མྱི་ལྟིག
མྱི་ཁ་ལྕགས་ཀྱི་སོག་ལེ་རྣོ་ན་རྣ
ཁ་ཡག་གསེར་གྱི་སྒོ་མོ་རྒྱག་ན་རྒ
རང་ལུས་ཀོ་ཐུམ་ཁུག་ལ་འཇུག་ན་འཇུ
མགོ་རུས་མཆོད་རྫས་གྲལ་ལ་འཇོག་ན་
རང་ལ་རང་གི་དམ་བཅའ་ཙ་བོ་ཡོད།།
ཕ་རྒྱུད་མ་རྒྱུད་མེད་ན་མེད་ཀི་
གཉེན་མི་དག་གིས་སྐྱུར་ན་སྐྱུར་
ཁ་ཡ་ན་ཟླས་འབོར་ན་འབོར་དུ་ཆུགས།
སྡེ་བའི་གྲལ་ནས་སྤྱུག་ན་སྤྱུག་
རང་ལ་རང་གི་དམིགས་ཡུལ་སྣུམ་པོ་
རྫུན་འདེབས་ཞྭ་མོ་སྐོན་ན་སྐོན་
ལྟ་ལོག་ཉུལ་མ་འདོགས་ན་འདོགས་སུ་
རྩམ་ལོག་རྡོ་ལོག་འཕེན་ན་འཕེན་དུ
བན་སྔགས་སུས་ཀྱང་དམོད་ན་དམོད་དུ
རང་ལ་རང་གི་ཕུགས་བསམ་ཡངས་པོ་ཡོ
ཤོབ་ཀྱི་མཚོན་ཆས་བསྣུན་ན་བསྣུན་
དཔུང་གི་སྟོབས་ཀྱིས་བརྫི་ན་བརྫི
ཕྱི་མར་འགྱོ་ས་མེད་ན་མེད་དུ་ཆུ
ཚེ་ཐོག་འདི་ནས་འདེད་ན་འདེད་དུ་
རང་ལ་རང་གི་རྡོ་ཡི་རང་གཤིས་ཡོད།
མདུན་ནས་བསུ་ནི་མེད་ན་མེད་དུ་ཆུ
རྒྱབ་ཏུ་སྐྱེལ་ནི་མེད་ན་མེད་དུ་
མདུན་རྒྱབ་སྟོང་བ་ཡིན་ན་ཡིན་དུ་
ཁེར་རྐྱང་གཅེར་བུར་ཕུད་ན་ཕུད་དུ
རང་ལ་རང་གི་འཚོ་བའི་ལྡེ་མིག་ཡོ
རྒྱང་རིང་འདི་ནས་ལྷག་ན་ལྷག་ཏུ་
ཐག་ཉེ་དེ་ཕྱོགས་དྲན་ན་དྲན་དུ་ཆུ
ཉེ་རིང་མཚམས་ནས་རྒས་ན་རྒས་སུ་ཆུ
འཆི་བདག་རྗེ་བོ་ཡོང་ན་ཡོང་གི་ཆུ
རང་ལ་རང་གི་འགྱོ་ཁའི་རྒྱགས་བྲོ་
༢༠༡༣ ༡ ༢༣ ཉིན། རྡ་ལམ་ས་ལར།
ཡག་པོ་གསུངས་འདུག
རྒྱུ་དང་དཔལ་འབྱོར་མེད་ན་མེད་དུ་ཆུགས།
མཚན་དང་སྙན་གྲགས་མེད་ན་མེད་དུ་ཆུགས།
དགའ་དང་གུས་བཀུར་མེད་ན་མེད་དུ་ཆུགས།
རང་ལ་རང་གི་མི་ཚེའི་རིན་ཐང་ཡོད།།
ལྐོག་ཟའི་དཔོན་པོ་ཁྲོ་ན་ཁྲོ་རུ་ཆུགས།
དཀོར་བདག་བླ་མ་ངུ་ན་ངུ་རུ་ཆུགས།
རྒྱ་ཁྱིས་ཟུག་སྐད་བརྒྱབ་ན་རྒྱབ་ཏུ་ཆུགས།།
རང་ལ་རང་གི་དཔའ་དང་སྤོབས་པ་ཡོད།།
མྱི་ཁའི་ཞྭ་མོ་བསྐོན་ན་སྐོན་དུ་ཆུགས།
ཕྲག་དོག་མདའ་མོ་འཕེན་ན་འཕེན་དུ་ཆུགས།
མཐོང་ཆུང་ཁྱད་གསོད་བྱས་ན་བྱེད་དུ་ཆུགས།
རང་ལ་རང་གི་མི་རིགས་ལ་རྒྱ་ཡོད།།
གནས་ལུགས་རྒྱབ་ཏུ་གཡུག་ན་རང་དགར་གྱིས།།
ལོག་ཤེས་ཚད་མར་འཛིན་ཀྱང་འདོད་པ་རེད།།
མགོ་མཇུག་མེད་པར་སེམས་པའི་ཀུན་རྟོག་འདིས།།
ཁྱེད་ཉིད་སུག་བཞིའི་གྲལ་དུ་གཡུག་པ་འདྲ།།
རྟགས་ལ་ཚུལ་མེད་ན་རྟགས་སྣང་རེད།
གཏམ་ལ་བདེན་ཁ་མེད་ན་ལོག་བཤད་རེད།
སྨྲ་ལ་དོན་གོ་མེད་ན་སུག་བཞི་རེད།
རྒྱུད་རྟོགས་པ་མེད་ན་དཀོར་གཟན་རེད།།
འཇམ་མགོན་ཁྱི་མོར་མཐོང་བའི་ཐོགས་མེད་དང་།
ཅོ་རི་སྒོ་ཁྱིར་མཐོང་བའི་དཀོར་བླ་གཉིས།
མ་རིག་ལོག་ཤེས་རྒྱུད་ནས་བྱུང་་བ་ལས།
དཔྱོད་ཤེས་ཚད་མའི་སྣང་ཡུལ་ག་ལ་ཡིན།།
རྟགས་ལ་ཚུལ་གསུམ་མེད་ན་ལྟར་སྣང་རེད། །་་
་་་་བྱམས་མགོན་ཁྱི་མོར་་་་
མེ་དཀར་ལགས་་་བདེན་ནོ
མགོ་དུ་གྱང་ལ་མ་རྡེབ་ཤ་གཅེས་ཚོ།།
རྐང་བ་རྙི་ལ་མ་སྐོན་ཤ་ཁོ་ཚོ།།
ལག་པ་དམ་ལ་མ་འདོག་ཤ་བྷ་ཚོ།།
ཀླད་པ་ཡོད་ནའི་མཆན་པ་ཤ་ཉེ་ཚོ།།
ཁ་བརྡའི་ཚིག་ལས་བཟང་ངན་གང་ཐོས་ཀྱང་།།
ཆོལ་ཁ་ཆོས་ལུགས་སྣ་ཚོགས་གང་བཤད་ཀྱང་།།
མཐོ་དམན་ཚིག་གིས་བསྟོད་སྨད་གང་བྱས་ཀྱང་།།
ཞེ་འཁོན་མ་འཛིན་སྒྲ་བརྙན་ལྟ་བུར་ལྟོས།།
ཚུལ་གསུམ་རྙི་ལ་ཐོགས་པ་ང་མི་དགའ།།
འབྲས་རང་མ་དམིགས་རྟགས་ལ་ཞེན་པ་ལོག།
དགག་སྒྲུབ་གཏན་ཚིག་གཉིས་ལ་རེ་ཐག་ཆད།།
ཚད་མ་ཚད་མིན་གཉིས་ཀ་འཁྲུལ་སྣང་ཞིག།
ཚུལ་གསུམ་མེད་པའི་བཤད་པ་རྒྱུ་མཚན་སྟོང།
འབྲས་རང་མ་དམིགས་རྟགས་ཀྱིས་ལྐོག་འགྱུར་བསྒྲུབ།
དགག་དང་སྒྲུབ་པའི་རྟགས་ཚུལ་མ་ཤེས་ན།
ཚད་མ་ཚད་མིན་མི་ཤེས་ཀུན་ཏུ་འཁྲུལ།
ཕྱོགས་ཆོས་དེ་རྗེས་ཁྱབ་པ་ཡི།
གཏན་ཚིགས་དེ་ནི་རྣམ་གསུམ་ཡིན།
ལུང་གི་དགོངས་དོན་མ་རྟོགས་ན།
ཚུལ་གསུམ་རིགས་པ་སྐྱོན་དུ་མཐོང།
ཚད་མ་ཚད་མིན་འབྱེད་ཤེས་དང་། །
ཚུལ་གསུམ་རྟགས་ལས་ལྐོག་འགྱུར་བ། །
འབྲས་རང་མ་དམིགས་འབྲས་བུ་ལས། །
དགག་སྒྲུབ་རྣམ་གཞག་སོ་སོར་འབྱེད། །
ཚུལ་གསུམ་སྒྲོག་ཏུ་ཚུད་པའི་རྟོག་གེ་བས།།
བློ་ལས་འགོངས་པའི་གནས་ལུགས་དོན་ལ་ཡང་།།
རྟོག་པས་གཞལ་བར་སེམས་པ་བྱིས་པའི་བློ།།
རྟགས་དང་གཏན་ཚིག་ཚུར་རོལ་སྨྲ་བས་བརྩམས།།
རྟོག་གེ་པ་ཡི་ཚུལ་གསུམ་རྒྱང་ཤེལ་འདྲ། །
ཚུར་རོལ་ཚན་རིག་པ་ཡིས་མི་གཞལ་བའི། །
སྔ་ཕྱི་སྐྱེ་དང་ལས་འབྲས་སྟོང་ཉིད་སོགས།
རྟགས་དང་གཏན་ཚིག་ཉིད་ཀྱིས་དཔྱད་སྒོམ་འགྱུར། །
ཚུལ་གསུམ་རིགས་པའི་བློ་གྲོས་མ་བསྐྱེད་པའི།
གཞུང་དོན་འཆད་རྩོད་རྩོམས་པའི་བྱ་བ་གང།
མགྲིན་བཟང་བོང་བུ་སེང་སྤགས་གྱོན་པའི་ཚུལ།
རྣམ་དཔྱོད་མཁས་པས་ཾཁ་བརྡའི་དྲ་བར་མཐོང།
ཐ་སྙད་སྣང་བའི་ངང་ཚུལ་མཐའ་དག་ཀྱང་།།
ཐུགས་ལ་ལེགས་པར་བཀྲ་བའི་ཆོས་གྲགས་ཀྱིས།།
ཕྱོགས་ཆོས་དེ་ཆས་ཁྱབ་ན་མི་མཐུན་ཕྱོགས་།།
མེད་པར་ངེས་དགོས་ཞེས་པའི་རྟོག་གེའི་ཁྲིམས།།
ཚུ་རོལ་མཛེས་པར་སྨྲ་ལ་མཁོ་ཆེ་ཡང་།།
འཇིག་རྟེན་འདས་པའི་ལམ་ལ་དགོས་པ་ཆུང་།།
ཐོས་དང་བསམ་དང་བསྒོམ་པ་དང།
འཆད་དང་རྩོད་དང་རྩོམས་པ་སོགས།
གཅེས་ཞེས་ཐ་སྙད་འཇིག་རྟེན་ལས།
རྒྱལ་བའི་ཚོགས་ལ་སུ་ཞིག་སྨྲ།
ཡིན་ལུགས་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་ན་ཡང།
སྣང་ཚུལ་ཐ་སྙད་འཇིག་རྟེན་མཛུབ་འཁྲིད་ཟླ་བ་ལྟར།
ཤར་ཚུལ་རྟགས་དང་རིགས་པས་གཏན་ལ་མ་ཕབས་ན།
ལོང་བ་ལྷ་ཁང་འཁྲིད་པའི་སྒོ་དང་ཀུན་ནས་མཚུངས།
དང་པོ་མ་རིག་རྨོངས་པས་སྲིད་འདིར་འཁྱམས།།
བར་དུ་རྟོག་གེ་བྱང་བས་འཁོར་ཡུན་རིང་།།
ཐ་མ་ངན་སོང་གནས་སུ་བསྐལ་བའི་བར།།
གནས་པར་ངེས་སོ་ཚུ་རོལ་མཛེས་དག།
བྱམས་པ་མགོན་པོས།
རྟོག་གེ་བརྟེན་ཅིང་མ་ངེས་ལ།།
མ་ཁྱབ་ཀུན་རྫོབ་སྐྱོ་བ་ཅན།།
བྱིས་པ་ནི་བརྟེན་པར་འདོད།།
གསུངས་པ་ལ་བསམ་བློ་ཐོངས།
ཚུ་རོལ་བློ་ལ་ལྐོག་གྱུར་ཡིན་ལུགས་གཞི།
རྟགས་དང་རིགས་པས་གཏན་ལ་མ་ཕབས་པར།
དབང་པོའི་ཤེས་པའི་ཡུལ་གྱུར་གཟུགས་སྒྲ་ལྟར།
ཡེ་ནས་མངོན་དུ་གྱུར་པ་གང་ཡང་མེད།
ཡངས་རྩེ་ཐེག་པའི་འ་མོ་ཀ་དག་ཉིད།
ཀུན་གྱིས་ཡེ་ནས་རྟོགས་པར་བཤད་ན་ཡང།
རྟོགས་ལ་རྟོགས་གོ་མ་ཆོད་རྒྱལ་བོའི་སྲས།
གྲོང་ཁྱམས་ངོ་སྤྲོད་དགོས་པ་རྒྱལ་བས་གསུངས།
བན་དེ་བ་ལགས་་་ད་གཡུག་ཞོག ཕུང་གསུམ་པ་ཨོ་ཉི་ལ་སྐད་ཆ་བཤད་ནས་གོ་བརྡ་ཨེ་འཕྲད་བལྟ་པ་ལས་ཁུར་པོ་མགོ་དང་མཐོ་སྨད་འདྲ་བ་ཞིག་འཁུར་ནས་རི་བོ་ཇོ་མོ་གླང་མའི་ཐོག་ཏུ་འཛེག་ན་དཀའ་ལས་ཆུང་བ་ཡོད་ས་རེད་་་་ཧཧཧ
སྤྱིའི་ཆ་ནས་རིག་ལས་མེད་པའི་མི་ལ་སྐད་ཆ་བཤད་ཀྱི་དཀའ་ལས་ཆེ་ཡང་ཕུང་གསུམ་པ་ལ་ནི་དེ་བས་དཀའ་ལས་རེད།།
ཁ་དོག་དཀར་དམར་ཨ་མའི་ཞལ་ནས་ཐོས།།
རྟགས་དང་གཏན་ཚིག་ཨ་ཕའི་གསུང་ལས་རྟོགས།།
བློ་རིག་བདུན་པོ་བྱིས་དུས་རྩེད་རར་ཤེས།།
ལོ་བཅུ་ལོན་དུས་རྟོག་གེ་ཁོང་དུ་ཆུད།།
ཅོ་རི་བསྣབས་ལུག་གང་ནས་ཡིན།།
སྐྱག་སྐད་ཆེ་ལུགས་ལ་བལྟས་ན།།
བླུན་པོའི་ནང་ནས་ཐ་མ་ཞིག།
གྲ་ཟུར་ཡིན་པ་སྨོས་མེད་དོ།།ཧཧཧཧ
བྲིས་བ་གསེར་ཡིག་དངུལ་ཡིག་ཡིན་རུང་།།
གསུངས་ནོ་བླ་མ་རྫུན་མ་ཡིན་དུས།།
སྐྱབས་ཕྱག་འཛིན་ནིའི་སློབ་མ་མ་དགོས།།
དད་པ་བྱེད་ནིའི་དྲ་འབུ་མི་འདུག།
བླ་མ་ཨོ་རྒྱན་ངེད་གཉིས་བར་ན།
ཁབ་ཅིག་རྩོད་རྒྱུ་ཙམ་ཞིག་མེད་ཐལ།།
ཁ་ལེན་ཚིག་རྩི་བྱེད་དགོས་མེད་ཐལ།།
ཁ་ནས་གང་བྱུང་མང་བྱུང་ཤོར་ཐལ།།
བླ་མ་ཨོ་རྒྱན་སྤྲུལ་སྐུ་དབང་ཆེན་དང་།།
ཀླུ་སྨྱོན་ཁྲག་འཐུང་དྲ་འབུ་ཡབ་སྲས་གསུམ།།
ཁ་ནས་ཚོད་མེད་ལྡ་བ་དམིགས་མེད་པར།།
དྲ་འབུ་འདུལ་བར་བྱོན་པའི་དང་བླ་ཚོ།།