རྨེ་རུ།
ལོ་ཟླ་དུ་མ་ཞིག
རེ་སྒུག་གི་སེམས་པ་བཟུང་སྟེ།
མིང་སྲིང་གི་བརྩེ་སེམས་ལྷད་མེད།
གཅེན་མོའི་གམ་དུ་འཁོར་ཡང་།
དེ་རིང་ཁྱེད་ཉིད་གློ་བུར་དུ།
འཇིག་རྟེན་གཞན་ཞིག་ཏུ་བཞུད་པ་ཐོས་རྗེས།
སྐྱོ་སྣང་གིས་སྦགས་པའི་ང་རང་གི་སེམས་པ།
ཁྱེད་དང་ལྷན་དུ་ཡོང་གིན་ཡོད།
གཅེན་མོ་ལགས།
ཁྱེད་ཕེབས་པ་ཧ་ཅང་སྔ་དྲགས་སོང་།
ང་ཚོའི་ཨ་མའི་རྡོ་ཁང་ཆུང་ཆུང་ཡང་།
ཁྱེད་མེད་པའི་ཉིན་ནས་བཟུང་།
དྲོད་སྣང་བྲལ་བའི་ཁྱིམ་གཞིར་གྱུར་ཡོད་ངེས་།
གཅེན་མོ་ལགས།
ལས་དབང་ནི།
ཅི་འདྲ་སྙིང་རྗེ་མེད་པ་ཞིག་རེད་ཨང་།
ངེད་མིང་སྲིང་གཉིས་ཀྱི།
ལྷན་འཛོམས་ཀྱི་རེ་ཐག་ཕྲོ་མོ་དེེ།
གློ་བུར་དུ་འདི་འདྲ་དུམ་བུར་བཅད་ཕོད་དམ།
གཅེན་མོ་ལགས།
ཁྱེད་འཇིག་རྟེན་གཞན་པ་ཕེབས་པའི།
གཏམ་ངན་དེ་ངོ་མ་ཞིག་ཡིན་ནམ།
ཁྱེད་ཀྱི་བྱད་བཞིན་དེ།
ངའི་ཆུལ་ཤེལ་མིག་ཟུང་ལ།
ད་ལྟ་ཁྲ་ལམ་ལམ་དུ་མཇལ་གྱིན་འདུག
གཅེན་མོ་ལགས།
དེ་རིང་
ཅི་བྱ་གཏོལ་བྲལ་དུ་གྱུར་བའི།
ས་མཐར་འཁྱམ་པའི་ཁྱེད་ཀྱི་གཅུང་པོས།
བསླུ་མེད་དཀོན་གསུམ་གྱི་དྲུང་དུ།
དད་སེམས་སྒྲོན་མེ་ཕུལ་ཏེ།
གཅེན་མོ་ཁྱེད་དག་ཞིང་གི་གནས་མཆོག་དེར།
བདེ་འགྲོར་སྐྱེས་བའི་སྨོན་ལམ་འདེབས་ཀྱིན་ཡོད།
རང་མོས་སྙན་ངག་ཡིན་ན་་་་་་་་་ཁ་གསལ་བ་མང་དྲག་འདུག་བསམ།
ངས་བསམ་ཚུལ་ཙམ་ཡིན་ལགས་
ངས་བལྟས་ན་གོང་གི་རྩོམ་ཡིག་དེ་རང་ཉིད་ཀྱི་སེམས་ཚོར་ངོ་མ་ཡིག་ཐོག་ཏུ་བཀོད་འདུག་པས་ཡག་པོ་འདུག་ལ་མ་ཟད་ས་མཐར་ལུས་ཏེ་ཕ་མ་མིང་སྲིང་དང་ཁ་བྲལ་བའི་མི་བུ་མང་པོ་ཞིག་གི་སེམས་ཚོར་དེ་མཚོན་གྱིས། དེ་ན་ཕྱིས་སུ་དེ་འདྲ་བའི་རྩོམ་ཡིག་གང་མང་སྤེལ་ཐུབ་པའི་རེ་བ་ཡོད་ལ་སྤེལ་ཚར་བར་རྗེས་སུ་ཡི་རང་ཡོད།
རང་མོ་སྙན་ངག་ཡིན་ན་ཁ་མི་གསལ་ཞིག་ཡིན་དགོས་ན། གྲགས་ཅན་རྩོམ་པ་པོ་གཅན་མེ་སྟག་གིས་བྲིས་པའི་འཁོར་བའི་སྙིང་པོ་ཡང་རང་མོས་སྙན་ངག་མིན་པར་ཐལ་ལོ། ཧཧཧཧཧཧཧ་ཁ་ཁོམ་སོང་ན་འདི་འདྲ་ཞིག་ལེ་ཡིན།
འོན་ཀྱང་གོང་གི་རྩོམ་དེ་རང་མོས་སྙན་ངག་དུ་སྒྲུབ་འདོད་པ་ནི་མིན་ནོ།
བརྗོད་བྱ་སྙིང་རྗེ་བོ་ཞིག་འདུག ཚིག་གི་སྡེབ་སྦྱོར་ཨའུ་ཙམ་རེད།
བཅད་མཚམས་རང་མོས་ཡིན་པ་ཙམ་གྱིས་རང་མོས་ཡིན་པའི་ངེས་པ་མེད། ངས་བསམ་ན་ང་ཚོ་ད་དུང་རང་མོས་སྙན་ངག་དང་བར་ཐག་རིང་པོ་འདུག
གྲྭ་གྲོགས་ཚོ་ལ་ཞུ་རྒྱུར། རང་མོས་སྙན་ངག་ཅེས་པ་དེ་ཡང་སྙིང་ཅི་འདྲ་དགོས་པ་རེད། རང་ཉིས་ཀྱིས་བརྗོད་བྱ་ཞིག་སེམས་སུ་ཉར་ནས་དེ་མཚོན་བྱེད་ཙམ་དུ་རྒྱང་སྐོར་གྱིས་སྙན་མོའི་ངག་ཞིག་བཀོད་ཅིང་། དོན་གྱི་བརྗོད་བྱ་དེ་རང་ཉིད་མ་གཏོགས་མི་གཞན་གྱིས་བཤད་ཚོད་མི་ཐིག་པ་ཞིག་རེད་དམ།
ཡང་ན་འཁྲིམས་དང་སྒྲིགས་གཞི་མ་ལྟོས་པར་གཞན་གྱི་ཡིད་གར་འོང་པའི་ངག་ཚིག་གི་བཀོད་པ་ཞིག་ལ་ཟེར་རམ།
གང་ལྟར་སེམས་གཏིང་གི་འདྲི་བ་ཡིན། དོན་འབྲས་སྨིན་པའི་ལན་ཞིག་འཐོབ་པའི་རེ་བ་ཡོད།
དྲྭ་གྲོགས་ཚོ་ལ་ཞུ་རྒྱུར། རང་མོས་སྙན་ངག་ཅེས་པ་དེ་ཡང་སྙིང་ཅི་འདྲ་དགོས་པ་རེད། རང་ཉིས་ཀྱིས་བརྗོད་བྱ་ཞིག་སེམས་སུ་ཉར་ནས་དེ་མཚོན་བྱེད་ཙམ་དུ་རྒྱང་སྐོར་གྱིས་སྙན་མོའི་ངག་ཞིག་བཀོད་ཅིང་། དོན་གྱི་བརྗོད་བྱ་དེ་རང་ཉིད་མ་གཏོགས་མི་གཞན་གྱིས་བཤད་ཚོད་མི་ཐིག་པ་ཞིག་རེད་དམ།
ཡང་ན་འཁྲིམས་དང་སྒྲིགས་གཞི་མ་ལྟོས་པར་གཞན་གྱི་ཡིད་གར་འོང་པའི་ངག་ཚིག་གི་བཀོད་པ་ཞིག་ལ་ཟེར་རམ།
གང་ལྟར་སེམས་གཏིང་གི་འདྲི་བ་ཡིན། དོན་འབྲས་སྨིན་པའི་ལན་ཞིག་འཐོབ་པའི་རེ་བ་ཡོད།
འདི་ན་་་་་་་་་་་་་་དངོས་གནས་ང་འདྲ་པོ་རྩོམ་ཡིག་ལ་དོ་སྣང་ཡོད་པ་ལས་རང་ཉིད་དེ་ཙམ་མཁས་པོ་མེད་མཁན་ཚོར་། དྲ་གྲོགས་རྒན་པ་ཚོས་སློབ་སྟོན་གནང་གི་འདུག་ག རྣམས་པ་ཚོས་བརྗོད་བྱ་དང་ཚིག་སྦྱོར་སྐོར། རང་མོས་དང་སྲོལ་རྒྱུན་སོགས་ཀྱི་དབྱེ་བ་ཁ་གསལ་པོ་གནང་རོགས། སྐུ་མཁྱེན་། སྐོམ་པ་ཆུ་འདོད་རང་བྱས་ནས་སྒུག་བསྡད་ཡོད།
དཔེ་མཚོན་རྩོམ་ཚད་ལྡན་རེ་བྱུང་ན་ཧ་ཙང་དགའ་བ་ཆེ།
ལགས་སོ།
རེད་ལགས་དྲི་བ་ཡག་པོ་རེད།
རྩོམ་པ་པོ་གཅན་མེ་སྟག་གིས་བྲིས་པའི་རང་མོས་སྙན་ངག་དང་།
རྨེ་རུ་ལགས་གཉིས་ཀྱི་རྩོམ་ལ་ཁྱེད་པར་ག་རེ་འདུག་གམ།
རང་མོས་སྙན་ངག་བརྩམ་མྱུང་མཁན་ཞིག་དང་
ཡང་ན་དེ་ལ་དགའ་མོས་ཡོད་མཁན་ཞིག་ཡིན་ན་ད་གཟོད་ཧ་གོ་གི་རེད།
ཨོ་ན་་་་་གསོལ་རྒྱུན་སྙན་ངག་དང་རང་མོས་སྙན་ངག་གཉིས་ལ་ཡང་ཁྱད་མེད་པར་ཐལ་ལོ།།
འོན་ཀྱང་གོང་གི་རྩོམ་དེ་རང་མོས་སྙན་ངག་ཡིན་མིན་ཁོང་ལ་བཀའ་འདྲི་བྱས་ཆོག
ཁ་གསལ་བ་མང་དྲག་ན་་་་་་སྙན་ངག་གི་ཅི་ལྟར་འགྲོ
འགྲོ་ན་་་ཁྱེད་བདེ་མོ་ཡིན་ནམ་ང་བདེ་མོ་ཡིན་ལགས་སོགས་་་དཔེ་ན་་་འདི་རྣམས་ཀྱང་སྙན་ངག་ཏུ་ཐལ་བའི་ཕྱིར་རོ།།
གསོལ་་་་སྲོལ་ལ་བཅོས
ཁྱེད་ཚོས་རང་ཉིད་ཀྱི་སྐད་ཆ་ལ་ཞུ་དག་ཙམ་ཡང་མ་བྱས་པར་ཐད་ཀར་སྤྱི་པའི་མིག་མདུན་དུ་ངོམས་སྟངས་འདིས་ངས་བསམ་ན་སྒྱུ་རྩལ་བརྩམས་ཆོས་དག་ལ་ཁ་ཡ་མ་བྱས་ན་དགའ་བ་མིན་ནམ། ཁྱེད་རང་ཚོས་བཀོད་ཡོད་པའི་མཆན་དག་ལ་སྐྱར་ཞིབ་ཅིག་གྱིས་དང་།
རང་མོས་སྙན་ངག་ཟེར་ན་་་འདི་འདྲ་ཞིག་རེད།
དཔལ་དོན་གྲུབ་རྒྱལ་གྱིས་((རིག་པའི་དཔའ་བོ་རྣམས་ལ་ཕུལ་བའི་བསྟོད་ཚིག))ལས།
ཨེ་མ། འདི་ནི་བརྗེད་པར་དཀའ་བའི་ཉིན་མོ་ཞིག་དང་།
ཅི་འདྲའི་རྙེད་པར་དཀའ་བའི་མཚན་མོ་ཞིག་རེད་ཨང་།
གལ་སྲིད་ཁྱེད་རང་ཡིད་མི་ཆེས་ན།
ཁྱེད་ཀྱི་ཁྲག་ཤེད་རྒྱས་པའི་ལག་པ་གཉིས་ཀྱིས།
ཁྱེད་རང་གི་བྲང་ཁ་ལ་རེག་ཙམ་གྱིས་དང་།
དྲག་ཏུ་མཆོང་ལྡིང་བྱེད་པའི་ཁྱེད་ཀྱི་ཁོང་གི་སྙིང་དེས།
ཁྱེད་རང་གི་ཐེ་ཚོམ་གྱི་དྲ་བ་དང་། སོམ་ཉི་ཡི་འཆིང་རྒྱ།
ཉིས་འགལ་གྱི་དཔྱང་ཐག་རྣམས་སྐད་ཅིག་འཕྲལ་མ་ཉིད་དུ་གཅོད་ཐུབ་ངེས་རེད།།
དུས་སྐབས་འདི་དང་་་་་་་ཞེས་སོགས་མང་ཡང་ངལ་བའི་མ་བྲིས་སོ།།
འདི་ན་ཡང་ཞུ་དག་མ་བྱས་པའི་གཏམ་འདུག (བརྩམས་ཆོས)—-ཧཧཧཧཧཧཧཧཧཧཧཧཧཧ
སྐྱར་ཞིབ་་་་བསྐྱར་ཞིབ་ལ་བཅོས
མེ་ལགས། དངོས་གནས་དྲང་གསུམ། ཐུག་རྗེ་ཆེ།
མེ་རྒྱལ། གྲིབ་གཟུགས་ཤོར། ཧཧཧཧཧཧ