བཀྲ་ཤིས་དོན་འགྲུབ།
དགོན་མིན་དགོན་པར་བཏགས་པའི་གྲོང་བརྡལ་ནས།།
དབུ་སྐྲ་མཚོན་ལ་དྲངས་པའི་གྲྭ་རྒོད་དག།།
བྱེས་ལ་གཞིས་ཆགས་ཟེར་བའི་གྲོང་གསེབ་ཏུ།།
ངེས་འབྱུང་ཞལ་ཁ་བསྒྱུར་བ་ཇེ་མང་རེད། །
པང་གདན་ཁྲ་ཁྲ་གོན་པའི་མ་སྲུའི་ཚོགས། །
གཟན་སྣེ་རླུང་གིས་བསྐྱོད་པའི་ཁོར་ཡུག་ནས།།
མ་ཎིའི་དབྱངས་རྟ་སྙན་མོའི་རམ་འདེགས་འོག །
འཕོངས་ཤ་གཡུག་པའི་གར་སྟབས་ལིངས་སེ་ལིང་།།
མཁན་པོ་ཟེར་བའི་མི་དམར་ཞྭ་དམར་ཅན།།
རྒྱ་མཚོའི་ཕ་རོལ་ཕྱིན་པའི་ཞིང་ཁམས་ན།།
ཌོ་ལོར་ཞེས་པའི་གསང་སྔགས་ཉམས་ལེན་ལ།།
མཱར་པ་མི་ལ་བཞིན་དུ་ཧུར་འདུག་ཟེར།།
ངོ་རིལ་རྐང་རིལ་ཡིན་པའི་རྒྱ་མོ་རྣམས། །
བཞུགས་ཁྲིའི་གཟི་བརྗིད་མདུན་ནས་ལང་ཚོ་ངོམ།།
འོག་སྒོའི་ཉམས་ལེན་མཁས་པའི་རྣལ་འབྱོར་པས།
མངལ་གྱི་ནང་ནས་ཟབ་གཏེར་བཏོན་འདུག་སྐད།།
ཀ་བ་བུམ་པ་རྩོད་པའི་ཆོས་ར་བས། །
རྐང་བྲོ་ས་ལ་བརྡུང་ནས་བདག་མེད་བཙལ།།
ངོ་དེབ་ཅེས་པའི་ངོ་མཚར་ཆོ་འཕྲུལ་གྱིས།།
དེ་ལས་ལྡོག་པའི་བདག་འཛིན་དངོས་གྲུབ་བསྩལ།།
གྲོང་པའི་གྲོང་སྒོ་ཉུལ་བའི་གྲོང་ཆོག་པ།།
རྒྱ་གླིང་རྐང་གླིང་འབུད་ལ་སྤྲོ་བ་ཆེ།།
ཝུ་ཆང་བསིལ་མ་འཐུང་ལ་ང་ཡང་དགའ།།
བསྟན་པ་བཤིག་ལ་འུ་ཅག་ལྷག་ཏུ་འཇོན།།
མི་བཙུན་བཙུན་མདོག་སྟོན་པའི་བཙུན་མ་རྣམས།།
བྲང་ཁའི་ཁུར་པོ་ལྕི་མོ་མི་ཐེག་མོད།།
སྡོམ་དང་དམ་ཚིག་ནན་གྱིས་སྲུང་ཁུལ་གྱི།།
སྡུག་ཡུས་མཚོན་པའི་དབུགས་རིང་ནར་ནར་འབྱིན།།
སྤོ་ཏོ་རྨོ་ཏོའི་ནང་དུ་མི་ཚུད་ཅིང་།།
ལོ་ཆུང་བྱིས་པའི་གྲལ་ནས་ཕུད་ཟིན་པའི།།
ལས་མེད་ལུང་མ་བསྟན་གྱི་ཕོོ་གསར་དག །
ཨ་ནེ་རྒན་མོའི་མག་པར་ཕེབས་ན་བཟང་།།
རི་བོ་སྒང་དྲུག་ལྗོངས་ཀྱི་རྒྱལ་ཁམས་ནས།།
དཔའ་བོ་མང་པོའི་དཔའ་དར་འཐེན་རབས་ཐོས།།
རྒྱ་གར་ཚ་བའི་ཡུལ་གྱི་ནགས་གསེང་ནས།།
ཝ་མོ་མང་པོས་རྔ་མ་བསྣར་བ་མཐོང་།།
ཁ་བའི་གླིང་གི་མཁུར་ཚོས་དམར་པོ་རྣམས། །
རང་དབང་ཞེས་པར་གོ་རྟོགས་མཐོ་རབ་འདུག །
སྐྱབས་བྱོོལ་ནང་གི་སྐྱབས་ཡོད་མགོན་ཡོད་རྣམས།།
རྐུབ་ཤ་བསྐམ་མོད་བྲན་གཤིས་མི་འདོར་ཟེར།།
མི་རྒན་གྱོལ་པོ་ཨ་ཡེ་སྒུར་འཁྱོག་སོགས།།
ལག་ལ་ཕྲེང་བ་ཐོགས་པའི་འཛར་འཛོར་རྣམས།།
དཀོན་མཆོག་གསུམ་ལ་རྨོངས་དད་བྱེད་པར་མཁས།།
རྒྱལ་བའི་བཀའ་ལས་འགལ་བར་ཤིན་ཏུ་མཁས།།
ཨོ་ལགས་སོ། ངོ་ལོག་པ་ཟེར་བ་ག་འདྲ་ཞིག་ཡིན་ན་བསམ་ནས་ཅིག་ཀློག་ཁུལ་བྱས་བཞག་ཡོད།
ངོ་ལོག་བཀྲ་ཤིས་དོན་འགྲུབ་ཀྱི་ལོག་ཚོར་གྱི་སྙན་ངག་རིམ་པ་མང་ཐག་ཆོད་ཅིག་བྲིས་ཤག་
སྙན་པོ་འདྲ་པོ་རེད།
བཀྲ་དོན་ལགས། ཉིད་ཀྱི་རྩོམ་གཤིས་ལེགས་ཤིང་རྩོམ་རྩལ་ལེགས་མོད། རྩོམ་པ་པོ་གསར་པ་འདྲ་ཡིན་སྣང་བས་ཁྱེད་ཀྱི་སྨྱུག་རྩེ་དེ་ལེགས་ས་དང་བཟང་ས་ལ་སྐོར་ན་ལེགས་པའི་བསམ་འཆར་ཡིན། གཅིག་གིས་མ་འགྲིག་རབས། ཉིས་ཀྱི་མ་འཇོན་རབས་རྐྱང་འབྲི་ན་ནམ་ཞིག་ན་དེ་འདྲ་མ་གཏོགས་བསམ་རྒྱུ་དང་དྲན་རྒྱུ་མེད་པ་ཞིག་ཡོངས། དེ་ལ་སྣང་བ་དགྲར་ལངས་བྱ་བ་ཡིན་པས་དེ་རྗེས་ཁྱད་མཚར་ཆགས་ནས་རང་གཞན་ཚང་མ་སྡུག་ལ་སྦྱར་བ་དེ་འདྲ་ཡོངས་གི་རེད་ཀོ
དེ་དོན་ཐུགས་ལ་འདོགས།
ཁོ་ཁག་ཡོད་པ་མ་རེད་ཁ་དཔེར་འདྲེ་ལྟོག་དུས་ས་འོག་གི་མི་རོ་དྲན་ཞེས་པའི་དཔེ་ཟླར་གྱུར་
སོང་བ་རེད།འདིར་མེ་རུ་སྲེག་ཟིན་པའི་དཔའ་བོ་དཔའ་མོ་དག་གི་རྗེས་དྲན་གླེང་དུས་ཁོ་རང་
གི་ལོག་པའི་ཚོར་བ་ཟབ་མོ་དེ་མ་དྲན་རང་དྲན་ཆགས་སོང་བ་ཡིན་གྱི་རེད་སྙིང་མ་རྗེ།།།།
སྙིང་རྗེ། རང་དབང་གི་དོན་སེམས་ཀྱིས་གང་དྲན་ལག་གིས་གང་བྲིས་རྒྱུ་ཡིན་པར་བསམ་སྟེ་འདི་འདྲ་བྲིས་པ་ཡིན་སྲིད།
ཨ་སི་ལབ་ཚད་ཀུ་རེ་ཡིན་སྤྲོ་མ་ལོངས།
བོད་ལ་ངོ་ལོག་སྟེ་རྒྱ་ལ་སྤྲེལ་ལབ་འཁྲབ་མཁན་གྱི་བོད་མི་ནང་རུལ་བ་ཞིག་ཡིན་པ་ཐག་གིས་ཆོད།
སྐུ་ཉིད་ཀྱིས་ངོ་ལོག་བྱེད་རྒྱུ་ཡིན་མིན་དང་། ངོ་ལོག་བྱེད་ས་དེ་འོས་འཚམ་ཡིན་མིན་ནི་ངས་གླེང་བ་ལས་མ་གླེང་བར་བཞག་ན་ལེགས་པའི་གནས་ལུགས་སྔོན་ནས་བདག་གིས་རྟོགས་ཡོད། འོན་ཀྱང་མ་བཤད་ཐབས་མེད་ཅིག་ནི་ཉིད་ཀྱི་ཡིག་ནོར་གི་འཚང་ཀ་འདི་རེད། འདིའི་ཐད་ནས་ཁྱེད་ལ་གུ་ཡངས་མེད། དེང་སང་ཚང་མས་རང་སེམས་ཁོམ་པའི་སྙན་ངག་ཐན་ཐུན་འབྲི་བའི་ཕྱོགས་སུ་མ་སོང་བར་བོད་ནང་གི་སྤུན་ཟླ་ཚོས་བཞུད་ལམ་ལ་མཆོད་འབུལ་རེ་ཨེ་འཁྱོང་གི་ལྷག་བསམ་དེ་ལ་འབད་བཞིན་པ་རེད། ཉིད་ཀྱིས་དེའི་བར་ནས་ངོ་ལོག་ཅིག་རྒྱག་རྒྱུ་བསམ་པའི་ཀུན་སློང་དེ་ཡང་དེ་འདྲ་ཞིག་ནས་བྱུང་བ་རེད། གང་ལྟར་གཞིས་ལུས་སྤུན་ཟླ་ཚོ་གཙོས་རང་སྲོག་མེ་ལ་བསྒྲོན་དགོས་པའི་རྒྱུ་མཚན་གཅིག ་རྒྱ་མིས་བཙན་འཛིན་དང་། གཉིས བོད་ཀྱི་རིག་གཞུང་རྩ་མེད་དུ་གཏོང་རྒྱུའི་ངན་སེམས་ལ་རྒོལ་བ་དང་། ལྷག་པར་ན་ནིང་བོད་ཀྱི་སྐད་ཡིག་སློབ་མའི་རྒྱུགས་སྤྲོད་ཀྱི་ཁྲོད་ནས་ཕྱིར་འཐེན་བྱས་པར་བོད་ནང་ནས་རང་སྲོག་ལ་མ་འཛེམ་པར་རྒོལ་བ་ཉིད་ཀྱིས་མིག་ཟུང་བཙུམ་བསྡད་མེད་ན་མཐོང་ཡོད་ཚོད་ཡིན། དེའི་ཕྱིར་བོད་ཡིག་དག་མ་ཞིག་བྲིས་རྗེས་སུ་ངོ་རྒོལ་ལམ་ངོ་ལོག་གཙང་མ་ཞིག་བྱས་ན་མཛེས། ཡུལ་དང་དུས་ལ་ལྟ་རྒྱུ་ཧ་ཅང་གལ་ཆེའོ། གྲོགས་པོ་ལགས། སྐད་ཆ་འདི་ནི་སེམས་གཏམ་རང་ཡིན་པས་ཁྲོ་མི་ཉན།
ངོ་ལོག་པའི་ལོ་བཤད་འདི་ལ་བརྟེན་ནས་མགོ་རིལ་ཚོ་འཕག་ཚག །
ངོ་ལོག་པའི་ལོག་བཤད་འདི་ལ་བརྟེན་ནས་གོ་ལོག་འགྲེལ་མཁན་ཡང་མང་སོང་ཡ་་་་་་་་་་་
དོན་དངོས་ངོ་ལོག་པའི་གསུངས་པ་ལ་མངོན་པ་བསྟོད་མཁན་གཟུར་གནས་ཞིག་ཡོང་བས་སྨོན་ལམ་འདེབས་་་་་་་་་་་་་་་བླ་མའི་་མཁྱེན་མགོ་རིལ་འདི་ཚོ་་་་
ངོ་ལོག་གཏམ་གྱི་ནང་དོན་མ་གོ་བར།།
གང་སར་ལོག་བཤད་ཁོ་ནས་དུས་འདའ་བའི།།
ཁ་བརྡའི་དྲ་འབུ་དེ་ཚོའི་ལས་དབང་དེ།།
ཨེ་མ་བསམ་གྱིན་བསམ་གྱིན་མཆི་མ་འཆོར།།
ཁོ་རེ། སྙན་རྩོམ་ཡག་མོ་གདའ། ཞྭ་དམར་ཚང་ལ་ངོ་ལོག་པའམ་མགོ་རིལ་ལ་ངོ་ལོག་པ་གང་རུང་ཞིག་ཡིན་པར་གདའ།
ཁྱོད་ཀྱིས།
མི་བཙུན་བཙུན་མདོག་སྟོན་པའི་བཙུན་མ་རྣམས།།
བྲང་ཁའི་ཁུར་པོ་ལྕི་མོ་མི་ཐེག་མོད།།
སྡོམ་དང་དམ་ཚིག་ནན་གྱིས་སྲུང་ཁུལ་གྱི།།
སྡུག་ཡུས་མཚོན་པའི་དབུགས་རིང་ནར་ནར་འབྱིན།། ཞེས་པ་ལ་འཇམ་དབྱངས་དགུན་ཆོས་སྐབས་ནུ་མ་གཡུག་གཡུག་བྱེད་པའི་བཙུན་མ་ཚོས། བྲང་གི་ནུ་མ་འབུར་རྒྱུ་ཡོད་ན་རྒྱུད་ལ་ངེས་འབྱུང་མེད་པས་ཁྱབ་པར་ཐལ། མི་འདོད་ཁྲལ་གྱི་བཙུན་ཚུགས་ཡིན་པའི་ཕྱིར། ཞེས་པ་ལ་ཁྱོད་ཀྱིས་ལན་ཅི་འདེབས། རྗེ་ཙོང་ཁ་བས་མཛད་པའི་རྟག་ངུའི་རྟོགས་བརྗོད་ལས། བྲང་གི་དཀྱིལ་འཁོར་ནུ་མའི་ཁུར་གྱིས་སྒེག །ཅེས་པ་ལྟར་བུད་མེད་ཚང་གི་ཁྱད་ཆོས་རེད། ཡིན་ཡང་འདུལ་བའི་སྐབས་ན་རབ་བྱུང་མའི་ནུ་མ་ཧ་ཅང་འབུར་བ་ལ་དགག་བྱ་མཛད་ཡོད་པ་རེད།
ཚིགས་བཅད་གཅིག་གཉིས་ལྷུ་ལག་སྒྲིག་མ་ཐག །
ང་ནི་དགེ་ཆོས་དོན་རྒྱལ་འདྲ་སྙམ་ནས། །
ཀ་ཞིག་འབྲི་ནའང་ངོ་ལོག་འབའ་ཞིག་གིས། །
ལས་ངན་དུས་ངན་འདའ་འདི་ཡ་རེ་ང་། །
དེ་ལ་རྒྱབ་སྐྱོར་བྱེད་པ་ཉོན་རེ་མོངས། །
དེ་འདྲར་གོ་བསྐོན་བྱེད་དུས་ཐང་རེ་ཆད། །
རང་དང་བསམ་ཚུལ་མི་མཐུན་དེ་མ་ཐག །
གཞན་ལ་དྲྭ་འབུ་བརྗོད་ལ་སྙིང་ཁམས་ཆེ། །
རྗེ་དགེ་འདུན་གྲུབ་པས།
ནུ་འབུར་རབ་རྒྱས་ཟག་མེད་བདེ་བའི་གཏེར།།ཞལ་རས་ཟླ་བ་རྒྱས་པའི་འཛུམ་དཀར་ཅན།།ཞི་བའི་ཉམས་ལྡན་ཐུགས་རྗེ་སྤྱན་ཡངས་མ།།སེང་ལྡེང་ནགས་ཀྱི་མཛེས་མ་ཁྱོད་ལ་འདུད།།ཅེས་པ་ལྟར་བུད་མེད་མཛེས་མ་ཞིག་ན་དེ་ལྟ་བུ་ཡིན་གོ་ཆོད། མེ་དཀར་གྱིས་གསུངས་པ་ལྟར་སྣང་བ་དགྲ་རུ་ལངས་ན་རང་སེམས་སྡུག་ལ་སྦྱར་བ་མ་གཏོགས་གང་ཡང་མེད། དེ་བས་རབ་དགའི་སྤྱོད་པ་བྱ་ཞེས་པ་བཞིན་གང་ལ་དགའ་ན་དེ་ལ་སྤྱོད་ཅིག །རྡ་ས་ཨ་མདོའི་གྲོང་གསེབ་དང་ནོར་གླིང་གི་ཚུལ་མིན་གྱི་རྣམ་རྟོག་མང་པོ་བསྐྱེད་ནས་སྙན་ངག་བྲིས་པ་ཡག་མོ་གདའ།
ངས་འདིར་སུན་འབྱིན་རྩོམ་དུས་རབས་འདིར་འཚམ་པོ་མེད་པ་བཤད་འདོད་པ་བམ་ཡིན། དགོན་པ་གྲྭ་པ་ལ་ཁ་ཟེར་མི་ཆོག་དམིགས་སུ་བསལ་མེད་པས་འཇམ་གཅེས་ཐུགས་འཚབ་མི་དགོས།
ལར་གྲྭ་པ་གྲོང་དུ་སོང་ཏེ་ཨན་ཊིའི་སྟུ་དྲི་སྣོམ་པ་དང་། ཨ་ནེ་ལགས་རྣམ་པའི་ནུ་མ་འབུར་ཚད་ཆེ་བ་སོགས་ནི་གྲྭ་པ་དང་ཨ་ནེ་བྱས་ཡུན་རིང་པས་ལན། ངས་བསམ་པར་ནང་པ་ཞིག་ཡིན་ན་རང་གི་ཆོས་བརྒྱུད་གང་དུ་གཏོགས་པའི་ཤེས་ཡོན་སྦྱིན་སའི་དགོན་པ་ཞིག་ཏུ་རང་གི་ནུས་པ་དང་མཚམས་པར་ལོ་བཅད་ཀྱིས་བསྡད། དེ་རྗེས་སྤྱི་ཚོགས་ནང་འཐོན་དགོས། འདིའི་སྐོར་བསམ་ཚུལ་ཟུར་ཙམ་ཞིག་བྲིས་པ་འདིར་གཟིགས། http://www.khabdha.org/?p=35757
དང་བོར་རང་ཉིད་ངོས་འཛིན་མེད་དང་གཅིག །
བར་དུ་གཞན་སྐྱོན་འཚོལ་ལ་དགའ་དང་གཉིས། །
མཐའ་མར་སྐྱ་སེར་བར་ལ་དཀྲིག་དང་གསུམ། །
སྨྱུག་ཐོག་པ་ཡིས་དང་བོའི་དོར་བྱ་གསུམ། །
མེ་ཏོག་དཀར་པོ་ཟེར་བའི་ཅོལ་ཆུང་དེ།།
གསོན་ཁྲག་འཇིབས་པའི་འདྲེ་ཤིག་དམར་པོ་རེད།།
རེབ་སྐྱིད་ཟེར་བའི་ཕོ་མིན་མོ་མིན་དེ།།
གཞན་སྲོག་འཕྲོག་པའི་དུག་སྦྲང་ནག་པོ་རེད།།
དེ་ཡི་རྗེས་འབྲང་དྲ་བུ་ཀླད་རུལ་དག།
མུན་པའི་ཁུང་བུར་ཡིབ་པའི་རྒྱ་འབུ་རེད།།
ཀ་ཡེ་ལས་ངན་རྒྱལ་འགོངས་འབུ་སྲིན་ཚོ།།
སྨྲ་བ་མ་སྡོམ་གཏམ་བརྗོད་རང་དབང་སྤྲོད།།
དམའ་འབེབས་མ་བྱེད་ཚེ་སྲོག་འདྲ་མཉམ་རེད།།
སྒེར་གཅོད་མ་གནང་མང་གཙོའི་དོན་ལ་སྦྱོངས།།
སྔོན་ཚེ་མར་ཁེ་སི་ཡི་བཀའ་བཞིན་དུ།།
རང་དབང་རིང་ལུགས་བཤིགས་པའི་ནག་ཉེས་སུ།།
ཐོ་བ་དམར་པོས་བགོ་བོའི་རུས་པ་གཅོག།
འདྲ་མཉམ་ཁྲིམས་ལུགས་གཏོར་བའི་ཁྲིམས་ཆད་དུ།།
ཟོར་བ་ནག་པོས་རྟིང་རྩ་རྩད་ནས་གཅོད།།
མང་གཙོའི་ལམ་ལུགས་གནུབས་པའི་བྱས་ཉེས་སུ།།
ཁྲོ་ཆུ་ཁོལ་མ་ཁ་ཡི་ནང་དུ་ལྡུག།
གཅོང་རོང་མུན་པ་ཟབ་པའི་གཡང་དུ་འདེད།།
ལྕགས་ཁང་སྒོ་མེད་ནང་དུ་ཚེ་བཙོན་འཇུག།
འདིར་གསལ་བཤད་ཞུ་དགོས་པ་ཞིག་ལ། ཨ་རིག་དགེ་མཐོང་ཟེར་བ་ཞིག་གིས། ཡིག་ནོར་མང་པོ་བྱུང་བར་སྐྱོན་བརྗོད་གནང་འདུག་ལ། དེར་ངས་རང་སྐྱོན་ངོས་ལེན་ཞུས་པ་ཡིན། དེ་མིན་འབྲེལ་མེད་ཀྱི་སྐད་ཆ་མང་པོ་ཞིག་བཤད་འདུག་སྟེ། གཞིས་ལུས་སྤུན་ཟླ་ཚོའི་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་ལ་གདུང་སེམས་མཉམ་སྐྱེད་བྱེད་མཁན་གྱི་ཆ་ནས་བཤད་ན། ང་རང་ཁྱེད་ལས་ལྷག་ཙམ་མིན་ཡང་ཁྱེད་ལས་སྐྱོ་བ་རྩ་བ་ནས་མིན་མོད། གནས་སྟངས་འདི་འདྲའི་སྐབས་སུ་རྩོམ་ཡིག་འབྲི་སོགས་ཅི་ཡང་བྱེད་མི་ཆོག་ན། རྩོད་པ་ཡང་བརྩད་ཆོག་རྒྱུ་མ་རེད་དེ། ཁྱེད་ཀྱི་འདོད་པ་ལྟར་ཅི་ཡིན་འདི་མིན་མེད་པའི་ངང་ནས་ཁུ་སིམ་མེར་སྡོད་དགོས་པས་ཕྱིར། དེ་ལྟར་ན་ཁྱེད་རང་སྡོད་སའི་གདན་ས་ཆེན་མོ་ཟེར་བ་དེ་ཚོ་ཅི་ཡིན་ནམ་་་་་་་་་? དེ་མིན་ཁོ་བོས་ཀྱང་ད་ལྟའི་གནས་སྟངས་འདིའི་ཆེད་དུ་སྙན་ངག་འདྲ་ནི་བྲིས་ཡོད་དེ། ཡིད་མི་ཆེས་ན་སྨྱུག་སྡེ་ཞེས་པའི་དྲ་ཚིགས་ནང་ལྟོས་དང་ཤེས་ཡོང་། ཁ་བརྡའི་ནང་མ་བཀོད་པ་ནི། འདིར་འཚང་བའི་དྲ་བུ་མང་ཤོས་ཤིག་འུད་གཏམ་ལ་དགའ་བ་ལས་སྙན་ངག་ལ་མི་དགའ་བས། ངས་ཀྱང་འུད་གཏམ་འདྲ་བྲིས་ནས་བསྡད་པ་ཡིན། དེ་མིན་འདས་ཟིན་པའི་དཔའ་བོ་དཔའ་མོ་ཚོའི་ཆེད་དུ་བསྔོ་སྨོན་ཚོགས་པ་དང་། མར་མེ་ཁྲོམ་བསྐོར་ལ་ཕྱིན་པ་སོགས་ནི་ཁྱེད་རང་གིས་རྨི་ལམ་ནང་དུ་ཕྱིན་པ་ལས་ཀྱང་མང་ཚོད་ཡིན་ལགས། གཞན་ལས་མེད་ལུང་མ་བསྟན་སྐོར་ཞིག་གིས་ངས་རང་དབང་གི་དོན་གོ་མེད་རབས་དང་། ཅི་ཡང་མི་ཤེས་རབས་གླེང་གི་འདུག་མོད། ཁོ་བོས། ཁ་དབུགས་དྭངས་ས་ཞིག་དང་། གཟུ་པ་མང་ས་ཞིག་ཏུ་བགྲོ་གླེང་བྱ་འདོད་དོ།།
རྗེ་དགེ་འདུན་གྲུབ་པ་སོགས་མཁས་མིང་ཐོབ་པ་ཡོད་ཚད་ཀྱི། ལ་ལ་ལུང་ལུང་ཆ་ཚང་ལ་དོ་སྣང་སྤྲོད་ལོང་མི་འདུག་གོ་་་་་་་།
བཀྲ་ཤིས་དོན་གྲུབ་ལགས། ལགས་སོ་ཞུ་བ་ལས་གཞན་གང་ཡང་མེད། སྨྱུག་སྡེ་ཞེས་པར་ཁྱོད་ཀྱི་ད་ལྟའི་རྩོམ་འདྲ་པོ་ཡིན་ན་མིག་ལ་ངོ་ཚ་བ་འདུག་པས་ལྟ་ལོང་ག་ལ་ཡོད།
ཁ་བརྡ་ནང་བྲིས་མཁན་ནང་ཚད་ལྡན་གྱི་ཤེས་ཡོན་པ་བརྒྱ་ཆ་ལྔ་བཅུས་ཟིན་ཡོད་པས་འུད་གཏམ་ལ་དགའ་ཟེར་བས་ཁྱེད་རང་ཅོལ་ཆུང་དུ་འགྲོ་ལ་ཁད་དུ་སྣང་བས་གཟབ་འཚལ།
ཧ་ཧ་ཧ། ཁྱེད་རང་ཤེས་ཡོན་པའི་གྲས་སུ་འཚང་རྒྱུ་དགའ་བ་ལ། ཐོག་མར་ཤེས་ཡོན་པ་ཞེས་པ་དེའི་སྒྲ་དོག་འཇུག་དང་། ཡངས་འཇུག་སོགས་ཀྱི་གོ་དོན་ལ་སློབ་སྦྱོང་འདྲ་བྱས་ན་ག་འདྲ་རེད། ཨ་་་་་་་།
དེ་ལོས་ཡིན། ཧ་ཧ་དང་ཧོ་ཧོ་གང་ཟེར་རུང་། སྒྲ་ཡངས་པོའི་འཇུག་ཡུལ་ཡིན་ནའང་འདྲ། དོག་པའི་འཇུག་ཡུལ་ཡིན་ནའང་་འདྲ། བླུན་པོའི་་གྲལ་འགོ་ལས་མཁས་པའི་གྲལ་མཇུག་བཟང་བ་ཡོངས་གྲགས་དང་བདག་བདེ་ལེགས་སུ་མི་འདོད་པ་སུ་ཡང་མེད་པའི་ཕྱིར་རོ།།
གྲྭ་འགོར་སླེབས་འདོད་ན་དམངས་ཀྱི་ཁ་སྨྲ་ལ་མགོ་མ་འཁོར་ཅེས་པའི་དཔེ་ལྟར་དྲ་གྲོགས་
ཁྱེད་ཀྱི་ལྟ་བ་ནི་ཕྱོགས་མེད་མདུང་སྐོར་རང་དུ་སྣང་བས་སྔ་ཕྱི་མ་གཏོགས་མཁས་པའི་
གྲས་སུ་ཚུད་ཐག་ཆོད་རེད། ཧཧཧ
དངོས་གནས་ཁྱེད་ཀྱིས་བཤད་པ་བདེན་པ་རེད། ཉམ་ཆུང་བསྡད་པ་ལས་ཧམ་པ་བཤད་པ་ཡག་ཚུལ་གྱི་ལྟ་གྲུབ་ལ་ཁྱེད་ཀྱིས་སློབ་སྦྱོང་གང་འཚམ་གནང་ཡོད་ཚོད་འདུག
ལེགས་བཤད་ཟེར་བ་འདིའི་དྲངས་པའི་རྗེ་དགེ་འདུན་གྲུབ་ཀྱི་གསུང་ཚིག་དེར་བལྟས་ན། དགེ་འདུན་གྲུབ་ཁོང་ཉིད་བུད་མེད་ཀྱི་སྐོར་ལ་ཧ་ཅང་མཁྱེན་རྒྱ་ཆེན་པོ་ཡོད་ཚོད་རེད། བུད་མེད་ཀྱི་མཚོན་ཆ་གནད་འགག་ཅན་དག་དག་གླེང་འདུག་པས་སོ།། ཧཧཧཧ
ཕྲན་པ་སྔ་ཕྱི་མ་གཏོགས་མཁས་པའི་གྲས་སུ་ཚུད་པའི་རེབ་སྐྱིད་མཚོའི་ལུང་བསྟན་དོན་ཐོག་ཏུ་སྨིན་པར་ཤོག སྒྲ་དབྱངས་ལྷ་མོས་མཁྱེན། ལུང་བཟང་པོ་གནང་བར་ཤེས་རབ་མའི་རང་བཞིན་རེབ་སྐྱིད་མཚོ་ལགས་ལ་ཐུགས་རྗེ་ཆེ།
རེབ་སྐྱིད་མཚོ་དང་མདོ་ཁམས་པ་ཟེར་བ་འདི་གཉིས། རིག་གནས་གསར་རྗེའི་སྐབས་ཀྱི་གསར་རྗེ་སྐྱབས་དང་གསར་རྗེ་དཔའ་མོ་ཟེར་མཁན་དེ་ཚོའི་གྲས་ཡིན་བཟོ་འདུག དེ་ཚོ་ཡང་རིག་གནས་གསར་རྗེ་འགོ་མ་བཙུགས་གོང་དང་མཇུག་གྲུབ་ཟིན་པའི་རྗེས་ལ་ཁོང་གཉིས་ལྟར་དད་པ་ཅན་དང་ལ་རྒྱ་ཅན་རྐྱང་རྐྱང་ཅན་ཡིན་པས་སོ།། རེབ་སྐྱིད་མཚོ་ལགས་་་་་་་་་་། ཧཧཧ། མདོ་ཁམས་པ་ལགས། ངས་“སྐབས་འཚོལ་རིང་ལུགས་པ”ཞེས་པའི་གོ་དོན་དཔེ་ཡག་པོ་ཤེས་ཀྱི་ཡོད།
རིག་གནས་གསར་རྗེའི་སྐབས་ང་སྐྱེས་ཡོད་མེད་བཤད་ཡག་མི་འདུག་གལ་སྲིད་སྐྱེས་ཡོད་ན་ཐང་
གཙོ་བོའི་ལས་འགན་ཁུར་མ་མྱོང་ཡིན་ཡང་དེང་དུས་རབས་འདིའི་མིའི་སྲིད་འཇུས་འདི་ནི་
མཁས་ཙམ་ཡོད།
རིག་གནས་གསར་རྗེའི་སྐབས་ང་སྐྱེས་ཡོད་མེད་བཤད་ཡག་མི་འདུག་གལ་སྲིད་སྐྱེས་ཡོད་ན་ཐང་
གཙོ་བོའི་ལས་འགན་ཁུར་མ་མྱོང་ཡིན་ཡང་དེང་དུས་རབས་འདིའི་མིའི་སྲིད་འཇུས་འདི་ནི་
མཁས་ཙམ་ཡོད། ཡང་སྐབས་སྐབས་བྱ་བ་གཞན་ཞིག་གིས་ལམ་དུ་ཤོར་འགྲོ་བ་མང་ཡང་
སྐབས་འཚོལ་རིང་ལུགས་པ་དེ་ཡིན་མིན་ང་རང་གིས་བཤད་ཤེས་མ་སོང།
བཀྲ་དོན།
བོད་མི་ནང་རུལ་བ།
བོད་ཀྱི་རིག་གཞུང་རྩ་མེད་དུ་གཏོང་རྒྱུའི་ངན་སེམས་ལ་དགའ་མོ་བྱེད་མཁན།
བཀྲ་དོན་ཁྱེད་རང་ལ་རྒྱ་སྒོར་གྲངས་ག་ཡོད་དམ།
ཁམས་མི་བཟངས་པ་དང་བྱའ་བ་ལམ་འགྲོ་མི་ཡོང་བ་ མ་འོངས་བའི་འདུན་ལམ་མེད་པ།
བཀྲ་དོན་ཟེར་བ་དེ་རྒྱ་མའི་གཙང་མྱུལ་བ་ཡིན་པ་ཐག་ཆོད་རེ་
ཚངས་མ་ཐུགས་གཟབས་གནང་རོགས་ཞུ།
རྔ་རྒྱལ་ཟེར་བའི་འཁྱམ་པོ་ཞིག་འབྲོག་སྐད་དིར་དིར་ལ་འུར་རྒྱག་གིན་འདུག་མོད། ཕར་བལྟས་ཚོད་ལ་ཁོ་རང་རེབ་སྐྱིད་མཚོའམ་རྐུབ་སྐྱིད་མཚོ་ཟེར་བ་འདིའི་རྒྱུག་ཁྱི་ཚད་ལྡན་ཞིག་ཡིན་བཟོ་འདུག ཧཧཧ། ཁྱོད་རང་ངའི་སྔ་རྒོལ་དུ་ཕེབས་པར་ད་དུང་ལོ་ཤས་འདུག
སྨོོན་ལམ་གསོལ་འདེབས་ཞུ་ཡོད།
ནང་རུལ་ཚོ། ནང་འཛིང་བྱོས་ནས་སྡོད་ཨ།
སྔ་ཕྱི་བར་གསུམ་དུ་ལས་ཀ་འདི་འདྲ་བ་རྐྱང་བྱས་པས་བོད་ཕུང་བ་རེད། ད་ཡང་ཁྱོད་ཚོས་ནང་ནས་འཛིང་དང་། རྒྱ་དམར་གུང་ཁྲན་རིང་ལུགས་ཀྱིས་ཁྱོད་ཚོར་ལེགས་སོའི་དབུགས་དབྱུངས་སྟེར་ངེས། ལྟས་ངན་ཁྱོད་ཚོ། ད་རྒྱ་མིའིི་རྐུབ་འདྲ་ལྡག་ན་ཏག་ཏག་རེད།