧཧཧཧ སྐྱུག་བྲོ་བའི་ཆབ་སྲིད་ལ་གོང་ས་མཆོག་མ་འཐེན་པའི་རེ་བ་ཡོད། ཀླུ་མཁར་བྱམས་དང་སྐད་ཆ་བཤད་ཀྱིས་མིན་ཟེར་བ་དེ་ཡང་གོང་ས་མཆོག་དང་འབྲེལ་བ་ཤེས་དགོས། སྲིད་སྐྱོང་ལ་ལང་པ་དེ་བོད་མི་ས་ཡ་དྲུག་གི་ཚབ་མཚོན་ཡིན་དགོས་པ་ལས། གོང་ས་མཆོག་གཅིག་པོའི་ཆེད་དུ་ག་ལ་ཡིན། གོང་ས་མཆོག་གིས་ཆོས་ལུགས་དད་པ་རང་མོས་ཡིན་པར་མང་དུ་གསུང་ཟིན། ད་དུང་དེ་ལྡོག་སྟེ་གར་དུས་ཀྱང་གཞན་ལ་སྡིག་ར་དང་བརྙས་བཅོས། གོང་ས་མཆོག་རྒྱབ་དཔུང་ཡོད་མདོག་བྱས་པ་སོགས་ནི་མི་སྤྱོད་ལས་འདས་པའི་འཇིགས་བསྐུལ་བ་རེད།
ནོར་བཅོས། ཀླུ་མཁར་བྱམས་དང་སྐད་ཆ་བཤད་ཀྱིས་མིན་ཟེར་བ་དེ་ཡང་གོང་ས་མཆོག་དང་འབྲེལ་བ་མེད་པར་ཤེས་དགོས།
འབྲས་སྤུངས་ལ་སླེབས་ནས་གཏམ་བཤད་སྐབས་
ད་སྔ་བོད་གཞུང་གི་ལས་དོན་མང་ཆེ་བ་བོད་གཞུང་མང་འདོད་པ་མེད་གཞིན་དུ་༧ གོང་ས་མཆོག་གི་གཅིག་སྤྱོད་གནང་གི་ཡོད་པས་དགེ་མཚན་མང་པོ་ཡོད་རབ་བཤད་སོང་ཟེར། འདི་ཡང་བདེན་རྒྱུ་མ་རེད་བསམ་ རྒྱུ་མཚན་༧གོང་ས་མཆོག་གི་སྐུ་དབང་ཚང་མ་ང་ཚོ་ལ་སྤྲད་ཟིན་པས་སོ
ཚོགས་གཙོའི་གནང་སྟངས་འདི་བཞིན་དམངས་གཙོའི་འཕེལ་རིམ་ཁྲོད་ཀྱི་དོན་དག་ཡ་མཚན་ཞིག་ཏུ་གྱུར་ཡོད་པ་དང་། གཅིག་བྱས་ན་འོས་ཞུགས་འགྲན་རྩོད་པའི་ལྷན་དུ་བགྲོ་གླེང་མི་བྱེད་པ་འདི་ནི་འཛམ་གླིང་གི་ཡ་མཚན་ཟིན་བྲིས་ནང་(The Guinness Book of records)ཐོ་འགོད་ཆོག་པའི་གྲས་སུ་གཏོགས་སྲིད།
འོ་ཡ། ད་ནི་སྤེན་ཚེའི་རྒྱབ་སྐྱོར་བ་འདི་ཚོས་སྡུག་རུ་སྡུག་རུ་བཏང་ནས་༧གོང་ས་མཆོག་འཐབ་འཕྱིས་བྱས་ཏེས་ནག་པོ་བཟོ་ཡི་འདུག། རྒྱུ་མཚན་དམངས་གཙོ་ཞུ་མི་དགོས་པ་གསོ་བརྩལ་གནང་ཡོད་ཟེར་མཎི་བགྲངས་བགྲངས་རེད། དོན་དངོས་དམངས་གཙོ་༧རྒྱལ་བ་རིན་པོ་ཆེས་མར་གསོལ་རས་གནང་ཡང་དད་པ་ལོག་སྤྱོད་པ་འདི་ཚོས་ཡར་བསྡུ་ཡི་འདུག་ག།
སྐལ་ཚེ་ལགས། ཁྱེད་ཀྱིས་རང་ཉིད་ཀྱི་གདོང་དངོས་སུ་བསྟན་ཏེ་་རྒྱུད་ལམ་ཚད་ལྡན་ཞིག་ནས་སྤེན་ཚེ་མི་གསོད་ལག་དམར་རེད་ཅེས་བརྗོད་ཐུབ་ན་དགའ་བསུ་ཡོད།
ལྷ་མོ་ལགས། གཞི་ཆགས་ཀྱི་བུ་འགྱིག་གི་འགྱིག་གི་མི་རབས་ཡིན་པས་་་་ཟེར་བ་འདི་ལ་སོམས་དང་། ཚད་ལྡན་མི་བུ་ཞིག་གི་སྐད་ཆ་ཨེ་རེད།
ཆབ་སྲིད་པ་རྣལ་མ་ཞིག་ཡིན་ན། མི་རེ་གཉིས་གསོད་དགོས་ལ། རྫུན་མང་ཙམ་ཤོད་དགོས་པ་དང་། ལྷག་པར་དུ་མགོ་སྐོར་མང་པོ་བཏང་དགོས། དེ་ཆབ་སྲིད་པའི་མཁོ་ཆོད་པའི་དུག་རེད།
འདིར་སྐྱེ་བ་ཕྱི་མའི་བདེ་བ་དང་སངས་རྒྱས་ཀྱི་ལམ་ལ་བཞུགས་ཀྱི་མེད། ཆབ་སྲིད་ཀྱི་དབང་ཆ་འཐབ་བརྩོད་བྱས་ནས་རང་གི་ཁ་གཏད་མེད་པ་བཟོ་ཀྱི་ཡོད། བོད་པའི་ཆབ་སྲིད་དེ་ཆབ་སྲིད་རྣལ་མ་ཞིག་ལ་བསྒྱུར་དགོས་ན། ཤུགས་ཆེ་ཙམ་འགུལ་དགོས།
རྒྱལ་བ་ལྔ་པ་དབང་དང་ཉམས་ཁྲིད་བསྐྱངས་ནས་བོད་ཀྱི་ཁྲི་ལ་བསླེབས་པ་མ་རེད། སྐུ་འཕྲེང་བཅུ་གསུམ་པས་འཛམ་གླིང་ཞི་བདེ་དང་བྱམས་སྙིང་རྗེ་དྲངས་ནས་རྒྱ་མི་བོད་ནས་བསྐྲད་པ་མ་རེད། ས་སྐྱ་འགྲོ་མགོན་འཕགས་པས་བཟང་སྤྱོད་དང་དམངས་གཙོ་བཤད་ནས་ཁྲི་སྐོར་བཅུ་གསུམ་ལེན་པ་མ་རེད།
ཀླུ་མཁར་བྱམས་ངོ་མ་དབང་ཆ་འཐོབ་དགོས་ན། རྫུན་མཁས་པོ་ཤོད་དགོས། དཔེར་ན། རྒྱལ་བ་རིན་པོ་ཆེ་ངའི་སྙིང་ཡིན། ང་རྒྱལ་བ་རིན་པོ་ཆེའི་དགོངས་པ་མཐའ་མ་དེ་བསྒྲུབ་ཀྱི་ཡིན་ཟེར་བ་དང་། ཟམ་གདོང་རིན་པོ་ཆེ་ངའི་གུས་བཀུར་ཆེ་ཤོས་ཀྱི་བཤེ་གཉེན་ཡིན་ཟེར་བ་ལྟ་བུ་ཤོད་དགོས།
དེ་མ་ཐུབ་ན། ཆབ་སྲིད་ཇི་ལྟར་སྐྱོང་ངམ།
སྤེན་པ་ཚེ་རིང་ལྷོ་གཞིས་འགའ་ཤས་ནང་སྲིད་སྐྱོང་འོས་མིར་ལངས་དགོས་རྒྱུ་མཚན་འགྲེལ་བརྗོད་དུ་བསྐྱོད་པ་དང་། སྤྱི་ཚོགས་དྲྭ་བ་ཡོངས་རྫོགས་ཧ་ཅང་འཁྲུག་པོར་གྱུར་སོང་། གདན་སའི་གྲྭ་པ་འགའ་ཤས་ཀྱིས་སྡུག་ཚིག་རྡོག་བསྒྲུགས་བརྒྱབ་པའི་ཚིག་རྙོག་སྤེལ་བའི་རྩོམ་ཡིག་དེ་འདྲ་བྲིས་ཏེ་དེ་རིང་སྤེན་ཚེས་འདི་བཤད་སོང་། ཕ་གི་བཤད་སོང་ཟེར་ནས་སྤེན་ཚེའི་སྐད་ཆ་དུམ་པོར་བཅད་ཏེ་ས་བསྒྲགས་གནམ་བསྒྲགས་བྱས། དེའི་འོག་ཏུ་མང་མང་ནས་མཆན་དུག་སྤེལ་ཏེ་ཀླུ་མཁར་བྱམས་ལ་རྒྱབ་རྩ་དང་། བོད་རང་བཙན་འཐབ་རྩོད་པ་ཡིན་མདོག་བྱས་ཀྱང་དོན་དུ་བློ་སེང་གི་རྒྱུགས་ཁྱི་ཞེ་གཅིག་རེད་འདུག་སྙམ། སྤྱིར་བློ་བཟང་སེང་གེར་ཞེན་ཁོག་དང་རྒྱབ་སྐྱོར་བྱས་པ་དེ་མ་འགྲིགས་པ་གང་ཡང་མིན་ནའང་། སྤེན་ཚེ་ནག་པོ་བཟོས་ཏེ་བློ་སེང་དཀར་འདོན་བྱེད་བརྩིས་དང་། དེའི་ལག་ཆར་ཀླུ་མཁར་བྱམས་བེད་སྤྱོད་བཏང་བ་དེ་ལུགས་མཐུན་དང་མི་མང་གི་སེམས་འགུག་ཐུབ་པའི་ལས་འགུལ་ཞིག་ཡིན་ནམ། མི་གཉིས་རྒྱུག་ཆོངས་སོགས་འགྲན་བསྡུར་བྱེད་སྐབས་རང་གི་ནུས་པ་ཡོད་ཚད་སྟོན་ནས་གཞན་ལས་རྣམ་པར་རྒྱལ་ཐབས་བྱེད་པ་ལས། གཞན་དེའི་རྐང་ལག་བཅག་སྟེ་རང་ཉིད་དེ་ལས་རྒྱལ་ཐབས་བྱེད་པ་དེ་ཐབས་སྡུག་ཅིག་མ་ཡིན་ནམ།
བསྟན་ཆོས་ལགས་སུ་ཞུ་རྒྱུ་ལ། ༡༽ སྤེན་པ་ཚེ་རིང་མཆོག་ལ་མི་བསད་ནག་ཉེས་མེད་ན་བསྟན་པ་ཡར་འཕེལ་གྱིས་གྲོས་ཚོགས་སུ་དངོས་སུ་ཁོང་ལ་ཉེས་པ་བཙུགས་ཡོད། དེའི་རྗེས་སུ་ཁོང་གིས་ཁྲིམས་ཁང་ཚད་ལྡན་ཞིག་ཏུ་གཏུགས་ཏེ་ཉེས་པ་དག་སེལ་མི་བྱས་དོན་གང་རེད་དམ། ཁུ་སིམ་མར་གནས་དགོས་དོན་གང་རེད་དམ། དངོས་གནས་ཁོང་ཉེས་ཅན་པ་རེད་དམ། ༢༽ ཀླུ་མཁར་བྱམས་ལ་སྐད་ཆ་བཤད་ཀྱིན་མིན་ཟེར་བ་དེ་ཡང་གོང་ས་མཆོག་ལ་ལྷག་བསམ་ཡོད་མིན་གྱི་སྐད་ཆ་གཏན་ནས་མ་རེད། རྒྱུ་མཚན་ནི་སྤེན་ཚེ་ཁོང་དང་ཀླུ་མཁར་གཉིས་ཀྱིས་ལྡིངས་ཆ་གཅིག་གི་སྟེང་དུ་བགྲོ་གླེང་བྱ་དགོས་བྱུང་ན། ཀླུ་མཁར་གྱིས་ཁོང་གི་ནག་ཉེས་རྣམས་མི་མང་རྩར་འདོན་མི་ཡོང་ངམ་སྙམ་སྟེ་འཇིགས་སྐྲག་གིས་ཁ་ཕྱོགས་གཞན་དུ་བསྒྱུར་བ་རེད་མཁྱེན་སོང་ངམ། དེང་སང་མི་མང་ཡོངས་རྫོགས་མགོ་སྐོར་ཐེབས་ཀྱི་མ་རེད་དོ། ༣༽ གལ་སྲིད་ངས་གདོང་རིས་ངོ་མ་སྤྱི་ཚོགས་སུ་སྟོན་ཏེ་བཤད་ཚར་བའི་རྗེས་སུ་ང་གར་སོང་ཆ་མེད་དུ་ཕྱིན་ན་ཁྱེད་ཀྱིས་རྒྱབ་དཔུང་ཐུབ་བམ། ཧཧཧ་ སྐུ་རྩེད་ཡིན།
སྤྱི་འཐུས་ཚོགས་གཙོ་སྐུ་ངོ་སྤེན་པ་ཚེ་རིང་ཨ་མདོ་ཡིན་པ་སྔར་ནས་གོ་མྱོང་། ཀླུ་དཀར་བྱམས་ཟེར་བ་ཨ་མདོ་ཡིན་པ་དེ་རིང་མ་གཏོགས་ཤེས་མ་བྱུང་། སྤེན་པ་ཚེ་རིང་གི་སྐོར་མང་པོ་གླེང་འདུག ང་རང་ལ་དྲི་བ་ཞིག་ཡོད།
མདོ་སྟོད་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ཀྱིས་བང་ཆེན་གསར་ཁང་བཙུགས་ནས་དངུལ་སྒོར་ག་ཚོད་བཟས་བ་མི་གླེང་བ་ཅི་རེད། ཟེར། དེའི་སྐོར་ནས་བསལ་བྱེད་ཅིག་གནང་རོགས་ཞུ་ཡ་ཡིན།
སྤེན་ཚེ་ཁྲིམས་ཁང་ལ་གཏུག་མཁན་གཅིག་ཀྱང་བྱུང་མ་ཐུབ་པ་ནི། སྤེན་ཚེ་ལ་ནག་ཉེས་མེད་པའི་དཔང་རྟགས་ཆེ་ཤོས་རེད་ད། མི་ཅིག་གིས་མི་བསད་བཞིན་དུ་སྤྱི་འཐུས་ཚོགས་གཙོ་བྱས་ཏེ་མུ་མཐུད་བསྡད་ཐུབ་ཀྱི་རེད་དམ། སྤེན་ཚེ་ལ་གང་བྱུང་བཤད་མཁན་ཚོས་དངོས་གནས་རྒྱ་གར་ཁྲིམས་ཁང་དང་ཉེན་རྟོག་པར་མཐོང་ཆུང་ཚ་ཐག་ཆོད་རེད་ད། གལ་ཏེ་ཁོང་གིས་མི་བསད་ཡོད་ན་རྒྱ་གར་ཉེན་རྟོག་པ་དང་ཁྲིམས་ཁང་གིས་རང་དགར་འཇོག་གི་རེད། རྒྱུ་མཚན། རྒྱ་གར་འདི་ཁྲིམས་ཀྱི་དབང་བསྒྱུར་ཚད་ལྡན་ཡོད་པའི་རྒྱལ་ཁབ་ཅིག་རེད་ད། ཐ་ན་སྲིད་བློན་ཚུན་ཆད་ཁྲིམས་ཁང་དུ་བསྐོངས་ཏེ་ཁྲིམས་ཞིབ་བྱེད་བཞིན་པ་རེད།
གལ་ཏེ་ཁོང་གིས་མི་བསད་ཡོད་ན་རྒྱ་གར་ཉེན་རྟོག་པ་དང་ཁྲིམས་ཁང་གིས་རང་དགར་འཇོག་གི་མ་རེད་ལ་བཅོས་རོགས
རྒྱ་གར་ཁྲིམས་ཁང་དངུལ་གྱི་འགྲོ་ཁུངས་ཆེན་པོ་ཡོད་པ་འཛམ་གླིང་ནང་སྐད་གྲགས་ཆེ་བའི་གྲས་རེད་ད།
རྒྱུ་མཚན་དངོས་གནས་ཤེས་མཁན་ཡོད་ན་ལན་ཞིག་གནང་རོགས།
དངོས་གནས་ཚོགས་གཙོས་མི་བསད་ཡོད་དམ། སྤྲུལ་སྐུ་དེ་བསད་མི་འདུག ན་ནས་གྲོངས་འདུག དེའི་གྲོངས་རྐྱེན་ཚོགས་གཙོས་ཁོང་གི་བདག་མོ་དང་དགའ་པོ་བསྒྲིགས་པས་རེད་ཟེར།
དངོས་གནས་ཚོགས་དང་བདག་མོ་གཉིས་དགའ་པོ་ཡིན་ནམ། ཁོང་གཉིས་དགའ་པོ་རེད། རྒྱུ་མཚན་ནི་ཚོགས་གཙོས་མཐོ་སློབ་ཀྱི་སློབ་ཡོན་བདག་མོས་སྤྲད་པ་རེད་ཟེར།
དངོས་གནས་སློབ་ཡོན་དེ་བདག་མོས་སྤྲད་པ་ཡིན། སློབ་ཡོན་བདག་མོས་སྤྲད་པ་རེད། ཁོ་ཚོའི་ཁྱིམ་ལ་བུ་ཕྲུག་མང་བ་དང་། འབྱོར་འཁོས་སྐྱོ་བས་སློབ་ཡོན་སྤྲོད་མི་ཐུབ་ཟེར།
དངོས་གནས་ཁྱིམ་གྱི་འབྱོར་འཁོས་སྐྱོ་བས་ཚོགས་གཙོ་ཕུད་དེ་མིན་བུ་ཕྲུག་རྣམས་མཐོ་སློབ་ལ་འགྲོ་ཐུབ་མེད་དམ། ཡང་ན་ཚོགས་གཙོ་ལ་ཕྱི་རྒྱལ་བ་དང་། སྤུན་མཆེད་སོགས་རོགས་རམ་བྱེད་མཁན་རྩ་་བ་ནས་མེད་དམ།
གཅིག། བསྟན་པ་ཡར་འཕེལ་གྱིས་གྲོས་ཚོགས་ནང་བཤད་པས་དེ་ཁྲིམས་ཁང་དུ་བསྐྱལ་མི་ཆོག་པ་གྲོས་ཚོགས་ཀྱི་ཁྲིམས་རེད།
གཉིས། ཚོགས་གཙོས་ཉིན་མོ་དེར་བསྟན་པ་ཡར་འཕེལ་ལ། བློ་ཁོག་ཡོད་ན་གྲོས་ཚོགས་ཀྱི་ཕྱི་ནས་ཤོད་དང་། དེ་ནས་གང་དུ་གཏུགས་དགོས་ཀྱང་གཏུགས་ཆོག་གསུངས་ཀྱང་ད་བར་འཇམ་ཐིང་ངེར་ལུས།
གསུམ། བསྟན་པ་ཡར་འཕེལ་ནི་བེུད་སྤྱི་འཐུས་ཤིག་དང་ཚོ་ཁག་ཅིག་གི་བརྒྱུད་ལམ་ཡིན་པ་ལས། ཁོ་ལ་དེ་ལྟ་བུའི་སྤོབས་པ་དང་བསམ་བློ་གང་ཡང་མེད། མ་གཞི་ནས་གྲྭ་པ་ཞིག་རེད།
བཞི། ཁོ་ཚོས་སྤེན་ཚེ་འདི་གང་འདོད་བྱེད་ཆོག་ས་ཞིག་མིན་པ་སྔར་ནས་ཤེས་ཡོད་པས། གཡོ་ཐབས་ཁོ་ནས་བརླག་ཐབས་བྱེད་པ་ལས། གདོང་དང་གདོང་བསྟན་ཏེ་རྒོལ་མི་ནུས་པ་ཤེས་ཡོད། སྤེན་ཚེས་མ་གཟབ་ན་དུག་ཀྱང་འདྲེན་སྲིད།
དྲུག།། བློ་སེང་ལ་ཐོབ་དགོས་ན། སྤེན་ཚེ་ཕམ་དགོས་ལ། དེ་ལ་ཀླུ་བྱམས་ཀྱི་གཤོག་འོག་ལ་རླུང་རྒྱག་དགོས་ཤིང་། སུམ་རྟགས་སྙན་ངག་མི་ཤེས་ཀྱང་དེར་མགོ་འཁོར་བ་དག་ཀྱང་འཕང་ལོ་བཞིན་དུ་མི་བསྐོར་ཐབས་མེད་ཡིན།
བདུན། བློ་སེང་དང་སྤེན་ཚེ་སུ་ལ་ཐོབ་ཀྱང་ཁྱད་པར་མེད་ཀྱང་། གནད་དོན་ནི། བློ་སེང་གིས་ཕྱི་སྡོད་རྒྱ་རིགས་ཀྱི་ལག་འཁྱེར་བཟུང་སྟེ་རྒྱ་ནག་ཏུ་སོང་བའི་རྒྱུ་མཚན། སྐུ་ཞབས་བྷན་དང་དངུལ་འབྲེལ་ཡོད་མེད། ཁང་རིན་དེ་དག་རྒྱ་དངུལ་ཡིན་མིན། ལས་བྱེད་འཕོ་འགྱུར་ལ་ཕྱོགས་རིས་བྱས་མིན། སྔ་ཙམ་ནས་གཞུང་དོན་བེད་སྤྱོད་ཀྱིས་འོས་ཐོབ་ལ་འབད་བརྩོན་བྱེད་བཞིན་པ། བརྙན་དེབ་དཔར་ཏེ་སྲིད་སྐྱོང་ཁྱབ་བསྒྲགས་རྩིས་ཀྱི་དགོས་དམིགས་ངོ་མ། དུས་དབང་ཕྱིར་འཐེན་དགོས་པའི་གནས་ལུགས་ངོ་མ་སོགས་གསལ་བཤད་བྱེད་དགོས།
བརྒྱད། དེ་དག་ཚང་མ་གཙང་མ་ཆགས་ན། ད་གཟོད་བློ་སེང་ལ་འོས་ཤོག་འཕེན་ངེས་ཡིན།
འཇིགས་མེད་སེངྒེས་རྩོམ་ཡིག་ཡག་པོ་བྲིས་འདུག གཟི་བོར་གནས་པའི་གཏམ་རེད།