ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས།
ལྔ་ཚན་དང་པོ།
‘ད་ལྟའི་དུས་འདི་དབུ་མ་དང་རང་བཙན་གྱི་ལྟ་གྲུབ་རྩོད་པའི་དུས་མིན།’ ཞེས་སོགས་དགོངས་སྲིད་ཀྱང་། གནའ་མི་བོད་ཀྱི་ཁ་དཔེར་། ‘ཝ་མི་བརྒྱལ་ཀ་མེད་ལྷ་འདྲེས་མགྲམ་ལྕག ཁྱི་མི་ཟུག་ཀ་མེད་རྐུན་མས་ནག་འབུར།’ ཟེར་བ་བཞིན་ངས་རང་གི་ཁོག་ན་ཡོད་པའི་འཆར་སྒོ་འདི་ཕྱིར་མ་བཏོན་ན་ང་ཚོ་ལམ་ནོར་འདིའི་ནང་དུ་ཕྱིར་ལྡོག་གི་བསམ་ཞིབ་ཅིག་ཀྱང་མི་བྱེད་པར་ཤར་སྐྱོད་བྱེད་ཀྱིན་ཡོད་པས་ཡིན། ལར་ནས་དབུ་མ་དང་རང་བཙན་གྱི་བགྲོ་གླེང་འདི་ནི་ཆིག་སྒྲིལ་ལ་གནོད་པའི་ལས་དོན་ཞིག་ཏུ་བསམ་མི་འོས་པར་ལྟ་གྲུབ་བརྡར་ཤ་བཅད་ནས་འགྲོ་ལམ་ལ་ངེས་ཤེས་འདྲོངས་བའི་ཕན་གྲོགས་སུ་བསམ་དགོས། ལྷག་པར་དུ་སྤྱི་ཚོགས་ཇི་ཙམ་གྲོས་གླེང་དང་བལྟ་གྲུབ་གུ་ཡངས་བར་བཞག་པ་དེ་ཙམ་གྱིས་ཆིག་སྒྲིལ་ལ་ཕན་པ་ལས་གནོད་པ་མིན་པའི་གནད་དོན་འདི་ཡང་ཐུགས་ལ་བཅང་རོགས་ཞུ།
ངས་རང་བཙན་ལ་རྒྱབ་སྐྱོར་བྱེད་པ་ནི་གཞན་མང་པོ་ཞིག་དང་། ལྷག་པར་དུ་གསར་བུ་སྣང་སྤྲོ་མང་པོ་ཞིག་གིས་རང་བཙན་ལ་རྒྱབ་སྐྱོར་བྱས་པ་དང་མི་འདྲ། དེ་ལས་ཀྱང་ལྷག་པར་དུ་རང་དོན་ཁོག་བཅུག་གིས་རང་བཙན་ལ་རྒྱབ་སྐྱོར་བྱེད་པའི་སྲིད་དོན་པ་དེ་འདྲ་ཡོད་ན་དེ་དག་དང་ཡེ་ནས་མི་འདྲ། གཤམ་དུ་ཁོ་བོས་རང་བཙན་ལ་རྒྱབ་སྐྱོར་ཅིའི་ཕྱིར་མི་བྱེད་པའི་དོན་དག་འགའ་ཞིག་གྲངས་ཀ་ལྔ་རེ་ལ་བགོས་ནས་འཆད་རྒྱུ་ཡིན།
ངས་རང་བཙན་ལ་རྒྱབ་སྐྱོར་བྱེད་པ་ནི་དབུ་མའི་ལམ་འདི་མཐའ་གཅིག་ཏུ་ནོར་བར་མཐོང་བས་མིན་ལ། རང་བཙན་འདི་མཐའ་གཅིག་ཏུ་བཟང་པར་རྟོགས་ནས་འང་མིན། ཡིན་པ་ནི་དབུ་མའི་ལམ་འདིས་བདག་གི་བློ་ཁ་མ་ཁེངས་བ་དང་། དེའི་བརྗེ་ལེན་ལ་ཐབས་ལམ་དེ་ལས་ལེགས་པ་གཞན་ཞིག་ད་ལྟ་རང་རེའི་སྤྱི་ཚོགས་ནང་དུ་སྟོན་རྒྱུ་མེད་པས་ཡིན། དེར་མ་ཟད་དབུ་མ་འདི་དུས་ཚོད་ཀྱི་ཆ་ནས་རན་མེད་པ་དང་། རང་བཙན་འདི་དུས་ཚོད་ཀྱི་ཆ་ནས་ཀྱང་འདི་ལྟར་བློས་གཏོང་རུང་བ་ཞིག་མིན་པས་ཡིན། དེ་བཞིན་དབུ་མ་ཉེ་བ་དང་རང་བཙན་རྒྱང་བའི་སྒྲུབ་བྱེད་གཅིག་ཀྱང་བདག་གི་བློ་ཡུལ་ལ་འཆར་མི་ཐུབ་པས་ཡིན་པ་མ་ཟད། ཆོལ་གསུམ་རང་བཙན་རྩོད་པར་རྒྱལ་སྤྱིའི་ཁྲིམས་ནང་དུ་ཐོབ་ཐང་ཤོར་ཚར་བར་བཤད་མཁན་ཡོད་པ་དེ་ལྟར་མིན་པའི་བདེན་དཔང་སྟོན་རྒྱུ་ཡོད་པས་ཡིན། བདེན་དཔང་དེ་འོག་ཏུ་གསལ་ཡོད།
མཚན་བརྗོད་པར་དཀའ་ཞིང་དགོས་པ་དང་དོན་གྱི་སླད་དུ་མཚན་ནས་སྨྲོས་ན་རྒྱལ་གཅེས་དཔའ་བོ་སྐུ་ཞབས་བཀྲ་བྷེ་ཡིས་གཙོས་པའི་རྒྱལ་གཅེས་དཔའ་བོ་དེ་དག་གིས་རང་ལུས་ཀྱི་རྣག་ཁྲག་གི་བློས་གཏོང་ལས་ཀྱང་ཡོངས་སུ་བརྒལ་བའི་ཆེས་བླ་ན་མེད་པའི་བློས་གཏོང་སྟེ། རང་ལུས་མེ་མཆོད་ལ་འབུལ་བའི་རྒྱལ་སྲས་ཀྱི་སྤྱོད་པ་ལ་ཞུགས་ཡོད། ཁོང་རྣམས་ཀྱི་བློས་གཏོང་དེ་དག་གི་བརྗིད་ཀྱི་ལྟོས་དང་། དཔལ་གྱི་ཕུང་པོ་ནི་བདག་འདྲ་བ་དག་གི་བློ་ཡི་ཡུལ་ལས་ཡོངས་སུ་འགོང་བ་ཞིག་རེད། རླབས་ཆེན་གྱི་མཛད་པ་དེ་དག་གི་མདུན་དུ་ལས་དོན་གང་ཞིག་ཀྱང་གླེང་རིན་ཞིག་ག་ལ་ཡོད།
འོན་ཀྱང་རང་བཙན་ཆེད་དུ་འཐབ་རྩོད་ལ་གཞོལ་རྒྱུ་དང་། ད་སྐབས་ཀྱི་སྤྱི་ཚོགས་འདིར་མཐའ་ན་དེ་ལ་རྒྱབ་སྐྱོར་ཞུ་རྒྱུ་དེ་ཡང་ཞུ་མཁན་རང་ཉིད་ལ་དཔགས་པའི་བློས་གཏོང་མི་ཆུང་ཙམ་ཞིག་ཡིན། རྒྱུ་མཚན་ནི་དེ་ལྟར་བྱས་ན་གོང་ན་བླ་མའི་བཀའ་དང་འགལ་ཨེ་འགྲོ་སྙམ་པའི་ཐེ་ཚོམས། བར་ན་གཉེན་དང་སྤྱི་ཚོགས་ཀྱི་ཐུགས་དགོངས་འཁྲུགས་ཨེ་འགྲོ་སྙམ་པའི་སེམས་ཁྲལ། འོག་ན་རང་གི་ཕ་ཡུལ་བོད་ཀྱི་ས་ཐོག་ལ་འབྲེལ་བ་ཡོད་པའི་རང་ཉིད་ཀྱི་མདུན་ལམ་མཐའ་དག་རྡོག་རོལ་དུ་གཏོང་དགོས་པའི་ཕངས་སེམས་སོགས་ཆེན་པོ་དག་གི་ཐུགས་ལ་ཆུང་ཆུང་འདྲ་ཡང་ཆུང་ཆུང་དག་ལ་ཆེན་པོ་ཡིན་པའི་དོན་དག་མང་པོ་ཞིག་བློས་གཏོང་བྱེད་དགོས། ད་བར་དུ་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་མང་དག་ཅིག་གིས་དཀའ་ངལ་འདི་དག་གདོང་ལེན་བྱས་ཡོད་པ་ལས། འགའ་ཞིག་གིས་བཤད་ཚུལ་བཞིན་དོན་མེད་གཞུང་དམངས་དབར་ལ་འགལ་ཟླ་དང་། ནང་ཁུལ་དབར་དཀྲུགས་ཤིང་བཟོས་པ་ཞིག ༧རྒྱལ་བའི་བཀའ་དགོངས་དང་འགལ་ཟླ་བྱས་པ་ཞིག དངོས་ཡོད་གནས་ཚུལ་ཆ་ཚང་བ་གསལ་བོར་ཧ་མ་གོ་བ་ཞིག་སོགས་ཡེ་ནས་མིན།
ལྔ་ཚན་གཉིས་པ།
རྒྱ་གཞུང་ལ་རྒྱུས་ཡོད་ཅིང་། བསམ་གཞིགས་ཀྱི་རྩལ་རྫོགས་པའི་མཁས་པ་དག་གི་གསུང་སྒྲོས་ལ་བལྟས་ན་དབུ་མའི་ལམ་འདི་ལ་མདུན་ལམ་འོད་ཟེར་འཕྲོ་བ་ཞིག་མི་འདུག ཁོང་ཚོས་“གུང་ཁྲན་ཏང་ལ་བློ་གཏད་བྱེད་ས་མེད་ལ། དམར་ཤོག་དྲག་གཞུང་ལ་ཞི་མོལ་ཡོང་ཐབས་གནང་བཞིན་པ་ནི‘སྟག་ལ་སྟག་ལྤགས་སློང་བ’་དང་གཅིག་མཚུངས་ཡིན་སྟབས། རང་ཉིད་ཀྱིས་རང་ཉིད་ལ་བསླུ་བྲིད་བཏང་བ་ལས་གཞན་མེད།”་ཅེས་སྡོམ་ཚིག་བརྒྱབ་ཡོད། འཇར་མན་དུ་བཞུགས་པའི་སྐད་གཉིས་རྩོམ་པ་པོ་དང་འབུམ་རམས་པ་གཅིག་ལྕོགས་རྒྱ་རིགས་བུད་མེད་ཞུའུ་ཕའེ་ལགས་དང་རྒྱ་ནག་ཉམས་ཞིབ་དང་རང་དབང་གི་རྩོམ་པ་པོ་ལྷ་སྡེ་གནམ་ལོ་ཡག་གཉིས་ཀྱིས་དྲི་བ་དྲིས་ལན་གྱི་ཚུལ་དུ་ཡིག་འབྲེལ་གླེང་མོལ་བྱས་པའི་ནང་དོན་ཉུང་ངུ་ཞིག་གཤམ་དུ་བཀོད་ཡོད།
ཞུའུ་ཡིས་‘ལྟ་ཚུལ་གསུམ་བརྒྱུད་སྤྲོད་གནང་རོགས། དང་པོ། བོད་མིར་གཉའ་གནོན་བྱེད་མཁན་ནི་དམར་ཤོག་ཚོགས་པ་ཡིན་པ་ལས་རྒྱ་མི་མིན་ལ། དམར་ཤོག་ཚོགས་པའི་ནང་དུ་བོད་མིའང་ཡོད། གཉིས་པ། པེ་ཅིན་གྱིས་བོད་ལ་དབང་བསྒྱུར་ནི་དྲང་བདེན་མིན་པ་དང་མདུན་ལམ་མེད་པ་བཞིན་དུ་རྒྱ་ནག་ལ་དབང་བསྒྱུར་བྱེད་ཀྱིན་པའང་དེ་ག་རང་ཡིན། གསུམ་པ། “ང་ཚོས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་རྩོད་པ”་ཞེས་པ་འདི་ནི“སྟག་ལ་སྟག་སྤགས་སློང”བཞིན་པ་དང་གཉིས་སུ་མེད་པས། འགྲུབ་མི་སྲིད་པ་ཞིག་ཏུ་མཐོང་། མདོར་བསྡུས་ནས་བཤད་ན། ང་རང་གིས་བོད་མི་ཚོར་ནམ་རྒྱུན་རྒྱ་ནག་དམར་ཤོག་སྲིད་གཞུང་དང་འབྲེལ་མོལ་གྱིས་བོད་ཀྱི་གནད་དོན་ཐག་གཅོད་གནང་རྒྱུའི་སྟོང་བསམ་དེ་དོར་རོགས་ཞེས་པར་གནས་ལུགས་དང་རྒྱབ་རྟེན་འཐུས་ཚང་ཞིག་ཡོད།’་ཞེས་དང་། ‘ཐ་ན་ང་རང་ལྟ་བུའི་དབང་དང་སྟོབས་ཤུགས་ཅི་ཡང་མེད་པའི་སྒེར་ཚུགས་ཅན་གྱི་ཤེས་ཡོན་པ་ཞིག་ཀྱང་ཕ་ཡུལ་ལ་ལོག་ཐུབ་ཀྱི་མེད་པས། ཏཱ་ལའི་བླ་མ་མཆོག་ཇི་ལྟར་ཕ་ཡུལ་དུ་ལོག་རྒྱུ་ཡིན་ནམ། དེ་མིན་རང་ཉིད་མགོ་བསྐོར་འོག་ཚུད་བསམ་གྱི་ཡོད་ན་དོན་དག་གཞན་པ་རེད།’་ཞེས་དང་། ‘ནང་བསྟན་ནི་བྱམས་དང་སྙིང་རྗེ་ཡི་བདག་ཉིད་ཅན་ཞིག་ཡིན་མོད། ཟིལ་ཤུགས་ཀྱང་ཡོད་པས། རེ་བ་ཡིན་ན་བོད་མི་ཚོས་ཡིན་མིན་དབྱེ་འབྱེད་དང་བཟང་ངན་གོ་འབྱེད་ཀྱིས་དམར་ཤོག་ཚོགས་པར་མཉམ་འབྲེལ་མི་བྱ་རྒྱུ་དེ་ཧ་ཅང་གི་གལ་ཆེན་རེད།’་ཞེས་སོགས་གསུངས་འདུག
ལྔ་ཚན་གསུམ་པ།
ད་ལྟ་ནི་མགོ་འདོགས་པའི་དུས་མིན། ནུབ་བྱང་མི་རིགས་སློབ་ཆེན་གྱི་གཞོན་སྐྱེས་སློབ་མ་དག་གིས་སྤེལ་བའི་ <> དུས་དེབ་ཀྱི་གླེང་བརྗོད་ནང་དུ་‘ཤར་དུང་རི་འདི་གསོན་ན་འོད་སྟོང་ལྡན་པར་གསོན་དགོས་ཤིང་། འཆི་ན་བརྗིད་ལྡན་པར་འཆི་དགོས།’ ཞེས་འཁོད་པ་ལྟར་བོད་གངས་ཅན་གྱི་རྒྱལ་ཁབ་འདི་ཡང་གསོན་ན་འོད་སྟོང་ལྡན་པར་གསོན་དགོས་ལ། འཆི་ན་བརྗིད་ལྡན་པར་འཆི་དགོས་པ་ལས་མགོ་བོ་མི་འོག་ཏུ་སྒུར་ནས་སྡུག་ཤི་རྒྱག་མི་འོས། གནའ་མི་བོད་ཀྱི་གཏམ་དཔེརཿ ‘ཝ་རྔ་མ་ཤར་ལེ་འབྲོ་བ་ལས། སྟག་འཛུམ་དྲུག་ཉི་ལེ་ཤི་ན་དགའ་།’ ཞེས་དང་། རྒྱ་གར་གྱི་དཔའ་བོའི་ངར་གཏམ་ཞིག་ལཿ ‘མགོ་འབྲེག་ཏུ་འཇུག་ཐུབ་པ་ལས། མགོ་སྒུར་ཏུ་འཇུག་མི་ཐུབ།’ ཞེས་པ་བཞིན་ང་ཚོའི་ལ་རྒྱ་དེ་ད་རུང་དེ་འདྲ་བྱས་ནས་འཆོར་ཡེ་ནས་རན་མེད། རང་རེའི་དཔའ་བོའི་སྙིང་སྟོབས་ཀྱི་ལོ་རྒྱུས་དེ་ཚོ་ད་ཆ་གང་དུ་སོང་ངམ། མེས་པོ་གཟི་བརྗིད་ཅན་དེ་ཚོའི་དཔའ་བོའི་གཏམ་རྒྱུད་དེ་དག་ད་ཆ་བརྗེད་སོང་ངམ། གཏམ་འདི་ཚོ་ཕོ་གསར་ཙད་ཐུང་དག་གི་སྐད་ཆ་ཞིག་ལས་རྒད་པོ་བསམ་ཤེས་ཅན་གྱི་སྐད་ཆ་མ་རེད་དགོངས་སྲིད། འོན་ཀྱང་ད་ལྟའི་དུས་སྐབས་འདིར་སྐད་ཆ་འདི་འདྲ་ཞིག་ལས་གཞི་ལ་བབ་པའི་སྐད་ཆ་ཞིག་བཤད་པའི་དུས་ལ་ཡེ་ནས་བབ་མི་འདུག་སྙམ། དབུ་མའི་ལམ་ལ་ཞུགས་པ་ནི་སྤྱིར་ན་ཡོང་རྒྱུ་མེད་པས་ཉེན་ཁ་དེ་ཙམ་མེད་པར་བསམ་ཆོག་ན་ཡང་། སྟབས་མ་ལེགས་པར་རྒྱ་ཕྱོགས་ནས་འདི་ལ་ཡ་ལན་ཞིག་སྤྲད་ན་དེ་དུས་ནས་ང་ཚོའི་མགོ་རྣ་ཡོངས་སུ་ཤོར་ཚར་བ་རེད། ང་ཚོ་མང་པོ་ཞིག་གིས་ང་ཚོར་དབུ་མའི་ལམ་གྱི་ཆ་རྐྱེན་ནང་ནས་རང་ཡུལ་དུ་ལོག་པའི་གོ་སྐབས་ཤིག་བྱུང་ན་ང་ཚོའི་སྙིང་དུ་གནག་པའི་རང་རེའི་རིག་གཞུང་འདི་གསོན་པོར་གནས་པའི་རེ་བ་ཞིག་ཡོད་དགོངས་ཀྱིན་ཡོད་ཀྱང་དེ་ནི་ཕྱོགས་གང་ཐད་ནས་བལྟས་ཀྱང་རེ་སྟོང་ཁོ་ན་ལས་མ་འདས་པར་སྙམ། འདིའི་རྒྱུ་མཚན་ལྔ་གཤམ་དུ་ཡོད།
དེས་ན་ང་ཚོ་དབུ་མའི་ལམ་དུ་ཞུགས་ནས་བཙན་བྱོལ་གཞུང་མཇུག་བསྡུས་ཏེ་རང་ཡུལ་དུ་ལོག་པ་ཡིན་ན་ད་ལྟ་ས་ཡ་དྲུག་གི་རེ་བའི་མིག་འབུར་གཏོད་སའི་བཙན་བྱོལ་གཞུང་འདི་ཡང་མེད་པར་འགྱུར་བ་མ་ཟད། ད་ལྟ་ང་ཚོ་བཙན་བྱོལ་དུ་ཡོད་སྐབས་སྟོབས་ཤུགས་ཆུང་རུང་རྒྱས་གནོན་ཤུགས་ཀྱིསདེ་ཙམ་མི་སྙོབས་པ་རེད། གལ་སྲིད་ང་ཚོ་ད་ལྟ་ཕར་ལོག་པ་ཡིན་ན་རྒྱ་གཞུང་གིས་གནོན་ཤུགས་འདེགས་དཀའ་བ་རེ་སྤྲད་ནས་བོད་ཀྱི་འཐབ་རྩོད་ཡོངས་རྫོགས་རྨག་མེད་དུ་འགྲོ་ཉེན་ཡོད། དེའི་ཕྱིར་ང་ཕར་སླེབས་ནས་ཕྱི་ལོགས་ན་ཡོད་པའི་རང་གཞུང་ཡང་མེད། དབང་ཆ་ཡོངས་སུ་རྫོགས་པ་མི་ལག་ཏུ་ཤོར། ཕ་རི་གླ་བ་མེད། ཚུ་རི་ལྕི་བ་མེད། ཅེས་པའི་དཔེ་ཇི་བཞིན་ཞིག་ཡོང་གི་རེད་སྙམ་ཡོད། དེ་ནི་ངོ་མ་བོད་རྒྱལ་ཁབ་འདི་མིག་གིས་མཐོང་གིན་མཐོང་གིན་དོང་ནང་དུ་འཕུད་པ་དང་གཉིས་སུ་མེད། གལ་སྲིད་ང་ཚོའི་བདེན་པའི་ཨུ་ཚུགས་ཞིག་ལ་འཇུས་ནས། བོ་ཐོ་གཅིག་ལ་རྡོག་པ་གཏད། མདུང་ཡུ་གཅིག་ལ་མཆིལ་མ་བཏབ་ནས་བསྡད་ན་དམའ་མཐར་ཡང་ང་ཚོར་རེ་བ་འཆང་ས་ཞིག་ཡོད། ད་ལྟའི་དུས་སྐབས་ལ་འདི་འདྲ་ཞིག་ལས་འོས་པ་གཞན་གང་ཡང་ཡོད་པར་མི་མཐོང་། གལ་སྲིད་དེ་ལྟར་བྱས་ན་ལོ་མི་མང་བ་ཞིག་གི་ནང་དུ་འགྱུར་བ་ཞིག་བྱིན་ན་ལྟ་ཅི། ཅི་སྟེ་འུ་ཅག་རྒྱ་འོག་ཏུ་ལོ་བརྒྱ་སྐོར་ལྷག་རེ་ལུས་ཤིང་། དེའི་རིང་ལ་ཅི་སྟེ་རང་རེའི་རིག་གཞུང་དང་མི་རིགས་ཀྱི་ངོ་བོ་འདིའི་སྲོག་འཕྲོ་མ་ཆད་ཙམ་དུ་གནས་ཐུབ་ནས་དེ་དག་སྐྱར་གསོ་བྱེད་པའི་གོ་སྐབས་ཤིག་ཤར་ན། དེ་དུས་རེ་བའི་མིག་ཟུང་གཏད་ས་ཞིག་ཡོང་གི་རེད། གལ་སྲིད་ལོ་གྲངས་གང་མཚམས་ཤིག་ནས་ཤུལ་མེད་དུ་འགྲོ་གིན་ཡོད་ན་བསྐོས་པའི་ལས་ལ་བཅོས་པའི་ཐབས་མེད་ཟེར་བའི་དཔེ་ལྟར་རེད། གང་ལྟར་ཀྱང་གསོན་པོར་གནས་རྒྱུ་ནི་མིན་པ་ཡིན་ན་མགོ་མི་འོག་ཏུ་བཞག་ནས་ཤི་བ་ལས། རང་སྔས་སུ་བཞག་ནས་གྲོངས་བ་མི་མཛེས་སམ། དཔའ་བོའི་གཏམ་རྒྱུད་འཛམ་གླིང་ན་ལྡིར་བའི་ཡབ་མེས་ཚོའི་ཤ་ཁྲག་གི་རྒྱུན་ལས་སྐྱེས་པའི་འུ་ཅག་གིས་སྡར་བའི་ངང་ཚུལ་འདི་ལྟར་བཟུང་ན་དཔའ་སྙིང་ཅན་གྱི་རང་རེའི་མེས་པོ་གོང་མ་ཚོའི་བླ་དགུལ་བ་མིན་ནམ། མགོ་འདོགས་རིང་ལུགས་འདིས་ད་བར་རང་རེ་ཆུ་ལ་གཡུག་ཡོད་ཅིང་། ད་དུང་ཡང་མགོ་འདོགས་རིང་ལུགས་ལ་ཆས་ན་ཤུལ་མེད་དུ་འགྲོ་རྒྱུ་མ་གཏོགས་ལྷག་མེད་སྙམ་པ་ཡིན། གོང་དུ་བཤད་པའི་དོན་དེ་ལ་གསལ་བཤད་དམ་རང་གི་འཆར་སྒོ་དེ་འཆད་ལོས་དགོས། ང་ཚོ་དབུ་མའི་ལམ་གྱི་ཆ་རྐྱེན་འོག་རང་ཡུལ་དུ་ལོག་ན་ཡང་རང་གི་རིག་གཞུང་སོགས་ལ་སྲུང་སྐྱོབ་སྔར་ལས་ལྷག་པ་ཞིག་བྱེད་ཐུབ་པར་སྙམ་པ་འདི་ཕྱོགས་གང་ནས་བལྟས་ཀྱང་སྟོང་བསམ་ཡིན་ཞེས་ཞུས་ཡོད། དེའི་རྒྱུ་མཚན་བདག་གི་བློ་ངོར་འཆར་ཚོད་ལྔ་ཞུ་རྒྱུར།
༡། རིག་གཞུང་ངམ་ལེགས་བྱང་སྲུང་སྐྱོབ་ལ་གཞིས་ལུས་བོད་མིས་མ་འབྱོན་པ་ཞིག་ང་ཚོས་འབྱོན་པའི་གདེངས་ཚོད་ཅི་ཡོད། ཤུལ་ལུས་བོད་མི་དག་གིས་ད་བར་དུ་དཀའ་ངལ་དང་གདུག་རྩུབ་བསམ་ཡུལ་ལས་འདས་པ་དེ་འདྲའི་འོག་ཏུ་རང་གི་རྒྱལ་ཁབ་ཀྱི་ལེགས་བྱང་དང་ངོས་འཛིན་དེ་ཇི་ལྟར་སྲུང་སྐྱོབ་བྱས་པ་དེ་ལས་ལྷག་པ་ཞིག་ང་ཚོ་ཕར་སོང་བས་ཀྱང་འབྱོན་རྒྱུ་དཀའ་མོ་ཡིན་སྙམ། ཕྱི་ལོགས་ན་ཡོད་པའི་བོད་མིའི་བོད་ཡིག་གི་གནས་ཚད་ལ་གཅིག་གཟིགས་དང་། དེ་དང་བོད་ནང་གི་བོད་ཡིག་གི་གནས་ཚད་གཅིག་སྡུར་དང་། ང་ཚོ་ཕར་སོང་ནས་གཞིས་ལུས་བོད་མི་དག་ལས་ལྷག་པ་ཞིག་འབྱོན་ས་རེད་དམ་བསམ་གཞིགས་བྱེད་རིན་ཡོད་པ་ཞིག་རེད། དེ་བཞིན་རང་རེའི་ལུགས་སྲོལ་དང་གོམས་གཤིས་གཞན་དང་གཞན་ཕྱི་ལོགས་ན་ཇི་ཙམ་སྲུང་སྐྱོབ་བྱས་ཡོད། བོད་ནང་དུ་ཇི་ཙམ་སྲུང་སྐྱོབ་གནང་འདུག་གམ།
༢། ‘ང་ཚོས་ཁོང་རྣམ་པ་ལས་ལྷག་པ་ཞིག་འབྱོན་གྱི་རེད་ཟེར་གྱི་མེད། ང་ཚོར་དབང་ཆ་ཞིག་རག་དགོས་ཟེར་བ་ཡིན།’་ཞེས་གསུང་ན། རྒྱ་ནག་གི་རྩ་ཁྲིམས་ལ་འགྱུར་བ་མ་ཐེབས་པར་དུ་དང་། ཡང་ན་རྒྱ་ནག་གི་དབུ་ཁྲིད་ཀྱི་སེམས་ཁམས་ལ་འགྱུར་བ་ཆེན་པོ་ཞིག་མ་ཐེབས་བར་དུ་ང་ཚོས་ལག་ཏུ་དབང་ཆ་ཆེན་པོ་ཞིག་རག་པའི་ལམ་ཁ་ཡེ་ནས་མེད། ད་ཡོད་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ནང་དུ་རང་ཅག་གི་མངོན་འདོད་དང་ལྡོག་ཟླར་གྱུར་བ་མང་དུ་ཡོད། རྩ་ཁྲིམས་དོན་ཚན་༡༢༧་ལ་རྒྱ་ནག་མི་མང་ཁྲིམས་ཁང་དེ་རྒྱ་ནག་རྒྱལ་ཡོངས་ཀྱི་ཁྲིམས་ཁང་མཐོ་ཤོས་དེ་ཡིན་ཞེས་འཁོད་འདུག དོན་ཚན་༡༡༦་ལ་རང་སྐྱོང་ཁག་གི་འཐུས་མིས་ཁྲིམས་ཞིག་བཟོས་ཀྱང་གོང་རིམ་ལ་ཆོག་མཆན་ཞུ་དགོས་པར་འཁོད་འདུག དོན་ཚན་༡༠༧་ལ་རང་སྐྱོང་སོགས་ཀྱི་དབང་ཚད་ལ་ཚད་བཀག་བྱས་འདུག དོན་ཚན་༦༧་ལ་རྒྱལ་སྲིད་སྤྱི་ཁྱབ་རྒྱུན་ལས་ཁང་ལ་གི་དབང་ཚད་བླ་ན་མེད་པ་དེ་སྤྲད་འདུག དོན་ཚན་༦༢་དང་༦༣་དང་༦༤་བཅས་ལ་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་ལ་གོང་ན་མེད་པའི་དབང་ཚད་དེ་སྤྲད་འདུག འདི་དག་ལ་གཅིག་གཟིགས་དང་། ང་ཚོར་དབང་ཆ་ཞིག་རག་རྒྱུ་ཞིག་ཨེ་ཡོད། ང་ཚོ་ད་ལྟ་ཕར་སོང་ན་རྒྱ་ནག་གི་རྩ་ཁྲིམས་ལ་ང་ཚོའི་མངོན་འདོད་དང་མཐུན་པའི་ཕྱོགས་སུ་འགྱུར་བ་གཏོང་ཐུབ་པའི་གདེངས་ཚོད་ཅིག་ཡོད་དམ། དེ་ལས་ཀྱང་གལ་ཆེ་བ་ནི་རྒྱ་ནག་གི་དབུ་ཁྲིད་ཀྱི་སེམས་ཁམས་དེ་བཟང་ཕྱོགས་སུ་ཇི་ལྟར་དང་། ག་དུས། ཇི་ཙམ་འགྱུར་གྱི་ཡིན་པ་དེ་རེད།
༣། ‘ད་ལྟའི་ཆར་རྒྱ་ནག་གི་རྩ་ཁྲིམས་ནང་དུ་རང་སྐྱོང་དང་གྲངས་ཉུང་མི་རིགས་སོགས་ཀྱི་ཐོབ་ཐང་འགྲིག་ཙམ་འཁོད་འདུག་པས་དེས་མི་འགྲིག་པ་མེད།’་གསུང་ན། རྒྱ་ནག་ནང་དུ་ཚོགས་པས་དབང་སྒྱུར་ཡིན་པ་ལས་ཁྲིམས་ཀྱིས་དབང་སྒྱུར་མིན། ཡིག་ཐོག་ལ་སྙན་པོ་དང་འདྲ་ཆགས་པོ་བཅོ་བརྒྱད་བྲིས་ཡོད་ཀྱང་། དེ་ལག་ལེན་ལ་སྟར་མི་དགོས་པ་ད་ལྟ་མངོན་སུམ་དུ་ཟུར་བལྟས་ལེབ་མཐོང་ཡིན་པ་འདི་ལ་དགོངས་པ་བཞེས་དགོས་ས་ཡོད། ང་ཚོར་རྒྱ་གཞུང་གིས་དམངས་ཁྲིམས་དང་ཉེས་ཁྲིམས་གང་ཞིག་གི་ནང་དུ་ཡང་རྒྱ་ནག་རྒྱལ་ཁབ་ཀྱི་ཁྲིམས་ལ་ཇི་ལྟར་འཁོད་པ་ལྟར་ཡིན་ལུགས་ཚུལ་ལྡན་གྱིས་ཁྲིམས་ཐག་བཅད་པའི་དཔེར་མཚོན་གཅིག་ཀྱང་སྟོན་རྒྱུ་ཡོད་དམ། ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་བདག་ཉིད་ལིའུ་ཞའོ་པོ་སོགས་འཛམ་གླིང་ན་སྙན་གྲགས་འབར་བའི་མི་སྣ་དག་ལ་ཁྲིམས་ཐག་གཅོད་སྐབས་ཀྱང་དེ་འདྲ་བྱེད་དགོས་ཀྱི་མེད་ན་གཞན་དག་ལ་ལས་དོན་རྣམས་ཁྲིམས་ལྟར་བསྒྲུབ་ཡོང་བའི་རེ་བ་དེ་འདྲ་བྱས་པ་ནི་ལྐུགས་པའི་རྣམ་ཐར་ལས་མ་འདས་པ་མིན་ནམ།
༤། ད་ལྟ་ང་ཚོའི་སེམས་སུ་ཡོད་པའི་དབུ་མའི་ལམ་གྱི་སྒྲ་སྤྱི་དེ་ནི་འཁྲུལ་སྣང་ཞིག་ཡིན། རྒྱུ་མཚན་ནིཿ ཅི་སྟེ་རྒྱ་ནག་གིས་གྲོས་གླེང་མགོ་འཛུགས་རོགས་བྱས་ན། ང་ཚོས་སྤྲད་པའི་དབུ་ལམ་གྱི་བསམ་འཆར་དེ་ནི་གྲོས་གླེང་མ་བྱས་སྔོན་གྱི་ང་ཚོའི་ངོས་ནས་སྤྲད་པའི་དགོས་འདུན་གྲོས་གཞི་དེ་ཡིན་སྟབས་དེའི་ཁ་ཐད་དུ་དེ་ལས་ལྡབ་བཅུ་འགྱུར་གྱིས་ཚད་དམའ་བའི་ཁོ་ཚོའི་ངོས་ནས་དགོས་འདུན་གྲོས་གཞི་ཞིག་ཡོང་གི་རེད། གྲོས་གླེང་དངོས་སུ་མགོ་བཙུགས་པའི་བརྒྱུད་རིམ་ནང་དུ་ཕྱོགས་གཉིས་ཀྱིས་རང་རང་གི་གྲོས་གཞིའི་ཐོག་ཏུ་ཇི་ཙམ་དབབ་ཐུབ་མིན་འཐེན་རྩོད་བྱེད་རྒྱུ་དེ་རེད། འཐེན་རྩོད་བྱས་པའི་རྒྱུད་རིམ་ནང་དུ་ཕྱོགས་གཉིས་པོ་སྟོབས་ཤུགས་དོ་མཉམ་པར་གནས་ཡོད་ན་ཁེ་གྱོང་ཆ་སྙོམས་པ་ཞིག་གི་ཐོག་ལ་འབབ་སྲིད་ཀྱི་རེད། འོན་ཀྱང་ཕྱོགས་གཉིས་པོ་སྟོབས་ཤུགས་དོ་མ་མཉམ་པར་གནས་ཡོད་ན་སྟོབས་ཤུགས་ཆེ་བ་དེའི་ཕྱོགས་སུ་མང་བ་འགྲོ་རྒྱུ་ཡིན་པ་ནི་ཆོས་ཉིད་རེད། ང་ཚོའི་གྲོས་གཞི་གཉིས་ལས་གཅིག་ནས་ཡར་སྤར་གཉིས་ནས་མར་ཕབས་ནས་མཐར་གྲོས་མཐུན་ཡོང་ས་ཞིག་ཏུ་འབབ་དགོས། དེས་ན་ང་ཚོའི་ད་ལྟ་བསམ་པའི་ཆོལ་གསུམ་ཡོངས་རྫོགས་གཅིག་ཏུ་འདུས་པའི་དོན་དམ་གྱི་རང་སྐྱོང་ཞེས་པ་ལས་ཇི་ཙམ་མར་འབབ་དགོས་པ་དེ་སུས་ཀྱང་བཤད་མི་ཐུབ། དེས་ན་ང་ཚོའི་དབུ་མའི་ལམ་གྱི་གྲུབ་འབྲས་དེ་ག་འདྲ་ཞིག་འབྱུང་རྒྱུ་ཡིན་པ་ད་དུང་བསམ་ཡུལ་ལ་མེད་པ་ཞིག་ཡིན་པས་ད་ལྟ་ང་ཚོས་སེམས་སུ་དབུ་མའི་ལམ་གྱི་སྒྲ་སྤྱི་ཞིག་ཡོད་པ་དེ་ནི་འཁྲུལ་སྣང་ཞིག་རེད།
༥། རྒྱ་མི་རིགས་མང་ཚོགས་ཀྱི་བློ་ཡུལ་ལ་མི་ཤོངས། ལན་མང་པོར་གསལ་ཁ་འབྱུང་གི་ཡོད་པ་བཞིན་ཤེས་ཡོན་ཅན་དང་། དབང་འཛིན་པ་ཚུད་པའི་རྒྱ་རིགས་མང་ཚོགས་ཀྱི་བསམ་ཚུལ་ནང་དུ་རྒྱ་ནག་གིས་བོད་ལ་དྲིན་བྱས་པ་ནི་བོད་ཀྱིས་རྒྱ་ནག་ལ་ཕན་ཐོགས་པ་ལས་ལྡབ་འབུམ་འགྱུར་གྱིས་ཆེ་བ་ཡོད་ན་ཡང་ད་དུང་བོད་མི་འདི་ཚོས་འདི་ལྟར་འདོད་པ་ཚིམས་པར་ངོ་རྒོལ་བྱེད་པ་ནི་ལས་རྒྱུ་འབྲས་མེད་པའི་བྱ་སྤྱོད་ཅིག་ཡིན་པར་བསམ་བཞིན་ཡོད། བོད་མི་རིགས་འདི་ཚོ་ནིཿ དྲིན་ལན་ལོག་འཇལ། ཇ་ལན་ཆུ་འཇལ་བྱེད་མཁན་ཞིག་དང་། ‘མཆོད་ངོ་བསྟོད་ངོ་ཡི་དམ་གྱི་ཞལ་ལ་མེད་མཁན། ཟས་ངོ་ལྡག་ངོ་ཁྱི་རྒན་གྱི་ཕོ་བ་ལ་མེད་མཁན’་གྱི་མི་རིགས་ཤིག་ཡིན་པ་དང་། བོད་མི་ཚོ་ནི་ ‘གཅེས་ཆེ་ནས་ཨོ་ཡོས་མགྲམ་པ་ལྡག ཟ་ཆེ་ནས་སྦྲང་དཀར་གྱིས་མཆིན་པ་ན’་བཞིན་ཡོད་པའི་བལྟ་ཚུལ་འཛིན་བཞིན་ཡོད། དེ་ནི་རྒྱ་གཞུང་གིས་དྲིལ་བསྒྲགས་ལོག་པ་བྱས་པས་ཉེར་ལེན་ཡིན་སྟབས་བལྟ་ཚུལ་དེ་ནམ་ཞིག་རྒྱ་ནག་སྲིད་གཞུང་འཐོར་ཞིག་སོང་ནས་མང་ཚོགས་ལ་དངོས་ཡོད་གནས་ཚུལ་རྟོགས་པའི་གོ་སྐབས་ཤིག་མ་ཤར་བར་དུ་འགྱུར་བ་གཏོང་རྒྱུ་ཧ་ཅང་དཀའ་མོ་རེད། ཁོར་ཡུག་དེ་འདྲ་ཞིག་གི་ནང་དུ་རེ་བ་ཞིག་རྒྱག་པ་ནི་ངོ་མ་སྟག་ལ་སྟག་ལྤགས་སློང་བ་དང་འདྲ་བོ་འདུག འོ་ན་ད་བྱེད་དགོས་པ་གང་རེད་ཅེ་ནཿ ཡང་ན་སྟག་ལས་སྟག་ལྤགས་འཕྲོག་དགོས། ཡང་ན་དེ་མིན་རང་ཐག་རང་གཅོད་ཀྱི་ཐོབ་ཐང་རྩོད་དགོས་ཀྱང་འདིའི་ཕྱོགས་ལ་བཀའ་མོལ་གནང་མཁན་མཐོ་རིམ་པ་གཅིག་ཀྱང་མེད། དེ་མིན་རང་རེའི་མངོན་འདོད་རང་བཙན་གྱི་ཐོག་ལ་བགེན་དགོས། དེ་མིན་ཐབས་ལམ་ཞིག་མེད།
ལྔ་ཚན་བཞི་བ།
དབུ་མའི་ལམ་འདི་དུས་ལ་བབ་མེད། ད་ལྟའི་སྐབས་འདིར་དབུ་མའི་ལམ་འདི་ལ་ཞུགས་པ་ཕྱོགས་ཡོངས་ནས་དུས་ལ་བབ་མི་འདུག དེའི་རྒྱུ་མཚན་ལྔ་ཟུར་འདོན་བྱས་པ་ནིཿ
གཅིག རྒྱ་ནག་དབང་ཆ་གཅིག་སྡུད་རིང་ལུགས་ཡིན་སྟབས་རྒྱ་ནག་གི་རྩ་ཁྲིམས་ལ་འགྱུར་བ་ནམ་གཏོང་གཏོང་རེད། སྔོན་མ་མི་རིགས་ཀྱི་ཐོབ་ཐང་ཆེད་དུ་དམིགས་བསལ་གྱིས་བསྐོས་ཤིང་ང་ཚོའི་སྐུ་ཚབ་ལ་བཀའ་མོལ་བྱེད་མཁན་གཙོ་བོ་ཀྲུ་ཝེ་ཆོན་རང་ཉིད་ཀྱི་ངག་ནས་མི་རིགས་ལ་ཐོབ་ཐང་སྤྲོད་མི་འོས་པར་བཤད་སྟངས་ལ་ལྟོས་དང་གོ་བ་ཞིག་ལེན་རྒྱུ་འདུག་སྙམ།
གཉིས། དབུ་མའི་ལམ་གྱི་ཡིག་ཆའི་ནང་དུ་རྒྱ་ནག་གི་རྩ་ཁྲིམས་བཟོ་བཅོས་བྱེད་པའི་དབང་ཚད་ཀྱི་ནང་དུ་ང་ཚོར་དབང་ཚད་ཇི་ཙམ་ཡོད་དགོས་པ་ཅི་ཡང་གསལ་མི་འདུག་པ་མ་ཟད། རང་སྐྱོང་ཚད་ལྡན་ཞིག་ལ་དགོས་པའི་གནད་མང་པོ་ཞིག་གི་སྐོར་ལ་གང་ཡང་འཁོད་མི་འདུག
གསུམ། ད་ཡོད་རྒྱ་ནག་རྩ་ཁྲིམས་ཀྱི་ནང་དུ་རང་ཅག་གི་མངོན་འདོད་སྐོང་ཐུབ་པའི་ཆ་རྐྱེན་མི་འདུག རང་སྐྱོང་ཞིག་ཡིན་ནཿ ༡་ལེགས་བྱང་། ༢་ཤེས་ཡོན། ༣་གཞུང་སྐད། ༤་རྒྱལ་རྟགས་ཁག ༥་འཕྲོད་བསྟེན་དང་སྤྱི་ཚོགས་ཞབས་ཞུ། ༦་དཔལ་འབྱོར། ༧་དཔྱ་ཁྲལ། ༨་རང་བྱུང་ཐོན་ཁུངས། ༩་ཁོར་ཡུག་སྲིད་ཇུས། ༡༠་སྐྱེལ་འདྲེན། ༡༡་བརྡ་འཕྲིན། ༡༢་ནང་ཁྲིམས་དང་སྒྲིག་ལམ། ༡༣་གྱོད་ཁྲིམས་བཏང་འཛིན། ༡༤་ཊམ་ལོར་དང་དེའི་སྲིད་ཇུས། ༡༥་འབངས་མིའི་གནད་དོན། ༡༦་ཕྱི་འབྲེལ། ༡༧་བདེ་སྲུང་། ༡༨་སྒོ་ཁྲལ། ༡༩་ས་མཚམས་བཏང་འཛིན། ༢༠་ལམ་ཡིག་དང་ཐོངས་མཆན་བཅས་ཀྱི་གནད་དོན་ཐོག་ལ་རང་གི་དབང་ཚད་ཡོད་དགོས་ཀྱི་འདུག་ཀྱང་རྒྱ་ནག་གིས་བོད་ཀྱི་རང་སྐྱོང་ཁུལ་གཞན་རྣམས་ཕར་ཞོགས། བོད་ཀྱི་མིང་ལ་ཡོད་པའི་རང་སྐྱོང་ལྗོངས་གཅིག་ལས་མེད་པ་དེ་ལ་ཡང་དེ་དག་གི་དབང་ཆ་གཅིག་ཀྱང་སྤྲོད་ཀྱི་མེད། འཛམ་གླིང་གི་རང་སྐྱོང་གཞན་དག་གི་ཡུལ་ན་ཚད་གཞི་དང་ཚང་མིན་ཇི་རིགས་ཡོད་མེད་ལ་མ་བལྟོས་པར་གོང་གསལ་འདི་དག་གི་མང་ཆེ་བ་ལོངས་སུ་སྤྱོད་བཞིན་ཡོད། རྒྱལ་དར་སོགས་རྒྱལ་རྟགས་རྣམས་ནི་ས་ཁུལ་དེའི་ངོས་འཛིན་མཚོན་བྱེད་ཐུན་མོང་མ་ཡིན་པ་དེ་ཡིན་པས་བྷང་ག་ལའི་ཆི་ཏ་རི་རྒྱུད་རང་སྐྱོང་ལྗོངས། བོད་ཀྱི་རང་སྐྱོང་ཁག དབྱིན་ཇིའི་ནུབ་གླིང་ཕྲན་གསུམ་གཅིག་བུ་ལས་གཞན་འཛམ་གླིང་གི་རང་སྐྱོང་ས་ཁུལ་ཚང་མར་རང་རང་གི་རྒྱལ་དར། རྒྱལ་རྟགས་སོགས་བེད་སྤྱོད་བྱེད་བཞིན་ཡོད། གཤམ་དུ་གོང་གསལ་དེ་དག་གི་དཔེར་མཚོན་ལྔ་བཀོད་པ་གཤམ་གསལཿ
༡། བོད་ཀྱི་རང་སྐྱོང་ཁག་མ་གཏོགས་ཆབ་སྲིད་ཀྱི་དབང་ཆ་ནི་རང་སྐྱོང་ཞེས་པའི་མིང་ཡོད་པ་ཙམ་གྱིས་ཡོད་ངེས་པ་ཞིག་རེད། ཪ་ཤི་ཡའི་ཊ་ཊར་སིཐན་རང་སྐྱོང་ལྗོངས་ལ་ར་ཤི་ཡས་མོས་མཐུན་སྤྲད་མེད་ཀྱང་རང་ཉིད་ར་ཤི་ལ་ལས་རང་བཙན་ཡིན་པའི་ཁྱབ་བསྒྲགས་ཀྱང་བྱས་ཟིན་ཅིང་། ནིཝུ་ཛི་ལནཌ་གི་ཁུག་གླིང་ཕྲན་རང་སྐྱོང་ལྗོངས་ལ་རང་བཙན་བྱེད་འདོད་ན་བྱེད་ཆོག་པའི་དབང་ཆ་སྤྲད་ཡོད་ཀྱང་ད་དུང་རང་བཙན་བྱེད་རྒྱུའི་ཁྱབ་བསྒྲགས་བྱས་མེད། དེ་བཞིན་ཨན་ཇོ་ར་རང་སྐྱོང་ལྗོངས་ནི་ད་སྐབས་རང་བཙན་གྱི་གནས་བབ་ཡོངས་སུ་རག་ཟིན་པའི་རྒྱལ་ཁབ་ཅིག་ཆགས་ཟིན་འདུག
༢། ཕིན་ལནད་གྱི་སུཝི་ཌིན་གྱི་སྐད་སྨྲ་བའི་ཨ་ལནད་གླིང་ཕྲན་རང་སྐྱོང་ལྗོངས་ཀྱིས་རང་ཉིད་ཀྱི་སློབ་གསོའི་བཏང་འཛིན་ཡོངས་རྫོགས་རང་ཉིད་ཀྱིས་བྱེད་ཀྱིན་ཡོད་པས། ཕིན་ལནད་རྒྱལ་ཁབ་ཀྱི་གཞུང་སྐད་ཀྱང་བདམ་ངའི་སློབ་ཚན་དུ་བཞག་ཡོད། ཨི་ཊ་ལིའི་འཇར་མན་སྐད་སྨྲ་བའི་ལྷོ་ཊའིཀོན་རང་སྐྱོང་ལྗོངས་ཀྱིས་སློབ་གསོའི་སྐད་ཡིག་འཇར་མན་ཡིན་པ་དང་དེའི་བཏང་འཛིན་ཡོངས་རྫོགས་རང་ཉིད་ཀྱིས་བྱེད་ཀྱིན་ཡོད་འདུག ཁེ་ན་ཌའི་གཞུང་སྐད་དབྱིན་ཇི་ཡིན་ཀྱང་ཕ་རན་སིའི་སྐད་སྨྲ་བའི་ཁེ་ན་ཌའི་ཁུ་བྷེག་རང་སྐྱོང་ལྗོངས་སུ་གཞུང་སྐད་ཕ་རནསིའི་སྐད་ཡིན། ཧོང་ཀོང་དང་གིརེན་ལནཌ་གླིང་ཕྲན་སོགས་རང་སྐྱོང་ས་ཁུལ་མང་པོར་གཞུང་སྐད་གཅིག་ལས་མང་བ་གཏན་འབེབ་བྱས་ཡོད་འདུག
༣། མའེ་ཁིརོ་ནེ་ཤི་ཡ་དང་། ཨལེནད། ཕརོ་གླིང་ཕྲན། ཧོང་ཀོང་སོགས་ལ་རང་ཉིད་ཀྱི་ལམ་ཡིག་ཟུར་དུ་ཡོད་ཅིང་། ཐོངས་མཆན་ཡང་ཟུར་དུ་སྤྲོད་ཀྱིན་ཡོད། ཁེ་ན་ཌའི་ཨིནུཨིཊ་རང་སྐྱོང་ལྗོངས་སུ་ཨིནུཨིཊ་ཀྱི་མི་མ་ཡིན་ན་ཁེ་ན་ཌ་བ་ཡང་རང་གི་མངའ་ཁུལ་ནས་ཕྱིར་འབུད་བྱེད་པའི་དབང་ཚད་ཡོད་འདུག་ཅིང་། ཧོལི་སི་དང་། མའེ་ཁིརོ་ནེ་ཤི་ཡ་སོགས་ཀྱིས་སྒོ་ཁྲལ་དང་། ཕྱི་མི་ནང་གཏོང་། མཐའ་མཚམས་བཅས་ལ་བཏང་འཛིན་ཡོངས་རྫོགས་རང་ཉིད་ཀྱིས་བྱེད་ཀྱིན་ཡོད་འདུག ར་ཤི་ཡའི་ཊ་ཊར་རང་སྐྱོང་ལྗོངས་དང་། ཏན་ཛེན་ནི་ཡ་ཡི་ཛན་ཛི་བྷར་། ཕིན་ལནད་ཡི་ཨ་ལནད་སོགས་ལ་རྒྱལ་ཁབ་གཉིས་འབངས་མིའི་ཐོབ་ཐང་ཡོད། ཧོང་ཀོང་རང་སྐྱོང་ས་ཁུལ་གྱི་མི་རྣམས་རྒྱ་ནག་གི་འབངས་མི་ཡིན་པར་བསྒྲགས།
༤། མའེ་ཁིརོ་ནེ་ཤི་ཡ་དང་། ཨན་ཇོ་ར། ལེ་ཚེན་སིཐེན་སོགས་ལ་འབངས་ཁྲིམས་དང་ཉེས་ཁྲིམས་གཉིས་ཀ་ལ་རང་ཉིད་ཀྱིས་ཡོངས་རྫོགས་བཏང་འཛིན་བྱེད་ཀྱི་ཡོད་འདུག ཨ་རིའི་མངའ་འོག་ཡིན་པའི་པོཊོ་རིཁོ་རང་སྐྱོང་ལྗོངས་སུ་སིཔེན་གྱི་ཁྲིམས་སྲོལ་ལག་ལེན་སྟར་གྱི་ཡོད་པ་དེ་ནི་ཨ་རིའི་ཁྲིམས་སྲོལ་དང་ལོགས་སུ་རང་ཉིད་ཀྱི་ཁྲིམས་སྲོལ་རང་རྐྱ་བ་ཆགས་ཡོད། ཁེ་ན་ཌའི་ན་ཝ་ནོཊ་རང་སྐྱོང་ལྗོངས་དང་། ཨིན་ཇིའི་སིཀོཊ་ལནཌ་རང་སྐྱོང་ལྗོངས་ལ་འབྲིང་རིམ་དང་མཐོ་རིམ་ཉེས་ཁྲིམས་དང་འབངས་ཁྲིམས་གྱི་ཐག་གཅོད་རང་ཉིད་ཀྱི་ལག་ཏུ་ཡོད་ཅིང་། ཆེས་མཐོའི་ཐག་གཅོད་ཆེད་ཁེ་ན་ཌ་དང་དབྱིན་ཇི་སོ་སོའི་ཆེས་མཐོའི་ཁྲིམས་ཁང་ལ་གཏུག་ཆོག་གི་ཡོད། བོད་རང་སྐྱོང་ལྗོངས་ཀྱི་གྱོད་ཁྲིམས་མཐའ་དག་རྒྱ་ནག་གི་དབང་འོག་ཏུ་ཡོད།
༥། ཕྱི་འབྲེལ་ལ་མཚོན་ན་ཡང་ཧོང་ཀོང་གིས་‘རྒྱའི་ཧོང་ཀོང’་གི་མིང་ཐོག་ནས་ཕྱི་འབྲེལ་གནད་དོན་མང་པོ་ཞིག་གི་ནང་དུ་རང་ཉིད་ཀྱིས་འབྲེལ་བ་ཐད་ཀར་འཛུགས་ཀྱིན་ཡོད། སིཀོཊ་ལནཌ་སོགས་རང་སྐྱོང་ལྗོངས་ཚང་མས་རང་བྱུང་ཐོན་ཁུངས་ལ་བཏང་འཛིན་ཡོངས་རྫོགས་རང་ཉིད་ཀྱིས་བྱེད་ཀྱིན་ཡོད་འདུག ཨལནཌ་གླིང་ཕྲན་སོགས་ལ་ས་གཞིའི་བདག་དབང་རྫོགས་རྒྱལ་ཁབ་ལ་མེད་པར་རང་ཉིད་ལ་ཡོད་འདུག མའེ་ཁིརོ་ནེ་ཤི་ཡ་དང་། ཨན་ཇོ་ར། ལེ་ཚེན་སིཐེན། ལྷོ་ཊའིཀོན། ཁུག་གླིང་ཕྲན་སོགས་སུ་སྐྱེལ་འདྲེན་གྱི་དོ་དམ་ཡོངས་རྫོགས་རང་ཉིད་ཀྱིས་བྱེད་དབང་ཡོད་འདུག འགའ་རེར་མེ་འཁོར་དང་། སྣུམ་འཁོར་གྱི་འགྲོ་སྐྱོད་དོ་དམ་རང་ཉིད་ཀྱི་ལག་ཏུ་ཡོད་པ་དང་གཞན་རྒྱལ་ཁབ་ཀྱི་ལག་ཏུ་ཡོད་པ་དེ་འདྲའང་ཡོད་འདུག ཧོང་ཀོང་། མའེ་ཁིརོ་ནེ་ཤི་ཡ། ཨན་ཇོ་ར། ལེ་ཚེན་སིཐེན་སོགས་སུ་དཔྱ་ཁྲལ་བསྡུ་བའི་དབང་ཚད་ཡོད་འདུག ཧོང་ཀོང་གིས་ཡིག་ཟམ་དོ་དམ་དབང་ཆ་རང་ཉིད་ལ་ཡོད་ཅིང་། ཨིཊ་ལིའི་སན་མ་རི་ནོ་རང་སྐྱོང་ལྗོངས་སུ་ཨིཊ་ལི་དང་མཉམ་འབྲེལ་གྱིས་བྱེད་ཀྱིན་ཡོད་འདུག
བཞི། མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་འཐབ་རྩོད་ནི་ངེས་པར་དུ་ས་གནས་རང་དུ་བྱེད་དགོས། བོད་ནང་དུ་བླ་ན་མེད་པའི་བློས་གཏོང་གིས་འཐབ་རྩོད་རིན་ཐང་ལྡན་པ་གནང་བཞིན་ཡོད་ཀྱང་དེ་དག་ནི་ཁོང་རྣམ་གྱིས་མ་སྐུལ་དངས་བླངས་ཀྱིས་གནང་བ་ཞིག་ལས། བཙན་བྱོལ་བོད་གཞུང་གིས་སྒྲིག་ལམ་དང་འཆར་གཞི་ལྡན་པའི་སྒོ་ནས་ལས་འགུལ་བརྩམས་པ་མིན། མཐའ་ན་དེ་འདྲ་ཞིག་ད་བར་དུ་གཅིག་ཀྱང་བྱུང་མྱོང་མེད་པས་ང་ཚོའི་འཐབ་རྩོད་ནི་ཕྱི་ལོགས་ནས་སྦར་འབྲད་བྱེད་རྒྱུ་ཙམ་ཡིན། དེ་ཡང་ཐད་ཀར་མིན་པར་བརྒྱུད་ལམ་གཉིས་པ་ཞིག་བརྒྱུད་ནས་རྒྱ་ནག་སྲིད་གཞུང་ལ་སྦར་འབྲད་བྱེད་པའི་རྣམ་འགྱུར་སྟོན་རྒྱུ་ཙམ་རེད། དེ་འདྲ་ཞིག་ལས་ད་ལྟའི་སྐབས་སུ་རང་སའི་ཐོག་ཏུ་སོང་ནས་འཐབ་རྩོད་བྱེད་པའི་གོ་སྐབས་ཟུར་ཙམ་ཡང་མེད། རྒྱལ་ཁབ་ཀྱི་འཐབ་རྩོད་གང་ཞིག་ཡིན་ཡང་ཕྱི་ལོགས་ཤིག་ནས་འུར་སྒྲ་བརྒྱབ་ནས་དོན་ཕན་འབྱུང་བ་ཞིག་ཧ་ཅང་དཀའ་མོ་ཡིན།
ལྔ། དབུ་མའི་ལམ་རྩོད་འདོད་ཀྱང་རང་བཙན་ནམ་རང་ཐག་རང་གཅོད་དམ་ཡང་ན་གཞན་ཞིག་རྩོད་དགོས། སིཔེན་གྱི་ཁ་ཊ་ལོ་ནི་ཡ་རང་སྐྱོང་ལྗོངས་ཀྱིས་དུས་རབས་བཅུ་བདུན་ནས་ཁ་བྲལ་གྱི་ལས་འགུལ་བརྩམས་ཡོད་འདུག་ཀྱང་མཐར་དུས་རབ་ཉི་ཤུ་བ་སྟེ། ཕྱི་ལོ་༡༩༧༩་ལོར་གཞི་ནས་རང་སྐྱོང་ལྗོངས་ཀྱི་གནས་བབ་རག་ཡོད་འདུག རྩོད་རྒྱུ་གཡག་འདྲ་ཞིག་ལ། ཧམ་པ་རི་འདྲ་ཞིག་དགོས། ཞེས་པ་སྲིད་པ་རྒད་པོའི་ཉམས་མྱོང་ལས་བྱུང་བའི་གསེར་གྱི་ཚིག་རེད། དེ་ལྟར་བྱས་ན་གཞི་ནས་རྩོད་རྒྱུ་གཡག་འདྲ་དེ་རག་གི་རེད། དེ་མིན་གཅིག་རག་གི་ཡོད་རུང་གྲོག་མ་ཙམ་ཞིག་ལས་རག་དཀའ་མོ་རེད། ད་སྐབས་ང་ཚོའི་འཐབ་རྩོད་བྱེད་སྟངས་འདི་ནི་ཆོས་པའི་འཐབ་རྩོད་བྱེད་སྟངས་ཙམ་ལས་སྲིད་དོན་གྱི་འཐབ་རྩོད་བྱེད་སྟངས་ཤིག་རེད་མི་འདུག ང་ཚོའི་སྤྱི་ཚོགས་ལ་ད་དུང་ཆབ་སྲིད་ཀྱི་གོ་རྟོགས་ཧ་ཅང་ཞན་པོ་ཡིན་པ་འདྲ། གང་ལགས་ཤེ་ན་སྲིད་དོན་གྱི་འཐབ་ཇུས་འདི་འདྲ་བ་ཞིག་ཀྱང་གལ་ཆེན་དུ་མཐོང་གི་མི་འདུག་པས་སོ།
ལྔ་ཚན་ལྔ་པ།
ང་ཚོས་དབུ་མའི་ལམ་ལ་ལོག་འགྲེལ་མང་པོ་བྱུང་ནས་མང་ཚོགས་རྨོངས་སུ་འཇུག་གི་འདུག འགའ་ཞིག་གིས་རང་བཙན་རག་རུང་བལ་ཡུལ་ཇི་ལྟ་བུ་ཞིག་ལས་ཡོང་རྒྱུ་མེད་པས་བྲོ་བ་ཅི་ཡོད་ཅེས་དང་། ད་སྐབས་དུས་རབས་ཉེར་གཅིག་པ་ཡིན་ཞིང་ནུབ་ཕྱོགས་སུ་རྒྱལ་ཁབ་ཁག་ཡོ་རུབ་སྤྱི་མཐུན་རྒྱལ་ཁབ་ལ་ཚུར་ཟླ་སྒྲིལ་གཏོང་བཞིན་འདུག་པས་ད་སྐབས་རང་བཙན་རྩོད་པ་ནི་བསམ་བློ་རྗེས་ལུས་ཅན་རེད་སོགས་ཟེར་། བལ་ཡུལ་ཇི་བཞིན་ཡོད་ན་བྲོ་བ་མེད་ན་ཁྱེད་ལ་བྲོ་བ་ཡོད་པ་ནི་ཨ་རི་ཇི་བཞིན་དགོས་མདོག་ཁ་པོ་རེད། དེ་འདྲ་ནི་རྒྱལ་ཁབ་སུ་ལ་ཡང་ཡོང་ཧ་ཅང་དཀའ་མོ་རེད། དེས་ན་རང་སྐྱོང་ཞིག་རག་པས་དེ་ལས་ཀྱང་བྲོ་བ་གང་ནས་ཡོང་ངམ། ཡོ་རོབ་རྒྱལ་ཁབ་དག་ཟླ་སྒྲིལ་གཏོང་བ་ནི་རང་རང་གིས་དངས་དུ་བླངས་བའི་སྒོ་ནས་རང་ཉིད་ཀྱི་རང་དབང་གཞན་ལ་མི་འཆོར་བའི་སྒོ་ནས་ཟླ་སྒྲིལ་གཏོང་གིིན་ཡོད་པ་ལས་བོད་དང་རྒྱ་ནག་གི་ཇི་བཞིན་གཅིག་འོག་གཅིག་གནས་ཀྱི་ཟླ་སྒྲིལ་གཏོང་བ་དེ་འདྲ་ཡེ་ནས་མིན།
༡། ད་ལྟའི་བྱས་རྗེས་མང་པོ་ཞིག་དབུ་མའི་ལམ་གྱི་གྲུབ་འབྲས་ཡིན་ཚུལ་ལོག་འགྲེལ་བྱེད། འགའ་རེས་མཐའ་ན་ང་ཚོ་གཞིས་ཆགས་སུ་གནས་ཐུབ་པ་འདི་ཡང་དབུ་མའི་ལམ་གྱི་གྲུབ་འབྲས་ཡིན་ཚུལ་གླེང་གིན་འདུག དབུ་མའི་ལམ་གྱི་གྲུབ་འབྲས་གླེང་བ་མང་ཆེ་བ་ལོག་འགྲེལ་ལམ་འཐེན་འགྲེལ་ཡིན་པས་འདིར་ཐམས་ཅད་དཔེར་འདྲེན་ཚོད་མི་འདུག དེ་དག་གི་ནང་ནས་དཔྱད་འོས་པ་གཅིག་ཡོད་པ་ནི‘རྒྱ་ནག་མི་རིགས་ཀྱིས་རྒྱབ་སྐྱོར་ཡོད’་ཟེར་བ་འདི་རེད། འདི་འུ་ཅག་གིས་བཤད་པའི་དབུ་མའི་ལམ་གྱི་དགེ་མཚན་དྲིལ་སྒྲོག་དག་གི་ནང་ནས་བདེན་པ་ཆེ་ཤོས་སུ་སྣང་། འོན་ཀྱང་འདི་ལ་ཡང་རིན་ཐང་ཞིག་འཇོག་རིན་འདུག་གམ་བསམ་གཞིགས་ངེས་པར་དུ་བྱེད་དགོས། འདིར་ཁོ་བོས་དཔེར་མཚོན་ཞིག་གི་ལམ་ནས་དོན་དག་དེ་བརྗོད་པར་འདོད། དཔེར་ནཿ འབྲུག་གི་ཡུལ་མིའི་ཚོགས་པ་ཞིག་གིས་ད་ནས་བཟུང་འབྲུག་རྒྱལ་ཁབ་དེ་བོད་བའི་འོག་ཏུ་སྡོད་འདོད་པའི་བསམ་བློ་བཟུང་ཞིང་དེའི་ཆེད་ལས་འགུལ་སྤེལ་བ་དེ་འདྲ་ཞིག་ཡོད་ན་དེ་ལ་རང་ཅག་བོད་པ་ཚང་མས་རྒྱབ་སྐྱོར་བྱེད་བརྒྱ་ཆའི་བརྒྱ་བྱེད་སྲིད་པར་སྙམ། གང་ལགས་ཤེ་ན་གལ་སྲིད་དེ་འདྲ་ཞིག་བྱུང་ན་བོད་ལ་འཆོར་རྒྱུ་གང་ཡང་མེད་སར་ས་ཁྱོན་ཀི་ལོ་མི་ཊར་གྲུ་བཞི་མ་༤༧༠༠༠་ཙམ་ཞིག་དང་། མི་འབོར་༢༢༣༢༢༩༡་ཙམ་གྱིས་བོད་རྒྱལ་དེ་ཁབ་ཇེ་སྟོབས་སུ་འགྲོ་གི་ཡོད་པས་ང་ཚོ་སུས་ཀྱང་དེ་ལ་བསམ་བློ་མ་བཏང་བར་དེ་ལ་རྒྱབ་སྐྱོར་བྱེད་ངེས། འོན་ཀྱང་ང་ཚོས་རྒྱབ་སྐྱོར་བྱས་པ་དེ་འབྲུག་མི་མང་མ་འོངས་མདུན་ལམ་གྱི་ཁེ་ཕན་ཡང་དག་ལ་བསམ་བློ་བཏང་ནས་རྒྱབ་སྐྱོར་བྱས་པ་མིན་ལ། ལྷག་པར་དུ་བོད་རྒྱལ་ཁབ་ཀྱི་མ་འོངས་བའི་བརྟན་རླིངས་ལ་བསམ་བློ་བཏང་ནས་རྒྱབ་སྐྱོར་བྱས་དེ་བས་ཀྱང་མིན། རྒྱ་ནག་མི་མང་གིས་ང་ཚོའི་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱས་པ་ཡང་དེ་དཔེ་དེ་དང་ཡོངས་སུ་མཚུངས་བ་ཞིག་ཡིན་པར་སྙམ། གང་ལགས་ཤེ་ན་ང་ཚོའི་ངོས་ནས་རྒྱ་ནག་མི་མང་དཀྱུས་མ་དག་གི་སེམས་སུ་བོད་པ་ཚོ་ལ་འདི་འདྲ་ཞིག་མ་བྱས་ན་ཡོང་ས་མ་རེད་སྙམ་པའི་སུན་སྣང་སྤྲོད་ཐུབ་མེད་ལ། བོད་པ་དེ་ཚོར་དེ་འདྲ་ཞིག་སྤྲོད་འོས་པ་རེད་སྙམ་པའི་བདེན་སྣང་ཡང་སྐྲུན་ཐུབ་མེད། དེས་ན་རྒྱ་ནག་མི་མང་གིས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱས་པ་དེ་ང་ཚོའི་མ་འོངས་མདུན་ལམ་གྱི་ཁེ་ཕན་ཡང་དག་ལ་བསམ་ནས་མིན་ལ། ཁོ་རང་ཚོའི་རྒྱལ་ཁབ་ཀྱི་ཁེ་ཕན་རྣལ་མ་ཞིག་ལ་བསམ་ནས་ཡང་མིན། ལྷག་པར་དུ་བོད་རྒྱའི་འོག་ཏུ་མུ་མཐུད་དེ་བཅུག་ན་རྒྱ་བོད་མི་རིགས་ཀྱི་མཐུལ་སྒྲིལ་ལ་ཇི་ཙམ་གནོད་སྲིད་པ། རྒྱ་བོད་མི་རིགས་ལག་ལེན་གྱི་ཐོག་ནས་མཉམ་གནས་ཐུབ་ཀྱི་རེད་དམ་མ་རེད། དེ་ལྟར་མ་བྱུང་རྒྱ་ནག་རྒྱལ་ཁབ་རང་གི་བརྟན་རླིངས་སོགས་ལ་ཕན་གནོད་གང་ཡོད་སོགས་ལ་ངེས་པ་རྙེད་ནས་ཁོང་ཚོས་རྒྱབ་སྐྱོར་བྱས་པ་ཞིག་ཡེ་ནས་ཡིན་ཚོད་མེད། དེ་ཡང་འོག་ཏུ་ལྔ་ཚན་དྲུག་པར་འཆད་པར་འགྱུར་བའི་རྒྱལ་ཁབ་ཀྱི་མ་འོངས་འབྱུང་སྲིད་པའི་དཀའ་ངལ་དེ་དག་ལ་བསམ་གཞིགས་བྱས་མེད་པར་སྙམ། དེས་ན་རྒྱ་ནག་མི་མང་གིས་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ཀྱང་དེ་ནི་རང་འགར་བྱས་པ་ཞིག་ལས་རིན་ཐང་ཅན་ཞིག་ཡིན་དཀའ་མོ་རེད། དེའི་མཇུག་འབྲས་ཇི་འབྱུང་གི་འགན་ཡོངས་རྫོགས་རང་ཉིད་སོ་སོའི་མགོ་ལ་ཡོད་པས་‘གྲོས་མི་ལ་དྲིས་ནས། ཐག་རང་གིས་གཅོད་དགོས།’་པ་ལས་ཅིག་གིས་ཉིག་ཟེར་གྱི་འདུག་ཅེས་‘མི་ཁ་བདག་རྒྱུག’་བྱས་ན་རང་ཉིད་བརླགས་པའི་རྒྱུ་ལས་མེད།
༢། འཛམ་གླིང་གི་རྒྱལ་ཁབ་དག་གིས་དབུ་མའི་ལམ་ཁོ་ན་ལས་རང་བཙན་ལ་རྒྱབ་སྐྱོར་མེད་ཚུལ་ཟེར་། འདིའི་ལན་ལ་མང་པོ་མི་དགོས་པར་འཛམ་གླིང་རྒྱལ་ཁབ་ཁག་ལྐུགས་པ་མ་རེད་ཅེས་པ་ཙམ་གྱིས་འཐུས་པར་སྙམ། གང་ལགས་ཤེ་ན་རྒྱལ་ཁབ་སུ་ཡིན་རུང་དང་། ལྷག་པར་དུ་ཨ་རི་ལྟ་བུ་ལ་རྒྱ་ནག་ཟེར་བའི་རང་ལ་ཉེན་ཁ་བཟོ་མཁན་ནམ་ཁ་ཐད་འཇལ་མཁན་ཞིག་འཐོར་སོང་ན་དགའ་གི་རེད་དམ་གདོང་ལེན་བྱེད་མཁན་ཞིག་ཡོད་ན་དགའ་གི་རེད། ཆབ་སྲིད་རིག་པའི་ནང་དུ་ཕ་རོལ་རྒུད་ན་འདོད་པ་ལས་ཕ་རོལ་སྟོབས་ན་འདོད་པ་ཞིག་ཡོང་མི་སྲིད། རྒྱུ་མཚན་ནི་ཆབ་སྲིད་ཀྱི་དམིགས་ཡུལ་ནི་རང་ཉིད་ཀྱི་དོན་ཁོ་ན་ཡིན་པའི་ཕྱིར་རོ།
༣། རང་བཙན་དང་དབུ་མའི་ལམ་གཉིས་ལག་ཏུ་སོན་པར་ཉེ་རིང་མངོན་གསལ་དུ་ཡོད་ཚུལ་གླེང་། ངོ་མ་བཤད་ན་རང་གཞན་ཚང་མའི་སེམས་སུ་འདི་བདེན་བདེན་འདྲ་ཞིག་ཡོད་ན་ཡང་ཞིབ་ཏུ་བསམ་ན་དེ་འདྲའི་རྒྱུ་མཚན་ཡང་དག་གཅིག་ཀྱང་རྙེད་རྒྱུ་མི་འདུག གང་ལགས་ཤེ་ནཿ གཅིག་ནས་དབུ་མའི་ལམ་འདི་ནི་ཅི་སྟེ་སྤྲོད་ཀྱི་ཡིན་ན་རྒྱ་ནག་གི་ངོས་ནས་འདོད་པ་ཡོད་པའི་ཐོག་བསམ་བཞིན་དུ་སྤྲོད་དགོས་པ་དང་། ད་ལྟའི་རྒྱ་ནག་གི་དབང་འཛིན་པ་དག་གི་སེམས་ཁམས་ལ་ཅིག་བལྟས་ན་དེ་འདྲའི་དུས་སྐབས་འབྱུང་བར་དུ་དུང་ལོ་ཧ་ཅང་མང་པ་འགོར་དགོས་པ་སྨྲོས་མི་དགོས་པ་ཞིག་རེད། དཔེར་མཚོན་ཞིག་དྲངས་ནས་ངའི་ཞེ་འདོད་དེ་བརྗོད་ནཿ སིཔེན་གྱི་གྲོས་ཚོགས་ཀྱིས་ཕྱི་ལོ་༡༩༣༢་ལོར་ཁ་ཊ་ལོ་ནི་རང་སྐྱོང་ལྗོངས་ལ་རང་སྐྱོང་སྤྲོད་རྒྱུའི་གྲོས་ཆོད་བཞག་འདུག་ན་ཡང་ཁ་ཊ་ལོ་ནི་ཡ་ཡིས་རང་སྐྱོང་དངོས་སུ་རག་པ་ཕྱི་ལོ་༡༩༧༩་ལོ་མ་གཏོགས་བྱུང་མི་འདུག འདི་ལས་ཤེས་ཐུབ་པ་ཞིག་ལ་གྲོས་ཚོགས་སུ་གྲོས་ཆོད་མ་བཞག་པའི་ལོ་མང་པོའི་གོང་དུ་སིཔེན་གྱི་དབང་འཛིན་པ་དང་སྤྱི་ཚོགས་སུ་ཁ་ཊ་ལོ་ནི་ཡ་ལ་རང་སྐྱོང་དེ་འདྲ་སྤྲོད་དགོས་པའི་མོས་མཐུན་བྱས་ནས་ལོ་མང་པོ་སོང་ཟིན་པ་རྟོགས་ཐུབ་པ་ཞིག་རེད།
དེས་ན་སེཔེན་གྱིས་ཁ་ཊ་ལོ་ནི་ཡ་ལ་རང་སྐྱོང་སྤྲོད་དགོས་པའི་བསམ་ཚུལ་གྱི་རྨང་གཞི་ཚུགས་པ་ནས་བཟུང་མཐར་༡༩༧༩་ལོར་རང་སྐྱོང་དངོས་སུ་མ་སྤྲད་པའི་བར་ཉུང་མཐར་ལོ་བརྒྱ་ལྷག་འགོར་ཡོད་པ་དཔོགས་ཐུབ་པ་ཞིག་རེད། ཆབ་སྲིད་ཀྱི་བསམ་བློ་སྔོན་ཐོན་ཡིན་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཅིག་གིས་ཀྱང་རང་སྐྱོང་གི་བསམ་ཚུལ་རྨང་གཞི་ཚུགས་ནས་ལག་ལེན་དངོས་སུ་སྟར་བའི་བར་དང་། ལྷག་པར་དུ་རང་གི་གྲོས་ཚོགས་ཀྱི་གྲོས་ཆོད་བཞག་ནས་དེ་ལག་སྟར་བྱས་པའི་པར་ལོ་དེ་ཙམ་འགོར་གྱི་ཡོད་ན་དབང་ཆ་གཅིག་སྡུད་ལ་གོམས་ཤིང་། དམངས་གཙོའི་དྲི་མ་ཙམ་ཡང་མྱངས་མ་མྱོང་བའི་རྒྱ་ནག་གིས་བོད་ལ་རང་སྐྱོང་སྤྲོད་པར་ད་དུང་ཇི་ཙམ་འགོར་སྲིད་པ་རྒྱལ་ཁབ་གཉིས་ལ་དཔྱད་བསྡུར་བྱས་ནས་རྟོགས་འོས་པ་ཞིག་རེད། ད་ལྟའི་སྐབས་སུ་རྒྱ་ནག་དབང་འཛིན་པ་དག་གི་སེམས་སུ་བོད་ལ་རང་སྐྱོང་ཞིག་སྤྲོད་དགོས་པའི་གྲོས་ཚོགས་ལ་གྲོས་ཆོད་ཕར་ཞོགས། གྲོས་གླེང་ཙམ་ཡང་བྱེད་མི་ཕོད་པ་འམ་མི་འདོད་། མཐའ་ན་བོད་ལ་རང་སྐྱོང་ཞིག་སྤྲོད་དགོས་པའི་བསམ་ཚུལ་གྱི་རྨང་གཞི་ཙམ་ཡང་ད་དུང་ཚུགས་མེད་པའི་དུས་རེད། དེས་ན་དབུ་མའི་ལམ་དང་རང་བཙན་གཉིས་ཀ་ཉེ་རིང་ཆ་མ་འཚལ་ས་ཞིག་ན་ཡོད་པ་ལས་ཐག་ཉེ་ཞིག་ན་ཡོད་པའི་དཔང་རྟགས་གང་ཡང་མངོན་རྒྱུ་མེད།
གཉིས་ནས་ད་ལྟའི་དམར་ཤོག་ཀྱི་དབང་འཛིན་ཕ་ཚོ་ལ་དབུ་མའི་ལམ་ལ་ཡང་འཇིགས་སྣང་ཧ་ཅང་ཆེ་བས་དབུ་མའི་ལམ་འདི་མགྱོགས་པོ་ཞིག་ལ་རག་པའི་རེ་བ་འཆང་ན་ནོར་འདུག། རྒྱུ་མཚན་ནི་གཅིག་ནས་དབུ་མའི་ལམ་འདིའི་གྲུབ་འབྲས་སྨིན་པར་རྒྱ་ནག་ལ་འགྱུར་བ་མ་སོང་བར་སྒུག་དགོས་པ་ཀུན་གྱིས་ཁས་ལེན་བྱེད་པ་དང་། དེ་འདྲའི་དུས་སྐབས་ཤིག་ཤར་བའི་ཚེ་དབུ་མ་ལ་གོ་སྐབས་ཡོད་ན་རང་བཙན་ཡང་གོ་སྐབས་མེད་པ་ཡེ་ནས་མིན།
༤། དབུ་མའི་ལམ་འདི་བོད་མི་མང་གིས་མང་མོས་སྤྲད་པའི་བདམ་ཁ་ཞིག་ཡིན་ཚུལ་སྒྲོག་པ། སྤྱིར་ན་ད་སྐབས་བོད་མི་མང་གི་བསམ་ཚུལ་བསྡུ་ལེན་བྱེད་པའི་བརྒྱུད་ལམ་མེད་སྟབས་དབུ་མའི་ལམ་འདི་ལ་མང་མོས་ཡོད་ཟེར་བ་ཁྲིམས་འབྲེལ་ཡང་དག་ཅིག་མིན་ཞིང་། གཉིས་ནས་ད་ལྟ་མང་མོས་ཡོད་པ་ལྟ་བུ་ཞིག་ཏུ་འགྲོ་བཞིན་པ་འདི་ཡང་༧གོང་ས་མཆོག་ལ་དད་པ་དང་ཡིད་ཆས་ཀྱི་རྣམ་འགྱུར་བསྟན་པ་ཙམ་ལས་མང་ཚོགས་ཀྱིས་ཀླད་པ་དཀྲུགས་ནས་ཐག་གཅོད་གཏན་འབེབས་བྱས་པ་ཞིག་མིན།
༥། ‘ང་ཚོས་རང་བཙན་བརྩད་ན་ལོ་རྒྱུས་ཀྱི་རྒྱབ་རྟེན་མེད་པས་ཐོབ་ཐང་མེད་པ་དང་། དེ་མེད་ན་རྒྱུ་མཚན་གྱི་བདེན་སྟོབས་མེད། གལ་སྲིད་ལོ་རྒྱུས་ལ་གཞི་བཅོལ་རུང་རང་རེའི་སྐུ་དྲག་རེ་ཟུང་གི་གསུང་ལས་མཉམ་འབྲེལ་རྒྱལ་ཚོགས་སོགས་ལ་འབྲི་ཆུ་དེ་རྒྱ་བོད་ས་མཚམས་ཡིན་པ་ལྟ་བུ་ཞིག་ཁ་ནས་ཤོར་འདུག་པས་ཆོལ་ཁ་གསུམ་པོ་ལ་རང་བཙན་རྩོད་ས་མེད’་ཅེས་ཟེར་། འདི་ལྟར་སྨྲ་མཁན་མང་པོ་ཞིག་ནི་རྒྱའི་རྒྱུག་ཁྱི་ཡིན་ངེས་པ་ལས་བོད་ལ་ཤ་ཚ་ཡོད་མཁན་ཞིག་ཡིན་ན་ཡིད་ལ་དྲན་ཀྱང་ཁ་ནས་དེ་འདྲ་ཞིག་འདོན་དཀའ་ཚོད་རེད་སྙམ།
འོན་ཀྱང་སྲིད་དོན་ལ་ཤེས་རྟོགས་ཞན་པ་རེ་ཟུང་གིས་ཁ་ཞེ་གཉིས་མེད་ཀྱིས་དེ་ལྟར་བསམ་གྱིན་ཡོད་སྲིད་པས་དེ་དག་ལ་གསལ་འདེབས་འདི་ཞུ་རྒྱུ་ཡིན། དང་པོ་ཡུལ་གང་ཡིན་ཡང་རང་བཙན་རྩོད་པར་ངེས་པར་དུ་ལོ་རྒྱུས་ཀྱི་རྒྱབ་རྟེན་ཡོད་མི་དགོས། དེ་ལྟར་དགོས་ན་རང་བཙན་གསར་དུ་ཐོབ་པའི་རྒྱལ་ཁབ་གཅིག་ཀྱང་ཡོང་མི་ཤེས་པ་རེད་ཅེས་ཞུ་རྒྱུ་ཡིན། གཉིས་ནས་རྒྱལ་སྤྱིའི་ཁྲིམས་ཐོག་ནས་ཞུ་ན། ང་ཚོས་རང་བཙན་རྩོད་པར་གནད་དོན་གཉིས་ཀྱི་ཐོག་ནས་རྒྱབ་རྟེན་ཡོད་དེཿ དང་པོ་བོད་འདི་སྔར་ནས་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། གཉིས་པ་བོད་པ་ནི་རྒྱལ་སྤྱིའི་ཁྲིམས་ཐོག་ནས་འགྲེལ་བཤད་བྱས་པའི་མི་དམངས་ཞེས་པའི་ཆ་རྐྱེན་ཚང་ཡོད་ཅིང་། དེ་ཡོད་ན་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ་དེ་གཉིས་རེད།
དང་པོ་ནིཿ བོད་ཀྱི་རང་བཙན་རྩོད་པར་ལོ་རྒྱུས་ཀྱི་རྒྱབ་རྟེན་ཡོད་དེ། བོད་དེ་སྔ་མོ་ནས་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་ཀུན་ལ་མཐུན་སྣང་ཡིན་པས་སོ། རྒྱལ་སྤྱིའི་ཁྲིམས་ཐོག་ནས་ལོ་རྒྱུས་ཐོག་རང་བཙན་གྱི་རྒྱལ་ཁབ་བྱེད་མྱོང་མཁན་ཞིག་ཡིན་ན་རང་བཙན་བྱེད་ཆོག་པའི་ཐོབ་ཐང་ཡོད། ‘འོ་ན་རང་རེས་མཉམ་འབྲེལ་རྒྱལ་ཚོགས་སོགས་ལ་ཚིག་ཤོར་ཟིན་པ་དེ་ཚོ་གང་དུ་འཇོག’་ཅེས་གསུང་ནཿ དེ་ལ་སྐྱོན་ཡེ་ནས་མེད་དེ། བར་སྐབས་ཤིག་ལ་བོད་ཀྱི་མངའ་ཁུལ་མང་པོ་ཞིག་རྒྱ་ལག་ཏུ་ཤོར་ཚར་རྗེས་སུ་རྒྱ་དམག་གིས་ཚུར་རྒོལ་འབྱུང་བཞིན་པའི་སྐབས་སུ་ས་མཚམས་ཀྱི་སྐོར་ལ་བོད་ཀྱི་ལས་བྱེད་རེ་ཟུང་གིས་ཚིག་རེ་ཟུང་ངག་ལས་ཤོར་ཡོད་ཀྱང་དེ་ལ་ལྗིད་ཁོག་གང་ཡང་མེད་དེ། དེ་ནི་ཟིང་འཁྲུག་གི་སྐབས་སུ་འུ་ཐུག་གིས་ཤོར་བའི་ཚིག་རེ་ཟུང་ཡིན་པས་སོ། རྒྱལ་སྤྱིའི་ཁྲིམས་ཐོག་ནས་ཀྱང་འདི་འདྲ་བ་ལ་གསལ་བཤད་འགྲོ་ས་ཡོད་འདུག་པ་ལས་རང་རེའི་གྲ་ས་ཁག་ཏུ་རྟགས་གསལ་གཏོང་སྐབས་ལྟར་ཁ་ནས་ཚིག་ཟུར་ཙམ་ཤོར་སོང་ན་དེ་འཆོར་མི་ཉན་པར་ཨུ་ཚུགས་རྒྱག་དགོས་པ་དེ་འདྲ་སྲིད་དོན་ཚན་རིག་ནང་དུ་ཡང་མེད་པ་རེད།
གཉིས་པ་ནིཿ ཅི་སྟེ་རྒྱ་ནག་གིས་བཤད་པ་བོད་འདི་སྔ་མོ་ཞིག་ནས་རྒྱ་ནག་གི་ཆ་ཡིན་ཟེར་བ་དང་། ཡང་ན་ཁྱེད་ཅག་གིས་བཤད་པ་རང་བཙན་གྱི་བོད་ཟེར་བ་འབྲི་ཆུ་ཚུར་ནང་གི་བོད་ཙམ་ལས་གོ་མི་ཐུབ་ཟེར་བ་དག་བདེན་དུ་ཆུགས་རུང་། ད་དུང་བོད་ལ་རྒྱལ་སྤྱིའི་ཁྲིམས་ཐོག་ནས་རང་ཐག་རང་གཅོད་(རང་བཙན་འདུས་པ)་ཀྱི་ཐོབ་ཐང་རྩོད་མེད་དུ་ཡོད། རྒྱལ་སྤྱིའི་ཁྲིམས་ནང་དུ་མི་དམངས་ཞིག་ཡིན་ན་རང་ཐག་རང་གཅོད་ཀྱི་ཐོབ་ཡོད་པར་གསལ་བོར་འཁོད་ཡོད། འོ་ན་མི་དམངས་ཞེས་པ་དེ་གང་རེད་ཟེར་ནཿ ཐུན་མོང་གི་སྐད་ཡིག ཐུན་མོང་གི་ས་ཆ། ཐུན་མོང་གི་ལེགས་བྱང་། ཐུན་མོང་གི་དཔལ་འབྱོར་། ཐུན་མོང་གི་ཆོས་ལུགས་ཡོད་པའི་མིའི་ཚོགས་སྡེ་ཞིག་ལ་གོ་བ་རེད། བོད་ནི་འདི་འདྲ་བའི་མི་དམངས་ཞིག་ཡིན་པ་ལ་སུས་ཀྱང་སྙོན་མི་ནུས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་རང་ཉིད་ཀྱིས་ཕྱི་ལོ་༡༩༦༡་དང་༡༩༦༥་ལོ་སོར་བོད་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པའི་ངོས་ལེན་གསལ་བོར་བྱས་ཡོད། རྒྱ་ནག་གིས་ཀྱང་བོད་ཀྱི་རང་ཐག་རང་གཅོད་ཀྱི་སྐོར་ལ་ད་བར་མི་སྨྲའི་རྟུལ་ཞུགས་བཟུང་ནས་ཡོད། འོ་ན་རང་ཐག་རང་གཅོད་ཟེར་བ་འདི་ག་འདྲ་ཞིག་ལ་གོ་བ་རེད་ཅེ་ནཿ མི་དམངས་ཞིག་གི་རང་གི་ཆབ་སྲིད་ཀྱི་འདུན་ལམ་ཇི་ལྟར་འདེམས་པའི་དབང་ཆ་རང་ལ་ཡོད་པ་ལ་ཟེར་ཞིང་། དེའི་ནང་དུ་རང་བཙན་ཡང་འདུས་ཡོད།
འོ་ན་བོད་འདི་མི་དམངས་ཤིག་ཡིན་པའི་ཆ་ནས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་གི་ཐོག་ནས་རང་བཙན་བྱེད་པའི་གདམ་ཁ་ཞིག་བདམས་རུང་རྒྱལ་སྤྱིའི་ཁྲིམས་ནང་དུ་རྒྱལ་ཁབ་ཅིག་ལ་རང་གི་མངའ་རིས་སྲུང་སྐྱོབ་བྱེད་པའི་ཐོབ་ཐང་ཞིག་ཡོད་པ་མིན་ནམ་ཟེར་ནཿ རྒྱལ་སྤྱིའི་ཁྲིམས་ནང་དུ་རྒྱལ་ཁབ་ཅིག་ལ་རང་གི་མངའ་རིས་སྲུང་སྐྱོབ་ཀྱི་ཐོབ་ཐང་ཟེར་བ་ཞིག་ཡོད་ཅིང་། དབང་སྒྱུར་རྒྱལ་ཁབ་ཀྱིས་རང་གི་མངའ་རིས་སྲུང་སྐྱོབ་ཀྱི་ཐོབ་ཐང་གི་ཐོག་ནས་དབང་བསྒྱུརད་མི་དམངས་ཀྱི་རང་བཙན་ལས་འགུལ་འགོག་པའི་ཐོབ་ཐང་ཡོད་ཀྱང་། གལ་སྲིད་དབང་སྒྱུར་རྒྱལ་ཁབ་དེས་རང་གི་འགན་ཁུར་མ་ཐུབ་པ་སྟེ། དབང་བསྒྱུརད་མི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མ་ཐུབ་པ་དང་། མི་དམངས་ལ་རང་གི་ཆབ་སྲིད་འགོ་ཁྲིད་འདེམས་པའི་ཐོབ་ཐང་མ་སྤྲད་ན་དབང་སྒྱུར་རྒྱལ་ཁབ་ཀྱིས་མངའ་རིས་སྲུང་སྐྱོབ་ཀྱི་ཐོབ་ཐང་དེ་བེད་སྤྱོད་གཏོང་ཆོག་གི་མེད། དེ་འདྲའི་སྐབས་སུ་མི་དམངས་ལ་(རང་བཙན་འདུས་པ)་རང་ཐག་རང་གཅོད་བྱེད་པའི་ཐོབ་ཐང་ལྷུན་གྱིས་གྲུབ་ཡོད།
བོད་ལ་མཚོན་ན་རྒྱ་ནག་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོལ་རོལ་དུ་གཏོང་བཞིན་པ་མ་ཟད། ཆབ་སྲིད་ཀྱི་དབུ་ཁྲིད་འདེམས་པའི་ཐོབ་ཐང་ཀྱང་སྤྲོད་ཀྱིན་མེད་པ་དང་། བོད་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲེལ་བཤད་བཞག་པའི་མི་དམངས་ཟེར་བ་དེ་རྩོད་མེད་དུ་ཡིན་པས་བོད་ལ་རང་ཐག་རང་གཅོད་བྱེད་པའི་ཐོབ་ཐང་རྒྱལ་སྤྱིའི་ཁྲིམས་ཐོག་ན་སྤྲད་ཡོད། དེས་ན་གཞོན་ནུ་དང་། བོད་རང་བཙན་ཆེད་སློབ་ཕྲུག་ཚོགས་པ་སོགས་ཀྱིས་བོད་རང་བཙན་གྱི་འདུན་པ་འདོན་བཞིན་པ་དེ་གཞི་མེད་པ་ཞིག་དང་། རྒྱུ་མཚན་གྱིས་མ་འདང་བ་ཞིག ཆ་མ་ཚང་བ་ཞིག དངོས་ཡོད་མ་རྟོགས་པ་ཞིག མདུན་ལམ་མེད་པ་ཞིག་སོགས་ཡེ་ན་མ་ཡིན་ནོ།
ལྔ་ཚན་དྲུག་པ།
རྒྱ་བོད་མི་མང་མཉམ་གནས་ཐུབ་པའི་མདུན་ལམ་ཆེན་པོ་མེད། ཆོས་ཀྱི་ཐོག་ནས་བཤད་ན་ད་སྐབས་ནི་དུས་ངན་སྙིགས་མའི་སྐབས་ཡིན་ཞིང་། མུ་མཐུད་ནས་དུས་ཇེ་སྙིགས་སུ་འགྲོ་རྒྱུ་རེད། དེ་ཡང་མི་རྣམས་ཕྲག་དོགས་དང་། རང་དོན་དོན་གཉེར་། འདིར་སྣང་ལ་ཞེན་ཆགས་སོགས་ཉོན་མོངས་ཀྱི་རིགས་ཇེ་ཆེར་སོང་བ་དང་། དེ་དང་འབྲེལ་བའི་ཚོར་བ་ཡང་ཇེ་རྣོར་འགྲོ་རྒྱུ་ཡིན་པ་རེད་ཟེར། དེ་ལྟར་བདེན་པ་ཡང་རེད། སྲིད་ཀྱི་ཐོག་ནས་བཤད་ན་མི་རིགས་ཤིག་ལ་དེ་ལྟར་སོང་བ་དེ་ལ་མི་རིགས་དེའི་ཆབ་སྲིད་ཀྱི་ཚོར་བ་ཇེ་རྣོར་སོང་བ་ཟེར། ཆོས་ཀྱི་ཐོག་ནས་བཤད་ན་གོང་གི་དེ་དག་སྤང་བྱ་ཡིན་ཀྱང་སྲིད་ཀྱི་ཐོག་ནས་དེ་མི་རིགས་ཤིག་ལ་སྦྱར་ནས་བཤད་ན་ཆབ་སྲིད་ཀྱི་གོ་རྟོགས་རེད། དེ་འདྲ་བའི་ཆབ་སྲིད་ཀྱི་གོ་རྟོགས་དེ་མུ་མཐུད་ནས་ཡར་རྒྱས་སུ་འགྲོ་རྒྱུ་ཡིན་ཞིང་། དེ་སོང་བའི་ཉེར་ལེན་ལས་ལོ་རྒྱུས་ཐོག་འཁོན་འབྲེལ་ཡོད་པའི་རྒྱ་བོད་མི་རིགས་གཉིས་གཅིག་འོག་གཅིག་གནས་ཕར་ཞོགས་མཉམ་གནས་ཀྱང་ཐུབ་རྒྱུ་དཀའ་མོ་རེད། འདི་ནི་འགྲོ་བའི་མིའི་སེམས་ཁམས་ཀྱི་བདེན་དོན་རེད། འདི་རྟོགས་དཀའ་བའི་ཟབ་དོན་ཞིག་མིན་ཀྱང་རང་རེའི་ཆབ་སྲིད་མཁས་པ་དག་གིས་གནད་དོན་མི་མཁྱེན་པའི་རྒྱུ་མཚན་ནི་དེ་དག་གི་སེམས་རྒྱུད་ལ་ཆོས་ཀྱི་ཤན་ཤུགས་ཆེ་བའི་དབང་གིས་རེད། མི་རིགས་གཉིས་ཕན་ཚུན་གཅིག་གིས་གཅིག་ཤོས་ལ་ཐེ་གཏོགས་བྱས་པ་ན་དཀའ་ངལ་འདི་འདྲ་འཕྲད་ངེས་ཅན་རེད།
༡། སྔར་སོང་གི་བྱུང་རབས་ལས་ར་འཕྲོད་རྒྱུ་ཡོད་པ། དེ་སྔའི་ཡུ་གོ་སིལོབ་རྒྱལ་ཁབ་ཀྱི་ནང་དུ་ཁིརོཊ་པ་དང་སེར་བྷི་བ་གཉིས་ཀྱི་མི་རིགས་སྡང་སེམས་ཇེ་ཆེར་སོང་ནས་མཐར་རྒྱལ་ཁབ་དེ་དུམ་བུ་དྲུག་བདུན་ཞིག་ལ་གྱེས་པ་རེད། ལྷོ་ཨ་ཕི་རི་ཀའི་མི་རིགས་དཀར་ནག་གི་འགལ་ཟླ་དང་། རོཝན་ཌའི་ཧུ་ཀྲུ་མི་རིགས་དང་ཊུ་ཚི་མི་རིགས་ཀྱི་འགལ་ཟླ་ལས་མི་མང་ས་ཡ་མང་པོ་སྡེབ་གསོད་ཀྱི་དོན་རྐྱེན་བྱུང་ཡོད་པ་འདི་རིགས་ཀྱི་རྩ་བ་མི་རིགས་མཐུན་སྒྲིལ་མ་བྱུང་བ་ཁོ་ན་ལ་ལན་ཡོད། དེར་མ་ཟད་ད་སྐབས་ནུབ་ཕྱོགས་བདེ་ལྡན་གྱི་མིག་དཔེར་བརྩི་བའི་ཨ་རིའི་ནང་དུ་ཡང་མི་རིགས་མཐུན་སྒྲིལ་གྱི་དཀའ་ངལ་ལས་སྡེ་གཟར་གཡོར་མོ་ཆེ་བྱུང་བའི་ལོ་རྒྱུས་སྐྱི་གཡའ་བ་ཡོད། ཨ་རིའི་ནང་དུ་དུས་ད་ལྟ་ཡང་མི་རིགས་ཀྱི་མཁོན་སེམས་མེད་པ་མ་ཡིན་ཀྱང་། རྩ་ཁྲིམས་དང་དེ་ལག་ལེན་གཉིས་ཀས་རིགས་དཀར་ནག་གཉིས་ཀ་གཅིག་འོག་གཅིག་གནས་མིན་པར་འདྲ་མཉམ་ཡིན་པའི་འདུ་ཤེས་ཟབ་མོ་སྐྱེ་བའི་ཁོར་ཡུག་ལེགས་པོ་བསྐྲུན་ཐུབ་ཡོད་ཅིང་། གཉིས་ཀའི་སེམས་སུ་རྒྱལ་ཁབ་དེ་རང་གི་ཡིན་པའི་སྤོབས་པ་དེ་ལ་བཀག་འགོགས་མེད་སྟབས་དེ་མུར་མཉམ་གནས་ཐུབ་ཀྱི་ཡོད་པ་རེད།
༢། ད་ལྟའི་དཔེར་མཚོན་ཡོད་པ། ཉེ་ཆར་དབྱིན་ཇིའི་རྒྱལ་ཁབ་ཀྱི་རྩེད་མོ་རྩེ་མཁན་གྱི་ནང་མི་རིགས་དཀར་ནག་གི་བར་ལ་རྙོག་དྲ་ཞིག་བྱུང་ཡོད་པ་ནི་འདི་འདྲ་བའི་དཔེར་མཚོན་ཙམ་ཞིག་རེད། འཛམ་གླིང་ནང་འདི་འདྲ་བ་མང་པོ་འབྱུང་གིན་ཡོད། འདི་ལས་གོ་བ་ལེན་རྒྱུ་གལ་ཆེན་པོ་ཞིག་ནི་དོན་རྐྱེན་དེའི་སྐབས་གནས་ཚུལ་དབྱེ་ཞིབ་པ་མཁས་པ་དག་གིས་བཤད་ན་མ་འོངས་པར་འཛམ་གླིང་ན་འབྱུང་སྲིད་པའི་མི་དང་མིའི་དབར་གྱི་དཀའ་ངལ་ཆེ་ཤོས་ནི་འཇིགས་སྐུལ་དྲག་སྤྱོད་པ་མ་ཡིན་པར་མི་རིགས་འཁོན་འཛིན་གྱི་དཀའ་ངལ་དེ་ཡིན་པར་སྔོན་དཔག་བྱས་ཡོད། རང་ཅག་ལ་སྦྱར་ནས་བཤད་ན་ཡང་རྒྱ་མི་དང་བོད་མི་གཉིས་ནང་ཁུལ་ལ་མི་རིགས་ཀྱི་ཞེན་ཁོག་གི་དཀའ་ངལ་འབྱུང་དང་འབྱུང་བཞིན་ཡོད།
༣། འབྱུང་འགྱུར་གྱི་སྔོན་རྟགས་ཡོད་པ། བོད་ཀྱི་གཞོན་ནུ་ཚོགས་པ་དང་། བོད་རང་བཙན་ཆེད་སློབ་ཕྲུག་ཚོགས་པའི་ཚོགས་མི་ཚོ། དེ་བཞིན་ད་ལྟའི་གཞོན་སྐྱེས་ཚོ་ནི་འབྱུང་འགྱུར་གྱི་བོད་པའི་ཤུལ་འཛིན་པ་དག་རེད། འདི་ནི་སུས་ཀྱང་འཇུན་ཐབས་མེད་པའི་བདེན་དོན་རེད། དེས་ན་ཁོ་བོ་ཅག་གི་བསམ་བློ་གཏོང་ཕྱོགས་དེ་ད་ལྟའི་མི་རབས་སམ་མི་རབས་སྔོན་མའི་བསམ་བློ་གཏོང་སྟངས་ལྟར་གནས་རྒྱུ་མིན་པ་ནི་དོན་གྱིས་དཔོགས་ཐུབ་པ་ཞིག་རེད། འདི་ནི་ང་ཚོའི་དངོས་ཡོད་རེད། འདི་ལ་བསྙོན་པ་ནི་བདེན་དོན་ལ་བསྙོན་པ་རེད། ལས་དོན་ཞིག་ལ་འཆར་གཞི་འདིང་སྐབས་འདོད་པ་ཡོད་རུང་མེད་རུང་འདི་འདྲ་བ་ལ་གཞི་མ་བཅོལ་ན་དངོས་ཡོད་ལ་གཞི་མ་བཅོལ་བ་རེད། དེ་ལ་དཔགས་པའི་ང་ཚོས་འཐབ་ཇུས་ཤིག་འདིངས་དགོས་པ་ཟློག་ཏུ་མེད། ཁོང་ཚོ་བསམ་བློ་གཏོང་མི་ཤེས་མཁན་རེད་ཅེས་ཟུར་དུ་འཇོག་ཐབས་བྱེད་པ་ནི་བདེན་པ་ཟུར་དུ་འཇོག་བྱེད་པ་དང་གཅིག་པ་རེད། ལས་དོན་གང་ཡིན་ཡང་བདེན་དོན་གྱི་རྨང་གཞི་དང་འགལ་ན་མཐའ་འབྲས་ལེགས་པོ་ཞིག་འབྱུང་རྒྱུ་མེད་པ་ནི་ཆོས་ཉིད་རེད།
༤། འཁོན་འཛིན་ཡོད་པའི་མི་རིགས་གཉིས་མཉམ་དུ་བསྡད་པ་ནི་ཕྱུར་གྱི་སྣ་འདྲེན། ཐོག་མར་གཅིག་ཤོས་ཀྱིས་དོན་དག་ཆུང་ཚགས་ཤིག་ལས་སྣ་དྲང་ནས་རྩོད་རྙོག་ཇེ་ཆེར་འགྲོ་བ་རེད། ཁིརོ་ཤི་ཡིའི་ནང་དུ་ཁི་རོཊ་མི་རིགས་རེ་ཟུང་གིས་སེར་བྷི་ཡ་མི་རིགས་ཀྱི་སྡོད་སྒར་ཐོག་ཏུ་རྡོ་དབྱུག་པའི་དོན་དག་ཅིག་ལ་རྐྱེན་བྱས་ནས་དེང་སྐབས་སླར་ཡང་ཁིརོ་ཤི་ཡིའི་ནང་སྡེ་གཟར་ལང་ཉེན་ལ་ཐུག་ཡོད། རྙོག་དྲ་དེ་ཚོ་མི་བསམ་མེད་འགའ་ཞིག་གིས་མི་རིགས་མཐུན་སྒྲིལ་ལ་གཏོར་གཤིག་བཏང་ནས་བཟོས་པ་ལས་བསམ་ཡོད་དག་གིས་དེ་ལྟར་མི་བྱེད་ཅེས་དགོངས་སྲིད། དེ་བདེན་ཀྱང་དེ་ནི་གཞི་རིམ་གྱི་གནད་དོན་ལ་མ་བབ་པའི་བསམ་ཚུལ་ཙམ་ཞིག་ཡིན་པར་སྙམ། ང་ཚོའི་བསམ་བློ་གཏོང་སྟངས་ཀྱང་འདི་འདྲ་ཞིག་ཡིན་པས་བསམ་ཚུལ་དེ་ཚོ་དེ་འདྲའི་ལྷགས་པ་ཞིག་གིས་ཁྱེར་ནས་གཞི་རིམ་གྱི་གནད་དོན་ལ་འབབ་མི་ཐུབ། ཞིབ་ཏུ་སོམས་དང་འཛམ་གླིང་ནང་གི་མི་རིགས་ཀྱི་རྙོག་དྲ་ཡོད་ཚད་ཐོག་མར་མི་བསམ་མེད་རེ་ཟུང་གིས་བྱས་པ་ཡིན་ཞིང་། རྙོག་དྲ་ནི་རྙོག་དྲ་རང་ཡིན་པས་སྡུག་བསྔལ་སྟེར་བ་གཅིག་མཚུངས་ཡིན། གལ་སྲིད་སུ་ཞིག་གིས་འཛམ་གླིང་རྙོག་དྲ་དང་བྲལ་བའམ་ཞི་བདེར་གནས་ཐབས་ཀྱི་ལས་ཤིག་སྤེལ་དགོས་བསམ་ན་དེ་འདྲ་བའི་བསམ་མེད་དག་གིས་རྙོག་དྲ་མི་སློང་བའི་གནས་སྟངས་ཤིག་གམ་ཡང་ན་ཐབས་ལམ་ཞིག་འཚོལ་དགོས་པ་ལས་བསླབ་བྱ་རྒྱབ་པ་ཙམ་གྱིས་མི་ཕན་ལ། བསམ་ཡོད་དག་ལ་གོ་བརྡ་སྤྲད་པས་དེ་བས་ཀྱང་མི་ཕན། ད་བར་བོད་ལ་རྙོག་དྲ་དེ་འདྲ་བ་སློང་མཁན་བྱུང་མེད་པ་ནི་རྒྱ་ནག་སྲིད་གཞུང་ངམ་ཡང་ན་ང་ཚོས་ངོས་ནས་དེ་ལྟར་མི་སློང་བའི་བསླབ་བྱ་བརྒྱབ་ཐུབ་པས་མིན་ལ། དེ་འདྲའི་ཐབས་ལམ་ཞིག་བསྐྲུན་ཐུབ་པའི་དབང་གིས་ཀྱང་མིན། དེ་ནི་བོད་པའི་སྤྱི་ཚོགས་ནང་དུ་དེ་འདྲའི་གནས་སྟངས་ཤིག་གྲུབ་ཡོད་པའི་དབང་གིས་ཡིན། དེ་ཡང་ངོ་སྟོང་ཕྲག་གི་རིང་ལ་ནང་ཆོས་དར་ཁྱབ་ཀྱི་ཐབས་ལམ་དེས་ད་སྐབས་བོད་མི་བསམ་མེད་ཅིག་གིས་ཀྱང་རྙོག་དྲ་དེ་འདྲ་མི་སློང་བའི་གནས་སྟངས་ཤིག་གྲུབ་ཡོད། དེའི་དབང་གིས་ཡིན། འོན་ཀྱང་གནས་སྟངས་འདི་མུ་མཐུད་ནས་དུས་ཡུན་ཇི་ཙམ་ལ་གནས་ཐུབ་ཀྱི་རེད། སུས་ཀྱང་ཚོད་དཔགས་དཀའ་ཚོད་རེད། ང་ཚོའི་ངོས་ནས་མི་རིགས་ཀྱི་རྙོག་དྲ་མ་བསླངས་རུང་རྒྱ་མིའི་ངོས་ནས་མི་སློང་བའི་གདེངས་ཚོད་གང་ཡོད། ངོ་མ་བཤད་ན་ད་ལྟ་སློང་བཞིན་པ་རེད།
༥། འཇིགས་སུ་རུང་བའི་དུས་ཀྱི་ཡོ་འཁྱོམ་ཆེན་མོ་ཞིག་གིས་ང་ཚོའི་མདུན་ན་བསྒུག་ནས་ཡོད་པའི་འཇིགས་སྣང་ཞིག་ང་ལ་དུས་རྒྱུན་དུ་ཡོང་གི་འདུག དོན་དུ་རག་དཀའ་མོ་ཡིན་སྲིད་ཀྱང་གལ་སྲིད་ཡོ་འཁྱོམ་དེ་མ་བྱུང་སྔོན་དུ་ང་ཚོར་རང་བཙན་རག་ན་ང་ཡོ་འཁྱོམ་ཆེན་མོ་དེ་ལས་གཡོལ་ཐུབ་སྲིད་ཀྱི་རེད་སྙམ། རྒྱུ་མཚན་ནི་ང་ཚོའི་སེམས་སུ་ལྷིང་འཇགས་སུ་གནས་པའི་འདུ་ཤེས་བརྟན་པོ་ཞིག་ཡོད་པ་ཡིན། གལ་སྲིད་དེ་མ་བྱུང་ན་ང་ཚོ་ཡང་རྒྱ་ནག་དང་ལྷན་དུ་ཡོ་འཁྱོམ་ཆེན་མོ་དེའི་ལྟེབ་བར་དུ་འགྲོ་རྒྱུ་རེད། ཡོ་འཁྱོམ་ཆེན་པོ་དེ་ལས་ཐར་བའི་རྗེས་ལ་བདེ་སྐྱིད་ཀྱི་བཞུད་ལམ་ཞིག་ཡོད་ངེས་ལ། དེ་དུས་དབུ་མའི་ལམ་འདིའི་འཕྲིན་ལས་རྒྱས་སྲིད། འོན་ཀྱང་དུས་ཡོར་དེ་ལས་ཐར་མིན་དང་། ཐར་ན་ཇི་ལྟར་ཐར་མིན་ལ་སུས་ཀྱང་སྔོན་དཔགས་དཀའ་བར་བསམ་ཡོད། འདི་ནི་ང་ཚོས་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པ་དེ་ཡིན་པར་སྙམ། འཛམ་གླིང་གི་དམངས་གཙོ་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཐམས་ཅད་དེ་འདྲ་བའི་དུས་རིམ་ཞིག་བརྒྱུད་ནས་སླེབས་པ་ཡིན། དུས་རབས་བཅུ་བདུན་པའི་ནང་དབྱིན་ཇིའི་གསར་རྗེ། དུས་རབས་བཅོ་བརྒྱད་པའི་ནང་ཕརན་སིའི་གསར་རྗེ། དུས་རབས་བཅུ་དགུ་བའི་ནང་ཨ་རིའི་སྡེ་གཟར་། དུས་རབས་ཉི་ཤུ་བའི་ནང་སིཔེན་གྱི་གསར་རྗེ་སོགས་ནི་ད་སྐབས་དམངས་གཙོའི་རྒྱལ་ཁབ་ཀྱི་མིག་དཔེར་འོས་པའི་ཡར་ཐོན་ཅན་གྱི་རྒྱལ་ཁབ་དག་གི་ལོ་རྒྱུས་རེད། ད་དུང་ཨུ་རུ་སུའི་གསར་རྗེ། ཨི་ཇབཊི་དང་ལིབྷི་ཡ་སོགས་ཨ་རབ་རྒྱལ་ཁབ་ཁག་གི་དམངས་གཙོའི་འཐབ་རྩོད་སོགས་ནི་ད་ལྟ་འགྲོ་བཞིན་པའམ་སོང་མ་ཐག་པའི་དཔེར་མཚོན་རེད། ད་ལྟ་ལྷག་ཡོད་པ་ནི་རྒྱ་ནག་དང་། བྱང་ཀོ་རི་ཡ་སོགས་ཡུལ་གྲུ་རེ་གཉིས་ལས་མེད་ཅིང་དེ་དག་གིས་ཀྱང་འགྲོ་ལམ་དེ་དག་ཡོངས་གཅིག་མཚུངས་ཡིན་མི་སྲིད་ཀྱང་། དེ་དང་ཆ་འདྲ་བའི་ཞིག་ངེས་པར་དུ་བརྒྱུད་དགོས་པར་སྙམ། རྒྱ་ནག་ལ་དམངས་གཙོ་བཅོས་སྒྱུར་ཞེས་པའི་དུས་ཀྱི་ཡོ་འཁྱོམ་ཆེན་མོ་ཞིག་བྱུང་ཟིན་ན་ཡང་ད་དུང་ཡོ་འཁྱོམ་གཞན་པ་ཞིག་འབྱུང་གི་རེད་སྙམ་པའི་འཇིགས་སྣང་བདག་ལ་ཡོང་གི་འདུག ཡོ་འཁྱོམ་དེ་འདྲ་ཡོང་དགོས་པའི་རྒྱུ་མཚན་ནི་ད་ལྟའི་རྒྱ་ནག་གི་དཔོན་རིགས་རྣམས་མཁྲེགས་འཛིན་ཆེ་བ་དང་། མི་མང་གི་གོ་རྟོགས་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་པའི་རྒྱུ་མཚན་གྱིས་ཡིན། མཁྲེགས་འཛིན་ཅན་གྱི་དབང་སྒྱུར་ཞིག་ལ་མི་མང་གིས་གདོང་ཐུག་གིས་བཙན་གྱིས་མགོ་རྟིང་སློག་དགོས་པ་ལས་དངས་བླངས་ཀྱིས་དབང་མི་མང་ལ་སྤྲོད་པ་མི་སྲིད།
བསམ་གཞིགས་དཔྱད་གཞིཿ
བསམ་
1 བོད་
2 ༼བོད་
འཇམ་དཔལ་ཚུལ་ཁྲིམས་ལགས་ཀྱིས་རི་བོང་བཅལ་འདྲོགས་མ་ཡིན་པར་སྔ་བསམ་ཕྱི་བསམ་གྱི་སྒོ་ནས་དགོངས་ཚུལ་ལྷུག་པོ་གསུངས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ངོ་མ་སྣང་བར་འགྲོ་པོ་གསུངས་འདུག།
ཁྱེད་ཀྱི་རྕོམ་གྱི་ཁ་བྱང་དང་ནང་དོན་འགལ་བ་རེད་འདུག། ཁ་བྱང་དུ་ངས་རང་བཙན་གྱི་རྒྱབ་མི་སྐྱོར་བའི་དཔྱད་གཞི་ཟེར་འདུག་ཀྱང་དོན་དུ་དབུ་མའི་ལམ་ལ་འབྲས་བུ་མེད་པ་སྟོན་འདུག་པས། ཕལ་ཆེའི་ངའི་བསམ་ཚུལ་ལ་ཁྱེད་ཀྱིས་དགག་སྒྲ་དེ་མི་དགོས་སར་སྣོན་པ་མིན་ནམ་བསམས།
འཇམ་ཚུལ་ལགས་ནས་དཔྱད་པ་ཡག་པོ་གནང་འདུག། ཡིག་ཚོགས་ཆེ་བས་ཕྱེད་ཙམ་ལས་ཚང་མ་ཀློག་ཐུབ་མ་སོང་། ལེ་ལོ་དང་སླ་ཆོས་ཀྱི་དུས་སྐབས་འདིར་སྙིང་སྡུས་ཀྱི་དཔྱད་གླེང་སྤེལ་རྒྱུར་དགའ།
འགོ་བརྗོད་དུ།
ཅིའི་ཕྱིར་ངས་རང་བཙན་གྱི་རྒྱབ་མི་སྐྱོར་བའི་དཔྱད་གཞི་ལྔ་འགྱུར་མ།
རྩོམ་གངོས་གཞིའི་ནང་དུ།
ངས་རང་བཙན་ལ་རྒྱབ་སྐྱོར་བྱེད་པ་ནི་གཞན་མང་པོ་ཞིག་དང་། ལྷག་པར་དུ་གསར་བུ་སྣང་སྤྲོ་མང་པོ་ཞིག་གིས་རང་བཙན་ལ་རྒྱབ་སྐྱོར་བྱས་པ་དང་མི་འདྲ། དེ་ལས་ཀྱང་ལྷག་པར་དུ་རང་དོན་ཁོག་བཅུག་གིས་རང་བཙན་ལ་རྒྱབ་སྐྱོར་བྱེད་པའི་སྲིད་དོན་པ་དེ་འདྲ་ཡོད་ན་དེ་དག་དང་ཡེ་ནས་མི་འདྲ། ་་་་་ཟེར།
དེ་རིང་འདི་ལྷག་དཔྱད་རྩོམ་རིང་དྲགས་ནས་ཀློག་ཁོམ་མ་བྱུང་ཡང་་་་་་
གཉིས་ནས་ད་ལྟའི་དམར་ཤོག་ཀྱི་དབང་འཛིན་ཕ་ཚོ་ལ་དབུ་མའི་ལམ་ལ་ཡང་འཇིགས་སྣང་ཧ་ཅང་ཆེ་བས་དབུ་མའི་ལམ་འདི་མགྱོགས་པོ་ཞིག་ལ་རག་པའི་རེ་བ་འཆང་ན་ནོར་འདུག། རྒྱུ་མཚན་ནི་གཅིག་ནས་དབུ་མའི་ལམ་འདིའི་གྲུབ་འབྲས་སྨིན་པར་རྒྱ་ནག་ལ་འགྱུར་བ་མ་སོང་བར་སྒུག་དགོས་པ་ཀུན་གྱིས་ཁས་ལེན་བྱེད་པ་དང་། དེ་འདྲའི་དུས་སྐབས་ཤིག་ཤར་བའི་ཚེ་དབུ་མ་ལ་གོ་སྐབས་ཡོད་ན་རང་བཙན་ཡང་གོ་སྐབས་མེད་པ་ཡེ་ནས་མིན།
གཤམ་གྱི་སྐད་ཆ་འདི་རྩོམ་གྱི་སྤྱི་སྙིང་རེད་འདུག
་་་་་་་་་་་་་་་་་གཉིས་ནས་ད་ལྟའི་དམར་ཤོག་ཀྱི་དབང་འཛིན་ཕ་ཚོ་ལ་དབུ་མའི་ལམ་ལ་ཡང་འཇིགས་སྣང་ཧ་ཅང་ཆེ་བས་དབུ་མའི་ལམ་འདི་མགྱོགས་པོ་ཞིག་ལ་རག་པའི་རེ་བ་འཆང་ན་ནོར་འདུག། རྒྱུ་མཚན་ནི་གཅིག་ནས་དབུ་མའི་ལམ་འདིའི་གྲུབ་འབྲས་སྨིན་པར་རྒྱ་ནག་ལ་འགྱུར་བ་མ་སོང་བར་སྒུག་དགོས་པ་ཀུན་གྱིས་ཁས་ལེན་བྱེད་པ་དང་། དེ་འདྲའི་དུས་སྐབས་ཤིག་ཤར་བའི་ཚེ་དབུ་མ་ལ་གོ་སྐབས་ཡོད་ན་རང་བཙན་ཡང་གོ་སྐབས་མེད་པ་ཡེ་ནས་མིན།་་་་་་་་་་་་་་་་
རང་བཙན་རྒྱལ་ལོ།
ཆེས་གཟི་བརྗིད་ལྡན་པ། གནས་ལུགས་ཡོད་པ་ཞིག་གསུང་འདུག ཡིན་ན་མང་དྲགས་ནི་ཚང་མ་ཀློག་ཐུབ་མ་སོང་། གལ་ལེར་ཀློག་ཐུབ་པ་བྱེད་ཀྱི་ཡིན།
ཐུགས་རྗེ་ཆེ་ཞུའོ།།
ཨ་མཆོད་འཇམ་ཚུལ་གྱི་བྲིས་པ་འདིར་གླེང་རིན་པའི་གཏམ་ཚིག་གཅིག་ཀྱང་མི་འདུག རང་བཙན་ལ་རྒྱབ་སྐྱོར་བྱེད་ཁུལ་རེད་འདུག་སྟེ་རྒྱབ་སྐྱོར་བྱེད་སྟངས་ཀྱང་ཤེས་མི་འདུག རང་བཙན་མི་དགའ་མཁན་བོད་མི་སུ་གཅིག་མེད་པས་རང་བཙན་ཨེ་དགོས་དྲིས་ན་དགོས་ལོས་ཟེར། བཤད་པའི་ཁ་ཡོད་ན། རང་བཙན་རྩོད་ན་གུང་ཁྲན་ལ་རྩོད་དགོས་པ་ལས་ནང་ཁུལ་དུ་རྩོད་རྒྱུ་མེད། བོད་རང་བཙན་འཕྲོག་མཁན་རྒྱ་གུང་ཁྲན་ཡིན་པ་ཤེས་དགོས། ལོ་རྒྱུས་ནང་རང་བཙན་ཡིན་པའི་སྒྲུབ་བྱེད་བཤད་ཐུབ་ན་ཁྱོད་ཀྱིས་ཤོད་དཱ། སྔོན་ལ་ལོ་རྒྱུས་ནང་བོད་དེ་རང་བཙན་ཡིན་པ་གསལ་པོ་དགོས། ང་ཚོས་ད་ལྟར་རང་བཙན་རྩོད་ན་ང་ཚོ་ལ་ཕན་ཐོགས་ག་རེ་ཡོད་པ་བཤད་དགོས་པ་ལས། ཁ སྟོང་ག་རེ་བཤད་བཤད་རེད། གོང་མ་ཆེན་ལོང་སྐབས་བོད་རྒྱ་འོག་ཏུ་ཚུད་ཟིན་པར་དུང་དཀར་རིན་པོ་ཆེ་ནས་དོན་དངོས་ཡིན་པ་རྒྱུ་མཚན་བགྲངས་ནས་གསུངས་འདུག་པ་དེ་ལ་ཁྱོད་ཀྱིས་ལན་རྒྱག་དཱ། ལྟད་མོ་ལྟ་ཆོག དབུ་མའི་ལམ་གྲུབ་འབྲས་འཐོན་རྒྱུ་མེད་པ་རྒྱ་མོ་གཅིག་གི་སྐད་ཆ་ལ་གཞི་བཅོལ་འདུག་ཏེ། སྙིང་རྗེ་ཡས་རེད། རྒྱ་ནག་ནང་དུ་ཆེས་སྐད་གྲགས་ཆེ་བའི་མཁས་དབང་ཁོ་ན་མ་གཏོགས་འཛུལ་ཞུགས་མི་ཆོག་ཅིང་། རྒྱ་ནག་གི་དབུ་ཁྲིད་ཚོས་ཀྱང་ཉིན་ལྟར་ལྟ་དགོས་པའི་རྒྱ་ནག་ཁྱོན་ཡོངས་ཀྱི་ཆེད་ལས་མཁས་དབང་ཁོ་ནའི་བགྲོ་གླིང་དོ་ར་༼公识网༽ ཞེས་པར་ལྟོས་དང་། རྒྱ་ནག་མཉམ་དུ་འབྲེལ་མོལ་གནང་བ་སྟག་ལ་སྟག་པགས་སློང་བ་དང་མཚུངས་སམ་ཡང་ན་པོ་ལོ་འགྲན་བསྡུར་ནང་གྲུབ་འབྲས་འཐབ་རྩོད་བྱས་པ་དང་མཚུངས་ཤེས་པར་འགྱུར་རོ། །ངས་མདོར་བསྡུས་ནས་བཤད་ན་ཨ མཆོད་འཇམ་ཚུལ་ཟེར་བ་དང་འཇམ་ནོར་ཟེར་བ་འདི་དག་བོད་ལ་ཤ་ཚ་ཡོད་མཁན་ཞིག་རེད་བསམ་ཀྱང་བོད་རང་གི་ད་ལྟའི་གནས་བབ་དང་རྒྱ་ནག་གི་གནས་བབ་སོགས་ཀྱི་ཐད་ལྐུགས་པ་རེད་ཅེས་སྨྲ་ན་ཆུང་དྲག་མི་འདུག གོང་གི་དྲ་རྒྱ་དེར་རྒྱ་ནག་གཞུང་གི་ལངས་ཕྱོགས་བརྟན་བརླིང་ཟེར་བ་དང་རང་སྐྱོང་ཟེར་བ་སོགས་མང་པོར་དགག་པ་ཚ་ནན་གཏོང་བཞྀན་རེད།
ཨ་མཆོད་འཇམ་ནོར་ཟེར་བ་སོགས་ཁྱེད་ཚོ་དངོས་གནས་རྒྱ་ནག་གི་གནས་བབ་ལ་རྒྱུས་ལོན་ཇི་ཙམ་ཡོད། རང་གི་སེམས་ནང་གསལ་པོ་ཡིན་ངེས་རེད། ཉིན་རེར་རྒྱ་ནག་གི་གལ་ཆེའི་དྲྭ་རྒྱ་ཇི་ཙམ་ཀློག་གིན་ཡོད། རྒྱ་ནག་གི་གནས་བབ་མ་ཤེས་ན་ང་རང་ཚོའི་སྤྱི་ཚོགས་ནང་ཕན་ཐོགས་མེད་པའི་སྐད་ཆ་མ་ཤོད། ངས་དྲི་བ་གཅིག་གཏོང་འདོད་པ་ལ། ཨ མཆོད་འཇམ་ནོར་ཁྱོད་ལ་ལན་མེད་ན་ལན་རྒྱག་རྒྱུ་མེད་པར་བརྩི་བ་ལས་ཡོད་ཀྱང་ལན་མི་རྒྱག་པར་བརྩི་མི་ཐུབ་པ་ཁྱེད་ཀྱི་གོང་གི་རྩོམ་བྲིས་སྟངས་དེ་ལས་ཤེས་ཐུབ། ཅང་ཙི་མིན་སྲིད་འཛིན་སྐབས་ཀྱི་སྲིད་བློན་ཀྲུང་རུང་ཅི་ནས་རྒྱུན་དུ་རྒྱ་ནག་ནང་གི་ཚགས་ཤོག་སམ་དྲྭ་རྒྱ་གང་ཞིག་ཏུ་དབུས་གཞུང་དང་ཐད་ཀར་འབྲེལ་བ་ཡོད་པའི་དཔྱད་རྩོམ་ཇི་ཙམ་སྤེལ་ཡོད། དེ་དག་ལས་རྒྱ་ནག་གི་ཆེད་ལས་མཁས་དབང་ཚོར་ལྟ་ཚུལ་ཇི་བྱུང་ཅིག་ཤོད་དཱ། ཁྱེད་ཀྱིས་རྒྱ་ནག་གི་སྐོར་ཤེས་བྱ་ཇི་ཙམ་ཡིན་པ་དེ་མ་ཐག་ཤེས་པར་འགྱུར་རོ། །
བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཟེར་བ་ཚོགས་པ་ཡག་པོ་དེ་ཚོགས་གཙོ་མིང་ཁུལ་མི་ངན་ཚེ་དབང་རིང་འཛིན་དང་། ཚོགས་གཞན་མིང་ཁུལ་མི་ངན་དོན་གྲུབ་ལྷ་དར་ཟེར་བ་ཁོ་པ་གཉིས་ཀྱི་ཡ་བཤད་མ་བཤད་ནས་སྤྱི་ཚོགས་ཐོག་ལ་གཞོན་ནུའི་ཚོགས་ཟེར་དུས་སྐྱུར་མིན་ལངས་ཡར་ཞིག་བཟོ་སོང་། ཨ་ཁ་ཁ་ད་གང་དྲག ཁོ་པ་གཉིས་པོ་བཟང་སྤྱོད་ཐོག་དགོངས་པ་ཞུ་དགོས་ཡ་དེ་གལ་ཆེན་པོ་རེད།
འཇམ་དཔལ་ཚུལ་ཁྲིམས་ལགས་ཀྱི་མགོ་རྔ་ཚང་བའི་དཔྱད་བརྗོད་ཡག་པོ་ཞིག་འདུག འོན་ཀྱང་མང་དྲག་པས་ད་ལྟ་ཆ་ཚང་ཚར་མ་སོང་། སློབ་གྲྭའི་བར་གསེང་གཅིག་ལ་ཆ་ཚང་ཀློགས་ཐུབ་པའི་རེ་བ་ཡོད། ཐུགས་རྗེ་ཆེ།
དྲ་གྲོགས་རྣམས་པས་ཁོ་བོའི་བསམ་ཚུལ་ལ་མཆན་མང་ཙམ་བཞག་འདུག ཐུགས་རྗེ་ཆེ། ཁོ་བོའི་ཚིག་ཉོག་མང་དྲགས་ནས་རེ་ཟུང་ལ་ཀློག་ཁོམས་མ་བྱུང་བར་བློ་ཅུང་ཟད་ཕམ་པའི་སྒོ་ནས་དགོངས་དག་ཀྱང་ཞུ་བ་ཡིན། གནད་དོན་ཞུ་དགོས་པ་ཞིག་ལ་ང་ཚོས་དབུ་མའི་ལམ་ལ་ཐུགས་མོད་ཡོད་མཁན་ཚོས་རང་བཙན་མི་འདོད་མཁན་སུ་ཡོད་ཅེས་ཡང་ཡང་གསུང་གི་འདུག་མོད་ཐུགས་སེམས་པའི་གཏིང་ན་དེ་འདྲ་ཡིན་ཀྱང་། ལག་ལེན་གྱི་ཐོག་ནས་མི་དགོས་གསུང་དགོས་པ་རེད། བདག་གི་བསམ་པར་འདི་གནད་དོན་ཆུང་ཆུང་འདྲ་ཡང་མང་པོ་ཞིག་གིས་དོ་སྣང་གནང་གི་མི་འདུག དབུ་མ་བ་དག་གིས་གལ་སྲིད་རང་བཙན་མི་དགོས་མ་གསུང་ན་གྲོས་མོལ་ལ་འགྲོ་ཐབས་ཡོད་པ་མ་རེད། རང་བཙན་མི་དགོས་ཤག་ཤག་གིས་བོད་རྒྱ་གྲོས་མོལ་བྱེད་ཀྱིན་ཡོད་པ་རེད། འདི་མཁྱེན་པར་མཛོད།
རེ་སྐུལ་ཞུ་རྒྱུ་ཞིག་ལ་ཁོ་བོའི་རྩོམ་བྲིས་འདི་ཆ་ཚང་བར་ངེས་པར་དུ་ཀློག་པའི་འབད་བརྩོན་གནང་རོགས། དེ་མིན་མགོ་ཟིན་རྔ་ཟིན་ཞིག་གིས་བདག་གི་ཞེ་འདོད་ཆ་ཚང་བ་ཞིག་རྟོགས་པར་འགལ་རྐྱེན་ཡོང་གི་རེད།
ངས་བསམ་ན་དབུ་མའི་ལམ་བུ་འདི་ནི་ཆུ་ངོགས་གཏམ་རྒྱུད་ཀྱི་ལེའུ་དང་གཉིས་སུ་མེད་པས་དེ་ནི་རྒྱ་ནག་གི་གཡོ་ཇུས་ཤིག་ཡིན་པས་དོན་དངོས་ཀྱི་བོད་རྒྱ་ཞི་མོལ་ལ་རེ་བ་མེད། དེ་ནི་བོད་རྩ་མེད་དུ་བཏང་བྱེད་ཀྱི་ཐབས་ལམ་ཞིག་ཏུ་འདོད།
དྲ་གྲོགས་བློ་གྲགས་ལགས་ཀྱི་དྲི་བ་ལ་ངས་ལན་མི་ཐེབས་པར་ངོས་ལེན་ཞུ་རྒྱུ་ཡིན། དྲི་བ་དེ་དེ་ཙམ་གནད་འགག་ཆེན་པོ་ཞིག་ཡིན་ཁྱེད་ཀྱིས་དྲི་བ་འདི་རང་རེའི་གཞུང་གི་ཆེན་པོ་དག་ལ་བཀོད་དང་ལན་འདེབས་མཁན་ག་ཚོད་འདུག་གཟིགས་རོགས་ཞུ། གནད་འགག་རང་ནི་རང་ཉིད་ཀྱིས་རང་ཉིད་ཀྱི་གནས་བབ་ཤེས་དགོས་པ་དེ་ལས་གལ་ཆེ་བ་རེད། རང་ཉིད་བོད་ནས་སྐྱེས་ཤིང་འཚར་བའི་མི་རྒན་ཞིག་ཡིན་པས་རྒྱ་མི་དག་གི་བྱེད་ལུགས་ལ་རྒྱུས་ཅུང་ཟད་ཡོད་པའི་སྤོབས་བྱེད་ཆོག་སྙམ།
ཞོར་ལ་ཁྱེད་རང་རྒྱ་ནག་ནང་དུ་ཆེས་སྐད་གྲགས་ཆེ་བའི་མཁས་དབང་ཁོ་ནའི་གྲས་སུ་ཡོད་པའི་རང་ཕྱོགས་ལ་བློ་བའི་མི་ཞིག་ཡིན་ན་ང་ཚོར་མུ་མཐུད་ནས་རྒྱའི་དབུ་ཁྲིད་དག་གིས་བོད་ཐོག་འཛིན་པའི་ལས་དོན་མཐའ་དག་གི་བརྡ་ལན་སྤྲོད་རོགས་ཞུ་རྒྱུ་ཡིན།
དྲ་གྲོགས་ཕུག་རོན་དཀར་པོར་ཞུ་རྒྱུར་། ངས་དགག་སྒྲ་དེ་རྐང་བཙུགས་ནས་བཞག་པ་ཡིན།
ག་ལེར་ཞིབ་ཀློག་བྱ་གི་ཡིན། སྒུགས་ཨ།
ཉུང་ཉུང་ཅིག་བྲིས་ཡོད་ན་གོ་སླ་ས་རེད། དེ་མིན་འབྲི་བ་བོ་རང་ཡང་ནང་འགལ་གྱི་ཨ་ལོང་དང་ཡང་ལོང་ནས་མ་ཐར་བའི་དཀའ་ངལ་མང་པོ་ཞིག་བརྗོད་མ་ཤེས་བར་ཡིན་པར་སྙམ་པ་ལས་འཇུག་བསྡུས་བ་སོགས་ཉམས་འཇོག་མེད་པས། རང་གཞན་ཚང་མར་གོ་ལོག་འདྲ་མི་སྟེར་བའི་ཁ་གསལ་བོ་དེ་ཙམ་མི་འདུག་བསམ་སོང་།
དེ་མིན།
གཙོ་བོ་མི་སུ་ཡིན་ན་ཡང་རང་ལངས་ས་དེའི་མངོན་ལྐོག་གཉིས་ཀ་ཡག་པོ་ཞིག་ཤེས་ན་བོད་ལ་ཕན་པ་ཞིག་ཏན་ཏན་ཡོད་རྒྱུ་རེད།
བསམ་ཚུལ་ལྷུག་བརྗོད་བྱས་བར་དགའ་བསུ་ཡོད།
ཨ་མཆོད་འཇམ་ཚུལ་ཁྱེད་སྙིང་རྗེ་བ་ལ། ང་ཚོ་དབུ་ལམ་མོས་པ་ཚོས་འཛམ་གླིང་ཡོངས་གྲགས་སུ་རང་བཙན་དགོས་མིན་དྲིས་ན་དགོས་ཞེས་ཐོགས་པ་མེད་པར་ལབ་ཀྱིན་རེད་ས་གྲགས་གནམ་གྲགས་རེད། ༸གོང་ས་མཆོག་གིས་ཀྱང་དེ་ལྟར་གསུངས་ཡོད། ཟམ་གོང་རིན་པོ་ཆེ་ནས་ཀྱང་གསུངས་ཡོད། ང་ཚོས་ལག་ལེན་ནས་མི་དགོས་ཞེས་ལབ་དགོས་རེད་ཅེས་པ་ཁྱོད་ཀྱིས་མཁྱོག་བཤད་རེད། ང་ཚོས་རྒྱ་མིའི་མདུན་དུ་ལོ་རྒྱུས་ནང་བོད་རང་བཙན་ཡིན་པ་བསྒྱུར་བཅོས་གཏོང་ཐབས་ཡོད་མ་རེད། ད་ལྟའི་གནས་བབ་ཐག་གཅོད་བྱེད་ཆོག་གི་རེད་ཅེས་ཡོངས་གྲགས་སུ་གསུངས་ཡོད། ལོ་རྒྱུས་ནང་ཡོད་པའི་རང་བཙན་གླེང་ཆོག་པ་ང་ཚོས་ཐོབ་ཐང་རེད་ཅེས་༸གོང་ས་མཆོག་གིས་མ་ཎི་བགྲངས་བགྲངས་གསུངས་པ་ཁྱེད་ཀྱིས་དེའི་གོ་བ་ཟབ་མོ་དེ་ཤེས་ཀྱིན་མེད་པ་འདྲ། མདོར་བསྡུས་ན་མ་འོངས་པར་ལོ་རྒྱུས་ནང་ཡོད་པའི་རང་བཙན་དེ་རྩོད་རྒྱུའི་འོས་བབ་མཚམས་པ་བྱུང་ན་དེ་དུས་ལོ་རྒྱུས་ནང་ཡོད་པའི་རང་བཙན་རྩོད་ཆོག་པ་ང་ཚོའི་ཐོབ་ཐང་རེད། ད་ལྟར་ང་ཚོས་རང་བཙན་རྩོད་རྒྱུ་སྐབས་དང་དུས་དང་ནུས་པ་སོགས་གང་ཅིའི་ཐད་མི་མཚམས་པ་རེད། ང་ཚོའི་འགན་ཆེ་ཤོས་དེ་རིག་གཞུང་དང་སྐད་ཡིག་བདག་པོ་རྒྱག་རྒྱུ་དང་མི་རིགས་ཀྱི་ལ་རྒྱ་གསོན་པོར་ཉར་རྒྱུ་དང་། ལོ་རྒྱུས་ནང་གནས་བབ་རང་བཙན་ཡོད་པ་དེ་ངོ་སྤྲོད་བྱ་རྒྱུ་དེ་རེད། མ་འོངས་པའི་མི་རབས་ཚོས་མིརིགས་ཀྱི་མདུན་ལམ་རང་སྐྱོང་དང་རང་བཙན་སོགས་གང་དུ་བསྐྱལ་ཁོ་ཚོས་ལྟ་ཤེས་ཡིན་ངེས། ཁྱེད་ཀྱིས་རྒྱའི་སྐོར་རྒྱུས་མངའ་ཅུང་ཟད་ཙམ་ཡང་མེད་པ་གསལ་པོར་ཆགས་ཟིན་པ་རེད། དེ་འདྲ་སོང་ཙམ་རྒྱ་བོད་ཀྱི་མདུན་ལམ་སྐོར་སྐད་ཆ་བཤད་ན་ཕན་ལས་གནོད་ཆེ་བ་གསལ་པོ་རེད། བདུན་ཕྲག་འདིའི་ནང་རྒྱ་ནག་ནང་གི་དྲྭ་རྒྱ་ཀོང་སུ་ཝང་ཞེས་པ་དེར་རང་སྐྱོང་དང་བརྟན་བརླིང་སྐོར་གནད་ལ་འཁེལ་བའི་སྐྱོན་བརྗིད་བྱས་འདུག ཁྱེད་ཀྱིས་གཟིགས་ན་ཤེས། གནས་ཚུལ་ཚང་མ་བལྟས་ནས་རྩོམ་ཡག་བྲིས་ན་ཡག་པོ་རེད། མགོ་ཚོས་ལ་མ་ཚོས་གཞི་མེད་ཀྱི་སྐད་ཆ་བཤད་ན་ང་ཚོའི་སྤྱི་ཚོགས་ལ་ཕན་ཐོགས་ཡོད་དམ།
ང་ཚོའི་གཞུང་གི་རྒྱ་བོད་གནས་ཚུལ་ཚང་མ་མཁྱེན་མཁན་ཟམ་གདོང་རིན་པོ་ཆེ། རྒྱ་རི་རིན་པོ་ཆེ། སྐལ་བཟང་རྒྱལ་མཚན་ལགས། ཐའི་ཝོན་དོན་གཅོད། དྲིལ་བསྒྲགས་བསམ་འཕེལ་ལགས་སོགས་མང་པོ་ཡོད། ཁོ་ཚོར་རྒྱ་གཞུང་གི་གནས་ཚུལ་ཚང་མ་ངོ་སྤྲོད་བྱེད་མཁན་ཡོད་རེད། ཁྱེད་སེམས་ཁྲལ་མི་དགོས་སོ། །མདོར་བསྡུས་ན་༸གོང་ས་མཆོག་གིས་ང་ཚོར་ལམ་སྟོན་ཡོད་ཚད་གནང་ཚར་བ་རེད། སྒྲུབ་མ་སྒྲུབ་ང་ཚོའི་མང་ཚོགས་ཚོགས་རེད། མ་འོངས་པར་ང་ཚོའི་མི་རིགས་འདི་ལྟ་སོ་གང་ཡང་མེད་པ་ཆགས་ན་ད་ལྟར་རང་བཙན་ད་ལྟ་རང་ནས་མ་རྩོད་ན་མི་འགྲིག་ཟེར་མཁན་ཁྱེད་ཚོས་འགན་ཁུར་དགོས། ད་ལྟར་དབུ་མའི་ལམ་དུ་ཕྱིན་ནས་རྗེས་མ་མི་རིགས་འདི་ལྟ་སོ་གང་ཡང་མེད་པ་ཆགས་ན་དེ་ནི་དངོས་གནས་༸གོང་ས་མཆོག་གིས་ལམ་སྟོན་མ་འགྲིག་པ་རེད་ལབ་ན་ཡོངས་འགྲིག་པ་རེད། གཞན་དུ་སྐུ་ཕྲེང་བཅུ་གསུམ་པའི་དགོངས་པ་མ་སྒྲུབ་པར་བོད་ལ་གྱོང་དེ་ཙམ་རག་པ་རེད། ཡང་སྐུ་ཕྲེང་བཅུ་བཞི་པ་འཛམ་གླིང་ཀུན་ཏུ་ངོམ་ཆོག་ཡས་ཁོང་གི་ལམ་སྟོན་དེ་ང་ཚོས་མ་སྒྲུབ་པར་བོད་ལ་གྱོང་ཆེན་པོ་ཞེ་པོ་གཅིག་རག་ན་ག་རེ་བྱེད་ཀྱིན་ཡིན་པ།
གཞོན་ནུའི་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིང་འཛིན་ཟེར་བ་དེ་དངོས་གནས་དྲངས་གནས་ཁྲམ་པ་རང་རེད། རྒྱུ་མཚན་དང་པོ་། ཁ་ནང་རྒྱ་མའི་ཕྱིར་ལ་འབུད་ཀྱི་ཡིན་འདོག་གི་འུག་སྒྲོག་ལུང་པ་གང་བཤད་ཀྱི་ཡོད་རེད། བཙོན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཡང་དག་པའི་སྲིད་བྱུས་ལ་ཤར་བསྐྱོད་གནང་མཁན་བོད་མིའི་སེམས་ཤུགས་ཤིན་ཏུ་ཆེ་བའི་གླིང་ཚང་མ་བུ་གསུམ་པོ་བོད་པའི་སྤྱི་ཚོགས་ནང་ལ་ནག་པོ་བཟོས་པ་རེད། རྒྱ་མའི་དགོས་མཁོ་ངོ་མ་དེ་རེད། རྒྱུ་མཚན་གཉིས་པ་། ཁ་སྔོན་ཁོ་པའི་ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་ནང་ལ་གོང་༧ས་མཆོག་ཐུགས་ཕམ་བྱུང་བ་དེ་གཞོན་ནུའི་ཚོགས་གཙོས་བཤད་པའི་་སྐད་ཆ་དེ་ལ་བསྟེན་ནས་ཐུགས་ཕམ་བྱུང་བ་མ་རེད་ཟེར་སོང་། གལ་སྲིད་དེ་བདེན་པར་ཡིན་ན། གཞོན་ནུའི་ཚོགས་པ་དང་ཚོགས་གཙོ་རེ་བཤད་པ་རེད་ཟེར་ནས་མིང་ལོགས་སུ་བསྟན་པ་དེ་བཀའ་དགོངས་དང་འགལ་བ་རེད་དང་མ་རེད།
བློ་གྲགས་ལགས་རང་བཙན་མ་ཐོབ་ནས་བོད་ལྟ་སོ་གང་ཡང་མེད་པ་ཆགས་ན་འགན་རང་བཙན་འདོད་མཁན་ཚོས་ལེན་དགོས་ན། རང་བཙན་ཡོད་བཞིན་དུ་དམར་འོག་གཤོར་བའམ་དགྲ་ལག་ཏུ་སྤྲད་ཟིན་པ་འདི་སུས་འགན་ལེན་རྒྱུ་ཡིན། ད་དུང་དབུ་མ་ཟེར་བཞིན་རང་རིགས་གཞིས་ལུས་མང་དག་གཅིག་གིས་ལུས་སྲོག་བོད་མི་རིགས་ཆེད་དུ་བཏང་དང་གཏོང་བཞིན་པ་དེ་ལྟར་ཡང་མ་མཐོང་མ་གོ་བ་ལྟར་བྱས་ནས་དགྲ་རྒྱ་དམར་ལ་ལག་འབྲེལ་བྱེད་བཞིན་པ་ད་ལྟའི་གནས་སྟངས་འདི་རེད་པས།
ཉི་མ་གནམ་ཤར་ལ་༧གོང་ས་མཆོག་ན་གོང་ས་མཆོག། ད་ག་རེ་ཡིན་ཟེར་གི་ཡོད་པ་རེད། ༧གོང་ས་མཆོག་ང་ཚོས་བྱ་བ་ག་རེ་བརྩམས་དང་དང་བསམ་བློ་ག་རེ་བཏང་པ་ལ་མགོན་གྲོགས་བྱེད་པའི་ང་ཚོའི་མགོན་སྐྱབས་རེད། ཁོང་ང་ཚོའི་བསམ་བློ་དང་བྱ་བ་ག་རེ་བྱེད་པ་ལ་བགེགས་དང་བར་ཆད་བྱེད་མཁན་མ་རེད།
མྱི་བདག་ཀུན་པོའི་རྣ་འདི་དལ་འི་བཅུག་ན་ཡག་པོ་ཡོད་པ་རེད། རང་བཙན་ལེན་གི་ཡིན་ན་རང་བཙན་ལོང་། རང་སྐྱོང་ལེན་གི་ཡིན་ན་རང་སྐྱོང་ལོང་། ག་རེ་ལེན་ཐུབ་ན་ག་རེ་ལོང་། ག་རེ་བྱུང་བྱུང་དགོས་འི་ཡོད་པ་ཤེས་གསལ་རེད། སྒོ་ལ་མདུན་སྒོ་ལྟག་སྒོ་གློ་སྒོ་སོགས་མང་ནི་རེད། སྒོ་གང་ནས་འཛུལ་རྒོལ་བྱེད་ན་འདོད་པ་རེད།
རྒྱ་མིས་ང་ཚོ་ལ་བོད་སྤྲད་ཡ་ལ་བསམ་བློ་མ་འཁོར། བོད་རྒྱ་མིའི་ལག་ནས་ལེན་ཡ་ལ་བསམ་བློ་འཁོར། ནུས་མཐུ་བཙལ་བའི་དུས་རེད། བློ་དང་རིག་པ་བཙལ་བའི་དུས་རེད།
ལྕེ་དང་རྔ་མ་དབྱུག་ནས་ཀྱང་རེག་ཡ་ཡོད་པ་མ་རེད། རྒྱ་སྤང་ནི་རྒྱ་སྤང་རང་རེད། ཕར་ལ་གློ་བ་བསྟན་ན་ཚུར་ལ་མཆུན་པ་སྟོན་ཉན་རེད། མགོ་གཅོག་ཐུམ་ནི་ཡོད་ན་ཨ་མའི་བུ་རེད།
མངོན་པར་བསྟོད་དོ།
དྲ་གྲོགས་བློ་གྲོས་ལགས་སུ།
“ང་ཚོ་དབུ་ལམ་མོས་པ་ཚོས་འཛམ་གླིང་ཡོངས་གྲགས་སུ་རང་བཙན་དགོས་མིན་དྲིས་ན་དགོས་ཞེས་ཐོགས་པ་མེད་པར་ལབ་ཀྱིན་རེད་ས་གྲགས་གནམ་གྲགས་རེད།”་ཞེས་གསུང་སྟངས་ལ་གཞིགས་ཚེ་དབུ་མའི་ལམ་འདི་རྒྱང་གྲགས་ཐོག་སྒྲོག་རྒྱུ་ཞིག་ལས་ཅོག་ཙེའི་ཐོག་བཤད་རྒྱུ་ཞིག་མིན་པའི་བཟོ་འདྲ་ཞིག་གསུང་འདུག་པས་དབུ་མའི་ལམ་གྱི་ནང་དོན་ངོ་མ་ཁྱེད་ཀྱིས་མཁྱེན་ཡོད་དམ་མ་བསམ་ཐབས་མེད་བྱུང་།
ངས་ཁྱེད་ལ་དཔེར་མཚོན་ཞིག་བཞག་ནས་ངོས་སྤྲོད་ཞུ་གི་ཡིན། དབུ་མའི་ལམ་གྱི་གྲོས་མོལ་འཚོགས་སྐབས་ཁང་པ་ཞིག་གི་ནང་དུ་དཀྱིལ་ན་རྐུབ་བཀྱག་འགའ་ཞིག་དང་ཟུར་གཡས་གཡོན་གཉིས་རྐུབ་བཀག་སྟར་བ་རེ་རེ་བསྒྲིགས་ཡོད་རྒྱུ་རེད། དཀྱིལ་གྱི་རྐུབ་བཀྱག་དེ་ཚོགས་འདུ་གཙོ་སྐྱོང་བ་ཡིན་རྒྱུ་རེད། ཟུར་གཡས་ཕྱོགས་ཀྱི་རྐུབ་བཀྱག་སྟར་བ་དེར་བོད་པའི་སྐུ་ཚབ་རྣམས་བསྡད་ཡོད་རྒྱུ་རེད། ཟུར་གཡོན་ཕྱོགས་ཀྱི་སྟར་བ་དེར་རྒྱ་ནག་གི་སྐུ་ཚབ་རྣམས་བསྡད་ཡོད་རྒྱུ་རེད། དེ་ནས་གཙོ་སྐྱོང་བ་དེས་”ཡ་དེ་རིང་ང་ཚོས་བོད་རྒྱའི་དཀའ་ངལ་དེ་དབུ་མའི་ལམ་གྱི་སྒོ་ནས་སེལ་ཆེད་གྲོས་མོལ་བྱེད་ཀྱིན་ཡོད་པ་རེད། བོད་ཀྱི་སྐུ་ཚབ་རྣམ་པ་ཁྱེད་ཅག་གིས་རང་བཙན་མི་དགོས་ཟེར་རམ”་ཞེས་དྲི་བ་ཞིག་གཏོང་གི་རེད། དེའི་ལན་ལ་བོད་པའི་སྐུ་ཚབ་ཚོས་ལ་ལུང་སྐོར་ནས་ཅི་ཙམ་བཤད་རུང་མཐར་”ང་ཚོར་རང་བཙན་དགོས་ཀྱང་མི་རྩོད།”་ཞེས་པའི་ལན་ཞིག་གིས་འགྲིག་གི་མ་རེད། གྲོས་མོལ་གྱི་ནང་དུ་རང་བཙན་མི་དགོས་པ་དང་མི་རྩོད་པ་གཉིས་དོན་དག་གཅིག་ལ་གོ་རྒྱུ་ལས་དེ་མིན་གྲོས་མོལ་ཚོགས་འདུ་གྲོལ་རྒྱུ་རེད། མཐར་རང་བཙན་མི་དགོས་ཞེས་འཁོད་པའི་ཤོག་བུ་ཞིག་གི་ཐོག་ཏུ་མཚན་རྟགས་བསྡུ་གི་རེད། དེའི་ཐོག་མཚན་རྟགས་མ་རྒྱབ་ཐབས་མེད་རེད། མ་བརྒྱབ་ན་གྲོས་མོལ་ཚོགས་འདུ་གྲོལ་རྒྱུ་རེད། དེའི་ཕྱིར་མཚན་རྟགས་རྒྱག་གི་རེད། མཚན་རྟགས་བརྒྱབ་པའི་སྐད་ཅིག་མ་གཉིས་པ་ནས་བོད་ཀྱི་མདུན་ལམ་དེ་མི་མངོན་པའི་མཐའ་ཞིག་ལ་འཕང་ཟིན་པ་རེད། ནོར་ཡོད་སྲིད་ཀྱང་ངས་དེ་འདྲ་ཞིག་བསམ་གི
དེའི་ཕྱིར་དབུ་མའི་ལམ་འདི་ལ་ཉེན་ཁ་ཞིག་མཐོང་ནས་ཁ་ཞེ་གཉིས་མེད་ཀྱི་རྩོམ་འདི་བྲིས་པ་ཡིན། ངས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡེ་ནས་མི་བྱེད་ཅེས་བཤད་ཀྱིན་མེད། འོན་ཀྱང་ངས་གལ་སྲིད་རྒྱབ་སྐྱོར་བྱས་ན་དོན་དག་གཉིས་ཀྱི་སྒོ་ནས་བྱས་པ་ལས་རང་གི་རིག་ཤེས་ཀྱིས་འཐད་ལྡན་དུ་མཐོང་ནས་བྱས་པ་ཞིག་མིན། དོན་གཉིས་ནི་གཅིག་འདི་བོད་གཞུང་གི་ལངས་ཕྱོགས་ཡིན་པ་དང་། གཉིས་པ་ནི་མ་འོངས་པར་ཅི་འགྱུར་སུས་ཀྱང་བཤད་མི་ཐིག་པས་འདིས་མཐའ་གཅིག་ཏུ་ནོར་ཡོད་པའི་གདེངས་ཚོད་མེད་པ་དེ་གཉིས་ཡིན།
ཁ་བ་དཀར་པོས་སྐད་ཆ་བཤད་ན་སྔ་ཕྱི་ལ་བསམ་བློ་བཏང་ནས་ཤོད། དགྲ་བོའི་དར་ཆ་འཁུར་ན་ཉེས་བ་མེད་པ་དཔར་དར་འབབ་ས་྄མེད། ཆབ་སྲིད་འགྲོ་སྟངས་མ་དགོས་བོད་ཀྱི་ཉེར་རབས་ཀྱི་ལོ་རྒྱུས་ལ་རྒྱུས་ལོན་མེད་པའི་རང་ཚང་བསྟན་འདུག མེས་པོས་ཚེ་སྲོག་གིས་བསྐྲུན་པའི་གློ་དམག་སྒར་དམག་འཁྲུག་མེད་པ་དགྲ་ལག་སྤྲད་པའི་ལོ་རྒྱུས་སོགས་ལ་ཞིབ་འཇུག་བྱས་ཏེ་སྐད་ཆ་བཤད་རོགས། དེ་མིན་རང་ཞེན་གྱི་སྐད་ཆ་ཙམ་གྱིས་བོད་ལ་ཕན་གྱི་མ་རེད། ཟམ་གདོང་གི་ཤེས་བ་ནི་ཆོས་དང་རིག་གཞུང་རེད་མ་གཏོགས་སྲིད་མ་རེད་ལ། རྒྱ་ནག་དེ་བས་མ་རེད། སྲིད་དང་རྒྱ་ནག་གི་ལྟ་བར་དོ་སྣང་ཅན་ཞིག་ཀྱང་དེ་ཙམ་མ་རེད། དེ་ལས་ཁོང་རྒྱ་གར་གྱི་ལྟ་བ་དོ་སྣང་དང་དགའ་ཞེན་མཁན་ཞིག་རེད། རྒྱ་གར་རྒན་རྒོན་ཚོས་ཤུགས་རྐྱེན་ལས་ཁོང་ནུབ་ཕྱོགས་དེ་ཙམ་དགའ་མཁན་ཞིག་མ་རེད། རྒྱ་གར་གྱི་དེ་སྔོན་དགྲ་ནུབ་ཕྱོགས་ཡིན་ཡང་བོད་ཀྱི་དགྲ་མ་རེད།
རྒྱ་གར་བ་ནུབ་ཕྱོགས་པ་རྙིང་ནད་ཡོད་ཀྱང་ཡོད་པར་ནུབ་ཕྱོགས་པ་རྙིང་ནད་དགོས་དོན་མེད།
ཨ་མཆོད་ལགས་ཀྱིས་དཔྱད་གཞི་དེ་ཡག་པོ་འདུག། ཐུགས་རྗེ་ཆེ།
འོན་ཀྱང་བློ་གྲགས་ལགས་ནས་རྒྱ་བོད་གནས་ཚུལ་ཚང་མ་ཤེས་མཁན་ཁྲི་ཟུར་ཚང་དང་། སྐུ་ཚབས་རྣམ་གཉིས། ཐེ་ཝན་དོན་གཅོད། དྲིལ་བསྒྲགས་བསམ་འཕེལ་སོགས་ཡིན་ཁུལ་སྨྲས་ཀྱང་། དོན་དངོས་གནས་ཚུལ་ངོ་མ་ཤེས་མཁན་ཞིག་མ་རེད།
རྒྱུ་མཚན་ཁྲི་ཟུར་ཚང་ལ་མཚོན་ན་གཞན་གྱིས་ལབ་ཚད་ལ་ཉན་བསྡད་པ་མ་གཏོག་རྒྱ་མི་གུང་ཁྲན་དང་ཉིན་གཅིག་གི་དུས་ཡུན་ཙམ་ཡང་གཤིབ་མྱོང་མེད་པ་མ་ཟད་ཆ་རྒྱུས་ཡ་རྒྱུས་སྤུ་ཙམ་ཡང་མེད་པ་རེད། བྱས་ཙང་ཁོང་ཁྲི་པ་ལས་ཐོག་སྐབས་ཡོད་ཚད་བསྟུན་མཁས་དང་མགོ་འབུལ་ལུས་འབུལ་གྱིས་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་འབྲུ་འདོན་ཡིག་ཆ་ཟེར་བ་དེ། དབུས་འཐབ་ཕྱོགས་གཅིག་གྱུར་པུའུ་ལ་སྤྲད་ཡོད་ཀྱང་རྒྱུན་འཁྱོངས་དང་མཐའ་འཁྱོངས་ད་དུང་བསྒྲུབ་ཏུ་མེད་པའི་ཆ་རྐྱེན་དང་བཅས། མིང་འདྲ་མིན་བཏགས་ནས་ཕྱིར་ལོག་བཏང་བ་དེས་ཀྲུང་ནན་ཧེའེ་ཡི་གནས་ཚུལ་ངོ་མ་དེ་མ་ཤེས་པ་གསལ་པོ་གསལ་རྐྱང་ཆགས་ཟིན་པ་རེད།
སྐུ་ཚབས་རྣམ་གཉིས་ལ་མཚོན་ན་རྒྱ་བོད་འབྲེལ་མཐུད་ཡིན་པའི་ཆ་ནས་ཕར་འགྲོ་ཚུར་འོང་ལན་དགུ་བརྒྱུད། དབུས་འཐབ་ཕྱོགས་གཅིག་གྱུར་པུའི་གསོལ་སྟོན་འོག་ཡར་རྒྱས་ཕྱིན་ཟིན་པའི་ས་ཁུལ་ཁག་ལ་གཟིགས་བསྐོར་གཏོག་ཙམ་གནང་རྒྱུ་བྱུང་བ་མ་གཏོག། ཀྲུང་ནན་ཧེའེ་ལ་གཟིགས་ཙམ་དང་ངོ་སྤྲོད་ཙམ་ཡང་བྱ་རྒྱུ་བྱུང་མེད་ལ་ཞེ་འདོད་འགྲུབ་རྒྱུ་ནི་ལྟ་ཅི། ཕྱག་སྟོང་པ་སྟོང་རྐྱང་ཕྱིར་ལོག་གནང་དགོས་བྱུང་བ་དེ་ཀྲུང་ནན་ཧེའེ་ཡི་གནས་ཚུལ་ཆ་ཚང་མི་མཁྱེན་པའི་མངོན་རྟགས་གསལ་པོ་བསྟན་པ་རེད་ལ་ནོར་འཁྲུལ་ཡོད་ཚད་རྒྱ་མགོར་གཡུག་ནས་རྐུབ་བརྡབ་བརྡབ་བཏང་ནས་ཕེབས་ཟིན་པ་རེད།
ཐེ་ཝན་དོན་གཅོད་དང་དྲིལ་བསྒྲགས་བསམ་འཕེལ་སོགས་ཀྱིས་ཤེས་པའི་གནས་ཚུལ་ནི་ཕྱི་ཕྱོགས་སུ་རྒྱུད་སྐུད་ཁ་ཤས་ནས་རྣ་ལམ་དུ་བསྒྲགས་འོང་བའི་གཏམ་བརྒྱུད་གཅིག་རེད་མ་གཏོག་ཀྲུང་ནན་ཧེའེ་ཡི་གནས་ཚུལ་ངོ་མ་དང་ཆ་ཚང་ཞིག་ཤེས་ཀྱི་མེད་པ་རེད། ཀྲུང་ནན་ཧེའེ་ཡི་གནས་ཚུལ་ངོ་མ་དང་ཆ་ཚང་ཤེས་མཁན་ཧ་ལམ་མེད་ཚོད་ཡིན་ཡང་གང་ལ་གང་ཙམ་ཤེས་མཁན་ནི་བོད་ནང་གི་རྒྱ་ཆེའི་མི་དམངས་རེད། ཁོ་ཚོ་ནི་ཀྲུང་ནན་ཧེའེ་ཡིས་དམར་གསོད་དང་བཙོན་འཇུག། བརྡུང་བརྡེག་ཚ་ནན་འོག་ནས་མྱོང་བ་རང་བཞིན་གྱི་སྟེང་ནས་གང་ལ་གང་ཙམ་ཤེས་ཀྱི་ཡོད་པ་རེད།
དེས་ན་ཁྲི་ཟུར་ཚང་ལ་སོགས་པའི་ཁོ་ཚོ་མཉམ་རུབ་ཀྱི་མི་ཤེས་པའི་གནས་ཚུལ་དེ་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དཀྱིལ་འཁོར་ནང་གི་འབྲས་བུ་རང་སྐྱོང་གི་སྒོ་འཕངས་ཟེར་བ་ངོ་བོ་རང་བཞིན་གྱི་གྲུབ་མེད་པ་དེ་རེད། བྱས་ཙང་འབྲེལ་མཐུད་སྐུ་ཚབ་ཚོས་དབུས་འཐབ་ཕྱོགས་གཅིག་གྱུར་པུའི་གཏམ་བརྗོད་ཟློས་གར་ལ་ལན་དགུ་གསན་གཟིགས་གནང་བ་རེད། དབུས་འཐབ་ཕྱོགས་གཅིག་གྱུར་པུའུ་ནི་ཀྲུང་ནན་ཧེའེ་ཡིས་གྲངས་ཉུང་མི་རིགས་ཁག་ལ་གཏམ་བརྗོད་ཟློས་གར་འཁྲབ་མཁན་དུ་བཙུགས་པ་ཞིག་རེད། དབུས་འཐབ་ཕྱོགས་གཅིག་གྱུར་པུའི་བསྐོར་ཨ་རྒྱ་རིན་པོ་ཆེར་བཀའ་འདྲི་ཞུས་དང་ཁོང་གིས་གསལ་ཤོས་མཁྱེན་ཚོད་ཡིན།
དགོངས་དག རིང་དྲགས་ནས་ཀློག་ཐུབ་མ་སོང་། མགོ་ནས་མར་ཙམ་ཀློག་ན་ཡང་མགོ་བརྗོད་དང་ནང་དོན་གཉིས་ཏག་ཏག་མི་འདུག་བསམ་པ་འདྲ་པོ་ཞིག་གིས་དོན་ལ་འཁྲུགས་ནས་མགོ་ཡག་པོ་འཚོས་མ་སོང་ལགས།
གསེར་འབྲུག་ལགས་ཀྱི་གསུང་དེ་དེ་བཞིན་ནོ།
འཇམ་ཚུལ་ལགས་ཀྱིས་དཔྱད་གླེང་རིང་པོ་ཡག་པོ་ཞིག་སྤེལ་འདུག། གླེང་གཞི་འདིའི་བརྗོད་བབ་གཙོ་བོ་ནི་འདི་དག་རེད་བསམ་གྱི།
༼གཤམ་དུ་ཁོ་བོས་རང་བཙན་ལ་རྒྱབ་སྐྱོར་ཅིའི་ཕྱིར་མི་བྱེད་པའི་དོན་དག་འགའ་ཞིག་གྲངས་ཀ་ལྔ་རེ་ལ་བགོས་ནས་འཆད་རྒྱུ་ཡིན། ངས་རང་བཙན་ལ་རྒྱབ་སྐྱོར་བྱེད་པ་ནི་དབུ་མའི་ལམ་འདི་མཐའ་གཅིག་ཏུ་ནོར་བར་མཐོང་བས་མིན་ལ། རང་བཙན་འདི་མཐའ་གཅིག་ཏུ་བཟང་པར་༼བར༽རྟོགས་ནས་འང་མིན། ཡིན་པ་ནི་དབུ་མའི་ལམ་འདིས་བདག་གི་བློ་ཁ་མ་ཁེངས་བ་དང་། དེའི་བརྗེ་ལེན་ལ་ཐབས་ལམ་དེ་ལས་ལེགས་པ་གཞན་ཞིག་ད་ལྟ་རང་རེའི་སྤྱི་ཚོགས་ནང་དུ་སྟོན་རྒྱུ་མེད་པས་ཡིན། ༼ཞེས་པ་འདིར། དེའི་བརྗེ་ལེན་ལ་ཐབས་ལམ་ལེགས་པ་གཞན་ཞིག་ད་ལྟ་རང་རེའི་སྤྱི་ཚོགས་སུ་སྟོན་རྒྱུ་མེད་པས་ཡིན། གསུངས་པ་དེའི་དེ་སྒྲ་འཇུག་ཡུལ་རང་བཙན་ལས་དབུ་ལམ་ལ་གོ་རྒྱུ་མིན་པ་འདྲ།༽ དེར་མ་ཟད་དབུ་མ་འདི་དུས་ཚོད་ཀྱི་ཆ་ནས་རན་མེད་པ་དང་། རང་བཙན་འདི་དུས་ཚོད་ཀྱི་ཆ་ནས་ཀྱང་འདི་ལྟར་བློས་གཏོང་རུང་བ་ཞིག་མིན་པས་ཡིན། དེ་བཞིན་དབུ་མ་ཉེ་བ་དང་རང་བཙན་རྒྱང་བའི་སྒྲུབ་བྱེད་གཅིག་ཀྱང་བདག་གི་བློ་ཡུལ་ལ་འཆར་མི་ཐུབ་པས་ཡིན་པ་མ་ཟད། ཆོལ་གསུམ་རང་བཙན་རྩོད་པར་རྒྱལ་སྤྱིའི་ཁྲིམས་ནང་དུ་ཐོབ་ཐང་ཤོར་ཚར་བར་བཤད་མཁན་ཡོད་པ་དེ་ལྟར་མིན་པའི་བདེན་དཔང་སྟོན་རྒྱུ་ཡོད་པས་ཡིན། བདེན་དཔང་དེ་འོག་ཏུ་གསལ་ཡོད།༽
ཞེས་པ་དང་ཡང་༼ད་སྐབས་ཀྱི་སྤྱི་ཚོགས་འདིར་མཐའ་ན་དེ་ལ་རྒྱབ་སྐྱོར་ཞུ་རྒྱུ་དེ་ཡང་ཞུ་མཁན་རང་ཉིད་ལ་དཔགས་པའི་བློས་གཏོང་མི་ཆུང་ཙམ་ཞིག་ཡིན། རྒྱུ་མཚན་ནི་དེ་ལྟར་བྱས་ན་གོང་ན་བླ་མའི་བཀའ་དང་འགལ་ཨེ་འགྲོ་སྙམ་པའི་ཐེ་ཚོམས། བར་ན་གཉེན་དང་སྤྱི་ཚོགས་ཀྱི་ཐུགས་དགོངས་འཁྲུགས་ཨེ་འགྲོ་སྙམ་པའི་སེམས་ཁྲལ། འོག་ན་རང་གི་ཕ་ཡུལ་བོད་ཀྱི་ས་ཐོག་ལ་འབྲེལ་བ་ཡོད་པའི་རང་ཉིད་ཀྱི་མདུན་ལམ་མཐའ་དག་རྡོག་རོལ་དུ་གཏོང་དགོས་པའི་ཕངས་སེམས་སོགས་ཆེན་པོ་དག་གི་ཐུགས་ལ་ཆུང་ཆུང་འདྲ་ཡང་ཆུང་ཆུང་དག་ལ་ཆེན་པོ་ཡིན་པའི་དོན་དག་མང་པོ་ཞིག་བློས་གཏོང་བྱེད་དགོས། ད་བར་དུ་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་མང་དག་ཅིག་གིས་དཀའ་ངལ་འདི་དག་གདོང་ལེན་བྱས་ཡོད་པ་ལས། འགའ་ཞིག་གིས་བཤད་ཚུལ་བཞིན་དོན་མེད་གཞུང་དམངས་དབར་ལ་འགལ་ཟླ་དང་། ནང་ཁུལ་དབར་དཀྲུགས་ཤིང་བཟོས་པ་ཞིག ༧རྒྱལ་བའི་བཀའ་དགོངས་དང་འགལ་ཟླ་བྱས་པ་ཞིག དངོས་ཡོད་གནས་ཚུལ་ཆ་ཚང་བ་གསལ་བོར་ཧ་མ་གོ་བ་ཞིག་སོགས་ཡེ་ནས་མིན།༽
བཅས་པའི་གླེང་བརྗོད་འདི་དག་གི་ཡངསྙིང་གཙོ་འདོན་གྱི་དོན་ཚན་དང་ཨང་གྲངས་སོགས་གོམ་རིམས་ཀྱི་ཐོག་ནས་གཤམ་གྱི་ཚིག་ཚོགས་དག་གི་སྙིང་དོན་རྣམས་ཀློག་བདེ་དང་གོ་བདེ་ཚུལ་གྱི་སྤེལ་ཐུབ་ན་དོན་ཕན་ཆེ་བའི་གླེང་གཞི་ཞིག་ཏུ་འཛིན་ཆོག་གོ།
དྲ་གྲོགས་ཚ་ཕྲུག་ལགས།
ངའི་རྩོམ་འདི་ལྔ་ཚན་བྱས་ནས་བྲིས་ཡོད་པས་ལྔ་ཚན་དང་པོ་འདི་ལ་འབེབས་ལྔ་ཡོད་མོད་། ཁ་བརྡ་རྩོམ་སྒྲིག་པས་འབེབས་རྣམས་མེད་པར་བཟོས་འདུག་པས་ལྔ་ཚན་དང་པོ་ཟེར་བ་ལ་དེ་ཙམ་གོ་རྒྱུ་མེད་པ་ཞིག་ཆགས་འདུག དེའི་ཕྱིར་ཁྱེད་ཀྱིས་གསུང་བ་བཞིན་དུམ་བུ་སོ་སོར་མེད་པར་གྱུར་འདུག་ལགས།
ཨ་མཆོད་ལགས་ཀྱི་གསུངས་པ་ལ་རྒྱུ་མཚན་མེད་པ་ཞིག་རྩ་བ་ནས་རེད་མི་འདུག། ཐུགས་རྗེ་ཆེ།
མིང་དོན་མི་འདྲ་བར་མཐོང་སོང་
བོད་དང་རྒྱ་གར། རྒྱ་ནག་བཅས་ལ་ཆ་རྒྱུས་ཧ་ཅང་ཆེ་ཞིང་སླ྄ོབ་སྦྱོང་དང་ཉམས་མྱོང་མཐོ་ཁར་ནུབ་ཕྱོགས་ནས་བསྡད་དེ་ལོ་བཅུ་ལྷག་འགྲོ་མཁན་གྱི་བོད་ཀྱི་ཤེས་ཡོན་པ་ཁ་ཤས་དང་ཁ་བརྡ་བྱས་ཡིན། ཁོང་ཚོས་དང་ཐོག་འཛེམ་ཟོན་གྱིས་དེ་ཙམ་སྐད་ཆ་མི་བཤད་ཀྱང་རིམ་བཞིན་ནུབ་ལུགས་ལྟར་སྦ་གསང་དེ་ཙམ་མེད་པ་གཅིག་མཐུན་གྱིས་བཤད་རྒྱུ་སྐུ་མདུན་རྒྱུད་ནས་བོད་དོན་འཛམ་གླིང་སྟེང་ཁྱབ་པ་ཕན་ཐོགས་བྱུང་བ་མ་ཟད། བོད་ཀྱི་ཆེ་མཐོང་ལའང་ཧ་ཅང་ཕན་ཐོགས་བྱུང་། འོན་ཀྱང་། སྐུ་མདུན་ཕྱག་ལས་གནང་སྟངས་དེ་གཟུ་བ་ཞིག་གི་གནང་སྟངས་ལས་འཐབ་རྩོད་པ་ཞིག་མིན་ཁར་དམག་འཁྲུག་མེད་པ་གློ་བ་དམག་སྒར་དགྲ་ལག་ཏུ་སྤྲད་ཅིང་། ཐེངས་མང་བོད་མིའི་སེམས་ཤུགས་མར་བཅག་པ་མ་ཟད། བོད་རང་བཙན་དོར་ཏེ་མཚན་སྙན་གྱི་ཆེད་དུ་མི་བཟང་གནང་ཞིང་། བོད་ཀྱི་བདག་དབང་གཞན་ལ་སྤྲད་པས་བོད་པ་ཐམས་ཅད་ཁོང་ལྟར་ཆགས་ན། ཆོས་ཕྱོགས་སུ་ཁྱིམ་ནས་ཁྱིམ་སྤངས་བས་ཧ་ཅང་ལེགས་ཀྱང་། འཇིག་རྟེན་པ་ཞིག་ལ་མཚོན་ན་འདོད་མེད་དམ་སྐྱ་སྟོང་གྱུར་བས་བོད་ཀྱི་མ་འོངས་བ་ལ་མི་ཕན་ཚུལ་གཅིག་མཐུན་གྱིས་སྨྲ། བདག་དབང་གཞན་སྤྲད་ཅིང་དགྲ་བོའི་གཉེན་དུ་བསྟན་ན་གཞན་གྱིས་མོས་གུས་ཐོབ་ཀྱང་ཡོད་ཚད་སྤྲད་ཟིན་ཅིང་དཀའ་ངལ་དངོས་གནས་འཕྲད་སྐབས་སྐྱོབ་མཁན་ཚུལ་དང་། དབུ་མའི་ལམ་རྒྱབ་སྐྱོར་བྱེད་མང་པོ་ཞིག་གིས་གནས་སྟངས་ཡོད་ཚད་ཧ་ཡག་པོ་གོ་མེད་ཚུལ་དང་གོ་བ་དཀའ་ཚུལ་སོགས་སྨྲ་མཁན་འདུག དེ་ནི་སྐྱོན་བརྗོད་མིན། བོད་པ་ཤེས་ཡོན་ཁག་གཅིག་གི་བསམ་ཚུལ་རྣལ་མ་རེད།
ཁོ་ཚོ་སྐུ་མདུན་ལ་མི་དད་མཁན་དེ་འདྲ་མ་རེེད། དད་པ་དང་དགའ་མཁན་རྐྱང་རྐྱང་རེད་ལ་བོད་ལའང་ཧ་ཅང་དགའ་མཁན་རེད། ཡིན་ཡང་དགའ་བ་དང་ལྟ་བ་ཐ་དད་རེད། ཕ་མ་ལ་དགའ་ཡང་ཕ་མ་དང་ལྟ་བ་མཐུན་དགོས་བའི་ངེས་བ་མེད་ལྟར་རེད།
ཁ་བརྡ་རྩོམ་སྒྲིག་པ་ལགས།
བདག་གི་འབོལ་རྩོམ་ ཅིའི་ཕྱིར་ངས་རང་བཙན་གྱི་རྒྱབ་མི་སྐྱོར་བའི་དཔྱད་གཞི་ལྔ་འགྱུར་མ། ཞེས་པའི་ནང་གི་ལྔ་ཚན་དང་པོ་ལ་འབེབས་སམ་དུམ་ཚན་ paragraph ལྔ་ཡོད་པ་དེ་དག་ཁྱེད་ཀྱིས་ཚང་མ་བསྲེས་བཞག་འདུག་པས་ཀློག་པ་པོ་རྣམས་ལ་དཀའ་ངལ་འཕྲད་བཞིན་འདུག་སྟབས་འབེབས་དེ་དག་བདག་གིས་ཇི་ལྟར་བྲིས་ཡོད་པ་ལྟར་དུ་རང་འཇགས་འཇོག་རོགས་ཞུ།
འཇམ་དཔལ་ཚུལ་ཁྲིམས་ལགས།
ཁྱོད་ཀྱིས་རྩོམ་རིང་ཞིག་བྲིས་འདུག་ག ད་རུང་ཀློག་ཁོམ་བྱུང་མ་སོང་ཡང་རྗེས་སུ་ཁོམ་ལོང་བྱུང་ན་ཀློག་གི་ཡིན། ཁྱེད་རང་གི་དུས་བབ་ནང་བཀོད་ཡོད་པའི་རང་ཐག་རང་གཅོད་སྐོར་གྱི་རྩོམ་དེ་བློ་ངོར་འབྱོར་པོ་བྱུང་། ང་ཚོའི་སྤྱི་ཚོགས་ནང་དབུ་མ་ལམ་ལས་མི་རིགས་ཤིག་ལ་ཡོད་པའི་ཐོབ་ཐང་དང་དམངས་གཙོའི་སྐོར་གྱི་ཤེས་བྱ། རྒྱ་ནག་དང་རྒྱལ་སྤྱིའི་ཐོག་གི་ཁྲིམས་ལུགས་ཤེས་བྱ་གལ་ཆེན་པོ་དག་གི་སློབ་སྦྱོང་སྤྲད་རྒྱུ་དང་བགྲོ་གླེང་བྱེད་རྒྱུ་དེ་ཁ་ཚ་དགོས་གཏུགས་སུ་མཐོང་ཡང་དེ་འདྲའི་ཚོགས་པ་ཉིན་མོའི་སྐར་མའི་དཔེ་ཟླར་ཕྱིན་མི་འདུག་གམ།
དྲ་གྲོགས་མགོན་པོ་ཕྱག་གཉིས་ལགས།
ཁྱེད་ཀྱིས་དུས་བབ་ནང་གི་ཁོ་བོའི་རྩོམ་དེ་ཡང་བཀླགས་པར་བཀའ་དྲིན་ཆེ། འདི་ཡང་ངེས་པར་དུ་ཀློག་རོགས་ཞུ།
དེ་ག་རང་རེད། ཁྱེད་ཀྱིས་གསུང་པ་ལྟར་གནད་དོན་དེ་ཚོའི་ཐོག་ང་ཚོའི་སྤྱི་ཚོགས་ཐོག་ཟབ་སྦྱོང་དང་གྲོས་གླེང་སོགས་ངེས་པར་དུ་དགོས་ཀྱི་ཡོད་པར་མཐོང་གི་ཡོད། འདི་ན་སྟོང་ཆ་ཆེན་པོ་ཞིག་འདུག
དྲྭ་གྲོགས་རྙིང་པ་ཨ་མཆོད་དང་། མགོན་ཕྱག་གཉིས་ཀྱི་སེམས་ཤུགས་ལ་རྗེས་སུ་ཡི་རང་ཡོད་ཀྱང་། ད་ལྟའི་བོད་ཀྱི་དུས་ཚོད་འཚོར་སྣང་ཆེ་ལ་རྣོ་ངར་ཆེ་བའི་དུས་ལ་རང་བཙན་མ་རྩོད་ན་མི་ལེགས་སམ་སྙམ་ནས་ཤོད་ཐལ་ཤོར་སོང་ལགས།
ཁ་བརྡ་རྩོམ་སྒྲིག་པ་ལགས།
བདག་གིས་རེ་བ་ཞུས་པ་ལྟར་བཟོ་བཅོས་གནང་བར་ཐུགས་རྗེ་ཆེ།
གོང་དུ་རིག་བུ་དང་མངའ་འཕྲིན་ཨ་མཆོད་སོགས་ཁྱེད་ཚོ་མཐའ་དག་སྙིང་རྗེའི་ཡུལ་ཙམ་ལས་སྲང་ལམ་གྱི་ཁྱི་མོ་སྨྱོན་པ་དང་ཀླད་པ་ཡོངས་སུ་མཚུངས། ཁྱེད་ཚོ་དེ་འདྲ་ལྐུགས་པ་ལ། བོད་སྐྱོབ་མཁན་ལ་སེམས་ཤུགས་ཅོག་མཁན་ཟེར་སྙིང་རྗེ། ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་བའི་རང་སྐྱོང་མཚན་ཉིད་ཚང་བ་དགོས་རྒྱ་གཞུང་གི་མདུན་ལྕོག་སྟེང་གསུང་ཐུབ་མཁན་ཁོང་གི་སྐུ་ཚབ་མ་གཏོགས་སུ་ཡོད། ཁྱེད་ཚོ་ལས་ངན་བོད་ཀྱི་སྤྱི་ཚོགས་དཀྲུགས་མཁན། ༸གོང་ས་མཆོག་གིས་བོད་རང་བཙན་ལོ་རྒྱུས་ནང་ཡོད་པའ་ང་ཚོའི་ཐོབ་ཐང་ཡིན། དབུ་མའི་ལམ་ང་ཚོའི་ད་ལྟ་ཛ དྲག་སྐྱོབ་བྱེད་ཡིན་ཞེས་ས་གྲགས་གནམ་གྲགས་གསུངས་པ་མ་གོའམ། འདི་ཡང་གོ་མི་ཤེས། ཁྱེད་ཚོ་བོད་ལ་ཤ་ཚ་བ་མ་ཡིན་པར་དཀྲུག་བཤིག་རྒྱག་མཁན་རྒྱ་མིའི་རྒྱུགས་ཁྱི་གསོན་པོ་རེད། ཁྱེད་ཚོའི་དམིགས་ང་ཚོ་བོད་པ་ཚང་ཡོངས་སུ་དཀྲུག་དགོས་བསམ་ཀྱང་ཁྱི་རྐུབ་ནས་ནོར་བུ་འཐོན་འདོད་ཀྱི་རེ་སྟོང་རེད། བོད་ནང་བོད་མི་ལུས་སྲོག་བློས་གཏོང་མཁན་ཆ་ཚང་༸གོང་ས་མཆོག་གི་ཆེད་དུ་གྲོངས་པ་ཤ་སྟག་རེད། ཁྱེད་ཚོ་ལ་ཁོང་རྣམ་པ་ཚོའི་གཟི་བརྗིད་དེ་ངོམས་ཆོག་པའི་ཐོབ་ཐང་སྤུ་ཙམ་ཡང་མེད། ཁ་བརྡ་དྲྭ་རྒྱ་ཚང་རྒྱ་མིའི་ཆབ་སྲིད་ཀྱི་ལག་ཆར་མ་འགྲོ་བ་བྱེད་དགོས། ཁྱེད་ཚོས་མི་སྒེར་ལ་ངན་སྨྲས་སོགས་བྱེད་པ་བཀག་འགོག་བྱེད་ཟེར་བ་བདེན་ན་བོད་ཀྱི་བླ་སྲོག་༸གོང་ས་མཆོག་སྐུ་སྒེར་ལ་དེ་བས་གཞི་མེད་ཀྱི་མཚན་སྨྲས་ཞུས་པ་བཀག་འགོག་མི་བྱེད་པ་ཅི་རེད།
རིག་བུ་ཟེར་བ་དང་ཨ་མཆོད་ཟེར་བ་འདི་དག་སྤྱི་ཚོགས་ཀྱི་ཞི་བདེ་བཀྲུགས་པའི་གསོན་འདྲེ་མངོན་སུམ་རེད། ཨ མཆོད་ཟེར་བ་དེ་ཁ གྲགས་རྒྱུ་མེད་པར་ངས་གོང་དུ་བཟོས་ཟིན་ཀྱང་ན་ཚས་མ་བཟོད་པར་སྡུག་སྐད་རྒྱག་པ་རེད། རྒྱ་མི་དང་གདོང་ཐུག་ནས་ལ་རྒྱ་རྩོད་མཁན་དབུ་མའི་ལམ་རེད། ཁྱེད་ཚོས་རྒྱ་མི་དང་མཉམ་དུ་དཔུང་གདངས་བསྒྲིགས་ནས་བོད་མི་རིགས་རྩ་མེད་བཏང་ཚར་སོང་ན་ཁྱེད་ཚོ་བློ་བདེ་པོ་ཆགས་པ་གསལ་པོ་རེད། ཁྱེད་ཚོར་འཇོན་ཐང་ཡོད་ན་བོད་གཞུང་ལས་ཟུར་དུ་ཐོན་ནས་རང་བཙན་རྩོད་དཱ། ང་ཚོས་ལྟ་ཆོག །རང་བཙན་ཡིན་པའི་ཁུངས་ལུ་ཡང་བཤད་རྒྱུ་མེད་པར་ཁ་ནས་རང་བཙན་ཟེར་བ་ཁྱེད་ཚོའི་སྙིང་ནང་བོད་སྤྱི་དོན་མིན་པར་ན་རྒྱུ་ཚ རྒྱུ་གང་བསྡད་ཡོད་པའི་རྟགས་རེད། དངོས་གནས་རང་བཙན་ལ་ཤ་ཞེན་ཡོད་ན་ཁྱིད་ཚོ་དངོས་སུ་མར་འཐོན་ཤོག ངས་ཁྱེད་ཚོ་མཉམ་དུ་མཐའ་འཁྱོལ་བུ་རབར་དུ་རྩོད་པ་རྒྱག་ཆོག ང་སེ་ར་ཐེག་པ་ཆེན་པོའི་གླིང་ནས་ཡིན། མིང་ལ་བློ་བཟང་གྲགས་པ་ཟེར། ཏྲེ་ཧོར་ཁམས་པ་ཡིན། འཛིན་གྲྭ་འདུལ་བ་ཡིན། ད་ལྟར་རྡ་སར་ཡོད། ཁྱེད་ཚོ་དངོས་སུ་ཐོན་མ་ཕོད་ན་ད་ནས་བཟུང་ཁ་ཚུམ་ནས་སྡོད་ཅིག ལྟས་ངན་ཁྱེད་ཚོས་སུ་གང་ལའང་བརྩི་མི་དགོས། སོ་སོ་ལ་ལྟ་སོ་གང་ཡང་མེད། ང་ཚོ་ས་གནས་གང་དུ་འཛོམས་ནས་བཤད་དགོས་ནའང་བཤད་ཆོག ད་ཤོག བཤད་རྒྱུ་ཡོད་ན།
བློ་གྲགས་ལགས། ལག་པའི་རྒྱབ་མདུན་མི་ཤེས་པས་བླུན་རྟགས་མ་སྟོན་ཨ། རྒྱ་ཡིས་རྒྱུགས་ཁྱི་བོད་རང་བཙན་འདོད་མཁན་ཨེ། རྒྱ་དམར་ལ་མགོ་འབུལ་ལུས་འབུལ་དང་སྤུན་ཟླ་ནང་ཁུལ་གདོང་ཐུགས་རྒོལ་མཁན་ཁྱེད་ཨོ། ཏྲེ་ཧོ་་་་་་ཧཧཧཧཧཧཧཧ།
བསྟན་འཛིན་བསམ་མེད། མགོ་རུལ་བ་སྣ་ཡིས་མི་ཚོར་མཁན་ཁྱོད་ཉོན་ཅིག རིག་བུ་དང་ཨ་མཆོད་ཟེར་བ་སོགས་གོང་དུ་མིང་རྫུན་མ་བྲིས་མཁན་དེ་ཚོས་རང་བཙན་འདོད་མཁན་ཡིན་མིན་བལྟ་རྒྱུ་རེད་འདུག ཁྱོད་ཀྱིས་མི་ངན་དེ་དག་གིས་༸གོང་ས་མཆོག་དང་རང་གཞུང་གི་གནད་ཡོད་མི་སྣ་ཚང་མ་ལ་ག་རེ་བཤད་འདུག ཨེ་འཐོང་། ང་ཚོའི་གལ་ཆེ་མི་སྣ་ཁོང་རྣམས་ཚང་མ་བོད་བཙོང་མཁན་ཡིན་ན་ད་བོད་དོན་སྒྲུབ་མཁན་སུ་ཡོད་རེད་བླུན་རྨོངས་ཁ་ཐུར་དུ་བསྟན་ནས་འགྲོ་མཁན་ཁྱོད་ཀྱིས་ཨེ་ཤེས། བོད་མིའི་མིང་ཁུར་ནས་བོད་ཀྱི་སྲོག་རྩ་ལྟ་བུའི་མི་རྩ་ཆེན་ཚང་མ་ལ་ཁ གཏོང་བསྡད་ན་དེ་རྒྱ་ཡི་རྒྱུག་ཁྱི་མིན་ན་ཅི་རེད། བསྟན་བཤིག་ཁྱོད་ཀྱིས་རྒྱ་གུང་ཁྲན་གྱིས་སྔ་མར་གསར་བརྗེ་ཟེར་བའི་ལས་འགུལ་སྤེལ་དུས་རྒྱུག་ཁྱི་ཟེར་བ་ག་འདྲས་གཅིག་ལ་ངོས་བྱས་འདུག དེ་བཞིན་རི་པན་ནས་རྒྱལ་ཁབ་གཞན་གྱི་རྒྱུགས་ཁྱི་ཟེར་བ་ག་འདྲས་གཅིག་ལ་ངོས་འཛྀན་འདུག་མིག་གདངས་ནས་ལྟོས་ཤིག རྒྱ་གར་གྱི་མཁས་དབང་གྷན་དྷི་དང་ནི་རུ་སོགས་ཐོག་མར་དབྱིན་ཇི་རང་བཙན་རྩོད་ཀྱིན་ཡིན་མ་ཟེར་བར་མི་རིགས་ཀྱི་ཁེ་ཕན་དང་མིའི་ཐོབ་ཐང་ཐོག་ནས་རྩོད་ཡོད་པ་ཨེ་ཤེས། དུས་ལ་ལྟ་མི་ཤེས་མཁན་ལྐུགས་རྒན་ཁྱེད་ཚོ། སྤོབས་པ་ཡོད་ན་མར་ཐོན་ཤོག ང་རྡ་སར་ཡོད། ཁ་བྱང་གསལ་པོར་སྤྲད་ཚར།
ཧ་ཧ་ཧ།
དྲ་གྲོགས་བློ་གྲགས་ལགས།
སེམས་ཤུགས་ཆེན་པོ་འདུག བློ་ཁོག་ཀྱང་ཆེ་མདོག་ཁ་བོ་འདུག འོན་ཀྱང་ངས་གོང་དུ་མཆན་༢༤་བ་ན་དབུ་མའི་ལམ་འདིས་ལག་ལེན་གྱི་ཐོག་ནས་ཇི་ལྟར་རང་བཙན་སྐྱེལ་གྱི་ཡོད་པ་ཕྲུ་གུ་ལ་སྐད་ཆ་བཤད་བཤད་ཀྱིས་བྲིས་ཡོད། དེ་ལན་གཅིག་སྐྱར་དུ་ཀློག་རོགས་ཞུ། མ་གཞི་དེ་ང་རང་གི་འཆར་སྒོ་རེད། ནོར་ཡོད་མེད་གཞན་གྱིས་བལྟ་གི་རེད། སྤྲོ་ལང་མི་དགོས།
བློ་གྲགས་ལགས། ཤེས་མེད་ཁྱེད་ཚོ་ད་ལྟ་རང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཏུ་ལོག་རྒྱུགས། དེ་ནས་བོད་རང་བཙན་པར་རྒོལ་བ་བྱེད་དང་ངོ་ལྐོག་མེད་སོང་བ་རེད། ལར་ནི་རྒྱ་དམར་གྱི་ས་གནས་མི་རིགས་རང་སྐྱོང་གི་ཐོབ་ཐང་སྐོར་རེ་བ་དང་ཡིད་ཆེས་ཡོད་ན། རང་ཉིད་རྒྱ་དམར་གྱི་མི་སེལ་གྱི་འོག་ནས་དེའི་ཐོབ་ཐང་དག་ལ་རྩོད་ལེན་བྱེད་དགོས་པ་ལས་རྒྱལ་ནག་གི་རྒྱལ་ཁོང་མིན་པའི་མིས་དེར་རྩོད་ལེན་བྱེད་པ་ནི་རྒྱལ་ནག་གི་ནང་སྲིད་ལ་ཐེ་རྟོགས་བྱེད་མི་ཆོག་པའི་རྒྱའི་ཁྲིམས་དང་འགལ་སོང་བ་ཡིན་པས་ཁྱེད་མྱུར་དུ་རྒྱར་ལོགས་ནས་རྒྱའི་རང་སྐྱོང་ལ་ལོངས་སྤྱོད་དང་ཁྱེད་དང་ཁྱེད་ཀྱི་མི་རབས་དག་ལ་སྐྱིད་པའི་ཉི་མ་བཟང་པོ་ཞིག་ཤར་ཡོངས། ཕྱིར་ལོག་ནས་ཐོབ་རྒྱུ་མེད་པའི་བྱ་བ་ཞིག་ལ་སྐད་རྒྱབ་མ་སྡོད། ཧཧཧཧཧཧཧཧཧཧཧ།
བློ་གསལ། ག་རེ་བསྟན་དགྲ། བོད་པ་ཚང་མ་ནང་པ་མིན་ལ་བོད་པ་ཡིན་ན་སངས་བསྟན་ལ་དགའ་དགོས་བའི་ངེས་བ་མེད་པས་བསྟན་དགྲ་ཞེས་བའི་ཚིག་བཀས་བཀོད་རྒྱུད་འཛིན་ཐ་སྙད་རྙིང་པ་ཞིག་རེད། དེ་ལྟའང་བེད་སྤྱོད་བཏང་བ་ནི་དུས་རབས་ཀྱི་རྗེས་མ་ཟིན་པའི་ཀླད་རྙིང་པའི་དན་རྟགས་རེད། སངས་བསྟན་ཡང་བོད་ཀྱི་མིན་རྒྱ་གར་གནའ་བོའི་རྒན་ཁོག་ཚོའི་ཡིན་པས་དེའི་ཆེད་དུ་བོད་མི་ནང་འཁྲུག་བྱེད་དགོས་མི་འདུག ཧ་ཧ་ཧ། རྒྱ་གར་དང་བོད་ཀྱི་གནས་སྟངས་མི་འདྲ་ཞིང་རྒན་ངྷེ་དང་སྐུ་མདུན་མི་འདྲ། རྒན་ངྷེ་ཐེངས་ག་ཚོད་དུ་ཁྲོམ་དུ་ཐོན་ནས་མི་མང་གི་གནད་ཁྲིད་ཅིང་མི་སེར་སྤེལ་མཁན་ལ་ག་ཚོད་ངོ་རྒོལ་ག་ཚོད་གནང་ཞིང་།
མི་མང་སླད་དུ་གཙོན་དུ་ག་ཚིམོད་ཕྱིན་འདུག ཨུ་ཚུགས་ཀྱིས་དགྲ་བོ་ལ་ངོ་རྒོལ་བྱས་ཞིང་ཐ་ན་དགྲ་བོའི་བཟོས་བའི་ཇ་དངོས་ཀྱང་བེད་སྤྱོད་བཏང་གི་མེད། དེ་དང་སྐུ་མདུན་བསྡུར་བ་ནི་ཞྭ་དང་ལྷམ་བསྡུར་བ་རེད། རྒྱ་གར་གྱི་རང་བཙན་རྩོད་སྐབས་ཞི་དྲག གཉིས་ཀྱི་ཐབས་ལམ་བེད་སྤྱོད་བཏང་ཡོད། རྒན་ངྷེ་ནི་ཞི་བའི་ཕྱོགས་གཏོགས་རེད། རྒན་དྷེ་དང་སྐུ་མདུན་གཉིས་ཀྱིས་གནང་སྟངས་ནི་ས་དང་གནམ་གྱི་ཁྱད་པ་ཡོད་ལ། བསམ་བློའི་འདུ་ཤེས་ཀྱང་དེ་ལྟར་རེད།
སྐུ་མདུན་གྱིས་དགྲ་བོ་གཉེན་དུ་བསྟན་ལ་རྒན་ངྷེ་ཀྱིས་་དགྲ་བོ་འགྲན་ཡར་སྒོམས། རྒན་དྷེ་ཁྲོམས་སུ་ཐོན་ནས་མི་ལས་འགུལ་གྱི་སྣེ་ཁྲིད་ལ་སྐུ་མདུན་ཁྲི་རུ་བཞུགས་ནས་མི་མང་ལ་བཀོད་འདོམ་གནང་། རྒན་ངྷེས་དགྲ་བོའི་ཇ་དངོས་ཀྱང་བེད་སྤྱོད་བྱེད་འདོད་མེད་ལ་སྐུ་མདུན་ལ་དེ་ནི་ལྡོག་ཕྱོགས་གཟིགས། རྒན་ངྷེས་དུས་ཚོད་མང་ཤོས་དང་གཏམ་བཤད་མང་ཤོས་སྲིད་དོན་ཡིན་ལ་སྐུ་མདུན་ལ་ཆོས་དོན་ཡིན། རྒན་ངྷེ་ཡིས་ཆོས་་ལུགས་ཟུར་དུ་བཤད་ལ་སྐུ་མདུན་གྱིས་སྲིད་དོན་ཟུར་དུ་གསུངས་བ་སོགས་ཐ་དད་རེད།
ཆོས་ཆོས་རེད་སྲིད་སྲིད་རེད། ཁ་སྔོན་ལ་དྭགས་ལ་བཀའ་སློབ་གང་གནང་འདུག་ཆོས་ལུགས་བྱེ་བྲག་པ་ཁ་ཤས་ལ་ཀུར་འདེབས་ག་ཚོད་གནང་འདུག ཁྱད་སོད་ཀྱི་ཚིག་ག་ཚོད་བེད་སྤྱོད་གནང་འདུག ཚང་མ་མི་རེད་པ། བོད་ནང་གི་རང་ལུས་མེར་སྲེག
སྐོར་གང་འདུག་གམ། མི་དགོས་ཆོས་ལུགས་གཞན་རྣམས་སྨད་དགོས་དོན་གང་རེད། བྱས་ཙང་ཆོས་དང་ཆབ་སྲིད་མཉམ་སྤྱོད་བྱས་ན་གོམ་ཤེས་དེ་ལས་གང་ཡོད།
དངོས་གནས་བོད་མི་རིགས་ཐུགས་བརྩེ་ཡོད་པ་ལ་ཡོད་པ་དོན་ཡོང་བའི་ཆེད་མི་མང་སྣེ་འཁྲིད་དེ་ལས་འགུལ་ནང་ཕེབས་ན་ད་གཟོད་དོན་ལྡན་དུ་འགྱུར་ངེས་རེད། དེ་མིན་ཆོས་ལུགས་་་་་་་་་་་་་་རྐྱང་གནང་ན་མང་ཇ་རེད་་་་་་་་་་དེ་མིན་སྐུ་འགྱེད་་་་་་་བོད་མི་རིགས་ཀླད་ཀོར།
སེམས་དཔའ་ཆེན་པོ་གན་དྷིས། རྒྱ་གར་དང་བཙན་བླངས་པ་རེད། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་༸གོང་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོས། ༡༩༧༩ལོ་ནས་རང་བཙན་བཞག་ནས་གཉིས་སྨན་དབུ་མ་རྩོད་བཞིན་ཡོད་རེད་དོ། །
རིག་བུ་གདོལ་ཕྲུག་དང་ཨ་མཆོད་དམ་ཤོར་གཉིས་ཉོན་ཅིག རྒྱ་གུང་ཁྲན་གྱིས་༸གོང་ས་མཆོག་དང་བོད་གཞུང་ལ་མིག་གི་ཚེར་མ་དང་སྙིང་གི་གྲི་ལྟ་བུར་བརྩིས་ནས་ཉིན་ལྟར་སྐྱོན་བརྗོད་བྱེད། ཁྱེད་ཚོས་རྒྱ་མི་ལ་དགོས་རྒྱུ་དེ་ལག་ལེན་གྱི་ཐོག་ནས་ཁ་ན་ན་བར་བཤད། ཨ་མཆོད་བླུན་ལྐུགས་ནས་བུ་ལ་མས་བཤད་བཤད་ལྟར་བཤད་ཡོད་ཟེར། ངས་ཁྱོད་ཁ གྲགས་རྒྱུ་མེད་པར་བཟོས་པ་ཡང་བསྐྱར་གཅིག་བཟོ་དགོས་འདུག་པས། ཁྱོད་རྒྱ་ནག་གི་གནས་ཚུལ་གང་ཡང་མི་ཤེས་པས་ཁ་ཚུམ་ནས་བསྡད། རིག་བུ་ཀླད་མེད་ཁྱོད་གྷན་དྷི་དང་༸གོང་ས་མཆོག་བསྡུར་བ་ལ་སྙིང་རྗེ། རྣམ་དཔྱོད་བློ་ཡིས་འཛམ་གླིང་དབང་དུ་བསྒྱུར་ནུས་པ་ལ་སྲང་ལམ་དུ་གོམ་པ་ཁ་ཤས་རྒྱག་མ་རྒྱག་ལ་ཁྱད་པར་གང་ཡང་མེད། དབུ་ཁྲིད་ཀྱི་འགན་དེ་སྟངས་འཛྀན་གནང་རྒྱུ་དེ་ལས་ཁྲོམ་གཞུང་དུ་རྒྱུག་རྒྱུ་དེ་མ་རེད། ལར་གྷན་དྷི་ནས་དེ་ལྟར་མ་བྱེད་ན་མི་མང་ཁོ་པར་ཡིད་ཆེས་མི་སླེབས་པས་བྱེད་པ་རེད། ༸གོང་ས་མཆོག་ལ་བོད་མིས་ཡིད་ཆེས་ཡོད་ཡོད་པ་རེད། བསྟན་འཛྀན་ཟེར་བའི་བསྟན་བཤིག་ཁྱོད་རང་བཙན་ལ་དེ་འདྲའི་སེམས་ཤུགས་ཡོད་ན་དངོས་སུ་མར་ཐོན་ཤོག ཁྱོད་གབ་བསྡད་ན་གཡོ་སྒྱུ་ཅན་གྱི་ཁྱི་རྒན་ཡིན་པའི་རྟགས་རེད། ང་གཉིས་དུས་བཏབ་ནས་རྡ་སའི་ཟ་ཁང་སོགས་གང་ཞིག་ཏུ་ཡང་ན་ང་རྒྱལ་སོང་ཟེར་ཡས་གཅིག་ཡང་ན་ཁྱོད་རྒྱལ་སོང་ཟེར་ཡས་གཅིག་བར་དུ་རྩོད་ཆོག རྒྱ་གུང་ཁྲན་གྱི་རྒྱུག་ཁྱི་མགོ་རུལ་བ་སྣ་ཡིས་མི་ཚོར་མཁན། བོད་མི་སེམས་ཤུགས་བཅག་མཁན་རིག་བུ་ལྟས་ངན་འདི་འཇུ་ཆེན་ཐུབ་བསྟན་སྨྱོ་པ་དེ་དང་ཡང་ན་ཀརྨ་བཀའ་བརྒྱུད་ནང་དགེ་ལུགས་ལ་སྙིང་ནད་གཏིང་ནས་འཛིན་མཁན་གཅིག་ཡིན་པར་གདོན་མི་ཟའོ། །འཇུ་ཆེན་སྨྱོས་པས་ཨ་ཐར་གསོས་ནས་བོད་ནང་དཀྲུགས། །ཀརྨ་པ་ཡིས་རྒྱ་ཕྲུག་ཡིན་ཟེར་ནས་བོད་དང་ཐག་རིང་བསྡད། །འདི་དག་གངས་ཅན་བོད་ལ་སྐྱེས་ནས་ཅི་ཞིག་བྱེད། མཁས་དབང་གྷན་དྷི་ནས་ཐོག་མར་རང་དབང་ནས་དུས་ལ་བབ་མཚམས་རང་བཙན་དུ་ཕྱིན་རྣམ་དཔྱོད་ཡོད་པའི་རྟགས་རེད།
རྒྱ་ལ་རྒོལ་མཁན་དབུ་མ་ལམ་བཟང་རེད།
།དངོས་སུ་ཐོན་མཁན་དབུ་མའི་ལམ་རེད།
།གབ་ནས་བསྡད་མཁན་རྒྱ་ཡི་རྒྱུག་ཁྱི་རེད།
།རིག་བུ་འདི་དག་བོད་ཀྱི་གཤེད་མ་རེད།
།རང་བཙན་རྩོད་ན་རྒྱ་མི་ས་ལ་རྒྱུག །
མཆན་བུ་དེ་ཚོ་བཀླགས་ཀྱང་། རྩོམ་རིང་དེ་ད་ལྟ་ཡང་ཀློག་ཁོམ་མ་བྱུང་ལགས། བཀླགས་ནས་དགག་གཞག་བྱ་རྒྱུ་ལྷག་ཡོད་དོ། སྒུགས་ཨ།
རིག་བུ་གདོལ་ཕྲུག་དང་ཨ མཆོད་སོགས་ཉོན་ཅིག ༸གོང་ས་མཆོག་ནས་རྣམ་དཔྱོད་ནམ་མཁའ་ལྟར་ཡངས་པ་དེ་སྤྱད་ནས་ཐོག་མར་མི་ཡི་སེམས་པ་བཀུག དེ་ནས་བོད་ལ་རྒྱབ་སྐྱོར་མི་བྱེད་རང་བྱེད་བཟོ་ཀིན་ཡོད། དེས་ན་༸གོང་ས་མཆོག་གི་གྲོགས་པོ་དེ་བོད་ལ་ཤ་ཞེན་གཏིང་ནས་ཡོད་པའི་གྲོགས་སུ་གྱུར་པ་རེད། མི་ལྐུགས་རྒན་ཁྱེད་ཚོས་ཐོག་མ་ནས་བོད་ཀྱི་ཆབ་སྲིད་སྐོར་བཤད་དགོས་པ་ལྟར་བྱས་ན་མི་བྲོས་ནས་སྐད་ཆ་བཤད་ས་ལ་མི་གཅིག་གཉིས་ལས་ལྷག་མེད་པ་ཆགས་འགྲོ་ཀིན་ཡོད། ཡིན་མིན་ཕྱི་རྒྱལ་དུ་ཕྱིན་ནས་སོ་སོས་དངོས་སུ་ལྟོས་དང་ཤེས་ཡོང་། མ་གཞི་ནས་ནང་ཁུལ་དཀྲུགས་མཁན་ཁྱེད་ཚོ་རྒྱ་ཡི་རྒྱུག་ཁྱི་ཡིན་པས་གོ་མི་ཤེས། རྒྱ་ཡི་ཕྱོགས་སུ་ལངས་ནས་བོད་གཞུང་དང་རང་རེའི་གནད་ཡོད་ཚང་མ་ཁ་གཏོང་ཤོག དོལ་རྒྱལ་བའི་ཕྱོགས་སུ་ལངས་ནས་ང་ཚོའི་སྤྱི་ཚོགས་ལ་ཁ གཏོང་ཤོག ཁྱེད་ཚོའི་གདོང་རེས་ངོ་མ་དེ་བོད་མི་མང་ནས་མཐོང་བར་ངེས་སོ། །རྒྱ་དང་དོལ་འབྱུང་བ་ཚོར་དགོས་པ་ཚང་མ་ཁྱེད་ཚོས་སྒྲུབ་ཅིག ༸གོང་ས་མཆོག་རྒྱལ་གྱུར་ཅིག བོད་གཞུང་རྒྱལ་གྱུར་ཅིག རང་རེའི་སྲིད་སྐྱོང་རྒྱལ་གྱུར་ཅིག བོད་མི་མང་རྒྱལ་གྱུར་ཅིག ངས་འདི་ལྟར་རང་གི་སྙིང་གི་རུས་པ་རི་མོ་བྲིས་པ་ལྟར་བྲིས་སྨོན་ལམ་བཏབ་བོ། །བོད་རིགས་ཡིན་ཀྱང་བོད་ལ་ངོ་ལོག་མཁན་དང་ནང་དཀྲུག་གི་ཕུང་འདྲེ་ཚང་མ་ཤི་དམྱལ་བའི་ཡུལ་དུ་འགྲོ་བར་ཤོག བསོད་ནམས་མཐའ་དག་ཉམས་པར་ཤོག བྱ་བ་ལམ་འགྲོ་ཚང་མ་འགགས་ནས་སྡུག་གིས་མི་ཚེ་ཟད་པར་ཤོག
རྒན་རྷིས་ཁྲོམ་དུ་ཐོན་ནས་དཀའ་ལས་རྒྱབ་ཅིང་ཡིད་དུ་ཟ་བའི་གྲུབ་འབྲས་དང་བླ་མེད་ཀྱི་ལྷག་བསམ། ཚད་མཐོའི་ནུས་བ་ཐོན་པས་མི་མང་གི་ཡིད་ཆེས་ཐོབ་པ་ཉིད་ཀྱིས་གསུངས་གསལ་ལྟར་རེད། འོན་ཀྱང་སྐུ་མདུན་ལ་མི་མང་གིས་ཡིད་ཆེས་ཐོབ་པ་དེ་རྒྱན་དཀྲུགས་སམ་སྐུ་ངལ་མེད་པ་ཐོབ་པས་དེ་གཉིས་མི་འདྲ་བ་ཁྱེད་ཀྱིས་ཤུགས་སུ་བསྟན་པས་མི་འདྲ་བོའི་གནད་དོན་ཞིག་ཁ་གསབ་གནང་བ་ཐུགས་རྗེ་ཆེ། ཡ་མཚན་པ་ཞིག་ལ་ཉིད་ཀྱིས་རྒན་ངྷིས་ཡིས་དགྲ་བོ་ཇ་དངོས་བེད་སྤྱོད་མི་བཏང་བའི་བདེན་པའི་ཨུ་ཚུགས་སྐོར་སོགས་ཀྱི་ངས་བཤད་པའི་སྐད་ཆ་རྣམས་ལ་རྒོལ་བ་གཅིག་ཀྱང་མི་འདུག ལན་མ་ཐེབས་པ་རེད་དམ་ཆེད་མངགས་ཀྱིས་བྱོལ་བ་རེད། ཡང་མི་མོས་མཐུན་བྱུང་བ་རེད།
སྐུ་མདུན་རྒྱུད་ནས་བོད་ལ་རྒྱབ་སྐྱོར་ཐོབ་པ་དང་བོད་ཀྱི་མཚན་སྙན་འཛམ་གླིང་དུ་གྲགས་པ་ངས་དེ་སྔོན་ནས་སྨྲས་ཟིན་པས་དེ་དོན་ལ་རྩོད་པ་མི་འདུག ངས་བཤད་པ་ནི་མི་བཟང་བྱས་ན་མཚན་སྙན་ཐོབ་ཀྱང་མ་འོངས་བ་མི་ཕན་པའི་སྐོར་ཡིན། དེ་ནི་ངའི་བསམ་ཚུལ་མིན་པ་ཤར་ནུབ་ཀྱི་སྤྷི་ཚོགས་ལ་རྒྱུས་ལོན་གཏིང་ཟབ་ཡོད་པའི་བོད་རིགས་ཤེས་ཡོན་པ་ཁག་གཅིག་གི་བསམ་ཚུལ་རྣལ་མ་རེད་ཅེས་དེ་སྔོན་ནས་ཞུས་ཟིན། ༼ མི་ལྐུགས་རྒན་ཁྱེད་ཚོས་ཐོག་མ་ནས་བོད་ཀྱི་ཆབ་སྲིད་སྐོར་བཤད་དགོས་པ་ལྟར་བྱས་ན་མི་བྲོས་ནས་སྐད་ཆ་བཤད་ས་ལ་མི་གཅིག་གཉིས་ལས་ལྷག་མེད་པ་ཆགས་འགྲོ་ཀིན་ཡོད། ཡིན་མིན་ཕྱི་རྒྱལ་དུ་ཕྱིན་ནས་སོ་སོས་དངོས་སུ་ལྟོས་དང་ཤེས་ཡོང་།༽ དེ་ནི་ག་འདྲ་བྱས་ནས་མི་གཅིག་ལས་ཉན་མཁན་མེད་པ་ཆགས་འགྲོ་རྒྱུ་རེད། མི་རིགས་ཀྱི་ཐོབ་ཐང་རྩོད་རྒྱུ་ནི་འཇིག་རྟེན་ཡོངས་གྲགས་ཡིན་ལ་ལྷག་པར་དུ་ཐོབ་ཐང་རྩོད་རྒྱུ་ཤ་རུས་སུ་ཐིམས་པའི་ནུབ་ཕྱོགས་པས་ཅི་ལྟར་དོ་སྣང་མི་བྱེད་པ་རེད། སུ་ཞིག་གིས་རང་བདེན་གྱི་ཐོབ་ཐང་རྩོད་ན་དེ་ལ་འཛམ་གླིང་མི་མང་གིས་མོས་གུས་ཡོད་ཡོད་པ་རེད། འོན་ཀྱང་། མི་སུ་ཡིན་ཡང་རང་གི་ཁེ་ཕན་གལ་ཆེ་བས་བོད་ཀྱི་ཆེད་དུ་རྒྱབ་སྐྱོར་རྣལ་མ་བྱེད་མིན་ནི་བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་ནུས་བ་དང་འཇོན་ཐང་ལ་རེག་ལས་བ་ལས་དགོན་པ་ལྟར་སྦྱིན་བདག་རྙེད་དུ་མེད་དེ། ཁེ་ཕན་དང་རེ་བ་མེད་ན་སྲིད་གཞུང་སུ་ཞིག་གིས་ཀྱིས་ཀྱང་མངོན་སུམ་དུ་རྒྱབ་སྐྱོར་མེད། སུམ་ཅུའི་དུས་དྲན་ཉིན་མོ་ཡོ་རོབ་ཏུ་བོད་ཀྱི་ཀློག་བརྙན་བསྟན་ཞིང་། རྗེས་སུ་གཟིགས་མོ་ལ་ཡོངས་མཁན་ཀུན་ལ་བོད་རང་བཙན་དང་རང་ལྗོངས་གཉིས་ལས་གང་ཞིག་ལ་རྒྱབ་སྐྱོར་བྱེད་ངེས་ཡིན་ཞེས་དྲིས་བར་མི་གསུམ་མ་གཏོགས་གཟིགས་མོ་བ་ཀུན་གྱིས་གཅིག་མཐུན་གྱིས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག དེ་ནི་ཁོང་ཚོས་རང་བཙན་ནི་བོད་ཀྱི་ཐོབ་ཐང་ཡིན་པ་གསལ་བོ་རྟོགས་པས་རེད་ལ། ཐོབ་ཐང་རྩོད་རྒྱུ་ནི་ཡོ་རོབ་མི་མང་གི་ཚེ་སྲོག་ཡིན་པས་རེད། བོད་དང་ཁ་ཆེ་ཡིས་ཆོས་ལུགས་ཀྱི་ཆེད་དུ་ཡོད་ཚད་བཏང་བཞིན་ཡོ་རོབ་མི་མང་གིས་ཐོབ་ཐང་གི་ཆེད་དུ་ཡོད་ཚད་བཏང་ཞིང་ནམ་ཡང་བློས་མི་བཏང་། དེ་ནི་བོད་པ་ཚོ་ལ་ཆོས་ལུགས་ཀྱི་སློབ་གསོ་བྱིས་པ་མ་འཇར་ནས་སྐབས་ནས་འཇགས་ཤིང་རུས་གསེབ་ཏུ་ཐིམས་པ་བཞིན་ཡོ་རོབ་མི་ལ་ཐོབ་ཐང་རྩོད་རྒྱུ་ནི་དེ་ལྟར་ཆགས་ཡོད། ཁོང་ཚོས་ཐོབ་ཐང་རྩོད་སྐབས་འོས་དང་མི་འོས་བ་ལ་ལྟ་བ་ལས་ཐུབ་དང་མི་ཐུབ་ལ་མི་ལྟ། འོས་ཤིང་བདེན་ན་ཐུབ་མིན་ལ་མ་ལྟོས་བ་རྩོད་རྒྱུ་ནི་ཡོ་རོབ་མི་མང་གི་གཤིས་རྒྱུད་ཡིན། དེས་ཆེད་དུ་ཡོད་ཚད་ནས་ཡོད་ཚད་བཏང་ཐུབ།
བོད་རིགས་ཡིན་ཀྱང་བོད་ལ་ངོ་ལོག་མཁན་དང་ནང་དཀྲུག་གི་ཕུང་འདྲེ་ཚང་མ་ཤི་དམྱལ་བའི་ཡུལ་དུ་འགྲོ་བར་ཤོག བསོད་ནམས་མཐའ་དག་ཉམས་པར་ཤོག བྱ་བ་ལམ་འགྲོ་ཚང་མ་འགགས་ནས་སྡུག་གིས་མི་ཚེ་ཟད་པར་ཤོག༽ ཧཧཧ སྐད་ཆ་འདི་ནི་གནས་ལུགས་ཀྱི་ཕོང་བའི་རང་ཚང་བསྟན་པ་ཞིག་རེད་ལ་སྐད་ཆ་འདི་ལ་ནུས་བ་ཡོད་ན་བོད་ཀྱི་རང་བཙན་ཤོར་དགོས་དོན་མེད་ལ་རྒྱ་ནག་ཚང་མ་ཁྱེད་ཀྱི་ཞེན་འདོད་ལྟར་དམྱལ་བ་རུ་སྐྱེས་ཟིན་ཞིང་རྒྱ་གཞུང་གི་བྱ་ལམ་འགྲོ་སྔ་ན་ཡོད་མེད། འོན་ཀྱང་དོན་དངོས་རྒྱ་གཞུང་དཔལ་འབྱོར་ཡར་རྒྱས་དང་ནུས་བ་ཇེ་མཐོ། འཛམ་གླིང་དུ་ཤུགས་རྐྱེན་ཇེ་ཆེ་རེད། ཕྱོགས་གཞན་ཞིག་ནས་ཁྱེད་ལ་དེ་འདྲའི་རྣབ་སེམས་ཤིག་ཡོད་པས་དེ་ལྟར་ཡིན་ན་གཞན་ཕན་དང་བྱང་སེམས། གུ་ཡང་གི་བསམ་བློའི་དྲི་མ་ཙམ་ཡང་མེད་པས་དེ་འདྲའི་མི་ཞིག་འཇིག་རྟེན་དུ་འཚོ་བ་བློ་ཕམ་རེད་ལ་སེ་ར་ནས་དེ་ལྟར་སྦྱང་བའང་དེ་བས་ངོ་ཚ་རེད། སྐད་ཆ་གཅིག་ཀྱང་འགྲོ་ས་མེད་པ་དམྱལ་བ་རུ་འཕེན་པའི་འཇིགས་སྐུལ་བྱེད་མཁན་ནི་སློབ་གྲྭ་ལས་ཐོན་མཁན་ཚོ་ལ་ཡོད་མཁན་དཀོན་ཅིང་གཞན་གྱིས་གོ་ན་དོག་འདྲོགས་བྱེད་ས་རེད། ཡིན་ཡང་། ཁྱེད་ལྟར་གུ་དོག་གི་བསམ་བློ་ཅན་ཚོས་ཅི་ལྟར་དམོད་ན་རང་གདོང་བསྟན་པ་ལས་ནུས་བ་ཅི་ཡང་མེད་ལ་ཡོད་ན་ཨ་རི་དམག་གི་མཚོན་ཆ་ཉོ་བ་ལས་ཁྱེད་ཀྱི་དམོད་ཚིག་ཉོས་ན་དགའ་ཞིང་། དེ་ནི་ཉོ་ཡང་མི་དགོས་བ་བོད་ལ་ད་ལྟའི་བར་དུ་ཡོད། སྟབས་མ་ལེགས་པ་ཞིག་ལ་ད་བར་ཉོ་མཁན་གྱི་ཕྱི་གླིང་བ་སུ་ཡང་བྱུང་མེད་ཅིང་དགོན་སྡེ་ཁག་སྦྱིན་བདག་ལ་བརྟེན་པའི་ལམ་ལུགས་ད་དུང་ཡང་སྒྱུར་ཐུབ་མེད། འོན་ཀྱང་འདིས་བོད་མི་མང་ལ་ད་བར་འཇིགས་སྐུལ་བཏང་ཞིང་གཉའ་གནོན་བྱེད་པས་དམོད་ཚིག་བཀོལ་སྤྱོད་བྱེད་མཁན་རྣམས་ལ་ཁ་བསོད་དང་དབང་མི་ཉུང་བ་ཞིག་ཐོབ་ཡོད་ཀྱང་མི་རིགས་གཞན་ལ་དེ་ལྟར་བྱེད་ཐུབ་མེད་པས་མ་འོངས་བར་བོད་མི་རྣམས་ཀྱང་མི་རིགས་གཞན་ལྟར་གོ་རྟོགས་སད་ནས་སྔ་ལྟར་བཏང་འཛིན་བྱེད་རྒྱུ་ཁག་པོ་རེད། དེ་དུས་དམོད་ཚིག་མཁན་པོ་རྣམས་ཀྱིས་ཐབས་ལམ་ཅི་ཞིག་འཚོལ་ནས་རང་གི་འདོད་དོན་མངོན་འགྱུར་བྱེད་དམ།
ཡ་དཱ། རིག་བུ་བོད་མིའི་སེམས་ཤུགས་བཅག་མཁན་ཁྱོད། དམོད་ཚིག་ལ་མི་འཇིགས་ན་ངས་ཁྱེད་ལ་དམོད་ཚིག་ཁ་ཤས་བོར་ཏེ་ཁྱེད་ཀྱི་སྡུག་སེམས་དེ་ལྷོད་ལ་བབ་པ་ཞིག་བཟོ་ཆོག ཁྱོད་གཟའ་རོར་གྱུར་ནས་བོད་ལ་སེམས་ངན་བསྐྱངས་པ་མཐའ་དག་ཞི་བར་ཤོག ཁྱོད་ནད་བཞི་བརྒྱ་རྩ་བཞིས་གནན་ནས་ཡར་ལངས་མ་ཐུབ་པར་འགྱོད་སེམས་དྲག་པོས་ང་བཤགས་པ་འབུལ་བར་ཤོག ཁྱོད་ཀྱི་ཕ་མ་གཉིས་ཁོག་ལ་འདྲེ་ཞུགས་ནས་ཁྱེད་ཀྱི་ཁྱིམ་ཚང་ཁ ཐོར་ནས་སེམས་པ་སྡུག་གིས་གང་ནས་སེམས་ཆོས་ལ་ཁོལ་བར་ཤོག ད་དུང་དགོས་པས། ཁྱོད་གདོང་དངོས་བསྟན་མ་ནུས་པས་ངས་མུ་མཐུད་ནས་ཁ དམག་རྒྱག་ཆོག ཡང་མིན་ན་དངོས་སུ་མར་ཐོན་ཤོག ངས་ཟ་ཁང་ཞིག་ནང་སྒུག་ཆོག རིགས་ལམ་ཁྱེད་ཀྱི་ལྐུགས་རྨོངས་ཀྱི་བསམ་བློ་དེ་བསལ་ཆོག ང་སེམས་ཁྲལ་ཆེ་ཤོས་ཁྱེད་རིགས་ལམ་གོ་ཤེས་མཁན་ཨ་ཡིན་བསམ་པ་ཡིན།
རིག་བུ་གདོལ་ཕྲུག་ཁྱོད་ཀྱིས་ཤེས་དགོས་པ་གཅིག་ལ། བོད་སྡུག་གིས་མནར་དུས་སྐྱོབ་མཁན་ཡིད་བཞིན་ནོར་བུ་རེད། བོད་ཤི་ལ་ཉེ་དུས་ཚེ་སྲོག་སྐྱོབ་མཁན་ཡིད་བཞིན་ནོར་བུ་རེད། གཞན་སུ་གང་མེད། རིག་བུ་ལྟས་ངན་ཁྱོད་ཀརྨ་བཀའ་བརྒྱུད་ནང་དགེ་ལུགས་པའི་དགྲར་ལངས་མཁན་དེ་ཡིན་པས། ད་ངས་ཁྱེད་ཚོའི་བླ་མའི་ཞབས་འདྲེན་རེ་རེ་ནས་མར་གཏོན་དགོས་ཀྱིན་འདུག་པས། ཁྱེད་ཁ ཚུམས་མ་ཐུབ་ན།
རིག་བུ་ཅན་ལགས། ངས་ཁྱེད་ཚིག་ངན་ཁ་ཤས་བཤད་པ་ཁྱེད་ཀྱི་ཚིག་ངན་ལ་གང་ཡང་མི་འདུག་ཅེས་ལབ་དུས་བྲིས་པ་ཡིན། ཡིན་ནའང་བདག་ལ་བསམ་ངན་དང་ཚིག་ངན་སྨྲ་འདོད་གང་ཡང་མེད་པས་བདག་ལ་སྡིག་པ་མི་འགྱུར་བ་དང་སེམས་ཁོངས་ནས་དགོངས་དག་ཞུ་རྒྱུ་ཡིན། རྩ་བའི་ལངས་ངའི་ཕྱོགས་ཐད་ཁྱེད་དང་གདོང་དང་གདོང་ཐུག་ནས་རྩོད་ཆོག འགྱུར་བ་སྤུ་ཙམ་ཡོད་མ་སྲིད།
ཚིག་ངན་སྨྲ་བ་མཐའ་དག་ལ་དེ་ལྟར་དགོངས་དག་བཅོམ་མིན་ཐོག་ཞུའོ། །
དྲ་གྲོགས་བློ་གྲགས་ལགས།
མདའ་ལག་གིས་ཤོར་ན་འཛིན་ཡོད་ཡིན། ཚིག་ཁ་ནས་ཤོར་ན་འཛིན་མེད་ཡིན། ཞེས་ཟེར། ཁྱེད་ལ་བློ་ཁོག་འདུག་བསམ་སོང་མོད་།
ཨ་ལ་ཀུ་རེ་ཡིན། དྲ་གྲོགས་ལགས། ནམ་ཞིག་རང་བཙན་མི་དགོས་པའི་ས་རྟགས་བརྒྱབ་ཟིན་པའི་རྗེས་སུ་རང་བཙན་རྩོད་པར་ཧ་ཅང་ཇེ་དཀར་གྱུར་བ་རེད། དཔེར་ན་ད་ལྟ་དམངས་གཙོའི་རྒྱལ་ཁབ་རྒྱ་གར་གྱི་འོག་གི་ཀ་ཤི་སྨིར་ལ་གཅིག་གཟིགས་དང་མཁྱེན་རྒྱུ་ཞིག་ཡོད་སྙམ། བོད་ལ་རང་མཙན་མི་དགོས་གསུང་ན་དེ་གནས་ཚུལ་ཐ་དད་རེད། རང་བཙན་དགོས་ཀྱང་དབུ་མའི་ལམ་ལ་འགྲོ་གི་ཡིན་གསུང་ན་ནི་ངོ་མ་སྐད་ཆ་ནང་འགལ་རེད་དའ་། རང་རེ་དབུ་མའི་ལམ་པ་བ་དག་གིས་”རང་བཙན་དགོས་ཀྱང་མི་རྩོད”་ཅེས་པའི་ཚིག་ཅིག་ལ་འཇུ་ས་ཞིག་ཡོད་པའི་རེ་བ་འཆང་ན་དེ་ནི་ངོ་མ་ཧ་ཅང་ཧ་ཅང་དཀའ་མོ་རེད་བསམ་གྱི་འདུག དེ་བདག་གི་བསམ་ཚུལ་རེད། སྲོང་བོར་སྨྲ་རྒྱུ་ཀུན་ལས་གལ་ཆེ་བ་ཡིན་པས་ཁ་ཁོག་མེད་པར་བཤད་པ་ཡིན།
དྲ་གྲོགས་ཀརྡོ་གཉེར་ཕྱག་པས་ད་དུང་ཀློག་མ་ཐུབ་པ་འདྲ།
བློ་གྲགས་ལགས། ཉིད་ཀྱིས་ཕྲན་གྱི་བཤད་པའི་གནད་དོན་ལ་ཚིག་གིས་གཅིག་ལ་ལན་འདེབས་མེད་པ་དམོད་ཚིག་བེད་སྤྱོད་བཏང་བ་ནི་འུ་ཐུག་པའི་རྟགས་མཚན་ཡིན་པས་དེ་དོན་ལ་ང་ལ་དམིགས་བསལ་གྱི་ཞུ་ཡ་མེད། རྒྱུ་མཚན་ནི་ཉིད་ཀྱིས་སྐད་ཆ་འགོ་ཚུགས་སྐབས་ནས་ངས་ཁྱེད་ཉིད་མི་མོས་ས་ལ་གནའ་བོའི་གོམས་སྲོལ་བཞིན་ཚིག་ངན་ཁོ་ན་བེད་སྤྱོད་བཏང་མཁན་ཞིག་ཡིན་པ་དེ་སྔོན་ནས་གསལ་པོ་རྟོགས་པས་ཚིག་ངན་ཅི་ལྟར་བཤད་ཀྱང་གནོད་ཡ་མེད་ཅིང་། ངའི་ཚོད་དཔགས་ལ་བདེན་དཔང་བྱེད་པས་དགའ་བ་ལས་སྐྱོ་བ་་མེད། འོན་ཀྱང་། ཉིད་ཀྱིས་དགོངས་དག་ཞུས་བ་ཡག་བྱུང་། མ་ཞུས་ཀྱང་ཁྱད་པ་མེད། ང་ཚོ་ནི་བོད་རིགས་ནང་ཚག་ཡིན་པས་སོ།
ད་ཀློག་བགྱིད་ཡོད་དོ། དགག་པ་སྒུགས་ཨ། ཨ་འཇམ་ལགས།
ཨ་འཇམ་ལགས་ཀྱིས།
་་་ དེར་མ་ཟད་དབུ་མ་འདི་དུས་ཚོད་ཀྱི་ཆ་ནས་རན་མེད་པ་དང་། རང་བཙན་འདི་དུས་ཚོད་ཀྱི་ཆ་ནས་ཀྱང་འདི་ལྟར་བློས་གཏོང་རུང་བ་ཞིག་མིན་པས་ཡིན། ་་་་ དང་།
་་་་ དབུ་མའི་ལམ་ལ་ཞུགས་པ་ནི་སྤྱིར་ན་ཡོང་རྒྱུ་མེད་པས་ཉེན་ཁ་དེ་ཙམ་མེད་པར་བསམ་ཆོག་ན་ཡང་། སྟབས་མ་ལེགས་པར་རྒྱ་ཕྱོགས་ནས་འདི་ལ་ཡ་ལན་ཞིག་སྤྲད་ན་དེ་དུས་ནས་ང་ཚོའི་མགོ་རྣ་ཡོངས་སུ་ཤོར་ཚར་བ་རེད། ་་་་ཅེས་དང་།
་་་་ དེས་ན་གཞོན་ནུ་དང་། བོད་རང་བཙན་ཆེད་སློབ་ཕྲུག་ཚོགས་པ་སོགས་ཀྱིས་བོད་རང་བཙན་གྱི་འདུན་པ་འདོན་བཞིན་པ་དེ་གཞི་མེད་པ་ཞིག་དང་། རྒྱུ་མཚན་གྱིས་མ་འདང་བ་ཞིག ཆ་མ་ཚང་བ་ཞིག དངོས་ཡོད་མ་རྟོགས་པ་ཞིག མདུན་ལམ་མེད་པ་ཞིག་སོགས་ཡེ་ན་མ་ཡིན་ནོ། ་་་ཟེར།
་་་་་་ མི་མང་གི་གོ་རྟོགས་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་པའི་རྒྱུ་མཚན་གྱིས་ཡིན། མཁྲེགས་འཛིན་ཅན་གྱི་དབང་སྒྱུར་ཞིག་ལ་མི་མང་གིས་གདོང་ཐུག་གིས་བཙན་གྱིས་མགོ་རྟིང་སློག་དགོས་པ་ལས་དངས་བླངས་ཀྱིས་དབང་མི་མང་ལ་སྤྲོད་པ་མི་སྲིད། ཟེར་འདུག་གོ །
་་་་་་དེའི་ཕྱིར་ང་ཕར་སླེབས་ནས་ཕྱི་ལོགས་ན་ཡོད་པའི་རང་གཞུང་ཡང་མེད། དབང་ཆ་ཡོངས་སུ་རྫོགས་པ་མི་ལག་ཏུ་ཤོར། ཕ་རི་གླ་བ་མེད། ཚུ་རི་ལྕི་བ་མེད། ཅེས་པའི་དཔེ་ཇི་བཞིན་ཞིག་ཡོང་གི་རེད་སྙམ་ཡོད། ་་་་ཅེས་པ་འདི་ལ་དཔྱད་ན།
ཨ་འཇམ་ཁྱེད་རང་ཡང་། རང་བཙན་སློབ་ཕྲུག་དང་། ད་ལྟའི་གཞོན་ལྷན་ཚོགས་གཙོ་ལྟར་བོད་ཀྱི་ལེགས་བྱང་དང་གོམས་སྲོལ་གང་ཡང་མི་ཤེས་མཁན་ཅིག་ཡིན་པ་འདྲ།
གོང་གི་གཏམ་དཔེ་དེ་ནི། ཕ་རིའི་ལྕི་བ་མེད། ཚུར་རིའི་སླེ་པོ་མེད། སླེ་པོའི་སླེ་ཐག་ཆད། ཟེར་བ་འདིའི་དོན་ཤེས་པ་ལ་ཡང་། བོད་མི་དཀྱུས་མའི་མི་ཚེ་སྐྱེལ་སྟངས་ལ་ལོ་མང་པོར་སྦྱངས་དགོས་པ་ཅིག་བསྟན་མི་འདུག་གམ། ལགས།
དྲ་གྲོགས་ཀ་རྡོ་ལགས།
ངས་གཏམ་དཔེ་བཀོད་ནོར་ཤོར་བ་ལས་གཞན་མ་འགྲིག་པ་གང་ཡང་མེད་པ་འདྲ། རེད་དམ། དྲ་གྲོགས་བློ་གྲགས་ཀྱིས་ངར་ངར་ཤོར་ཤོར་ཞེ་དྲགས་གནང་གི་འདུག་དའ་།
ཨ་འཇམ་ལགས་ཀྱིས། རྒྱ་ནག་རྩ་ཁྲིམས་ངས་མ་ཤེས་པ་མང་པོ་ལུང་དྲངས་པ་དང་། རྩོམ་གྱི་ཀུན་སློང་དཀར་གཙང་དུ་མཐོང་ནས་ངས་སྐྱོན་བརྗོད་བྱས་ན་ཁ་སྡིག་ཀྱང་བསགས་སྲིད་པས། ཁྱེད་ཀྱི་རྩོམ་རིང་ལ་རྗེས་སུ་ཡི་རང་ཡོད་ལགས། དགེ་བར་འགྱུར་ཅིག །
དྲ་གྲོགས་ཀརྡོ་ལགས།
ཁོ་བོའི་འཁྱ་འཁྱོག་འདི་ལ་ཡི་རང་གནང་བར་བཀའ་དྲིན་ཆེ། ད་ནི་བརྗོད་བྱའི་ཐོག་ལ་གྲོས་གླེང་བྱེད་མཁན་རྫོགས་ཟིན་པས་ཀུ་རེ་ཞིག་ཞུ་རྒྱུ་ཡིན།
ཁྱེད་ཀྱིས་བདག་གི་གཏམ་དཔེ་དེ་ནོར་བ་དང་། ཕ་རིའི་ལྕི་བ་མེད། ཚུར་རིའི་སླེ་པོ་མེད། སླེ་པོའི་སླེ་ཐག་ཆད། ཞེས་པ་འགྲིག་པ་ཡིན་པར་གསུང་བའི་སྐོར་ལ་ཞུ་རྒྱུ་འདི་ཡོད་དེ། སྤྱིར་ན་གཏམ་དཔེ་མང་ཆེ་བར་དེ་དང་ལྷན་དུ་སྒྲུང་རེ་འཆད་རྒྱུ་ཡོད་ཅིང་། གཏམ་དཔེ་འདིའི་སླེ་བོ་མེད་ན་སླེ་ཐག་ཇི་ལྟར་ཆད་དགོས་པ་རེད། འདི་ནི་ཆོལ་ཁ་བྱེ་བྲག་པ་གཅིག་གི་ཟེར་སྲོལ་ཡིན་ཚོད་ཡོད། ང་ཚོའི་ཕ་ཡུལ་དུ་ ཕ་རི་གླ་བ་མེད། ཚུ་རི་ལྕི་བ་མེད། ཅེས་བཤད་སྲོལ་ཡོད་ཅིང་། དེའི་སྒྲུང་ནི་འདི་ལྟ་སྟེ། མི་ཞིག་ལྕི་བ་སྒྲུག་པར་ཆས་པའི་སྐབས་གླ་བ་ཞིག་མཐོང་། ཁོ་གླ་བ་དེ་ཡང་འཛིན་དགོས་བསམ་ནས་སླེ་བོ་ཚུར་རིར་བཞག་ནས་དེ་བདའ་ནས་སོང་སོང་བས་མཐར་གླ་བ་མ་ཟིན། ལྕི་བ་ཡང་མ་རག་པའི་གནས་ཚུལ་ཞིག་བྱུང་བ་དེ་དཔེ་ལ་བཞག་པ་རེད།
རང་རེར་ཆོལ་ཁ་གསུམ་ཡོད་པས་ཆོལ་ཁ་གཅིག་གི་རིག་གཞུང་ལ་རྒྱུས་ཡོད་པས་བོད་ཀྱི་རིག་གཞུང་ལ་རྒྱུས་ཡོད་པར་འཇོག་ཆོག་པ་ལས་ཆོལ་ཁ་གཅིག་གི་རིག་གཞུང་ལ་རྒྱུས་མེད་པས་བོད་ཀྱི་རིག་གཞུང་ལ་རྒྱུས་མེད་པར་འཇོག་མི་ཐུབ་སྙམ། ལར་ནས་ཆོལ་གསུམ་ནང་ཁུལ་ལ་དེ་འདྲའི་མི་འདྲ་བའི་ཁྱད་པར་གང་ཞིག་ཡོད།
ཚུར་རི་ནས་སླེ་པོ་རང་གི་ནང་ནས་འཁྱེར་ཡོད་པ་ལ། ཕ་རིའི་ལྕི་བ་སྐམ་པོ་འཐུས་བའི་ཕྱིར་སོང་བ་ན། དཔེའི་དོན་ལ་བློ་གཉིས་འཛིན་དེས། རང་གི་མགོ་ཡི་སྟེང་གི་སླེ་ཐག་དེ་ཡང་ཆད་ན་ག་འདྲ་ཅིག་ཡོང་ས་རེད། ང་མངའ་རིས་ཀྱི་རིག་གཞུང་ཁྱེད་མདོ་ཁམས་པས་འགྲན་མི་ཐུབ་སྙམ་ལགས། ཧ་ཧ་ཀུ་རེ་ཡིན་ནོ། །