ཨོ་ཤོ་ཡིས་བརྩམས། ལོ་མ་རྒྱལ་གྱིས་བསྒྱུར།
བརྩེ་དུང་ནི་མེ་ཏོག་དཀོན་པོ་ཞིག
དེ་མཚམས་རེར་ཁོ་ན་བཞད་ཡོང་།
སྐྱེ་བོ་སྟོང་ཕྲག་འདི་ལྟར་འཛོལ་ཡོད་དེ།
ཁོ་ཚོས་རང་ཉིད་ནི་བརྩེ་རོགས་ཡིན་སྙམ་པ་དེའོ།
གཞན་ལ་དགའ་ཞིང་བརྩེ་བ་ཡིད་ཆེས་ཡོད་ན་ཡང་།
དེ་ནི་ཁོ་ཚོའི་ཡིད་ཆེས་ཙམ་མོ།
བརྩེ་དུང་ནི་མེ་ཏོག་དཀོན་པོ་ཞིག
དེ་མཚམས་རེར་ཁོ་ན་བཞད་ཡོང་།
དེ་ཧ་ཅང་དཀོན་པའི་རྒྱུ་མཚན་ནི།
ཞེད་སྣང་དང་བྲལ་བའི་སྐབས་ཁོ་ན་རུ་དེ་བཞད་ཐུབ་པས་སོ།
དེའི་བསྟན་དོན་ཏེ།
བརྩེ་དུང་ནི་སེམས་ཀྱི་ཟབ་ས་ནས་བརྡོལ་བ་ཞིག་གོ
ལུས་འབྲེལ་ནི་ཀུན་ལ་སྲིད་དོ།
ངོ་ཤེས་ནི་ཀུན་ལ་སྲིད་དོ།
འོན་ཀྱང་། དེ་ནི་བརྩེ་དུང་མ་རེད།
ཁྱོད་གང་ལ་ཡང་ཞེད་སྣང་བྲལ་དུས།
ཁྱོད་སུ་ལ་ཡང་བྱོལ་མི་དགོས།
དེ་ནས། ཁྱོད་རང་ཡངས་པོར་གནས་ཐུབ་ཅིང་།
གེགས་ཀྱང་སེལ་ནུས།
དེ་ནས། ཁྱོད་ཀྱིས་ཕ་རོལ་རང་སེམས་སུ་འཛུལ་བར་བགྱི་ནུས་སོ།
སེམས་ལ་ཟུངས།
ཁྱོད་ཀྱིས་སུ་ཞིག་རང་སེམས་ཀྱི་ཟབ་སར་འཛུལ་བར་བགྱིས་ན།
ཕ་རོལ་བས་ཀྱང་ཁྱོད་རང་ཁོའི་སེམས་སུ་འཛུལ་བར་བྱེད་ཡོང་།
གཏན་ཚིགས་ནི། སུ་ཞིག་རང་སེམས་ཀྱི་ཟབ་སར་འཛུལ་བར་བགྱིས་སྐབས།
རྟོན་པ་ནི་བསྐྲུན་ཡོང་ངོ་།
ཁྱོད་ལ་ཞེད་སྣང་བྲལ་དུས།
གཞན་ལ་ཡང་འཇིགས་པ་མེད་དོ།
ཁྱོད་ཀྱི་བརྩེ་དུང་གི་ཁྲོད་ན། ཞེད་སྣང་ནི་རྒྱུན་པར་གནས།
ཁྱོ་ག ཁྱོ་མོར་ཞེད་ཅིང་། ཁྱོ་མོ ཁྱོ་གར་ཞེད།
བརྩེ་རོགས་ཀུན་ནམ་དུ་ཞེད་ཅིང་སྐྲག
དེ་བས། དེ་བརྩེ་དུང་ནི་གཞར་ཡང་མིན་ནོ།
དེ་བས། དེ་ནི་ཞེད་སྣང་གིས་ཁེངས་པའི་མི་གཉིས།
ཕན་ཚུན་གཅིག་བརྟེན་གྱིས་སྒྲིག་པ་ཙམ་མོ།
རྩོད་པ། བཤུ་གཞོག བདག་བཟུང་།
གཡོ་ཁྲམ། དབང་བསྒྱུར། འཇོམས་པ།
བརྩེ་དུང་ནི་གཞར་ཡང་མིན་ནོ།
ཁྱོད་ཀྱིས་བརྩེ་དུང་གི་མེ་ཏོག་བཞད་པར་འཁྱོངས་ན།
གསོལ་འདེབས་དང་སྒོམ་སྒྲུབ་མི་དགོས་ཤིང་།
ལྷ་ཁང་དང་དགོན་པ་ཡང་མི་དགོས།
ཁྱོད་ཀྱིས་དགའ་ཞིང་བརྩེ་ནུས་ན།
དཀོན་ཅོག (GOD)་ཀྱང་ཡོངས་སུ་བརྗེད་ཆོག
གཏན་ཚིགས་ནི། བརྩེ་བའི་ཁྲོད་ནས།
ཡོད་དོ་ཅོག་ཁྱོད་ལ་འཁོར་ཡོང་ཏེ།
སྒོམ་སྒྲུབ། གསོལ་འདེབས། དཀོན་ཅོག
ཡོད་དོ་ཅོག་ཁྱོད་ལ་འཁོར་ཡོང་ངོ།
ཡེ་ཤུ(jesus)་ཡིས་འདི་ལྟར་གསུངས་སྟེ།
བརྩེ་བ་ནི་དཀོན་ཅོག་གོ
མུ་འཐུད་དུ་འགོད་དང་ཡག་པོ་ཚོར་སོང་། སྙན་ངག་གི་ཉམས་བཅས་བསྒྱུར་འདུག གཞན་དག་གི་གཏམ་རྙོག་དང་ཕྱོགས་རིས་བསྒྲག་གཏམ་དང་གཏན་ནས་མི་འདྲ་འདུག་པས་ཡག་པོ་ཚོར་སོང་། ཞལ་བྲོ།།
ལོ་མ་རྒྱལ་ལེགས།
་
རབ་ཞག་སྐྱེད།
འབྲིང་ཟླ་སྐྱེད།
མཐའ་ལོ་སྐྱེད།
་
འཁྱོངས་ཞེས་པ་ང་ཅག་ལུང་པའི་ཁ་སྐད་ལ་ཡང་་ཡོད། འཁྱེར་འོངས་ཞེས་པར་གོ་དགོས། ཡོང་ལ་འོང་ཞེས་འབྲི་ན། དགོས་པ་ཆེན་པོ་ཡོད་དེ། བོད་ཀྱི་མཁས་པའི་རྗེས་སུ་འབྲངས་པས། བོད་སྐད་རིགས་གཅིག་འགྱུར་ལ་ཕན་ནོ།
་
ཁྱེད་ཀྱིས་བཀོད་པའི་ཨོ་ཤོའི་སྤར་མཐོང་ཨ་རི་མ་ཞིག་གིས་རཤ་ནིཤ་ཞེས་བཤད། རཤ་ནིཤ་ཞེས་པ་ཨོ་ཤོར་ཇི་ལྟར་གྱུར་ཏམ།
གོང་གི་འཁྱོངས་ཞེས་པ་ལ་དྭགས་སྐད་དུ་འཁྱེར་འོང་བ་ལ་འཁྱོངས་ཟེར་བ་དེ་དང་མི་འདྲ། འཁྱོངས་མ་འཁྱོངས་ནི་ཡག་པོ་ཞིག་བྱེད་ཐུབ་ཀྱི་ཡོད་མེད་ཀྱི་དོན་རེད། དཔེར་ན་ཁྱོད་ཀྱིས་རི་མོ་དེ་ཡག་པོ་འཁྱོངས་འདུག བྱིས་པ་དེས་ད་དུང་ཁ་ལ་སྐད་ཆ་ཡག་པོ་ཞིག་འཁྱོངས་ཐུབ་ཀྱི་མི་འདུག་ལྟ་བུ་རེད།
http://en.wikipedia.org/wiki/Rajneesh
ནང་ལ།
Chandra Mohan Jain འཁྲུངས་དུས།
Acharya Rajneeshམཐོ་སློབ་ཐོན་ནས།
Bhagwan Shree Rajneesh ཉན་མཁན་འཛོམས་ནས།
and as Osho (About this sound pronunciation (help·info);) from 1989, was an Indian mystic, guru and spiritual teacher.
མཐར་ཁོང་རང་། ཁོང་གི་ཚོགས་པ་དང་། ཚོགས་མིར་ཨོ་ཤོ་ཞེས་གྲགས་སོ།།
Osho or Bhagwan Shree Rajneesh (1931–1990) was an Indian mystic, guru, philosopher, and founder of the Rajneesh movement.
Osho may also refer to:
0sho ཨོ་ཤོ
Oshō, a Japanese term used in various schools of Buddhism
Osho (shogi), a title in Japanese professional shogi
Ōshō Station, a train station in Toyama, Japan
People with the name[edit]
Andi Osho (born 1973), British comedienne, actress and writer
Josh Osho (born 1992), English singer-songwriter
Pierre Osho (born 1945), former defense minister of Benin
Set Osho (born 1986), Nigerian-born UK sprinter
ཨོ་ཤོ་ཁོང་གི་ལོ་རྒྱུས་སམ། རྣམ་མཐར་མདོར་བསྡུས་ཤིག་ནི།
འཁྲུངས་ནས་ཉིན་གསུམ་རིང་ཨ་མའི་ནུ་ཞོ་འཐུང་ཡོད་མ་རེད།
ཆུང་དུས་རྩེད་མོ་ཁྱོན་ནས་རྩེད་འདོ་མེད་མཁན་ཅིག
སློབ་གྲྭར་དགེ་རྒན་དང་། སློབ་སྤྱི། བསྟོད་གཞས་སོགས་ལ། སྐྱོན་བརྗོད་ཐད་ཀར་བྱེད་མཁན།
དགོན་པར་འགྲོ་འདོ་ད་མེད་པ་ཅིག་ལ། གཅིག་པུར་སྒོམ་དང་། བརྐྱལ་རྩལ་ལ་དགའ་བ།
ཆུང་དུས་དེབ་དང་མི་འབྲལ་ལ། ལག་དངུལ་བྱུང་ཚད་དེབ་ཉོ་གསོག་བྱེད་མཁན།
མཚན་ཉིད་རིག་པར་་སློབ་པ་མཐར་སོན་པ།
མཐར་རང་ཡུལ་བཞག་ནས། སྒོམ་གྲུབ་ཀྱིས་དུས་འདས།
དེ་ནས་ཆོ་ལུགས་ཡོད་ཚད་དང་། ལོ་རྒྱུས། སྙན་དངགས་དང་། སྒྲུང་རྩོམ་ཡོད་ཚད་ལ་མཁས་ཤིང་བྱང་ཆུབ་པ།
མཐར་ཛམ་གླིང་ནང་ཨོ་ཤོ་ཞེས། མི་གྲགས་ཅན་གོ་ལ་ཁ་ལོ་་སྒྲུར་མཁན་གྲལ་གཅིག་ཏུ་གྱུར་པ་རེད།
དེ་རིང་དེ་ཙམ་མོ། ང་ནི་ཁོང་ལ་དགའ་དད་ཆེན་པོ་བྱེད་མཁན་ཅིག་ཀྱང་ཡིན་ལགས།
ང་ལ་ཁོང་གི་ཁྱད་ཆོས་བཟང་ཤོས་དེ་ནི། སྟོན་པ་སངས་རྒྱས་ཤཀྱ་ཐུབ་ལ་ཆེ་བསྟོད་མ་གཏོགས་ཟུར་ཟ་སྐྱོན་བརྗོད་ནམ་ཡང་བྱས་ཡོད་མ་རེད། འོནད་ཀྱང་དེ་་མིན། ཆོས་ལུགས་ཡོད་དོ་ཅོག་ལ། སྐྱོན་བརྗོད་དང་ཟུར་ཟ་བྱས་ནས། རིགས་པ་རྣོན་པོས་དགག་གཞག་མང་པོ་གནང་ཡོད་རེད།
ཨ་ར་དཀར་པོ་ལགས་ཀྱིས་མཆན་བཏབ་པ།:
གོང་གི་འཁྱོངས་ཞེས་པ་ལ་དྭགས་སྐད་དུ་འཁྱེར་འོང་བ་ལ་འཁྱོངས་ཟེར་བ་དེ་དང་མི་འདྲ། འཁྱོངས་མ་འཁྱོངས་ནི་ཡག་པོ་ཞིག་བྱེད་ཐུབ་ཀྱི་ཡོད་མེད་ཀྱི་དོན་རེད། དཔེར་ན་ཁྱོད་ཀྱིས་རི་མོ་དེ་ཡག་པོ་འཁྱོངས་འདུག བྱིས་པ་དེས་ད་དུང་ཁ་ལ་སྐད་ཆ་ཡག་པོ་ཞིག་འཁྱོངས་ཐུབ་ཀྱི་མི་འདུག་ལྟ་བུ་རེད།
་
དངོས་སུ་ཨ་ར་ནག་པོ་མཆོག་གི་གསལ་བཤད་ལ་དྲིན་ཆེའོ། དེ་འདྲ་ཡིན་ངེས། བློ་སྐྱེད་བྱུང་། དེ་ཡང་སྤྱིར་བཏང་ཁུངས་འཁྱོལ་ལམ་མི་འཁྱོལ་ཞེས་པ་ཡོངས་དྲགས་ཆེའོ།
ཡོངས་དྲགས་ཆེའོ། ཞེས་པ་ཡོངས་གྲགས་ཆེའོ། ཞེས་ཞུས་དག་བྱས།
ད་རྩོད་པ་མ་གནང་། འཁྱོངས་མ་འཁྱོངས་ཟེར་བ་དེ་འབྲོག་སྐད་རེད་ལ། སྨད་མདོ་ཁམས་ནས་སྟོད་མངའ་རིས་བར་དུ་ནང་དོན་གཅིག་གྱུར་རེད། ལ་དགས་དང་འབྲུག་སོགས་ལའང་གཅིག་གྱུར་ཡིན་སྲིད། རྒྱུ་མཚན་ནི་ཡུལ་ལུང་འདི་དག་གིས་བདག་པོ་ངེས་གཏན་མེད་པའི་གནའ་བོའི་དཔལ་ཡོན་ནམ་ལེགས་བྱང་ཞིག་བརྒྱུད་འཛིན་གནང་བཞིན་པས་སོ།
དེ་ཁུངས་འཁྱོལ་མ་འཁྱོལ་དང་འབྲེལ་བ་ཨེ་ཡོད་མི་ཤེས་ཏེ་ རྒྱུན་འཁྱོངས་མ་འཁྱོངས་ཟེར་བ་དང་འབྲེལ་བ་ཡོད་སྲིད། སློབ་སྦྱོང་རྒྱུན་འཁྱོངས་ ལས་དོན་རྒྱུན་འཁྱོངས་བྱེད་དགོས་ལྟ་བུ་རེད། ལ་དྭགས་པས་འཁྱོངས་ཟེར་བ་དེ་འཁྱེར་འོང་ཞེས་པའི་སྒྲ་སྔ་ཕྱི་གཉིས་དབྱེ་མཚམས་པར་འདྲེས་པས་ཡིན་ངེས་དོན་ཡང་ཐ་དད་རེད་ལགས།
དབྱེ་མཚམས་པར་་་་ཞེས་པ་དབྱེ་མཚམས་མེད་པར་་་་ཞེས་པར་བཅོས་རོགས
ཨོ་རེད། རྒྱུན་འཁྱོངས་ཟེར་བ་དེ་ཡང་རྒྱུན་སྐྱོང་བའི་བྱེད་མེད་ལས་ཚིག་གམ་ཉིད་ཀྱི་སྐད་ལྟར་ན་ཡུལ་མེད་བྱ་ཚིག་ཟེར་བ་དེ་རེད་སྙམ།