ཉི་མ་འཚོ། ནོར་གླིང༌།
(གྲོགས་པོ་ཞིག་བཟའ་ཚང་དང་འཐོར་སྐབས་ཁོང་གི་ཚབ་ཏུ་བྲིས།)
༡
ལོ་ངོ་གསུམ་གྱི་ཡར་སྔོན་དུ། འཛུམ་མདངས་ཀྱིས་ངེད་གཉིས་སྦྲེལ་ཐག་གཅིག་ཏུ་བསྡམས་དུས། ང་ལ་ཅི་ཞིག་ཐོབ་སོང་སྙམ་པའི་དགའ་སྣང་དམིགས་བསལ་མ་བྱུང་ཡང༌། དེ་རིང༌། ཁོང་ཁྲོ་དང་ཞེ་སྡང་གིས། ངེད་གཉིས་རང་རང་སར་འགྲོ་དུས། ང་ལ་ཅི་ཞིག་བོར་སོང་སྙམ་པའི་སྐྱོ་སྣང་གི་སེམས་ཚོར་ཤིན་ཏུ་ལྕི། འདི་བརྩེ་དུང་རེད་དམ།
༢
མཉམ་ཟ་མཉམ་འཐུང་གི་དགོད་སྒྲ་སྙན་མོ། ཁྱོད་དགའ་ང་དུང་གི་སེམས་རྩ་འཁོལ་བོ༌། རྨི་ལམ་ཐུན་གཅིག་གི་རིན་ཐང་ཙམ་ཡང་མེད་པར། ཁྱོད་ཁྱོད་དང༌། ང་ང་ཡི་གནས་སྐབས་ཀྱི་འདོད་ཚུལ་ཙམ་ལ་བརྗེ་ཏེ། ཕྱིར་མིག་ཙམ་ཡང་ལྟ་འདོད་མེད་དོན་ཅི།
༣
ལོ་ངོ་འདི་དག་གི་སྐྱིད་སྡུག་མཉམ་འཁུར་གྱི་འཚོ་བ། དབྱར་དྲུག་པའི་རྩ་ཐང་ཞིག་དང་མཚུངས་བར་མེ་ཏོག་གི་འཛུམ་མདངས་བཀྲ་ནས་ཡོད་དུས། ནོར་ལུག་གི་འབའ་ངུར་གྱིས་ཁེངས་ནས་ཡོད་དུས། རྡུལ་ཕྲན་མཚོན་ཆས་གཏོར་བ་བཞིན་ཤུལ་རྗེས་ཙམ་ཡང་མི་འཇོག་པར། གློ་བུར་དུ་འཇིག་དོན་ཅི། འདི་ལ་བརྩེ་དུང་ཟེར་དགོས་པ་རེད་དམ།
༤
འགོ་བཙུགས་སྐབས་ཀྱི་ཚོར་བ་དེ། དེ་རིང་བསམ་ན་མྱང་མཁན་དེ་རང་མིན་པ་ལྟ་བུའི་སེམས་ཚོར་སྐྱེན་ལ། མཇུག་སྒྲིལ་མ་ཐག་པའི་འཚོ་བ། འགོ་འཛུགས་སྐབས་ཀྱི་དུས་ལ་བསམ་ཚེ། མི་ལ་མངོན་ཤེས་ཡོད་ན་ཅི་མ་རུང་བསམ།
ཁྱེད་ཀྱི་བྱེད་སྟངས་དེ་ཡང་བརྩེ་དུང་རེད།
སྐྱེ་མཐའ་རྒས་པ་དང་། འདུས་མཐའ་བྲལ་པ་ཆོས་ཉིད་ཅིག་རེད། སེམས་མ་སྡུག འཚོ་བ་གསར་བའི་འགོ་ལམ་སང་ཚུགས་ཞོག ཉི་མ་གཅིག་ལ་འགོར་གི་མ་འཇུག་ཉི་མ་འཚོ་ལགས།།
མ་གཞི་རྒྱག་རེ་ཅིག་བརྒྱབ་ནས་རང་རང་སར་འགྲོ་དགོས་ན་དེ་ཡང་ཕུགས་བསམ་མེད་པའི་རྟགས་རེད། ལ་བརྩེ་དུང་ཡང་མེད་པའི་རྟགས་ཅིག་མིན་འགྲོ
ལོ་ངོ་གསུམ་གྱི་ཡར་སྔོན་དུ་ཁྱེད་ལ་ཅི་ཞིག་ཐོབ་སོང་བསམ་པའི་དགའ་སྣང་མ་བྱུང་པ་དེས། ཁྱེད་གྱི་བརྩེ་དུང་གི་ཐོག་མ་དང ་། འགྱོད་གདུང་གི་ཐ་མ་ཁོ་མིན་པ་དེས་ལན་པ་ཡིན། བརྩེ་དུང་ཟེར་པ་འདི་ཕྱོགས་གཉིས་ཀི་གུས་ཞབས་དང་ཡིད་ཆེས་ལས་ཡོང་པ་ཞིག་རེད་མ་གཏོགས། ལུས་འབྲེལ་དང་མཆུ་སྦྱོར་ཙམ་གྱིས་བརྩེ་དུང་གི་དངས་མ་འདྲེན་ཨེ་ཐུབ།
ཉི་མཚོ། ཁྱེད་རང་གི་ང་ངོ་མི་ཤེས་ལ་ངས་ཀྱང་ཁྱེད་རང་ངོ་མི་ཤེས་མོད། འོན་ཀྱང་དེ་རིང་ཁྱེད་ཀྱིས་ངས་མྱོང་བཞིན་པའི་བརྕེ་དུང་གི་འཚོར་བ་དག་དམར་རྗེན་དུ་བཤད་སོང༌། ཁྱེད་ཀྱི་བརྩི་དུང་གི་སྡོམ་ཚིག་དག་ཀློག་སྐབས་སེམས་ལ་བཟོད་པར་དཀའ་བའི་ན་ཟུག་དང་མིག་ཟུང་མཆི་མས་བཀང་སོང༌། ཐུགས་རྗེ་ཆེ།
ལོ་་་་་་་ཡ་ལ་་ཡ་ལ་དགོ།
གྲྭ་བ་ཞིག་གིས་ཉེས་བ་བསགས་ཀོ་གི།།
འཇིག་རྟེན་ཕོ་མོའི་བརྩེ་དུང་བཤད་ཀོ་གི།
བཟའ་ཐོར་བུ་མོར་བསླབ་བྱ་རྒྱག་ཀོ་གི།
ཞོར་དུ་རང་གི་བསམ་དོན་བརྗོད་ཀོ་གི།
ཤཀྱ་ཐུབ་པའི་གསུངས་པའི་གཞུང་ལུགས་ན།།
བཟའ་ཐོར་བུ་མོར་བསླབ་བྱ་རྒྱག་ཞོར་ལ།།
རང་གི་འདོད་དོན་སྒྲུབ་དགོས་གསུང་མིན་ནམ།
ཨ་ལ་ཀུ་རེ་ཡིན་དཱ། བརྩེ་དུང་གི་སྐོར་ནས་ནག་ཁུངས་ཡིན་དོ།
སྐྱོ་གདུང་གིས་མནར་བའི་གྲོགས་པོ་ཞིག་གི་ཚབ་ཏུ་འདི་ལྟར་བྲིས་པ་ཡིན་མོད། འོན་ཀྱང་ཁོང་གི་སེམས་ཚོར་ངོ་མ་དེ་སྙན་ངག་འདིས་མཚོན་ཡོད་མེད་ངས་ཀྱང་བཤད་ཐུབ་ཀྱི་མེད།
༡》སྤྱིར་བཏང་བརྩེ་དུང་ལ་རིགས་མང་པོ་ཡོད་ཀྱང་བྱེ་བྲག་ཕོ་མོ་ཕན་ཚུན་ཌྷབར་གྱི་བརྩེ་དུང་ཟེར་བ་དེ་ག་འདྲ་ཞིག་ཏུ་ངོས་འཛིན་ཌྷབྱེད་དགོས་སམ།
༢》བརྩེ་དུང་གི་ས་བོན་འདེབས་སྐབས་དང་ཡང་བརྩེ་དུང་གི་མཇུག་འབྲས་སྨིན་པའི་དུས་སོགས་ལས་བརྩེ་དུང་གི་བྲོ་བ་ངོ་མ་དེ་མྱོང་ཐུབ་བམ།
༣》བརྩེ་དུང་རྣལ་མ་ཞིག་སྐྱེད་སྲིང་བྱེད་སྐབས་སུ་ཕྱོགས་གཉིས་ཀྱི་ངོས་ནས་ཆ་རྐྱེན་ཙི་ཙམ་ཞིག་ཚང་དགོས་པ་རེད་དམ།
༤》ང་ཚོ་བོད་རིགས་ལ་དཔེ་ལྟོས་བྱེད་སའི་བརྩེ་དུང་གི་རིག་གཞུང་མེད་ཀྱང་མི་རིགས་གཞན་ལ་ཡོད་ཚོད་ཡིིན་པས་དེའི་རྒྱུ་མཚན་ཅི་ཡིན་ནམ།
༥》བརྩེ་དུང་ལ་རང་དབང་ཡོད་མེད་དང་། གལ་སྲིད་བརྩེ་དུང་ལ་རང་དབང་མེད་སོང་ན། བརྩེ་དུང་དེ་སྡུག་བསྔལ་དུ་འགྱུར་བ་མ་རེད་དམ།
ཡ་ལ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
གནའ་དུས་སངས་རྒྱས་ཐུབ་པའི་དུས་སྐབས་ན།།
དགེ་སློང་འཆར་ཀས་ཤར་རྒྱུགས་ནུབ་བསྐྱོད་ནས།།
དམག་གི་སྦྱང་བ་རྒན་འགོ་གཟའ་ཐོར་དང་།།
བུ་དང་བུ་མོར་གཟང་ཚང་སྒྲིགས་པ་སོགས།།
སྙིང་རྗེས་མ་བཟོད་མ་ལས་བྱ་བ་མེད།།
ཉིས་བརྒྱ་ང་གསུམ་ཁྲིམས་ལུགས་ཕལ་ཆེ་བ།།
ཕལ་ཆེར་ཁོང་ལ་འབྲེལ་བ་ཡོད་པ་འདྲ།།
ཡང་གཅིག་དགེ་སློང་སྦོམ་དགའ་མོ་དེ་ཡང་།།
ནགས་ཚལ་ནང་དུ་ཕག་རྒོད་གསོད་པ་དང་།།
ཕོ་གསར་སྣང་འགྲོ་ཚོ་ལ་འཇུ་བ་དང་།།
རྒོད་དང་བལྟ་དང་འཁྲིགས་ཚིག་བཤད་པ་སོགས།།
རང་གི་ཚོར་བ་དམར་ལྡང་མ་དེ་ནི།།
ཤཀྱ་ཐུབ་པའི་མདུན་ནས་འགོག་མ་ཐུབ།།
སུམ་བརྒྱ་དྲུག་ཅུའི་ཁྲིམས་ལུགས་ཕལ་ཆེ་བ།།
མོ་རང་མ་འབྲེལ་བ་ཞིག་ཕལ་ཆེར་མེད་པ་འདྲ།།
དེང་གི་དུས་ན་དགེ་སློང་ལྡ་ངེ་ལྡིང་།།
ཨ་རིའི་ཡུལ་གྱི་ནག་རྡོའི་བུ་མོ་དང་།།
མི་རིགས་དཀར་བོ་ཤར་ཕྱོགས་བུ་མོ་སོགས།།
བརྩེ་བ་ཅན་ལ་བརྩེ་བ་གླེང་བ་ནས།།
དད་པ་ཅན་ལ་ངེས་འབྱུང་གླེང་བ་སོགས།།
གང་ལ་གང་འདོད་སྟོན་གི་ཡོད་པ་འདི།།
ན་ཆུང་བུ་མོ་ཚང་མའི་བསོད་ནམས་རེད།།
ཐུགས་རྗེ་ཆེ་ཀུ་རེ་བརྩེ་བ་ལ།
རང་གི་མྱོང་བྱང་བརྗོད་པའི་གསང་བ་འམ། །
གཞན་གྱི་ཚབ་ཏུ་བྲིས་པ་གང་ཡིན་ཀྱང་། །
ཁྱོད་ཉིད་བརྒྱུད་པའི་མངར་སྐྱུར་ཁ་བའི་ལམ། །
ཟིན་ཐོ་འདི་ཡི་གསེང་ན་ངང་གིས་འཕྱུར། །
བུ་མོའི་སྨྱུག་ཁ་ཡངས་པའི་བསླུ་བྲིད་དང་། །
རི་བོང་རིག་པ་རྒོད་པའི་ཆོ་འཕྲུལ་གྱིས། །
འབྲེལ་མེད་འགྲེལ་བཤད་ཚིག་གིས་གབ་བྱས་ཀྱང་། །
འདོད་པའི་རི་མོ་ཕྱི་ན་མངོན་པར་གསལ། །
དགེ་སློང་སེམས་བཟང་མི་སྐྱ་བྱི་བོ་སོགས། །
འཆང་གང་སོར་གསུམ་ཐོགས་པ་ཐམས་ཅད་ཀྱིས། །
འདི་ཡི་དོན་དུ་སྲོག་ཀྱང་གཏོང་ཕོད་པས། །
མི་སྡུག་གཉེན་པོ་བསྟེན་པ་ཐང་རེ་ཆད། །
བརྩེ་དུང་ཞེས་པ་སེམས་ཀྱིས་མྱོང་བྱ་སྟེ། །
ཚིག་གི་ལམ་ནས་མཚོན་པ་ཤིན་ཏུ་དཀའ། །
གང་ཞིག་བརྩེ་དུང་འཆད་ལ་མཁས་པ་དེ། །
དོན་གྱིས་བརྩེ་དུང་སྲབ་པའི་བདེན་རྟགས་ཡིན། །
ཨ་མྱེས་ཡུལ་ལྷ་ཚང་གི་གསུང་འདི་ནི།།
བརྩེ་དུང་མྱོང་ཁྲིད་བྱེད་པའི་ལམ་ཡིག་སྟེ།།
འདོད་པ་མྱོང་འདོད་ཀུན་ལ་གདམས་ངག་སྟེ།
ཐུགས་དམ་མཐིལ་དུ་བཟུང་ནས་ཕྱག་ལེན་བྱོས།།
འཇིག་རྟེན་བྱ་བར་སྨོན་པ་ཡོད་མཁན་ཚོ།།
རང་ལ་དགའ་བའི་གྲོགས་པོའི་མདུན་ས་ནས།།
དགའ་ལུགས་རྣམ་འགྱུར་སྣ་ཚོགས་བསྟན་བསྟན་ནས།།
འགག་ལ་སླེབས་པའི་ཉིན་མོར་གཡུག་པ་ནི།།
དུད་འགྲོ་གོག་འགྲོ་རྣམས་ཀྱི་སྤྱོད་པ་སྟེ།།
སྨྲ་ཤེས་དོན་གོ་མི་ཡི་སྤྱོད་པ་མིན།།
རང་གི་འདོད་པའི་རྗེས་སུ་འབྲང་འབྲང་ནས།།
མཐོང་ཚད་ཡོད་ཚད་ཀུལ་ལ་རྒྱུགས་རྒྱུགས་ནས།།
དྲེད་མོས་འཕྱི་བ་བརྐོ་བའི་ངང་ཚུལ་འདི།།
ཡིད་ལ་དྲན་ན་ཁ་ནས་རྔན་པ་ཤོར།།
ཁ་སང་ངའི་ཚ་བོའི་ལས་ཀ་བྱེད་ས་ནས་བྱི་མོ་ལོ་ ༢༣ ཅན་ཞིག་གིས་གཉིད་སྨན་སྤར་གང་འཐུང་ནས་ཤི་འདུག རྗེས་ནས་ཤེས་གསལ་ལྟར་ན། མོ་ནེའུ་ཡོག་ལ་ཡོད་པའི་རང་གི་འགྲོགས་བཟང་ལ་བལྟ་རུ་སོང་བ་ན། ཁོ་རྒྱ་མོ་གཞན་ཞིག་གི་རྗེས་སུ་རྒྱུགས་གི་ཡོད་པ་མཐོང་རྗེས། བུ་མོ་དེ་ཕྱིར་ཡོང་ནས་ལས་ཀ་བྱེད་ས་ནས་རང་སྲོག་བཅད་འདུག
འདི་འདྲ་མཐོང་དུས་བརྩེ་དུང་ཟེར་བ་དེར་ཡང་སྙིང་ལངས་ཀི་ ཁྲལ་མེད་ཟེར་བ་དེ་ད་བཤད་མ་དགོས་པ་རེད།།
བརྩེ་དུང་ནི་མེ་ཏོག་རྐང་གཅིག་ཡིན ། བརྩེ་དུང་ལ་ཁ་དོག་མེད་ལ་དྲི་མ་ཀྱང་མེད།
yung dung ཁྱེད་རང་གིས་དྲི་མ་མེད་ལ་ཁ་དོག་ཀྱང་མེད་པའི་མེ་ཏོག་ཞིག་བཞོག་དང༌། ངས་དེ་འདྲའི་དཔེ་ཞིག་རྩ་བ་ཉིད་ནས་གོ་མི་འདུག་ལ་མཐོང་མྱོང་ཡང་མི་འདུག ཨ་ལ་རྕེད་མོ་ཡིན་དཱ། དགོངས་དག
ངོ་མ་བརྩེ་དུང་གི་ངོ་བོ་ཤིག་གླེང་མཁན་ཡོད་ན་གླེང་རོགས་ཞུ། འདི་ན་བརྩེ་དུང་གི་རིན་ཐང་མ་ཤེས་པའི་གཞོན་ནུ་ཕོ་མོ་གང་མང་ཞིག་་གིས་དེ་ལ་ཉན་འདོད་ཤིན་ཏུ་ཆེ།་་ཧཧཧ
ང་ནི་བརྩེ་དུང་གཙུགས་འཛིན་བྱེད་མཁན་ཞིག་ཡིན་པས། མི་གཞན་གྱི་བརྩེ་དུང་ལ་གོད་ཆགས་བྱུང་དུས་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད། ཧ་ཅང་མ་སྐྱིད་ཚོར་སྣང་ཡང་འགོག་ཐབས་མེད་པར་སྐྱེས་ཀྱི་འདུག
བརྩེ་དུང་ཟེར་བ་འདི་ལ་དམིགས་བསལ་རྩོམ་ཡིག་ཅིག་འབྲི་དགོས་མོད། ད་འདི་ན་བོད་ཀྱི་བུད་མེད་ཉི་མ་མཚོའི་བྲིས་པ་འདིའི་མཆན་གྱི་ཚུལ་དུ་འབྲི་བར་བྱ།
༡༩༩༠ གོ་གྲངས་ནང་དུ་འཛམ་གླིང་བརྩེ་དུང་ཚོགས་ཆེན་དེ་ཡོ་རོབ་ལ་ཚོགས་འདུག དེའི་སྟེང་དུ་ ༧ གོང་ས་མཆོག་གདན་འདྲེན་ཞུ་ན་ཡང་། མཛད་བྲེལ་ལ་རྟེན་ཕེབས་མ་ཐུབ་པར་རཀ་ར་རིན་པོ་ཆེ་སྐུ་ཚབ་ལ་བཏང་འདུག ཚོགས་ཐོགས་ཏུ་རང་རང་སོ་སོའི་རིགས་གཞུང་དང་། ཆོས་ལུགས་ལ་རྟེན་ནས་བརྩེ་དུང་ལ་ཕལ་ཆེར་རྣམ་གྲངས་མ་འདྲ་བ་ ༦༥ ཙམ་དབྱེ་སྐོར་ཅིག་གོ་མྱོང་། དེའི་ནང་དུ་རཀ་ར་རིན་པོ་ཆེ་ནས་ཀྱང་བོད་ཀྱི་རིག་གཞུང་དང་། ཆོས་ལུགས་ལ་རྟེན་ནས་བརྩེ་དུང་རྣམ་གྲངས་ ༡༢ ཙམ་གྱི་འགྲེལ་བཤད་བྱས་པའི་གནས་ཚུལ་ཅིག་གོ་མྱོང་།
ངས་བསམ་ཚུལ་བྱས་ན་བརྩེ་བ་འདི་དམིགས་པ་དང་། རྣམ་པ། བྱེད་ལས་བཅས་ཀྱི་སྒོ་ནས་བརྩེ་དུང་གི་མཚན་ཉིད་དམ། ངོ་བོ་བཤད་ནས། དེ་ནས་རྣམ་པའི་དབྱེ་བ་ཕྱེ་དེ་་ཐག་བཅད་ན་གསལ་བོ་རེད་སྙམ། རང་གི་དམིགས་པ་གང་ཞིག་ལ་དམིགས་ནས། རྣམ་པ་ནི་དེ་ལ་འདོད་པའམ་བདེ་སྐྱིད་གང་ཞིག་སྒྲུབ་འདོད་དང་། མི་འདོད་པའམ་སྡུག་བསྔལ་གང་ཞིག་དང་བྲལ་འདོད་ཀྱི་རྣམ་པ་ཅན། བྱེད་ལས་ནི་འབྲས་བུ་གང་འདྲ་ཞིག་འབྱུང་མིན་གྱི་རྣམ་དབྱེ་འབྱེད་མི་ནུས་པར་སྣང་བ་ཙམ་ལ་བློ་རིག་ཅིག་ལ་བརྩེ་བ་ཅེས་ཟེར་འདོད་ལ། དེའི་སྟེང་དུ་དམིགས་ཡུལ་དེ་རང་ཉིད་ལ་ཐོབ་འདོད་པ་ནས་དུང་བའི་ངོ་བོར་སོང་བ་ཡིན་ལ་འདོད་པ་ཡང་དེ་ཡིན། དེ་ཡང་དཔེ་ལ་སྦྱར་ནས་བཤད་ན། ང་ཉི་མ་མཚོ་ལ་དགའ་བའི་དབང་དུ་བཏང་ན། ཉི་མ་མཚོ་ནི་དམིགས་པ་ཡིན་ལ། མོ་རང་ལ་བདེ་སྐྱིད་གང་ཞིག་ཐོབ་འདོད་པ་དང་། སྡུག་བསྔལ་གང་ཞིག་དང་བྲལ་བར་འདོད་པ་ནི་རྣམ་པ་ཡིན། བྱེད་ལས་ནི་ངེད་གཉིས་བར་ན་འཀག་འགོག་ཇི་སྙེད་ཅིག་ཡོད་པ་ལ་བསམ་བློ་གཏོང་མི་ཤེས་པ་དེ་ནི་བྱེད་ལས་ཡིན། དེ་ནས་དེ་འདྲའི་བློ་དེའི་ངང་ནས་ཉི་མ་མཚོ་ང་ལ་ཐོབ་པར་འདོད་པ་ནི་དུང་བ་ཡིན། འདི་ནས་བརྩེ་བ་དང་དུང་བ་གཉིས་གཞི་གཅིག་ཏུ་འདྲེས་པ་རེད། དེ་ལྟ་བའི་དུང་བའི་དབང་གིས་ངའི་སེམས་ལ་ཡང་བློ་མི་འདྲ་བ་མང་པོ་ཅིག་ངང་ངམ་ཤུགས་ཀྱིས་བློ་མི་འདྲ་བ་མང་པོ་ཅིག་དྲང་ཡོང་གི་ཡོད་པ། དཔེར་ན་ཁྲག་དོག་སྟེ་མི་གཞན་དག་ཅིག་གིས་ཉི་མ་མཚོ་ལ་སྐད་ཆ་བཤད་ན་བློ་མི་བདེ་བ་དང་། རང་ཉིད་ལ་མོ་རང་རྒྱག་རེས་རྒྱབ་ན་ཡང་སེམས་ལ་བདེ་སྐྱིད་དྲང་ཡོང་བ་སོགས་ཤིན་ཏུ་མང་། བྱེད་ལས་བཟང་ངན་གང་ལ་འགྱུར་ཡང་བརྩེ་དུང་ཁོ་རང་གི་ངོས་ནས་ལེགས་ཉེས་འབྱེད་མི་ཐུབ་པས། འཇིག་རྟེན་ན་ཡང་། བརྩེ་དུང་ནི་ལོང་པ་ཡིན་ཟེར་གྱི་ཡོད་པ་རེད། དེ་བས་ན་བྱེད་ལས་བཟང་ཕྱོགས་སུ་འགྲོ་བ་ལ་ངེས་པར་དུ་ཤེས་རབ་ལ་རྟེན་དགོས་གི་ཡོད་པ་རེད། དེ་ཡང་ལེགས་ཉེས་འབྱེད་ཤེས་པའི་བློ་གྲོས་སྟེ། ཁ་ཤས་ལ་ལྷན་སྐྱེས་ཀྱིས་ཡོད་པ་དང་། ཁ་ཤས་ལ་སྦྱང་ནས་སམ་སློབ་གསོ་ལ་རྟེན་ནས་ཤེས་རབ་དེ་ཡང་དགོས་གི་ཡོད་པ་རེད། བླང་དོར་འབྱེད་པའི་ཤེས་རབ་དེ་བརྩེ་བ་དང་ལྷན་དུ་མེད་པས་ན། གཅིག་གཅིག་ལ་དྭོགས་པ་ཟ་བ་དང་། ཡིད་མ་ཆེས་པ། དེའི་དབང་གིས་འགན་མི་ཁས་པ། དེ་ནས་གཏན་བྲལ་དུ་འགྲོ་བ་སོགས་འབྱུང་བཞིན་པ་རེད། དེ་ཚང་མ་རྒྱུ་འབྲས་ཅི་ལྟར་འབྱུང་རེད་ཟེར་ན། བརྩེ་བའི་དབང་གིས་དུང་བ་འབྱུང་། དེའི་དབང་གིས་ཕྲག་དོག དེའི་དབང་གིས་དྭོགས་པ་ཟ་བ། དེའི་དབང་གིས་ཡིད་ཆེས་མེད་པ། དེའི་དབང་གི་གཅིག་གཅིག་ལ་འགན་མི་ཁས་པ། དེའི་དབང་གིས་གཏན་བྲལ་སོགས་འབྱུང་གི་ཡོད་པ་རེད། དེས་ན་འཇིག་རྟེན་མི་ཆོས་སློབ་གསོ་དང་དམ་པ་ལྷ་ཆོས་ཀྱིས་བསྐྱེད་པའི་ཤེས་རབ་གྱིས་ལྡོག་ཕྱོགས་དེ་དག་བཀག་ནས། མི་ཚེ་མཉམ་དུ་དྲོན་མོའི་ཁྱིམ་གཞིར་བརྩེ་དུང་གི་འཚོ་བ་བདེ་སྐྱིད་ངང་ནས་བསྐྱེལ་ཐུབ་ཀྱི་ཡོད་པ་རེད། འོན་ཀྱང་བརྩེ་དུང་མེད་ན་ཤེས་རབ་དེ་གཅིག་བུས་འཇིག་རྟེན་ལ་འཚོ་བའི་བདེ་སྐྱིད་གང་ཡང་མེད་པར་འདོད།
རྣམ་གྲངས་ལ་འཇིག་རྟེན་མི་ཆོས་ཀྱི་དབང་དུ་བྱས་ན། ཕ་མ་དང་བུ་ཕྲུག་ལ་བརྩེ་བ་དང་། གྲོགས་པོ་ཕན་ཚུན་གྱི་བརྩེ་དུང་། རྒན་གཞོན་གྱི་བརྩེ་དུང་། ཕོ་མོའི་བརྩེ་དུང་གི་བར་དུ་ཡོད། འདི་དག་ནི་དམིགས་པ་ཙམ་བརྗེས་པ་མ་གཏོགས་རྣམ་པ་དང་བྱེད་ལས་ལ་ཁྱད་པར་མེད།
དམ་པ་ལྷ་ཆོས་ཀྱི་དབང་དུ་བྱས་ན། བརྩེ་བ་སྙིང་རྗེ་ཆེན་པོ་གཙོ་བོ་ཡིན་ལ། དེ་ཡང་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་ལ་དམིགས་པའི་ཐམས་ཅད་ཨ་མར་ཤེས་པ་ནས་འགོ་འཛུགས་དགོས། དེ་ཡང་སེམས་ཅན་ཐམས་ཅད་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་རྒྱུད་དེ་ཡོང་སྐབས་རང་གི་མར་ཤེས་པ། ད་ལྟའི་ཨ་མ་རང་ཉིད་ལ་བཀའ་དྲིན་ཆེ་བ་བཞིན་དུ་སེམས་ཅན་གཞན་དག་ཀྱང་བཀའ་དྲིན་ཆེ་བ་དྲན་པ། དེ་ལ་དྲིན་གཟོ་པ། དེ་ཚང་མ་བདེ་བ་དང་མི་འབྲལ་བར་འདོད་པའི་ཡིད་དུ་འོང་བའི་བྱམས་པ། དེ་ནས་དེ་ཚང་མ་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་འདོད་པའི་སྙིང་རྗེ། སྡུག་བསྔལ་དེ་རང་གིས་དང་དུ་ལེན་འདོད་ཀྱི་ལྷག་བསམ། སྡུག་བསྔལ་དེ་ཚང་མ་སེལ་བ་ལ་རང་ཉིད་ཀྱི་སངས་རྒྱས་ཀྱི་གོ་འཕངས་སྒྲུབ་འདོད་ཀྱི་སེམས་བསྐྱེད་བཅས་ཡོང་གི་ཡོད་པ་རེད། དེ་མིན་ད་རུང་ཡིད་ཆེས་ཀྱི་དད་པ་སོགས་ཀྱང་བརྩེ་བ་རེད་འདོད།
འོན་ཀྱང་དམ་པ་ལྷ་ཆོས་སྐབས་ཀྱི་བརྩེ་བ་ལ་དུང་བ་མེད། ༼སེམས་བྱུ
ང་གྱི་རྣམ་བཞག་ལས། དགའ་བ་དང་ཆགས་པ་གཉིས་ལ་མུ་བཞི་༽བཞག་པ་དེས་ཤེས་དགོས་སྙམ། གལ་ཏེ་དུང་བ་སླེབས་ཚེ་སྙིང་རྗེའི་སྐབས་ཀྱི་བརྩེ་བ་དང་ཕོ་མོའི་བརྩེ་དུང་གཉིས་ལ་འགལ་བ་ཅིག་འབྱུང་རྒྱུ་རེད། དེ་ཡང་དཔེར་ན། ཕོ་གཅིག་བུ་མོ་གཉིས་ལ་བརྩེ་བ་ཡོད་པའི་དབང་དུ་བཏང་ན། ཤེས་རབ་ལ་རྟེན་ནས་གཅིག་ལ་བརྩེ་བའི་སྟེང་དུ་དུང་བ་བཟོ་དགོས་ལ་གཅིག་ལ་བརྩེ་བ་རྐྱང་བཟོ་དགོས་བསམ།
ད་འདིར་དེ་ཙམ་གྱིས་འགྲིག་པར་བྱ། ཁོམ་པ་ཡོད་ན་རྣམ་བཞག་རྒྱས་པ་ཅིག་འབྲི་དགོས་བསམ། རྒྱུ་མཚན་ཡོད་དེ། འདི་ལ་ཚངས་དབྱངས་རྒྱ་མཚོ་དང་། འབྲུག་པ་ཀུན་ལེགས་སོགས་ཀྱི་རྣམ་ཐར་ལ་བལྟས་ན་མགོ་རྙོག་ཀྱང་ཅུང་ཟད་འདུག
འཇམ་པོའི་གོས་ཀྱང་ཚེར་མ་བཞིན་དུ་རྣོ། །
ཞིམ་པའི་ཟས་ཀྱི་ཡི་ག་གཏན་ནས་འགག །
ཕ་མ་སྤུན་ཉེ་གྲོགས་པོ་གྲོགས་མཆེད་སོགས། །
བརྩེ་དུང་སླེབ་ན་མ་ལུས་ཐམས་ཅད་བརྗེད། །
དགྲ་ལ་སྡང་བའི་ངར་ཡང་དེ་ཡིས་འཇོམ། །
གཉེན་ལ་བྱམས་པའི་སེམས་ཡང་དེ་ཡིས་བཞིག། །
ཡིད་ལ་དྲན་པ་དགའ་མ་དེ་ཡི་གཟུགས། །
རྣ་བར་གོ་བ་སྙན་འཇེབས་དེ་ཡི་སྐད། །
འཇིག་རྟེན་འདི་ན་ drugs འདི་ལྷག་མེད། །
ས་སྟེང་ཡོངས་ཀྱི་ཨ་རག་མཐར་ཐུག་འདི། །
བཟི་ན་འདི་ལས་ལྷག་པ་གང་གིས་བཟི། །
སྨྱོ་ཡང་འདི་ལས་ལྷག་པ་སྨྱོ་རྒྱུ་མེད། །
ཁ་སང་བརྩེ་དུང་གི་རོ་མངར་སིང་སིང་དེ་་་་་་་་་་
དེ་རིང་ལ་འདས་དོན་སྐྱུར་ཕྱུར་ཕྱུར་སྟེ་་་་་་་་་
སང་ཉིན་མངར་སྐྱུར་འདྲེས་མའི་ཉམས་མྱོང་ཙམ་ཞིག་་་་་་་་་་་་་
བརྩེ་བ།
འཁོར་བའི་བདེ་སྐྱིད་ཀུན་གྱི་གཞི་མ་སྟེ།།
བརྩེ་བའི་དུང་བ་འདི་ནི་སྤྱོད་ཤེས་ན།།
འཇིག་རྟེན་ཁྱིམ་ཚང་གསར་བའི་རྩ་བ་དང་།།
ཕོ་མོ་ལྷན་དུ་སྦྱོར་བའི་འབྱར་རྩི་ཡིན།།
གསེར་གྱི་འདུ་ཁང་ནང་གི་དགེ་སློང་ཡང་།།
ན་ཆུང་བུ་མོས་འཕངས་པའི་ཟུར་མིག་གིས།།
བྲང་གི་དམ་བཅའ་བཙན་པོ་གཏོར་དང་ལྷན།།
འཇིག་རྟེན་སྣང་བའི་གླུ་ཆུང་ལེན་ལ་བྲལ།།
བརྒྱད་ཅུ་ལོ་ལོན་མགོ་བོ་འདར་སིག་སིག།
བརྩེ་བའི་རུམ་ན་སྟག་གི་ངར་ཤུགས་ཡོད།།
ལོ་ཆུང་བྱིས་པ་སྣ་ལུག་ཚང་མ་ཡང་།།
བརྩེ་བའི་སྐོར་ལ་མི་ཚོས་ཚོས་མདོག་སྟོན།།
བརྩེ་བ་སྙིང་ལ་ཟུག་པའི་ཉིན་མོ་ནས།།
སོང་ན་རྐང་པ་བར་སྣང་ཁམས་ན་སྤོ།།
བསྡད་ན་ཨོང་ཤ་སྤྲིན་པའི་གསེབ་ན་ཡོད།།
གཉིད་ན་རྨི་ལམ་དགའ་རོགས་རུམ་ན་ཡོད།།
བརྩེ་བས་བཟི་བའི་སྐྱེ་པོ་ཕལ་ཆེར་ཞིག།
རང་ལ་དབང་བས་མ་ཚད་འདྲེས་ན་འདོད།།
སྤྲིན་གྱི་ཕོ་ཉ་ནང་གི་གནོད་སྦྱིན་ལ།།
ཡོད་ཚད་རང་གི་མཛེས་མར་སྣང་ལ་ལྟོས།།
དེ་བཞིན་གླིང་གི་གེ་སར་རྒྱལ་བོ་ཡང་།།
བཙུན་མོའི་དོན་དུ་རང་གི་སྲོག་བརྡོས་དེ།།
ནག་པོ་བདུད་དང་སེར་པོ་ཧོར་སོགས་ལ།།
སྟོབས་ལྡན་དམག་གི་དཔུང་ཚོགས་བཤམ་ལ་ལྟོས།།
ཚངས་དབྱངས་རྒྱ་མཚོའི་སྟོན་པའི་ན་བཟའ་དང་།།
དམ་པའི་ཆོས་ཀྱི་འདུལ་ཁྲིམས་ཡོད་དོ་ཅོག།
པན་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ།།
མཛེས་མའི་ཆེད་དུ་བཏང་བའི་རྣམ་ཐར་བཞུགས།།
རིན་ཐང་བྲལ་བའི་བརྩེ་དུང་འོད་པོ་ཆེ།།
ལག་ཏུ་བཟུང་ནས་སླར་ཡང་གཏོང་པ་ཡང་།།
དེང་སང་སྤྱི་ཚོགས་ནང་ན་ཡོད་པས་ན།།
དེ་དག་ལ་ནི་འཆལ་བོར་འབོད་ན་འདོད།།
འོ་དགོངས་དག གུང་ཚིགས་བཞེས་རན་སོང་།།