བོད་ལ་ཞེན།
ད་ནས་བཟུང་རྒྱ་ནག་གཞུང་ལ་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་གི་འདུག་ཟེར་བ་དང་། སློབ་ཚན་རྒྱ་ཡིག་ཐོག་ཁྲིད་ཀྱི་འདུག་ཟེར་བའི་སྐྱོན་བརྗོད་བྱེད་དབང་བོད་མིའི་སྒྲིག་འཛུགས་ལ་མེད། བོད་མིའི་སྒྲིག་འཛུགས་རང་ཉིད་ཀྱིས་སློབ་ཚན་དབྱིན་ཡིག་ཐོག་ཁྲིད་དགོས་པའི་ཤེས་ཡོན་སྲིད་ཇུས་བཟུང་བཞིན་དུ་གཞན་ལ་བོད་ཡིག་ཐོག་ཁྲིད་དགོས་པའི་བསམ་ཚུལ་བཤད་པ་ནི་རྒྱུ་མཚན་མེད་པའི་སྐད་ཆ་རང་རེད། དགེ་རྒན་ལ་བོད་ཡིག་གི་ཤེས་ཚད་ཡག་པོ་མེད་ན་དེ་ཡག་པོ་ཡོང་ཐབས་འཚོལ་ནས་དགེ་རྒན་ཤེས་ཚད་ཡོད་པ་གསོ་སྐྱོང་དགོས་པ་ལས་བོད་ཡིག་ཁྲིད་མི་དགོས་པ་བཟོ་ན་ག་ལ་འགྲིག
བོད་མིའི་སྒྲིག་འཛུགས་ནས་བོད་ཕྲུག་གི་ཤེས་ཡོན་ཐོག་དམིགས་བསལ་ཤུགས་རྒྱག་གི་ཡིན་ཟེར་ནས་ཤེས་རིག་བཀའ་བློན་ཡང་སྲིད་སྐྱོང་རང་ཉིད་ནས་བྱེད་ཀྱི་ཡོད་པའི་ཤེས་ཡོན་སྲིད་ཇུས་ནི་བོད་ཡིག་མེད་པ་བཟོ་ཐབས་ཀྱི་སྲིད་ཇུས་ཡིན་པ་ངོ་མ་ངོ་ཚ་དགོས་པ་རེད། དང་ཐོག་རྒྱ་གར་གྱི་འཛིན་སྐྱོང་འོག་ཡོད་པའི་བོད་པའི་སློབ་གྲྭ་རྣམས་ཤེས་རིག་གི་འཛིན་སྐྱོང་འོག་ཚུར་ལེན་ཐུབ་པར་བརྟེན་བོད་ཀྱི་སྐད་ཡིག་ཡར་རྒྱས་ཡོང་བའི་རེ་བ་ཆེན་པོ་ཞིག་བཟུང་ཡོད་ཀྱང་ང་ཚོ་བོད་ཀྱི་སྐད་ཡིག་ལ་བརྩེ་བའི་མི་དམངས་རྣམས་ཀྱི་རེ་བ་ཆུ་ལ་གཡུག་སོང་།
རེད།
བཀའ་ཤག་ལ་བོད་ཡིག་དགོས་མཁོ་མེད་ན་མི་མང་ལ་བཀའ་ཤག་དགོས་མཁོ་ཡོད་དམ།
བོད་ནང་གི་སློབ་མ་ཚོས་རྒྱ་གཞུང་ལ་སྐད་ཡིག་རང་དབང་རྩོད་ཐུབ་གི་ཡོད་ན། བཙན་བྱོལ་ནང་མི་མང་ཚོས་བཀའ་ཤག་ལ་སྐད་ཡིག་རང་དབང་རྩོད་མི་ཐུབ་པ་ག་རེ་ཡོད་རེད།
བཀའ་ཤག་གིས་འདི་འདྲ་གནང་དུས་མི་མང་ཁ་བཙུམ་ནས་བསྡད་ན། བཙན་བྱོལ་གཞུང་མང་གཉིས་དུས་མཉམ་དུ་སྐད་ཡིག་རྡོག་རོལ་ལ་བསམ་ཚུལ་གཅིག་མཐུན་ཆགས་པ་མ་རེད་པས། བཀའ་ཤག་གིས་ལས་ཀ་དེ་མུ་མཐུད་དེ་ལས་ན་ང་ཚོས་རྒྱ་གཞུང་ལ་ཁ་གཏད་གཅོག་སྟངས་ཤེས་ཚོད་མ་རེད།
མི་ཉུང་ཤས་ཞིག་གི་ཆབ་སྲིད་སྐོར་གླེང་མོལ་བཤད་པ་རི་བོང་ཅལ་འདྲོགས་པའི་དཔེར་ལྟར་རྒྱ་ནག་གི་སྲིད་ཇུས་ལ་འགྱུར་བ་བྱིན་མིན་ཐད་ལ་སྐད་ཆ་མང་བོ་བཤད་པ་དེ་ རྒྱ་ནག་གི་འདོད་པ་སྒྲུབ་གི་མེད་འགྲོ་བསམ་པའི་ཚོར་སྣང་བྱུང་།
ངས་དྲན་ཚོད་ལ་ཕྱི་ལོ་༡༩༣༢་ལོ་ཡིས་ནང་རྒྱ་ནག་གི་དམགས་འཁྲུགས་ཆེན་པོ་དེས་ནང་གི་གཡོ་རྒྱུ་རྣམས་ཀྱིས་དེབ་སྤྱོད་དེ་བོད་ཐོགས་ལ་སླེབ་ཚར་བ་འདྲ།
རྒྱུན་མཚན་རྒྱ་ནག་གི་ཆོས་དོན་ལས་ཁོང་ནས་གསལ་བྱེད་བཤད་སྟང་དེ་དང་རྫོང་རིན་པ་ནས་བཤད་སྟང་གཉིས་པར་ལ་ཁྱད་པར་ཆེན་པོ་ཡོད་པ་མ་ཟད་ཨ་རིའི་ནང་དུ་རྒྱུག་ཁྱི་བོད་རིགས་ལས་བྱེད་ཅིག་གིས་བཤད་སྟང་དང་རྒྱ་ནག་སྐེམ་ས་ནས་འགྲེལ་ཚབ་པའི་བཤད་སྟང་སོགས་མང་བོ་ཡོད་པའི་འདི་མ་བྲས།
ངས་རེ་སྐུར་བཤད་འདོད་པ་ནི་བཙན་བྱོལ་དང་དམངས་གཙོའི་ཁྱད་པར་མིན་ལ་དབུ་མ་དང་རང་བཙན་དེ་ལས་མིན། ངས་བསམ་པ་གཞུང་འཛིན་མི་སྣའི་དེ་རིང་བར་དུ་ཡོད་རབ་དང་འཇོན་རབ་བཤད་པ་སོགས་ཕྱི་ལ་སྟོན་རན་ཡིན་པ་མཐོང་བའི་ཆུ་ཆེན་པོ་ཡོད་མེད་ལ་མ་གཟིགས་པ་ཆུའི་ནང་དུ་འགྲོ་དགོས་བྱུང་ན་ཡང་འགྲོ་རིན་རེད།
སྤྱི་སྒེར་སུ་ཡིན་རུང་འགྲོ་བ་མའི་མགོན་སྐྱབས་༸གོང་ས་སྐྱབས་མགོན་ཆེན་པོའི་མཛད་པ་དང་འཕྲིན་ལས་མ་ནེ་བཞིན་དུ་སྒྲང་ནས་མ་སྡོད་པར་ཨ་མའི་བུ་ལ་མཇོན་ཐང་ཡོད་ན་སློབ་ཆེན་སློབ་མ་འམ་རིགས་གཅིག་རྐང་འཛིན་མི་མང་དཀྱིལ་མ་སུ་ཡིན་རུང་རྫུན་གཏམ་དང་གཡོ་རྒྱུའི་འོག་དུ་མ་སོང་བར་བོད་མི་རིགས་གི་ཤེས་མཇོན་ཕྱོགས་གཅིག་དུ་སྐྱོད་རོག་ཞུ། ལྷགས་བསམ་དཀར་བོ་ཐོགས་ནས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་གཞོན་ནུའི་ལྷན་ཚོགས་བཅས་ནས་འགན་ལེན་གནང་རོགས་ཞུ།
བཀའ་ཤག་ལ་བོད་རང་གི་སྐད་ཡིག་ཇི་འདྲ་མཁོ་མིན་དེ་འདི་ལོའི་ཕྱི་ཟླ་༦ ཚེས་༦ ཉིན་”ཤེས་ཡོན་མཁས་པའི་སློབ་སྟོན་གྱི་ལྷན་ཚོགས་”ཐེངས་དང་པོའི་ཐོག་སྲིད་སྐྱོང་གིས་གཏམ་བཤད་སྤེལ་བ་དེ་ནས་ཀྱང་ཧ་གོ་ཡོང་། ཕྱི་ནང་མི་མཚུངས་པའི་གཏམ་བཤད་དེའི་གནས་ཚུལ་ཆ་ཚང་འབྲེལ་ཐག་འདི་ནས་ལྟོས། http://www.sherig.org/tb/2013/06/ཤེས་ཡོན་མཁས་པའི་སློབ་ས/
མི་སི་ཡིན་རོང་ཁྱེད་རིང་ལ་ལྷགས་བསམ་ཡོད་ན་སྤྱི་ཚོགས་སྟང་ཐོན་ནས་བོད་མའི་སྒྲུགས་འཛིག་དང་གཞོན་ནའིསྒྲུགས་འཛིག་གང་ཡིན་རོང་མ་ཤེས་བ་དང་མ་རིགས་པ་གང་ཡོད་ན་ཁྱེད་ཀྱིས་བྱེད་རོགས། རྒྱུན་འཚན་ཁྱེད་རིང་བོད་མི་ཤིག་རེད།
བོད་མའི་སྒྲུགས་འཛིག་གི་ལས་བྱེད་དང་གཞོན་ནས་ལས་བྱེད་སུ་ཡིན་རོང་བོད་མའི་ལས་ལྷག་པ་དེ་ཡང་མིན།
བཤད་ནས་ལོ་༥༤་འགྲོ་བ་དེ་ཁྱེད་ཀྱིས་སྣ་ངས་ཁ་རྩོད་ནས་རྐུབ་སྟགས་ལ་བསྡད་དེ་གློག་བརྙན་ལ་བལྟས་བ་ལས་གཞན་མི་རིགས་དང་རྒྱལ་ཁབ་ཅིག་གི་མངའ་ཁོངས་ཀྱིས་ལས་བྱ་སྒྲུབ་ཡོད་དམ།
ད་ཡིན་ན་བཙན་བྱོལ་ནང་གིས་སློབ་གྲྭ་ཁག་རེ་བ་རྒྱག་ས་ཞིག་མེད་ཀི་།སློབ་གྲྭ་ནང་གཙོས་ལས་བྱེད་དང་སློབ་མ་བོད་སྐད་དང་བོད་ཡིག་ཡག་པོ་ཞིག་ག་ལ་ཤེས་ར་མ་ལུག་སྐད་མ་ཏོག་བཤད་ཤེས་མཁན་ཡོད་ནི་མ་རེད་།།ཀུན་སྤྱོད་ཧ་ལས་པ་ངན་གོམས་རིགས་རྨྱོས་རྫས་བཟི་སྨན་འདྲ་མིན་དང་ཐ་མག་ནག་པོ་།ད་ག་རེས་རེ་བ་རྒྱག་དགོས་རེད་།འདི་ཚང་གིས་གོང་ས་མཆོག་བཀའ་སློབ་མ་ཏོག་གཞན་བོད་ཀྱི་མཁས་དབང་རྣམ་ཀྱིས་བཀའ་སློབ་སྒྲགས་ནི་མ་མེད་།མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་དགེ་རྒན་དང་སློབ་མ་རྣམ་ལ་གསུང་བའི་སླབ་བྱ་འདི་ཚོ་སློབ་སྦྱོང་མ་བྱས་ན་ །ད་མི་རིགས་གིས་རིག་གཞུང་བཤད་ན་ཁ་སྟོང་ནང་གིས་ཚིག་སྟོང་རེད་།
བཀའ་ཁྲི་མཆོག་གི་ཁྱད་ཆོས་ནི། སྤྲེའུ་མགོ་དང་། གཡག་གི་རྩིད་པ། མ་ཧེའི་གྲོད་པ་བཅས་ཡིན། བཤད་སྟངས་གཞན་བྱས་ན། མགོ་དབྱིན་ཡིག ཕྱི་ཤུན་བོད་ཡིག གྲོད་པ་ཧིན་ཡིག་ཡིན། ཁོའི་བྱེད་ལས་ནི་བོད་མིན་དབྱིན་མིན་ཧིན་མིན་གྱི་རིགས་འདྲེས་མའི་རྒྱུད་སྤེལ་དགོས། བོད་ཀྱི་སྐད་ཡིག་རྒྱུད་འཛིན་དགོས་ཟེར་ན། ཁོང་གི་ཁྱད་ཆོས་མེད་པར་གཏོང་དགོས་པས་དེ་འདྲ་གནང་མི་སྲིད་པ་ཡིན།
ངས་བླ་སྲོག་གཅོད་ཅས་ཟེར་ན།ངོ་མ་སྲོག་འགྲོ་དགོས་རུང་འཕུལ་ངས་ཡིན།ཡུམ།
ཤེས་རིགས་ལས་ཁུངས་ཀྱིས་བོད་ཀྱི་ཤེས་རིགས་སྲུང་སྐྱོབ་བྱེད་ཀྱི་མེད་པར་གཏོར་བཤིག་གཏོང་གི་ཡོད།
ཤེས་རིགས་དང་བོད་ཁྱིམ་རྣམས་སྒོ་རྒྱབ་ནས་སམ་བྷོ་ཊ་ནང་དུ་འཛུལ་ན་ཡག་པ་མེད་འགྲོ།
བོད་ཡིག་གི་ལས་དབང་སྡུག་པ་ལ།
༄། སྲིད་སྐྱོང་འདི་ལ་བོད་ཡིག་དང་ནང་རིག་ལ་དོ་སྣང་གང་ཡང་མེད་པ་ངས་སྔ་ས་ནས་ཤེས་ཏེ་འོས་ཤོག་འདེམས་བྱེད་མི་མང་ལ་གསལ་བཤད་བྱས་དོན། རྒྱ་ཡིས་ཕོ་བྲང་པོ་ཏྭ་ལར་མེ་འགྱོགས་འཕེན་ཉིན་མོ་ནས་བོད་ཀྱི་ཆབ་སྲིད་བདག་དབང་མགོ་གཏིང་བསྒྱུར་ཡོད་ནའང་བོད་ཀྱི་རིག་གནས་ཐོག་དེ་ཙམ་གྱིས་དབང་སྒྱུར་བྱས་ཐུབ་མེད།
བློ་སེང་སྲིད་སྐྱོང་དུ་བསྐོས་ཉིན་མོ་ནས་ང་ཚོས་རང་གིས་བོད་ཀྱི་རིག་གནས་མགོ་གཏིང་སྒྱུར་མགོ་བཙུགས་པ་ཡིན་པས་བཀའ་ཁྲིར་བསྐོ་མི་རུང་ཞེས་འབོད་སྐུལ་ཇི་ཙམ་ཞུས་ཀྱང་སྐབས་དེར་ཉན་མཁན་སུ་ཡང་བྱུང་མ་སོང་། ད་ཚར་སོང་བ་རེད། ད་གཅིག་བཤད་གིན་བཞུགས་ན་དེ་ནི་ཕྱིས་དྲགས་པ་རེད། དེ་ལས་སྡུག་རུས་བྱེད་ན་ཡག་གི་རེད།
རང་གིས་བཙོས་པའི་འབྲུ་ཆང་དེ། ཞིམ་པོ་མེད་ཀྱང་འཐུང་རྒྱུ་རེད།
བློ་སེང་སྐབས་ཀྱི་བཙན་བྱོལ་ནང་། །
བོད་སྐད་བོད་ཡིག་སྨྲེ་སྔགས་ནི། །
བློ་སེང་རང་བཙན་འདོད་མཁན་ལ། །
དབུས་ལམ་སྒྲིག་འཛུགས་སྲིད་སྐྱོང་ཐོབ། །
བློ་སེང་ཨ་རིའི་སློབ་ཕྲུག་གིས། །
བོད་སྐད་བོད་ཕྲུག་ཁ་སྐད་རྒྱག །
བློ་སེང་ཨིན་སྐད་འབུམ་རམས་པས། །
བོད་ཡིག་བོད་ཡིག་མཐོང་ཆུང་བཏང་། །
བློ་སེང་རྗེས་མའི་སྲིད་སྐྱོང་ལ། །
མི་འཁོད་བྱ་དགོས་མི་འདུག་གམ། །
བློ་སེང་སྲིད་སྐྱོང་ལ་འདུད་ནས། །
བོད་ཡིག་བོད་སྐད་སྐྱོ་ངག་ཤོར། །