མངའ་རིས་སྤྱི་མཐུན་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས།
༄༅།། ཉེ་ལམ་སྤྲུལ་སྐུ་མིང་འཛིན་པ་ཨོ་རྒྱན་སྟོབས་རྒྱལ་ལགས་ཀྱིས་དྲྭ་རྒྱའི་བརྒྱུད་ལམ་ནས་གསང་སྔགས་ཀྱི་དབང་སྐུར་མི་རུང་བའི་གནད་དོན་དང་འབྲེལ་ནས་གསང་སྔགས་སྤེལ་ན་བསྟན་བཤིག་ལ་འགྲོ་གི་རེད་ཟེར་བ་འདི་ལུང་དང་རིགས་པ་གཉིས་ཀྱི་དཔྱད་ཞིབ་གང་ཡང་མེད་པའི་ཐོག་ནས་བོད་ཀྱི་བདེན་དོན་དང་གངས་ཅན་མི་རིགས་ཡོངས་ཀྱི་བླ་སྲོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུས་པར་ངོས་འཛིན་བྱེད་ཀྱི་ཡོད། བོད་མི་གཞིས་བྱེས་གཉིས་ཀྱི་མཐུན་སྒྲིལ་དང་དད་པ་དམ་ཚིག་ལ་ཉམས་དམས་སུ་བཏང་བའི་བྱ་སྤྱོད་ངན་པ་འདི་རིགས་ནི་བཏང་སྙོམས་སུ་འཇོག་ཐབས་མེད་། མངའ་རིས་སྤྱི་མཐུན་ཚོགས་པ་ནས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ལྟ་བའི་མིག་དང་། ཁོག་པའི་སྙིང་ལྟ་བུ་ཞིག་བརྩིས་ཀྱི་ཡོད་པར་སོང་། ཁོང་གི་མཛད་པ་འཕྲིན་ལས་ལ་དུས་ནམ་ཡང་མི་སུ་འདྲ་ཞིག་གིས་བཀའ་དྲིན་ལ་བསམ་ཤེས་མེད་པ། དྲིན་ལན་ལ་ལོག་འཇལ་གྱི་ཚུལ་དུ། ཚུལ་མིན་གྱི་སྐྱོན་བརྗོད་དང་ཟུར་ཟ་བྱེད་མཁན་རིགས་དེ་དག་ལ་ངོ་རྒོལ་བྱེད་བཞིན་ཡོད། དེར་བརྟེན་ད་ལན་སྤྲུལ་སྐུ་མིང་འཛིན་པ་ཨོ་རྒྱན་སྟོབས་རྒྱལ་ལགས་ཀྱི་བྱེད་སྤྱོད་ལ་མངའ་རིས་གཞིས་བྱེས་སེར་སྐྱ་ཡོངས་ནས་བློ་ཕམ་ཆེན་པོས་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་དང་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ནས་ནོར་འཁྲུལ་ལ་དང་ལེན་གྱིས་དགོངས་དག་ཐུགས་བདེན་ཞུ་དགོས་པའི་བརྡ་འཕྲིན་དུ། མངའ་རིས་སྤྱི་མཐུན་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས། ཕྱི་ལོ་༢༠༢༠ ཟླ་ ༥ ཚེས་ ༢༨ ཉིན་ལ། །
མངའ་རིས་སྤྱི་མཐུན་ཚོགས་པ་ལ་འདྲི་རྒྱུར། མངའ་རིས་ཀརྨ་དགེ་ལེགས་ནས་ཨོ་རྒྱན་སྟོབས་རྒྱལ་ལ་རྒྱབ་སྐོར་བྱས་པར་ངོས་ལེན་ཡོད་དམ།
ཀརྨ་དགེ་ལེགས་ཕ་ཡུལ་གནམ་རུ་རེད་མངའ་རིས་མ་རེད། གནམ་རུ་ནི་ལྷ་སའི་བྱང་ཨ་བོ་ཧོར་རེད། སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་མི་གཤིས་ངོ་མ་དེ་འཇིག་རྟེན་མི་དཀྱུས་མ་ཞིག་ལས་སྡུག་ག་ཡོད། དེ་མ་ཤེས་ན་སྦིར་ལ་ལོ་ཤས་བསྡད་དང་དེ་ནི་ཆ་ཚང་ཤེས་ཡོང་། ཁོ་རེ།
༄། །ཁམས་པ་ཀརྨ་ཆགས་མེད་ཀྱིས། ཉོན་མོངས་པ་ང་རྒྱལ་དང་ཕྲག་དོག་ཞི་བའི་གདམས་པ། ཁམས་པ་ཆགས་ཞེན་ཅན་ཨོ་སྟོབས་ལ་སྤྲིངས་པ།
ཀྱེ་མ་གྲངས་མེད་བསྐལ་པའི་སྔོན་རོལ་ནས།།
བདག་ནི་མཐའ་མེད་འཁོར་བར་འདི་ཙམ་འཁྱམས།།
ད་དུང་སུན་སྣང་མེད་པའི་སྙིང་སྲན་ཅན།།
སྔོན་བྱོན་སངས་རྒྱས་བྱེ་བ་གྲངས་མེད་ཀྱི།།
བསྟན་པའི་ཡུན་ལ་མ་གྲོལ་ལས་ངན་པོ།།
དབང་ལུང་ཁྲིད་དང་མན་ངག་ཅི་ཐོབ་ཀྱང་།།
རང་རྒྱུད་གྲོལ་པར་མ་ནུས་ཆོས་སྡུག་པོ།།
བསྟན་ལ་ཞུགས་ནས་སྡོམ་པ་གསུམ་ཞུས་ཀྱང་།།
ཉེས་ལྟུང་ཆར་བ་བབས་པའི་ཁྲིམས་འཆལ་པོ།།
ཡི་དམ་བསྙེན་སྒྲུབ་དཔག་མེད་བྱས་ན་ཡང་།།
ལྷ་ཞལ་ཟུར་ཙམ་མ་མཐོང་སྒྲིབ་མཐུག་པོ།།
ཆུང་ནས་མ་ཤི་བར་དུ་དཀོར་ཟོས་ཀྱང་།།
ད་དུང་ཚིམ་པ་མེད་པའི་དཀོར་དྲེད་པོ།།
ནང་དུ་ཉོན་མོངས་དུག་ལྔས་གང་བཞིན་དུ།།
ཕྱི་རུ་ཆོས་གོས་གཟབས་པའི་བཟང་རྫུ་མཁན།།
གཞུང་གཅིག་ཙམ་ཡང་འཆད་རྩོད་མི་ཤེས་པར།།
ད་དུང་མཁས་འདོད་ཆེ་བའི་ཧམ་པ་ཅན།།
དུག་ལྔའི་མགོ་བོ་ཅུང་ཟད་མི་ནོན་པའི།།
བཟང་པོ་ཡིན་སྐད་སྨྲ་བའི་མགོ་གཡོགས་མཁན།།
རང་ཉིད་གར་འགྲོའི་གཏད་སོ་མེད་བཞིན་དུ།།
ཚེ་འདས་མང་པོ་འདྲེན་པའི་སྙིང་ཁམས་ཅན།།
རང་ཉིད་ནམ་འཆི་ངེས་པ་མེད་བཞིན་དུ།།
གཞན་གྱི་བར་ཆད་སེལ་བའི་བྱིན་རླབས་ཅན།།
ལེགས་པར་བསམ་ན་རང་ལ་ཡིད་རེ་མུག །
བསམ་བཞིན་རང་གི་བྲང་ལ་ཏུག་ཏུག་བྱ།།
དེ་ཡིས་ང་རྒྱལ་ཁེངས་པ་འཇོམས་པར་འགྱུར།།
ཀྱེ་མ་བདག་གིས་བྱང་ཆུབ་སེམད་བསྐྱེད་ཞུས།།
དེ་དུས་སངས་རྒྱས་ཀུན་གྱིས་མཁྱེན་ཅིང་དགོངས།།
འགྲོ་ཀུན་སངས་རྒྱས་སར་འགོད་དམ་བཅའ་བྱས།།
དགེ་སྦྱོར་བྱས་ཚད་འགྲོ་བའི་དོན་ཡིན་ཅིང་།།
འགྲོ་ཀུན་བདེ་དང་བདེ་བའི་རྒྱུར་ལྡན་པའི།།
སྨོན་ལམ་འདི་ཡང་རྒྱུན་དུ་བརྗོད་བཞིན་དུ།།
མི་གཞན་མཐོ་ཞིང་སྐྱིད་ན་མི་དགའ་བའི།།
ཕྲག་དོག་སེམས་འདི་གང་ནས་དྲན་ན་ཨང་།།
འགྲོ་ཀུན་བདེ་ཞིང་སྐྱིད་ན་དགའ་བའི་སེམས།།
འདི་ཉིད་ཁོ་ནས་ཚངས་པའི་ལུས་ཐོབ་གསུངས།།
གཞན་ལ་ཕྲག་དོག་མཐོ་ན་མི་དགེའི་སེམས།།
བསྡུས་འཇོམས་དམྱལ་བ་ལྷ་མིན་ས་བོན་ལགས།།
དེ་འབྲས་བསམ་པས་ཕྲག་དོག་ཞི་བར་འགྱུར།།
ཞེས་པ་ཨོ་སྟོབས་འཁོར་འབྲེལ་དང་བཅས་པར་ཕན་དུ་རེ་ནས་བཀོད་དོ།།
༄། །ཁམས་པ་ཀརྨ་ཆགས་མེད་ཀྱིས། ཉོན་མོངས་པ་ང་རྒྱལ་དང་ཕྲག་དོག་ཞི་བའི་གདམས་པ། ཁམས་པ་ཆགས་ཞེན་ཅན་ཨོ་སྟོབས་ལ་སྤྲིངས་པ།
ཀྱེ་མ་གྲངས་མེད་བསྐལ་པའི་སྔོན་རོལ་ནས།།
བདག་ནི་མཐའ་མེད་འཁོར་བར་འདི་ཙམ་འཁྱམས།།
ད་དུང་སུན་སྣང་མེད་པའི་སྙིང་སྲན་ཅན།།
སྔོན་བྱོན་སངས་རྒྱས་བྱེ་བ་གྲངས་མེད་ཀྱི།།
བསྟན་པའི་ཡུན་ལ་མ་གྲོལ་ལས་ངན་པོ།།
དབང་ལུང་ཁྲིད་དང་མན་ངག་ཅི་ཐོབ་ཀྱང་།།
རང་རྒྱུད་གྲོལ་པར་མ་ནུས་ཆོས་སྡུག་པོ།།
བསྟན་ལ་ཞུགས་ནས་སྡོམ་པ་གསུམ་ཞུས་ཀྱང་།།
ཉེས་ལྟུང་ཆར་བ་བབས་པའི་ཁྲིམས་འཆལ་པོ།།
ཡི་དམ་བསྙེན་སྒྲུབ་དཔག་མེད་བྱས་ན་ཡང་།།
ལྷ་ཞལ་ཟུར་ཙམ་མ་མཐོང་སྒྲིབ་མཐུག་པོ།།
ཆུང་ནས་མ་ཤི་བར་དུ་དཀོར་ཟོས་ཀྱང་།།
ད་དུང་ཚིམ་པ་མེད་པའི་དཀོར་དྲེད་པོ།།
ནང་དུ་ཉོན་མོངས་དུག་ལྔས་གང་བཞིན་དུ།།
ཕྱི་རུ་ཆོས་གོས་གཟབས་པའི་བཟང་རྫུ་མཁན།།
གཞུང་གཅིག་ཙམ་ཡང་འཆད་རྩོད་མི་ཤེས་པར།།
ད་དུང་མཁས་འདོད་ཆེ་བའི་ཧམ་པ་ཅན།།
དུག་ལྔའི་མགོ་བོ་ཅུང་ཟད་མི་ནོན་པའི།།
བཟང་པོ་ཡིན་སྐད་སྨྲ་བའི་མགོ་གཡོགས་མཁན།།
རང་ཉིད་གར་འགྲོའི་གཏད་སོ་མེད་བཞིན་དུ།།
ཚེ་འདས་མང་པོ་འདྲེན་པའི་སྙིང་ཁམས་ཅན།།
རང་ཉིད་ནམ་འཆི་ངེས་པ་མེད་བཞིན་དུ།།
གཞན་གྱི་བར་ཆད་སེལ་བའི་བྱིན་རླབས་ཅན།།
ལེགས་པར་བསམ་ན་རང་ལ་ཡིད་རེ་མུག །
བསམ་བཞིན་རང་གི་བྲང་ལ་ཏུག་ཏུག་བྱ།།
དེ་ཡིས་ང་རྒྱལ་ཁེངས་པ་འཇོམས་པར་འགྱུར།།
ཀྱེ་མ་བདག་གིས་བྱང་ཆུབ་སེམད་བསྐྱེད་ཞུས།།
དེ་དུས་སངས་རྒྱས་ཀུན་གྱིས་མཁྱེན་ཅིང་དགོངས།།
འགྲོ་ཀུན་སངས་རྒྱས་སར་འགོད་དམ་བཅའ་བྱས།།
དགེ་སྦྱོར་བྱས་ཚད་འགྲོ་བའི་དོན་ཡིན་ཅིང་།།
འགྲོ་ཀུན་བདེ་དང་བདེ་བའི་རྒྱུར་ལྡན་པའི།།
སྨོན་ལམ་འདི་ཡང་རྒྱུན་དུ་བརྗོད་བཞིན་དུ།།
མི་གཞན་མཐོ་ཞིང་སྐྱིད་ན་མི་དགའ་བའི།།
ཕྲག་དོག་སེམས་འདི་གང་ནས་དྲན་ན་ཨང་།།
འགྲོ་ཀུན་བདེ་ཞིང་སྐྱིད་ན་དགའ་བའི་སེམས།།
འདི་ཉིད་ཁོ་ནས་ཚངས་པའི་ལུས་ཐོབ་གསུངས།།
གཞན་ལ་ཕྲག་དོག་མཐོ་ན་མི་དགེའི་སེམས།།
བསྡུས་འཇོམས་དམྱལ་བ་ལྷ་མིན་ས་བོན་ལགས།།
དེ་འབྲས་བསམ་པས་ཕྲག་དོག་ཞི་བར་འགྱུར།།
ཞེས་པ་ཨོ་སྟོབས་འཁོར་འབྲེལ་དང་བཅས་པར་ཕན་དུ་རེ་ནས་བཀོད་དོ།།