འབྲི་རུའི་ཤེལ་དཀར་འབུམ་པ།
སྦྱིན་བདག་ངོ་སོ་སྟོན་ཕྱིར་ངན་ཇུས་རེ།།
ཀྱག་ཀྱོག་ལུང་ཁུག་རེ་ལ་དགོན་ཆུང་རེ།།
དེ་འཛིན་རང་མཐོང་ཅན་གྱི་དམར་གཙུག་རེ།།
ཕྲག་དོག་ཕྱོགས་རིས་འཚུབ་པའི་སྔང་བ་རེ།།
མངའ་འབངས་སྐྱ་མིན་སེར་མིན་སེམས་ཅན་རེ།།
རྔ་ཁོག་འབིག་པའི་བསྟན་འཛིན་མིང་འཆང་རེ།།
ལུགས་གཉིས་དྲི་མས་མ་གོས་ང་རྒྱལ་རེ།།
སྤྱི་སེམས་སྒོ་རུ་བསྡམས་པའི་གཤིས་ལུགས་རེ།།
མི་ཆོས་རྫུན་ཆར་འབེབས་པའི་ཆོས་མིང་རེ།།
ཉོན་མོངས་རང་རྒྱུད་གཏམས་པའི་རྟོགས་ལྡན་རེ།།
ཁྲི་ཐོག་འགྱིང་ལ་འཚང་བའི་མཚན་འཆང་རེ།།
རྒྱལ་བསྟན་དམའ་རུ་འབེབས་པའི་བསྟན་དགྲ་རེ།།
སེམས་ཅན་མགོ་བོ་བསྐོར་ལ་མི་ངལ་རེ།།
སྣ་ཚོགས་གཟུགས་སུ་བསྒྱུར་ལ་ཞུམ་མེད་རེ།།
སྒོར་མོ་འཚོལ་བའི་དོན་ལ་གཡོ་སྒྱུ་རེ།།
སྐྱེས་ཆེན་དམ་པའི་སྤྱན་ལ་ཞབས་འདྲེན་རེ།།
དག་ཞིང་གོང་ཚད་བཟོ་བའི་སྙིང་ཁམས་རེ།།
རྣམ་ཤེས་སྤར་ཐེངས་རེ་ལ་འབུམ་ཕྲག་རེ།།
སྒོར་མོའི་གྲངས་ལྟར་ཞིང་ཁམས་མཐོ་དམན་རེ།།
ཤོད་ལ་མི་འཚེར་ལྕགས་ཀྱི་གདོང་ཅན་རེ།།
ཉིན་མོ་བླ་གོས་བཀླུབས་པའི་དཔའ་བ་རེ།།
དབང་བསྐུར་ཆོ་གའི་རིམ་འགྲོ་རྫོགས་མེད་རེ།།
མཚན་མོ་མཛེས་མར་འཁྱུད་ནས་གང་འདོད་རེ།།
ནམ་ཡང་ཤོར་དུ་མེད་པའི་སྡོམ་ཅན་རེ།།
བསམས་ན་སྙིང་རླུང་ལྡང་བའི་གཏམ་རྒྱུད་རེ།།
བཤད་ན་ངུ་དགོད་འཆོར་བའི་གནས་ཚུལ་རེ།།
ཐོས་ན་ཁོང་ཁྲོ་ལང་པའི་བྱེད་ལུགས་རེ།།
རིག་ན་སྙིང་རྗེའི་ཡུལ་གྱི་སྐྱེ་བོ་རེ།།
མདོར་ན་མེས་པོའི་མཚན་བྱང་བེད་སྤྱད་ནས།།
སྒོར་མོའི་བྲན་གཡོག་རྒྱུག་པའི་ཆོས་པ་འགའ།།
སངས་རྒྱས་སྤྱན་ཆབ་བསིལ་བའི་བྱེད་སྟངས་དེ།།
དུས་རབས་འདི་རུ་དར་བའི་ཚོང་པ་རེད།།
ཡ་ཤེལ་བུམ་ལགས་ཁྱོད་ལ་སྐྱག་དྲི་ཁ་བའི་བྱེད་ངན་རེ་བགྲངས་རྒྱུ་བྱུང་བ་ནི་ངོ་མ་བསམ་ཤེས་
ན་ཁྱོད་རང་གི་བསོད་ནམས་ཡིན་གྱི་རེད་ཡ།མ་ཤེས་ན་སྨྲ་སྒོ་འཁྱག་ལ་རེག་པའི་བོང་བུའི་ལུས་
ཞིག་མི་སྐྱེ་བའི་ངེས་པ་མེད་མོད།
འོ་ཡ་ད་ཡིན་ན་དགེ་འདུན་དཀོན་མཆོག་གི་ཐོག་ལ་དམའ་འབེབ་གནང་བ་ལ། བློ་སྟོབས་ཆེན་པོ་ཡོད་ཁུལ་རེད་དེ་རྩོམ་དེ་ཚིག་སྦྱོར་སྙན་པོ་དེ་ཙམ་མི་འདུག་ཀྱང་ཁྱོད་རང་བློ་ཁ་ཚིམ་པོ་ཡོད་འགྲོ། སོ་སོའི་ལས་དབང་དམན་པས་རང་གི་མ་འཇོན་ཙང་མི་གཞན་ལ་འཁང་ར་བྱེད་ཡག་དེ། བོད་པའི་མིའི་གཤིས་ཀ་འམ་བོད་མི་མང་ཤོས་ལ་ན་ཚ་དེ་མེད་མཁན་དཀོན་པོ་རེད། ཁྱོད་རང་ལ་ན་ཚ་དེ་ཡོད་ས་རེད་བ།
ཨ་ཤི་རེ། འདི་འདྲའི་སུན་འབྱིན་རྩོམ་ཤོག་ངའི་ལག་ཏུ་སོན་ན། ཕ་གི་ཨ་ཤོམ་གྱི་ཞིང་གའི་གྲུ་ཟུར་ཞིག་ན་སོང་སྟེ། ཐ་མག་ཅིག་འཐེན། སྐྱག་པ་སྙིང་སངས་ངེ་བ་ཞིག་བཏང་རྗེས་རྐུབ་མ་ཕྱི་མ་ཐུབ་ན་ཕངས་པོ་རེད།
ལ་རེའི་རྒྱབ་ན་མི་མཐུན་ཆོས་ལུགས་རེ་་་་ཟེར་བའི་དགེ་ཆོས་ལགས་ཀྱི་རྩོམ་སྟངས་འདྲ་ཞིག་གནང་འདུག་དྲན།
སོ་སོའི་སེམས་ལ་གང་ཡོང་བ་དེ་་་་ཐད་ཀར་སྙན་མོའི་ཚིག་གིས་བརྒྱན་ཏེ་འབྲི་རྒྱུ་དེ་ཡང་སྙན་ངག་པ་ཞིག་ལ་མཚོན་ན་མེད་དུ་མི་རུང་བའི་འོས་འགན་ཞིག་རེད་ལ། སོང་ཙང་་སྙན་ངག་པ་ཁོང་གིས་ལྟ་ཚུལ་འདིའི་ཐོག་ནས་་དྲྭ་འབུ་ཁྱོད་ཚོར་དགའ་མིན་ལ་མ་བལྟས་པ་རང་གི་མཐོང་སྟངས་ཐད་ཀར་བྲིས་གནང་བར་དགའ་བསུ་ཞུ།
བདེན་པ་དངོས་བརྗོད་མ་འདི་ངོ་ནས་སྣང་བར་འགྲོ་སོང་།
ངས་ཀྱང་ང་རང་གི་སེམས་ནང་བྱུང་བའི་ཚོར་བ་ངོ་མ་དེ་ཡི་གེའི་ལམ་ནས་བྲིས་ཡོད་པར་འདྲེ་ཁྱོད་མི་དགའ་ནའང་དེར་ཟད། གོང་གི་རྩོམ་དེ་རང་གི་སེམས་ཚོར་བརྗོད་པས་འགྲིག་ལ། ངས་སེམས་ཚོར་བརྗོད་པས་མི་འགྲིག་པ་མཐོང་བ་དེས་ཁྱོད་འདྲེ་མིག་གཅིག་མ་ཡིན་པ་ཤེས་སོང་། ཨ་ལ་རྩེད་མོ་ཡིན།
གྲོང་དུ་སྔགས་པའི་མིང་ཅན་རེ་ཟུང་འགས།
རྟོགས་པ་མེད་བཞིན་ཧུང་ཕཊ་སྒྲ་ཡིས་བཀང་།
སྤྱན་མིག་འགྲད་ནས་་ཉམས་ཆུང་དད་ལྡནའཇིགས།
དོན་དུ་སྒོར་མོ་ལས་བཞིན་ཆོས་ཀྱི་གོ་རྟོགས་དབེན།
རང་ཚོད་མ་རྟོགས་པར་དུས་གསུམ་རིག་པ་འདི་མོ་མང་ནི་རེད། ཡིན་ན་ཡང་ཚིག་སྦྱོར་ཡག་གི །དོན་བརྗོད་ཟབ་ས་ནས་བསྔོགས་འདུག
“མ་གཞི་དེང་སང་དགོན་པ་དག་གིས་ཀྱང་། མ་གི་ནས་རྒྱ་རིགས་ཚོང་པ་ལྟ་བུ་སྒོར་རྡོག་ཁ་ཤས་ཡོད་མཁན་རེ་ཡར་སླེབས་ཡོང་དུས་ཁྲི་ཐོག་ཏུ་བཞག་ནས་སྤྲུལ་སྐུ་བྱེད། དགེ་འདུན་པས་བསངས་ཕུད་ནས་རོལ་བསུ་བྱེད་པ་དང་དར་ཁ་འཕེན་པ་སོགས་ཅི་འདྲའི་ངོ་ཚ་དགོས་པ་ཁོ་ན་བྱེད་ཅིང་འདུག དེ་འདྲ་བྱེད་མཁན་དེ་དག་ལ་སྒོར་མོ་མ་གཏོགས་བསམ་རྒྱུ་ཅི་ཡང་མེད་པའི་རྟགས་རེད་ལ། ངོ་མ་བཤད་ན་སྒོར་མོར་རོལ་བསུ་བྱེད་ཀྱི་ཡོད་པ་རེད།. མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ།.
མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ་དེ་ནི་ང་ཚོ་རྙིང་མའི་དགོན་ཁག་ལ་གསུང་གི་ཡོད་པ་འདྲ། དགེ་ལྡན་པའི་ཁྲོད་ན་རྒྱ་རིགས་ཚོང་པ་ཡར་ཁྲི་ཐོག་ཏུ་བཞག་ནས་སྤྲུལ་སྐུ་བྱེད་པ་དེ་འདྲའི་ལུགས་སྲོལ་མི་འདུག་གོ །
མཐོང་ཐོས་ཉམས་སུ་མྱོང་བའི་མདའ་མོ་འདི།།
གཟུ་བོའི་བློ་ཡི་གཞུ་མཆོག་རབ་བཀང་སྟེ།།
ལུང་རྟོགས་བསྟན་པའི་གཤེད་ལ་ལྷག་ཏུ་འཕངས།།
ཕོག་པའི་མི་རྣམས་མི་གཙང་ངན་སྐྱུགས་ཀུན།།
དབང་མེད་ཁ་ཡི་སྒོ་ནས་ངང་གིས་ལུད།།