སྨན་རམས་པ་ཉི་མ་ཚེ་རིང་།
༢༠༢༡ ལོའི་སྲིད་སྐྱོང་ཀྱི་ད་ཡོད་འོས་མི་ཚང་མར་འགོ་ཁྲིད་ཀྱི་འོས་བབ་ཆ་རྐྱེན་གང་ལེགས་ལྡན་ངེས་ལ་གུས་རྩིས་ཆེན་པོ་ཞུ་མུས་ཐོག དེའི་ནང་ནས་རང་ཉིད་ལ་མང་གཙོའི་ཁེ་དབང་གི་ལམ་ནས་འོས་ཤོག་ཐོབ་ཐངགཅིག་ཡོད་པ་དེ་ཧོལ་རྒྱུག་སོགས་མེད་པར་བརྟག་དཔྱད་ནན་པོ་བགྱིས་ཏེ་སྐུ་ངོ་སྤེན་པ་ཚེ་རིང་ལགས་སུ་འབུལ་རྒྱུ་དང་རྒྱབ་སྐྱོར་ཞུ་རྒྱུ་ཡིན།
རྒྱུ་མཚན་སྙིང་བསྡུས་སྐུ་ངོ་སྤེན་པ་ཚེ་རིང་ལགས་ནི་སྤྱི་ལོ་༡༩༦༧ལོར་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་སུ་ཕ་བློ་བཟང་སྙན་གྲགས་དང་། མ་མཚམས་ལགས་གཉིས་ཀྱི་བུར་སྐྱེས།གཅེན་གཅུང་དགུ་ཡོད་པའི་གསུམ་པ་ཡིན་ཞིང་། སྦེལ་ཀོབ་གཞི་རིམ་སློབ་གྲྭ་འགྲིམས་ཞོར་དུ་སོ་ནམ་འདེབས་ལས་སོགས་ཁྱིམ་ལས་ལ་འབད་བརྩོན་ཆེ་ཞིང་། འཛིན་རིམ་དགུ་པ་ནས་འཛིན་རིམ་བཅུ་གཉིས་བར་ལོ་གསུམ་དང་ཕྱེད་ཀའི་རིང་ལུགས་བསམ་དབུས་བོད་སློབ་ཀྱི་སྤྱི་ཁྱབ་རྒན་བདག་ཏུ་འདེམས་བསྐོ་བྱུང་སྐབས། སློབ་གྲྭའི་ལས་དོན་སྣེ་མང་ཐོག་གྲུབ་འབྲས་གཟེངས་སུ་ཐོན་པ་བྱུང་ཡོད་པ་དང་། འཛིན་རིམ་བཅུ་གཉིས་སྐབས་སློབ་གྲྭའི་སློབ་མ་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་པ་མ་ཟད། རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ཆེན་མོའི་ནང་བོད་པའི་སློབ་ཕྲུག་ཡོངས་ཀྱི་རྒྱུགས་འབྲས་ཨང་དང་པོ་ཐོབ། སྤྱི་ལོ་༡༩༨༥ ནས་ ༡༩༨༨ བར་མ་དྷ་ར་སི་ཁིརི་ཤན་མཐོ་སློབ་ཏུ་ christian college དམིགས་བསལ་དཔལ་འབྱོར་རིག་པ་economics major སློབ་གཉེར་བྱེད་སྐབས། ཁྱིམ་ཚང་དུ་ཕྲུ་གུ་མང་བ་སོགས་ཁྱིམ་འཁོས་ཞན་སྟབས། འཛིན་གྲྭའི་ཞོར་དུ་ཕྱི་དྲོ་ཆུ་ཚོད་ ༧ ནས་ ༡༡ བར་ཟ་ཁང་དུ་ཞོར་ལས་བྱས་ཏེ་བོད་སློབ་འཛིན་ཚོགས་ཀྱི་སློབ་ཡོན་གྱིས་མ་འདང་བའི་དངུལ་འབབ་དང་། ཙག་ཙིག་འགྲོ་སོང་རང་མགོ་ཐོན་པ་བྱས་ཐོག སྐབས་དེར་ལྷ་སར་ཞི་རྒོལ་རིམ་བསྟུད་དུ་བྱུང་བ་སྟབས་བསྟུན་ཏན་མེལ་ན་རྡུ་དང་པོན་ཌི་ཅེ་རི་ས་གནས་རང་བདེན་ཚོགས་ཆུང་གསར་འཛུགས་ཀྱིས་དྲུང་ཆེའི་འགན་ཁུར་ཏེ། མ་དྷ་ར་སི་གྲོང་ཁྱེར་ནང་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཤུགས་ཆེར་སྤེལ་ཞིང་། དེ་མཚུངས་སུ་ཏན་མེལ་ན་རྡུ་ཁྱབ་ཁོངས་བོད་རིགས་སུད་ཚོང་ས་ཁག་མང་དག་ཅིག་ལ་དཀའ་སེལ་རོགས་རམ་དང་།རྒྱ་གར་རྒྱལ་ཡོངས་ནའེ་ཇི་རི་ཡ་དང་བོད་རིགས་སློབ་ཕྲུག་མཐུན་ཚོགས་གསར་འཛུགས་སུ་མཉམ་ཞུགས་ཀྱིས་དྲུང་ཆེའི་ལས་འགན་ཁུར་ཏེ། བོད་དང་བོད་མིའི་གནས་སྟངས་ངོ་སྤྲོད་དང་། ནའེ་བོད་མཛའ་འབྲེལ་མཐུད་ཐབས་བྱས། མཐོ་སློབ་མཐར་ཕྱིན་རྗེས། ཁྱིམ་བདག་ཕ་མ་གཉིས་ཀྱི་རེ་འདུན་ནི་བོད་གཞུང་ལ་ཞབས་ཞུ་བསྒྲུབ་རྒྱུ་དེ་ཡིན་མོད། ཁྱིམ་འཁོས་ལ་དམིགས་ཏེ། སྤྱི་ལོ་༡༩༨༩ ལོར་དབུས་གཞུང་གི་ཐད་སྐྱོང་ས་ཁུལ་པོན་ཌི་ཅེ་རི་ནང་གངས་སེང་ཟ་ཁང་གཉེར་སྐྱོང་བྱས་ཤིང་། སྤྱི་ལོ་༡༩༩༠ ནས་ལོ་ ༡༠ ཙམ་རིང་གྲུམ་གདན་བཟོ་གྲྭ་འཛིན་སྐྱོང་དང་ཕྱི་ཚོང་གི་ལས་ཀ་བྱས། སྤྱི་ལོ་༡༩༩༤ ནས་ ༡༩༩༧ བར་མདོ་སྨད་དབུས་རྒྱུན་དྲུང་ཆེའི་ལས་འགན་ལེན་ཡུན་རིང་། སྤྱི་ལོ་༡༩༩༥ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༦༠ ཕེབས་པའི་མདོ་སྨད་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་འགན་ཁུར་བ་དང་། བོད་བར་ཞི་བའི་གོམ་བགྲོད་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་སོགས་བྱས། དེ་བཞིན་ སྤྱི་ལོ་༢༠༠༥ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༠ ཕེབས་པའི་མདོ་སྨད་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་དང་། སྤྱི་ལོ་༢༠༡༥ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པའི་མདོ་སྨད་སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་སློབ་སྟོན་པའི་འགན་ཁུར་གྱི་སྐལ་བཟང་ཐོབ་ཡོད། བོད་མི་མང་སྤྱི་འཐུས། སྤྱི་ལོ་༡༩༩༦ ལོར་སྐབས་ ༡༢ པའི་མདོ་སྨད་སྤྱི་འཐུས་སུ་བདམས་ཐོན་བྱུང་སྟེ། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་མི་ཐེངས་མང་བྱས་པ་དང་། སོ་སོའི་ཆེད་ལས་ཀྱི་ཤེས་ཡོན་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་འགྲོ་སྟངས་ཐོག་ནུས་རྩལ་སྤྲུགས་པ་ལ་བརྟེན་ནས་བཀའ་སྤྱི་གཉིས་ནས་དངུལ་རྩིས་འགྲོ་སྟངས་ཐོག་དོ་སྣང་གསར་པ་ཞིག་སླེབས་ཐུབ་ཡོད། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ངེས་སྟོན་པ། སྤྱི་ལོ་༢༠༠༡ ལོར་སླར་ཡང་སྐབས་ ༡༣ པའི་མདོ་སྨད་སྤྱི་འཐུས་སུ་བདམས་ཐོན་བྱུང་སྟེ། ཟླ་ ༤ རིང་རྒྱུན་ལས་བྱེད་མུར། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ངེས་སྟོན་པར་འདེམས་བསྐོ་བྱུང་བ་ལྟར་ ༢༠༠༨ བར་ལོ་ངོ་བདུན་ལྷག་རིང་འགན་ཁུར་སྐབས། སྤྱི་ལོ་༢༠༠༢ ལོར་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་བྱེད་ཐུབ་ཡོད་པ་དང་། བཙན་བྱོལ་བོད་མིའི་གཞི་རིམ་མང་གཙོའི་ནུས་ཤུགས་མཐོར་འདེགས་སླད། རྒྱ་བལ་གཉིས་ཀྱི་ས་གནས་འཐུས་མི་ཚོགས་འདུ་ཕལ་མོ་ཆེར་ཉིན་དྲུག་རེའི་རིང་ས་འཐུས་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྦྱོང་བརྡར་དམར་ཁྲིད་བྱས་ཤིང་། བོད་མི་མང་སྤྱི་འཐུས་དང་ལས་བྱེད་བཅས་པར་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་ཇུས་འོག་རང་སྐྱོང་གི་གནས་བབ་སྐོར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་སྦྱོང་བརྡར་དང་བགྲོ་གླེང་ཚོགས་འདུ་གོ་སྒྲིག་ཐེངས་མང་བྱས་པ་དང་། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༣ པ་དང་ ༤ པ་ཕྱི་དྲིལ་ལས་ཁུངས་དང་། འཇར་མན་ FNF ཐེབས་རྩ་ཚོགས་པ་དང་ལྷན་དུ་གོ་སྒྲིག་གི་འགན་ཁུར་བླངས་པ་དང་། སྤྱི་ལྷན་ནས་འགན་བསྐུར་གནང་བ་བཞིན་ལོ་ངོ་ ༨ ཙམ་ལ་འཚོགས་ཐུབ་མེད་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༤ པ་ སྤྱི་ལོ་༢༠༠༥།༡༡ ནང་སི་ཀོཊ་ལན་གྱི་རྒྱལ་ས་ཨི་ཌན་བྷོ་རོ་རུ་གོ་སྒྲིག་གི་རྐང་འགན་ཁུར། རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་བའི་ཚོགས་ཆེན་གལ་འགངས་ཆེ་ཤོས་ནི་འདི་གཉིས་ཡིན། བོད་མིའི་སྒྲིག་འཛུགས་དང་གཞོན་སྐྱེས་དབར་ཐད་ཀར་འབྲེལ་ལམ་བཟོ་སླད། སྤྱི་ལོ་༢༠༠༣ ལོ་ནས་འགོ་བཙུགས་ཏེ། ལོ་ལྟར་འཛིན་གྲྭ་ ༡༡ དང་། མཐོ་སློབ་སློབ་ཕྲུག་ལ་མ་འོངས་འགོ་ཁྲིད་ཀྱི་སྦྱོང་བརྡར་དྷ་རམ་ས་ལར་གོ་སྒྲིག་བྱས་ཏེ། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། དབུས་ཀྱི་ལས་ཁུངས་ཁག གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག རིག་གཞུང་བསྟི་གནས་ཁག་བཅས་ཀྱི་འགན་ཁུར་མི་གདན་ཞུས་ཀྱིས་ངོ་སྤྲོད་གསུང་བཤད་དང་། སློབ་མ་རྣམས་ལས་ཁུངས་དང་རིག་གཞུང་བསྟི་གནས་ཁག་ཏུ་དངོས་སུ་ལྟ་སྐོར་གོ་སྒྲིག་བྱེད་ཐུབ་ཡོད། སྤྱི་ལོ་༢༠༠༥ ལོར་སྐབས་དེའི་ཚོགས་གཙོའི་བཀོད་མངགས་ལྟར་སྤྱི་འཐུས་ ༡༡ ལས་གྲུབ་པའི་ཚོགས་ཆུང་ཞིག་བོད་དོན་དྲིལ་བསྒྲགས་དང་། རང་སྐྱོང་གནས་བབ་སློབ་སྦྱོང་ཆེད་ཡུ་རོབ་རྒྱབ་ཁབ་ཁག་འགར་སྐོར་བསྐྱོད་བྱས་པ་དང་། ལྡི་ལིར་རྒྱ་གར་གྱི་མཁས་པ་དང་། གནད་ཡོད་མི་སྣ་གདན་ཞུས་ཀྱིས། ལོ་ལྟར་བོད་དོན་དང་འབྲེལ་བའི་གནད་དོན་ཐོག་བགྲོ་གླེང་ཚོགས་འདུ་ཐེངས་ ༤།༥ ཙམ་ཆད་མེད་གོ་སྒྲིག་བྱས་པ་སོགས་དུས་ཡུན་དེའི་རིང་བོད་ཀྱི་གྲོས་ཚོགས་དང་སྲིད་ཇུས་ཉམས་ཞིབ་ཁང་དེ་སྤྱི་ཚོགས་ནང་གདེང་འཇོག་འཕེར་བ་ཞིག་ཏུ་བསྒྱུར་ཐུབ་ཡོད། སྤྱི་འཐུས་ཚོགས་གཙོ། སྤྱི་ལོ་འདི་ལྟར་དུ་སྤེན་པ་ཚེ་རིང་ནི་ཆུང་དུས་ནས་སློབ་སྦྱོང་ལ་བརྩོན་འགྲུས་ཆེ་ཞིང་། སྦྱངས་འབྲས་འབུར་དུ་ཐོན་པ་དང་། ཁྱིམ་ལས་དང་སོ་ནམ་ལ་ཁུར་བརྩོན་ཆེ་བ། འཛིན་རིམ་དགུ་པ་ནས་འགོ་ཁྲིད་ཀྱི་ནུས་རྩལ་ཡོངས་གྲགས་སུ་མངོན་ཡོད་ལ། མཐོ་སློབ་ཀྱི་སྐབས་ནས་སློབ་ཡོན་ཡང་ཁྱིམ་ཚང་ལ་བརྟེན་མ་དགོས་པར་རང་མགོ་ཐོན་ཐུབ་ཡོད་པ་མ་ཟད། ད་དུང་སྤྱི་ཚོགས་ཞབས་ཞུ་དང་། བོད་དོན་ལས་འགུལ་སྤེལ་མགོ་བརྩམས་ཡོད་པ་དང་། བོད་མི་མང་སྤྱི་འཐུས་སུ་བདམས་ཐོན་བྱུང་རྗེས། བོད་དབྱིན་ཧིན་གསུམ་གྱི་སྐད་ཡིག་ཤེས་ཚད་རབ་ཏུ་ཕྱུག་པའི་ཐོག ཆེད་ལས་དཔལ་འབྱོར་རིག་པའི་ནུས་རྩལ་ཁྲིམས་བཟོའི་ལས་དོན་ཐོག་རྩལ་ཏུ་སྤྲུགས་ཏེ། མཉམ་ཞུགས་བྱས་པའི་ཆེད་བཙུགས་ཚོགས་ཆུང་ཁག་གི་སྙན་ཐོ་དང་། གྲོས་ཚོགས་ཀྱི་གཏམ་བཤད་སོགས་ལ་བཀའ་སྤྱི་གཉིས་ནས་ཚད་མཐོའི་དོ་སྣང་བྱུང་ཡོད་པ་དང་། བོད་ཀྱི་གྲོས་ཚོགས་དང་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་གྱི་ལས་ཁུར་ལེན་ཡུན་རིང་། ཆབ་སྲིད་དང་འཛིན་སྐྱོང་། ཤེས་ཡོན་སོགས་ཀྱི་སྤྱི་ཚོགས་ལས་འགུལ་རྒྱ་ཆེར་སྤེལ་བའི་ཉམས་མྱོང་ཡོད་པ་དང་། སྤྱི་འཐུས་ཚོགས་གཙོའི་ལས་ཁུར་གནང་ཡུན་རིང་། ལས་འགན་བབ་འབྲེལ་གྱིས་གྲོས་ཚོགས་ཀྱི་འགྲོ་ལུགས་ཚད་ལྡན་རྒྱུན་སྐྱོང་དང་། སྤྱི་འཐུས་རྣམ་པའི་ནུས་རྩལ་གོང་སྤེལ། མང་ཚོགས་དང་གྲོས་ཚོགས་དབར་ཐད་ཀར་འབྲེལ་མཐུད་ཐོག་འབད་འབུངས་བྱས་པ་བརྒྱུད། མང་ཚོགས་ནང་སྤྱི་འཐུས་ལྷན་ཚོགས་ཀྱི་མཚན་མཐོང་ཇེ་མཐོར་གཏོང་ཐུབ་ཡོད་པ་དང་། ཕྱི་འབྲེལ་དང་། འཛིན་སྐྱོང་། སྤྱི་ཚོགས་ཀྱི་བྱེད་སྒོ་ཁག་ལ་མྱོང་རྒྱུས་ཟབ་ཅིང་། སྤྱི་པའི་ལས་ཀ་བྱེད་སྐབས། ཆོལ་ཁ་ཆོས་ལུགས་དང་། ལུང་ཚན། དགའ་ཉེ་སོགས་ཀྱི་ཕྱོགས་རེས་མེད་པར། གྲུབ་འབྲས་སྨིན་ཐབས་སུ་ཁམས་དང་མོས་པ་སྣ་ཚོགས་པའི་མི་སྣ་རྣམས་མཉམ་དུ་འཁྲིད་རྒྱུ་དང་། དེ་དག་གི་ནུས་པ་གཅིག་ཏུ་སྤུངས་རྒྱུ་གཙིགས་སུ་འཛིན་པ་རྒྱུས་ཡོད་རྣམས་ལ་གྲངས་ཤིང་གྲུབ་ལ། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དགོངས་འོག་ཤར་བསྐྱོད་དང་། བོད་མི་དམངས་ཞབས་ཞུ་སྒྲུབ་རྒྱུའི་དམ་བཅའ་གཡོ་བ་མེད་པ་ཡོད་མཁན་ཞིག་ཡིན་ཞིང། སྤྱི་ལོ་༢༠༡༦་ལོའི་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་༡༥་བའི་སྲིད་སྐྱོང་འོས་མི་དང་། དེའི་རྗེས་སྤྱི་ལོ་༢༠༡༦་ནས་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་དོན་གཅོད་ཐུགས་འགན་བཞེས། ང་ཚོས་དམིགས་གསལ་དོ་སྣང་བྱ་དགོས་པ་ཞིག་ནི་སྐུ་ངོ་སྤེན་པ་ཚེ་རིང་ལགས་རྒྱ་ནག་གུང་ཁྲན་བཏང་གིས་མིང་གཞུང་ནག་པོའི་ནང་བཅུག་སྟེ་སྔ་ལོ་ཨ་རིའི་མི་སེར་ཡིན་པ་མིང་སྤེན་པ་ཚེ་རིང་ཟེར་བའི་བོད་རིགས་ཞིག་སྐུ་ངོ་སྤེན་པ་ཚེ་རིང་ལགས་སུ་ངོས་འཛིན་གྱིས་བལ་ཡུལ་གནམ་ཐང་དུ་འཇུ་གཟུང་བྱས་ཏེ་ཕྱིར་ཨ་རིར་སློག་པའི་དཔེ་མཚོན་དེ་གཅིག་པོའི་རྒྱུ་མཚན་གྱི་སྐུ་ངོ་སྤེན་པ་ཚེ་རིང་ལགས་ཀྱིས་བོད་སྤྱིའི་རྩ་དོན་ལ་ནུས་པ་ངེས་ཅན་ཞིག་ཐོན་གྱིས་ཡོད་པ་རྒྱ་ནག་གི་བྱ་སྤྱོད་དང། དེ་བཞིན་ནང་རུལ་བ་ཉུང་ཤས་ཞིག་གི་འདྲིན་ལན་ལོག་འཇལ་གྱིས་བྱ་སྤྱོད་བཅས་ནས་ར་སྤྲོད་དང་གསལ་སྟོན་བྱེད་ཐུབ་པ་ཡིན། དེ་དོན་ཚང་མས་རང་རང་གིས་རྣམ་སྤྱོད་བེད་སྤྱོད་མ་ནོར་བ་གཏང་སྟེ་སྲིད་སྤྱི་གཉིས་འདེམས་རོག སྨན་རམས་པ་ཉི་མ་ཚེ་རིང་ནས་སྤྱི་ལོ་༢༠༢༠ ཟླ་བ་ ༡༠ ཚེས་ ༢ ལ། །
ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ། ཡིན་ནའང་། ཁོང་ཨ་རི་བོད་གཞུང་དོན་གཅོད་ཁང་ནས་གནས་དབྱུང་བཏང་སྐབས། ད་ལྟའི་བཀའ་ཤག་གིས་ཁོང་ཡར་ག་འདྲ་བསྐོས་པ་ལྟར་མར་གནས་དབྱུང་བཏང་བ་ཡིན། གསུངས་པ་དེར་དཔྱད་ན། ཡར་བསྐོས་སྐབས་སྐུ་སྒེར་ཡིག་ཚང་གིས་རྒྱབ་སྐྱོར་དང་མོས་མཐུན་ཡོད་པ་སྨོས་མེད་ཐོག་ཁོང་སྐུ་ཚབ་ཀྱི་གོ་སར་ཕེབས་ཡོད་ནའང་། མར་གནས་དབྱུང་གཏོང་སྐབས་སྐུ་སྒེར་ཡིག་ཚང་ནས་མོས་མཐུན་གནང་ཡོད་མེད་ཀྱི་གསལ་ཁ་གང་ཡང་ད་བར་བོད་པའི་སྤྱི་ཚོགས་ནང་མ་བྱུང་བས། དེའི་རྒྱུ་མཚན་གསལ་པོ་ཞིག་གསུང་ན་ཡག་པོ་མེད་འགྲོ་དྲན། གཞི་ནས་སྐུ་ངོ་མཆོག་གི་བོད་བསྟན་སྲིད་ལ་སྨིན་པའི་ཕྱག་ལས་བླ་མེད་གནང་བར་ཡིད་ཆེས་ཡོད་ནའང་། བར་སྐབས་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མི་སྣ་མི་ལ་རང་བཙན་ཟེར་བ་དང་། དེ་བཞིན་འདས་པོ་ཕྲིན་ལས་སྐལ་བཟང་ལ་སོགས་པས་ཡུལ་དུས་དང་མི་འཚམས་ཤིང་། རྒྱུ་མཚན་མི་ལྡན་པའི་སྐད་འཆར་སྣ་ཚོགས་བསྒྲགས་པར་བརྟེན་ཁོང་ལ་སྤྱི་ཚོགས་ནས་མཐོང་སྣང་འདྲ་མིན་བྱུང་བ་དེ་ལྟར་ལགས་ན། ད་ཆ་དེ་ལྟ་བུ་མི་ཡོང་བའི་སྨོན་ལམ་ཡང་ཞུ་བཞིན་ཡོད།
ཐུགས་རྗེ་ཆེ་སྨན་པ་ཉི་མ་ཚེ་རིང་ལགས། རྒྱབ་སྐྱོར་ཡོད།
ད་ལྟའི་བཀའ་ཤག་གིས་ཁོང་ཡར་ག་འདྲ་བསྐོས་པ་ལྟར་མར་གནས་དབྱུང་བཏང་བ་ཡིན། ཟེར་བ་དེ་ནི། ཧམ་བཤད་བཅུ་གཅིག་པ་དེ་རེད་དོ།།
བཀའ་སློབ་ལམ་སྟོན།
t2SponusohredtS ·
མ་འོངས་སྔོན་གཟིགས་ཀྱི་གལ་ཆེའི་བཀའ་སློབ།
https://www.facebook.com/534701813389471/photos/a.536866333173019/1516049865254656/
༄༅། སྤེན་ཚེས་རྒྱབ་ནས་བསྐུལ་ཏེ་ངན་བསླབ་བྱས།
འདས་པོ་འཕྲིན་ལས་སྐལ་གྱིས་མདུན་དུ་ཐོན།
བསམ་མེད་གུས་མེད་ཀླད་སྟོང་དགའ་བསྡུས་ནས།
བོད་མིའི་སྒྲིག་འཛུགས་བཀའ་ཤག་སྲིད་སྐྱོང་ལ།
དགྲ་དགའ་གཉེན་སྡུག་ངོ་རྒོལ་བྱས་ལ་སྟོས།
ནམ་ཡང་སྲིད་སྐྱོང་ཕར་བཞག་དཀྱུས་མ་ལས་བྱེད་དུ།
མི་སྲིད་མི་ཡོང་མང་ཚོགས་ཀུན་ནས་སོམས།
བདེན་དང་མི་བདེན་སྔོན་གྱི་བྱས་རྗེས་ལྟོས།
ད་ནི་སྤེན་ཚེའི་ལེའུ་རྫོགས་ལ་ཉེ་བ་ཡིན།
བློ་སེང་བྱས་རྗེས་ཆེ་བ་དང་། སྤེན་ཚེ་ཆུང་བ་ཅང་ཨེ་ཡིན་ན། ངོ་མ་བྱས་ན་ཐམས་ཅད་དགའ་ལྡན་ཕོ་བྲང་གི་བཀའ་གནང་སྲིད་སྐྱོང་ཞེ་གཅིག་རེད། དེ་མིན་པ་ཞིག་གནས་སྐབས་བསླེབ་པའི་རེ་བ་མི་འདུག
བརྒྱ་བཤད་སྟོང་བཤད་ག་ཚོད་བཤད་ཀྱང་རུང་རྗེས་ལོའི་སྲིད་སྐྱོང་བུད་མེད་ལས་གཞན་དུ་རེ་བ་མེད་པ་ཆོལ་གསུམ་བོད་མིའི་ཆིག་སྒྲིལ་ནས་ང་ཚོར་བདེན་དཔང་ཐུབ་པ་མ་རེད་དམ?
རྒྱ་རི་ལས་ལྷག་པ་སྤེན་པ་ཚེ་རིང་གི་སྐོར་ལ།
https://www.facebook.com/PTforSikyong/videos/811905009346200
ཨ་ཚོགས་ཀླུ་མཁར་བྱམས་ཀྱིས། སྤེན་པ་ཚེ་རིང་ལ་བསྡོམ་བརྒྱབ་པ། ནོར་ཝེ་རླུང་འཕྲིན་ཁང་གི་དྲིས་ལན།
སྤེན་པ་ཚེ་རིང་འདྲ་བོ་ཡིན་ན། ངས་འདི་འདྲ་ཞིག་བསམ་གྱི་འདུག གཅིག་ནས་སྤྱི་ཚོགས་སྒང་ལ་གླེང་གཞི་ཆེན་པོ་ཅན་རེད། གླེང་གཞི་དེའང་དེ་ག་ཙམ་མ་རེད། སྤྱིར་བཏང་གི་ཆ་ནས་བཤད་ཡོང་ན། མི་བསད་པ་དང་། བཟའ་ཚང་བར་གྱི་དཀའ་ངལ་དང་། དཔེ་ཤག་གི་དཀའ་ངལ་དེའི་རིགས་དེ། སྤེན་པ་ཚེ་རིང་གིས་བྱས་ཡོད་མེད་ལ་མ་བསྟུན་པར། དེའི་རིགས་དེ་ཁྲིམས་དང་སྒྲིག་གཞིའི་ཐོག་ནས་གསལ་ཁ་གཅོད་ནས་སྤྱི་ཚོགས་སྒང་ལ་འགྲོ་དགོས་རེད་མ་གཏོགས། དེ་འདྲའི་མིང་ཆད་ཚབས་ཆེན་ཡོད་པ་ཞིག་སྲིད་སྐྱོང་ལ་སླེབ་པ་ཡིན་ན། དེ་བོད་རྒྱ་ཆེན་མི་མང་གི་སྤྱིར་བཏང་གི་འགྲོ་སྟངས་ཁོ་རང་གི་ཐོག་ནས་འགྲིག་གི་ཡོད་མ་རེད། དེ་གསལ་པོ་གཅིག་རེད།
དོན་དག་གཉིས་པ་དེ། སྤེན་པ་ཚེ་རིང་འདྲ་བོ་ཡར་སླེབ་པ་ཡིན་ན། དེའི་འཕེལ་ཕྱོགས་དེ། གསར་བརྗེ་རང་བཞིན་དང་། ཕུགས་བསམ་རང་བཞིན་གྱིས་ང་ཚོ་ཡི་འགྲོ་ཕྱོགས་ཤིག་མ་རེད། ང་ཚོའི་སྤྱི་ཚོགས་ནང་གི་སྔོན་མ་ཡི་ན་ཚ་རྙིང་པ་ཞིག་བསྐྱར་ལོག་རྒྱག་གི་ཡོད་པའི་ཟུར་འདྲ་བོ་དང་། འགལ་བ་རྙིང་པ་མང་པོ་ཞིག་བསྐྱར་ལོག་རྒྱག་གི་ཡོད་པའི་ཟུར་འདྲ་བོ་ཞིག་དང་། དེ་ཡིན་པ་སོང་ཙང་། དེ་རྩ་བའི་ཆ་ནས་རྒྱབ་ལྗོངས་ཁོ་རང་སྒང་ནས་བཤད་ཡོང་ན། གནས་སྟངས་དེ་འདྲ་ཞིག་གི་འོག་ལ་འགྲོ་གི་ཡོད་རེད། དེ་ཆབ་སྲིད་ཐོག་ནས་དེ་བས་ཀྱང་དཀའ་ལས་ཁག་ཅིག་རེད་བསམ་གྱི་འདུག །
ཀླུ་མཁར་འབྱམས་ད་ལན་སྲིད་སྐྱོང་མ་ལངས་པ་དེ། ཁོ་ཁོ་རང་གི་རང་མདོག་ངོ་ཤེས་པ་ཡིན་པ་རེད། དེ་ཡང་ཡག་པོ་ཞིག་རེད།
https://www.youtube.com/watch?v=ImiDt_pKmds
་
ངའི་སྲིད་སྐྱོང་། རྒྱ་རི་སྒྲོལ་མ་ལགས་དང་ཁོང་གི་མ་འོངས་འཆར་གཞི་དང་ལས་འཆར་སྐོར་གླེང་བ།
My Sikyong: Gyari Dolma and her Manifesto
་
བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ནི། ད་ལྟའི་སྲིད་སྐྱོང་ལ་མི་འོས་ཏེ། ཁོང་ནི། ལམ་དང་གཉིས་སྨན་དབུ་མའི་སྲིད་བྱུས་ལ། མོས་འདུན་ཐང་ཐང་ཞིག་རྩ་བ་ཉིད་མི་འདུག་པས་་་་་ མོ་ལ་འོས་འཕེན་འདོད་ཡོད་མཁན་ཚོས། བསམ་བློ་ཡང་བསྐྱར་ཞིག བཏང་དགོས་མི་དགོས་སམ། ལགས།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་སྲིད་བྱུས་དབུ་མའི་ལམ་འདི་ལ་རྒྱ་གཞུང་ནས་མི་ལོ་བཅུ་གཉིས་ནང་ལ་ལན་འདེབས་དང་། ལག་བསྟར་མ་བྱས་ཀྱང་། མི་རིགས་ཤིག་གི་བདེ་དོན་ལ་མི་ལོ་བཅུ་གཉིས་དེ་ནི་རིང་པོ་མ་ཡིན་པར་ཐུང་ཐུང་ཐུང་ཐུང་ཞིག་རེད།
དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་བོད་མིར་དཔལ་འབྱོར་གྱི་ཁེ་ཕན་ཡོད་པ་གཅིག བོད་མི་དང་རྒྱ་མི་རྡུང་ཐུག་གིས་རང་གཞན་སུ་ཡང་རང་སྲོག་མི་ཤོར་བའི་ཁེ་ཕན་ཆེན་པོ་གཉིས་ཡོད་རེད། དེ་མིན་གྱི་བོད་རྒྱའི་དཀའ་ངལ་རྣམས་ཆབ་སྲིད་ཀྱིས་ཐོག་ནས་བསལ་དགོས་པ་དེ་ནི་གནས་ཚུལ་གཞན་པ་ཞིག་རེད་དོ།།
གང་ཤེས། དེང་སང་སྨན་པ་ཚོ་ཆབ་སྲིད་ཀྱི་ཐོག་མ་ཤེས་ཤེད་མདོག་བྱེད་པའི་སྒང་རེད་འདུག
སྨན་རམས་པ་ཉི་མ་ཚེ་རིང་ཟེར་ན་ལྷུན་ཁང་སྨན་ཁང་ཟེར་བའི་ལྡི་ལི་བོད་སྒར་གྱི་ཨེམ་རྗེ་དེ་ཨེ་རེད།
སྤེན་ཚེ་དང་། བློ་སེང་གི་གཉིས་ཀྱི་ལན་འདེབས་ལ་ཁྱད་པར་ག་རེ་འདུག
https://www.facebook.com/100000108552253/videos/1866273703386230
ང་ཚོ་ལ་རྒྱ་ནག་གཞུང་ནས་བོད་རང་བཙན་ཚུར་ལོན་ཐུབ་བགྱིད་ཡོད་མདོག་མདོག་བྱེད་མཁན་དང་གཅིག
དབུ་མའི་ལམ་ལ་སྒྱུར་བ་གཏོང་དགོས་རེད་མདོག་མདོག་ཤོད་མཁན་གཉིས་པོ་དེའི་རིགས་ང་ཚོའི་ད་ལྟའི་ཆ་ལ་སྲིད་སྐྱོང་ལ་དུས་ནམ་ཡང་འཁོད་ན་མི་འགྲིགས་པ་དེ་བོད་མི་བསམ་ཡོད་ཡོངས་ཀྱིས་དང་། ལྷག་པར་འོས་འཕེན་མཁན་ཡོངས་ཀྱི་ཐུགས་ལ་འཇགས་དགོས་པ་དེ་ཡང་ཚང་མས་མཁྱེན་དགོས་འདུག་གོ། །།
ཁ་ཡོད་ལག་ཡོད་སྒེར་དོན་བློས་གཏོང་ནུས་མཁན་དང་རྒྱལ་བའི་དགོངས་པ་སྒྲུབ་མཁན་ཁོ་ན་ནི་སྐུ་ངོ་སྤེན་པ་ཚེ་རིང་ལས་མེད་པ་སྨོས་མེད་རེད།
དོན་དངོས་ཐོག་བཙན་བྱོལ་སྤྱི་ཚོགས་ལེགས་པར་ཞིབ་ན་གལ་འགངས་ཆེ་ཤོས་ནི་མ་འོངས་བའི་སྲིད་སྐྱོང་དེ་བཅའ་ཁྲིམས་གཙོའི་སྒྲིག་འཛུགས་ཀྱི་ཁྲིམས་རྣམས་གོང་དུ་བཀུར་ནས་མང་གཙོ་ནུས་ཤུགས་སྔར་ལས་རྒྱ་སྐྱེད་བརྟན་སྲུངས་ཐུབ་མཁན་ཞིག་མ་སླེབས་ཚེ་མ་འོངས་བར་མཇུག་འབྲས་གང་འདྲ་ཞྀག་ཡོང་མིན་མཁྱེན་གསལ་རེད།སྤྱི་ཚོགས་ནང་སྔར་ལུང་ཚན་གྱི་འཁོ་འཛིན་ས་བོན་བཏབ་ཟིན།་དེང་སང་མང་གཙོ་ཀ་བ་གསུམ་གྱི་བར་གྱི་འཁོན་འཛིན་ཆེན་པོ་སླེབས་ཡོད་པས་སྲབ་སྲབ་མ་བྱས་ན་སྤྱི་ཚོགས་འཇིགས་ན་ཉེས་འདུག།