ཨོ་ཤོ་ཡིས་བརྩམས། ལོ་མ་རྒྱལ་གྱིས་བསྒྱུར།
ཡིན་ན་ཡང་། བརྩེ་དུང་ནི་སླ་བར་མི་སྣང་།
ཞེང་སྣང་དུ་ལྷུང་འགྲོ
འདི་ནི་རབ་ཏུ་མཚར་ཏེ།
ཁྱོད་ལ་ཅི་ཡང་མེད་ཀྱང་།
ཅི་ཞིག་བརླག་པར་དོགས་པའི་འཇིགས་པ་རབ་ཏུ་ཆེ།
*ཀཱ་པིར་(Kabir) ཡིས་འདི་ལྟར་གསུངས་མྱོང་ཏེ།
བདག་གིས་མི་ཚོགས་ལ་ཅེར།
ཁོ་ཚོ་འཇིགས་ཤིང་སྐྲག རྒྱུ་མཚན་ངས་མ་རྟོགས་ཏེ།
ཁོ་ཚོར་ཅི་ཞིག་བརླག་འགྲོ་བར་ཅང་མེད་པས་སོ།
ཁོ་ཚོ་སྒྲེན་པོ་ཞིག་དང་མཚུངས།
འོན་ཀྱང་། གཙང་བོ་རུ་འཁྲིས་བྱེད་པར་གཏན་ནས་མི་འགྲོ
གཏན་ཚིགས། ཁོ་ཚོས་རང་ཉིད་ཀྱི་ལྭ་བ་གང་ནས་སྐམ་པར་དངངས་ཤིང་འཚབ།
འདི་ནི་ཁྱོད་སྒྲེན་པོ་ཡིན་པའི་བབས་དེའོ།
ཡིན་ཡང་། ཁྱོད་རང་ནམ་ཡང་ལྭ་བར་དོགས་ཤིང་ཞེད།
ཁྱོད་ཀྱིས་ཅི་ཞིག་བརླགས་སོང་།
ཅི་ཡང་བརླགས་མེད་དོ།
ཕུང་བོ་འདི་འཆི་བས་འཇིག་འགྲོ
དེ་འཆི་བདག་གིས་མ་ཁྱེར་སྔོན་དུ།
བརྩེ་བར་སྦྱིན་ཞོག
གང་ལྟར། ཁྱོད་ནི་འགྲོ་མི་སྟེ།
སྔ་རོལ་དུ་དེ་ཅིའི་ཕྱིར་མི་སྦྱིན་ནམ།
འདི་ནི་ཕུང་བོར་བདག་གཉེར་བྱེད་པའི་ལམ་ཉག་གཅིག་གོ
ཁྱོད་ཀྱིས་སྦྱིན་པ་དང་མཉམ་རོལ་བགྱིད་ནུས་ན། ཁྱོད་ནི་བླ་ན་མེད་དོ།
གང་ལྟར། ཕུང་བོ་ནི་འཇིག་འགྲོ
ཁྱོད་ཀྱིས་རྟག་ཅིང་བརྟན་པོར་འཛིན་ནུས་པ་ཅི་ཡང་མེད།
འཆི་བདག་གིས་ཐམས་ཅད་འཕྲོགས་འགྲོའོ།
དེར་བརྟེན། ཁྱོད་རང་དག་པར་བདག་ལ་འབྲངས་ན།
འཐབ་རྩོད་དེ་ནི། འཆི་བ་དང་བརྩེ་བའི་བར་གྱི་འཐབ་རྩོད་ཅིག
ཁྱོད་ཀྱིས་གཏོང་ནུས་ན། འཆི་བ་ནི་མེད་དོ།
འཆི་བདག་གིས་ཁྱོད་ལས་ཡོད་ཚད་མ་བཅོམ་པའི་སྔོན་དུ།
ཁྱོད་ཀྱིས་དེ་སྦྱིན་གཏོང་བྱ་དགོས།
ཁྱོད་ཀྱིས་དེ་སྐྱེས་སུ་དབུལ་དགོས།
དེ་ལྟར་ན། འཆི་བ་ནི་མེད་པར་བྱེད་ཆོག
བརྩེ་རོགས་ཤིག་ཡིན་ན། འཆི་བ་ནི་མེད་དོ།
བརྩེ་རོགས་མིན་ཚེ། སྐད་ཅིག་རེ་རེ་ནི་འཆི་བའོ།
སྐད་ཅིག་རེ་རེ་ལ་ཁོ་འཇིག་པས་སོ།
དེ་ལྟར། འཆིའོ།
དེ་ལྟར། འཇིག་གོ
ཞེད་སྣང་ནི་ཅི་ཡིན་ནམ།
ཁྱོད་རང་ཅིའི་ཕྱིར་རབ་ཏུ་ཞེད་དམ།
ཐ་ན། ཁྱོད་ཀྱི་ཡོད་ཚད་ཡོངས་སུ་བུད་དེ།
ཁྱོད་ནི་ཁ་ཕྱེ་བའི་གླེགས་བམ་ཞིག
ཁྱོད་ཅི་ཕྱིར་ཞེད་དམ།
དེས་ཁྱོད་ལ་ཇི་ལྟར་འཚེའམ།
དེ་ནི་འཁྲུལ་བློ་ཙམ་མོ།
དེ་ནི་སྤྱི་ཚོགས་ཀྱིས་བསྡམས་པ་ཙམ་མོ།
སྤྱི་ཚོགས་སུ་ཁྱོད་རང་གཡོལ་བར་བྱེད་དགོས།
སྤྱི་ཚོགས་སུ་ཁྱོད་ཀྱིས་རང་ཉིད་སྲུང་བར་བྱེད་དགོས།
སྤྱི་ཚོགས་སུ་ཁྱོད་ཀྱིས་མུ་ནས་འཐབ་དགོས།
སྤྱི་ཚོགས་སུ་ཀུན་ནི་དགྲའོ།
སྤྱི་ཚོགས་སུ་ཀུན་གྱིས་ཁྱོད་ལ་འཐབ་ཅིང་རྒོལ།
སུས་ཀྱང་ཁྱོད་ལ་རྒོལ་གྱིན་མེད།
ཁྱོད་ཀྱིས་མི་ཞིག་གིས་རང་ཉིད་ལ་རྒོལ་པར་བསམས་ཀྱང་།
ཁོས་ཁྱོད་ལ་རྒོལ་གྱིན་མེད།
ཀུན་གྱིས་རང་ཉིད་ལ་གཅེས་ཤིང་སེམས་པ་ལས། ཁྱོད་ནི་མིན་པས་སོ།
ཞེད་དགོས་པ་ཅང་མེད་དོ།
ངེས་དོན་གྱི་འབྲེལ་བ་མ་བྱུང་སྔོན་ན།
དེ་གོ་བར་བྱོས།
ཞེད་དགོས་པ་ཅང་མེད་དོ།
*ཀཱ་པིར་ནི་དུས་རབས་བཅོ་ལྔའི་ནང་གི་རྒྱ་གར་གྱི་ངོ་མཚར་བའི་སྙན་ངག་པ་ཞིག་དང་སྐྱེས་བུ་དམ་པ་ཞིག་གོ
༼ཨོ་ཤོ་༽ཞེས་པ་དབྱིན་མིང་ཞིག་ཡིན་ན་མིང་དེ་བོད་ཡིག་གི་འགྲམ་དུ་གུག་རྟགས་ནང་ཁོང་ཚོའི་སྐད་སྟེང་ནས་ཡོད་ན་མི་དེའི་སྐོར་ལ་ཅུང་རེ་ལྟ་བསམ་ན་རྙེད་སློ་བོ་འདུག་བསམ། ཐུགས་རྗེ་ཆེ།
ཨོ་ཤོས་ཐད་ཀར་གསུང་སྟངས་ལ་གཟིགས་དང་།
https://www.youtube.com/watch?v=otGQqO2TYMI
ཨོ་ཤོས། སྟོན་པ་སངས་རྒྱས། སྟོན་པ་གཞན་ལས་མི་འདྲ་བདུན་གྱི་སྐོར་གསུངས་པ།
https://www.youtube.com/watch?v=gEFEvIjA1nY
བདག་ཉིད་བདག་གི་མགོན་ཡང་ཡིན། །
བདག་ཉིད་བདག་གི་དགྲ་ཡང་ཡིན། །
ཨོ་ཤོས་ཀྱང་།
https://www.facebook.com/elephantmeditation/photos/a.814107828657018.1073741825.123616557706152/839919392742528/?type=1&theater