སྐྱེས་སར་ཀླུ་སྒྲུབ་ཀྱིས་བོད་སྒྱུར་བྱས།
དྲུག་པ། ལྷའི་ཀུན་སྤྱོད་ཀྱི་རྩོད་སྒྲུབ།
ད་ལྟ་ང་ཚོ་གོམ་གང་མདུན་སྤོས་ཀྱིས་རིམ་པ་གསར་པ་ཞིག་ཏུ་སླེབས་ཡོད་ཅིང་། ངས་ལྷ་ཡོད་སྨྲ་བ་ཚོའི་ཁུངས་སྐྱེལ་གྱི་རིགས་སྟོབས་མར་ཆག་པ་དང་། ང་ཚོ་ཀུན་སྤྱོད་ཀྱི་རྩོད་སྒྲུབ་རིག་པའི་ལམ་ནས་ལྷ་ཆེན་ནམ་བྱེད་པ་པོ་ཞེས་པ་ཡོད་མེད་ཀྱི་གྲོས་མོལ་ལ་སླེབས་ཡོད་ཟེར་གྱི་ཡོད།
ཚང་མས་ཤེས་གསལ་ལྟར། དེ་སྔོན་བྱེད་པ་པོ་ཡོད་པའི་རིག་ལམ་གྱི་སྒྲུབ་བྱེད་གསུམ་ཡོད་པ། Immanuel Kant ཁང་ཏེས་<<གཏན་ཚིག་ཡང་དག་གི་དགག་པ།>>ཞེས་པའི་ནང་དུ་གསལ་བོ་བཟོས་ཡོད་པ་རེད། འོན་ཀྱང་ཁོང་གིས་རྩོད་སྒྲུབ་འདི་དག་ངོ་སྤྲོད་བྱས་མ་ཐག་ཏུ། ཡང་བསྐྱར་སྒྲུབ་བྱེད་གསར་པ་ཞིག་མཚམས་སྦྱོར་བྱས་པ་རེད། འདིས་ཁོ་ལ་ཅུང་ཙམ་ཡིད་ཆེས་བྱེད་དུ་འཇུག་ཐུབ་ཡོད།
ཁོང་ཡང་མི་མང་པོ་དང་འདྲ་བར་། རིག་ལམ་གྱི་ཐད་ནས། ཁོང་གིས་ཐེ་ཚོམ་གྱི་རྣམ་འགྱུར་ཞིག་འཛིན་གྱི་ཡོད་མོད། འོན་ཀྱང་ཀུན་སྤྱོད་ཀྱི་གནད་དོན་ཐད་ནས། ཁོང་གིས་རང་གི་ཨ་མའི་འཁྲིས་ནས་ཐོབ་པའི་ལེགས་བཤད་ལ་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད།
འདིའི་ཐད་སེམས་ཁམས་དབྱེ་ཞིབ་པ་རྣམས་ཀྱིས་ནན་བཤད་བྱས་པ་ཞིག་ནི། དགག་སྒྲུབ་དེ་རིགས་ཀྱིས་དེ་སྔའི་སྤྱི་ཚོགས་ལས་ད་ལྟའི་གནས་བབ་ལ་ཤུགས་རྐྱེན་ཆེ་བ་ཐེབས་པ་གསལ་བཤད་བྱས་ཡོད།
ངས་བཤད་པ་ལྟར་ཁང་ཏེས་(Kant)བྱེད་པ་པོ་ཡོད་ཚུལ་གྱི་ཀུན་སྤྱོད་ཀྱི་རྩོད་སྒྲུབ་གསར་པ་ཞིག་གསར་གཏོད་བྱས་པ་དེ་དུས་རབས་བཅུ་དགུ་པར་རྣམ་པ་འདྲ་མིན་གྱི་ཐོག་ནས་དར་ཁྱབ་ཧ་ཅང་ཆེན་པོ་བྱུང་བ་རེད། དེར་རྣམ་པ་སྣ་ཚོགས་ཡོད། དེའི་ནང་གི་གཅིག་ནི་བྱེད་པ་པོའམ་ལྷ་ཆེན་ཡོད་པ་མ་གཏོགས། དེ་མེད་ན་འགྲིག་པ་དང་ནོར་བའི་རྣམ་བཞག་ཤོད་ཐབས་མེད།
ཅེས་བཤད་པ་དེ་རེད། ངས་གནས་སྐབས་སུ་འགྲིག་མིན་དང་ནོར་མིན་གྱི་ཁྱད་པར་ལ་དོ་སྣང་མི་བྱེད་ལ། ཡོད་མེད་ལ་ཡང་དོ་ཁུར་མི་བྱེད། དེ་ནི་གནད་དོན་གཞན་ཞིག་རེད། བདག་གིས་དཔྱོད་བློ་འཇུག་ས་ནི། གལ་ཏེ་ཁྱོད་ཀྱིས་འགྲིག་པ་དང་། ནོར་བའི་བར་ལ་ཁྱད་པར་ཅུང་ཞིབ་ཚགས་ཙམ་གཏན་ཁེལ་བྱེད་ཐུབ་ན། ཁྱོད་རང་གནས་ཚུལ་འདི་འདྲའི་འོག་ཏུ་ཡོད་དེ། ཁྱད་པར་དེ་ནི་བྱེད་པ་པོ་ཉིད་ཀྱི་བཀའ་ཡིན་ནམ་མིན། གལ་ཏེ་འདི་ནི་བྱེད་པ་པོ་རང་གི་བཀའ་ཡིན་ན། བྱེད་པ་པོ་རང་ཉིད་ལ། འགྲིག་མིན་གྱི་དབྱེ་བ་ཅི་ཡང་མེད་པར་བྱེད་པ་པོ་ནི་ཡང་དག་པ་ཞིག་ཡིན་ཞེས་བཤད་ན་དེར་དོན་སྙིང་ཅི་ཡང་མེད།
གལ་ཏེ་ཁྱོད་ཀྱིས་ལྷ་ཡོད་སྨྲ་པའི་མཁས་པ་ལྟར། བྱེད་པ་པོའམ་ལྷ་ཆེན་ནི་ཡག་པོ་ཞིག་ཡིན་ཞེས་བཤད་འདོད་ན། ངེས་པར་དུ་འགྲིག་ནོར་ལ་དོན་སྙིང་ཞིག་ཡོད་ཅེས་བཤད་དགོས། དོན་སྙིང་དེ་རིགས་བྱེད་པ་པོའི་བཀའ་ལྟར་རང་ཚུགས་སུ་གནས་པ་རེད། བྱེད་པ་པོའི་བཀའ་ནི་ཡག་པོ་ཞིག་ཡིན་པ་ལས། ངན་པ་མིན་པར། ཁོས་རང་གི་དོན་དངོས་གསར་སྐྲུན་བྱེད་པར་རང་ཚུགས་སུ་གནས་པ་ཞིག་ཡིན་པའི་རྐྱེན་གྱིས་རེད་ཅེས་ཁྱོད་ཀྱིས་འདི་ལྟར་བཤད་དགོས།
ད་དུང་ཁྱོད་ཀྱིས་འགྲོ་བ་སེམས་ཅན་གྱི་རྒྱུད་དུ་འགྲིག་པ་དང་ནོར་བ་བྱེད་པ་པོ་ཁོ་ན་བརྒྱུད་ནས་ཡོང་བ་མིན་པར། འགྲིག་པ་དང་ནོར་བའི་རྣམ་བཞག་ནི་དཀོན་མཆོག་ཡར་སྔོན་ནས་ཡོད་པ་རྒྱུ་མཚན་གྱིས་ཤེས་ཐུབ་ཟེར་ངེས། བརྗོད་མི་དགོས་པར་ཁྱོད་ལ་འདོད་པ་ཡོད་ན། འདི་ལྟར་བཤད་ཆོག་སྟེ། དེར་སྔོན་ནས་འཇིག་རྟེན་འདི་སྐྲུན་མཁན་གྱི་བྱེད་པ་པོར་བཀོད་མངགས་བྱེད་མཁན་གྱི་ཟླ་མེད་པའི་ལྷ་ཆེན་ཞིག་ཡོད་ཅེས་བཤད་དགོས། ཡང་ན་ནོ་སི་ཐི་(Gnosticism) ཕྱོགས་ཁག་གི་བཤད་ཚུལ་འགའ་དྲངས་ཆོག་ཅེས་བཤད་ཆོག ངས་རྒྱུན་དུ་དེ་ནི་གནས་ལུགས་ཆེན་པོ་ཡོད་པའི་བཤད་ཚུལ་ཞིག་རེད་བསམ་གྱི་འདུག དོན་དངོས་ཐོག་ང་ཚོས་ཤེས་པའི་འཇིག་རྟེན་འདི་ནི་གདོན་འདྲེས་དཀོན་མཆོག་གིས་དོ་སྣང་མ་གནང་བའི་སྐབས་སུ་གསར་སྐྲུན་བྱས་པ་ཞིག་ཡིན་ཟེར་བ་དེ་རེད། སྐད་ཆ་དེའི་ལན་དུ་འོས་འཚམ་ཆེ་བ་ཞིག་ནི། མི་སྨྲ་བའི་རྟུལ་ཞུགས་དང་དུ་ལེན་པ་དེའོ།།
Gnosticism.
གནའ་བོའི་གྷི་རིག་གི་ཆོས་ལུགས་ཤིག་ཏེ། ཡེ་ཤུ་ཆོས་ལུགས་སོགས་ཀྱི་གཞི་རྩའི་ཤེས་བྱའི་འབྱུང་ཁུངས།