ནགས་ཕྲན་པ་བསོད་ནམས་ཚེ་རིང་།
ད་ལོའི་གསུམ་བཅུའི་དུས་དྲན་སྐབས་ཕྱི་སྡོད་བོད་མིའི་ཁྲོད་འབོད་ཚིག་གང་འདྲ་སྒྲོག་མིན་སྐོར་ལ་རྩོད་གླེང་མང་པོ་བྱུང་ཡོད་པའི་གནས་ཚུལ་བྱུང་ཡོད། ལྷག་པར་རྡ་རམ་ས་ལ་ནས་ཚོགས་པ་ལྔས་གསུམ་བཅུའི་དུས་དྲན་གོ་སྒྲིག་བྱེད་སྐབས་འབོད་ཚིག་གོ་སྒྲིག་བྱེད་སྟངས་ཐད་བསམ་ཚུལ་མ་མཐུན་པར་བརྟེན་ཆིག་སྒྲིལ་གྱི་ནུས་པ་ཉམས་པ་དང་། ཨ་རི་ནས་ཀྱང་དུས་དྲན་སྐབས་རང་བཙན་དང་འབྲེལ་བའི་འབོད་ཚིག་སྒྲོག་མིན་ཐད་རྩོད་པ་མང་པོ་བྱུང་ཡོད་འདུག གནས་ཚུལ་འདི་དག་གི་བྱུང་རྐྱེན་གཙོ་བོ་ནི་དབུ་མའི་ལམ་དང་རང་བཙན་གྱི་ལངས་ཕྱོགས་མ་མཐུན་པའི་གནས་ཚུལ་ཞིག་ཏུ་བརྩི་བཞིན་ཡོད་ནའང་། ཞིབ་ཚགས་པོས་ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་བསམ་བློ་བཏང་པ་ཡིན་ན། དེ་ཡང་དོགས་གནས་རང་བཞིན་ཅན་ཞིག་ཏུ་གྱུར་འདུག །
འདས་པའི་ལོ་འགའི་སྔོན་ནས་བཙན་བྱོལ་སྤྱི་ཚོགས་ནང་རང་བཙན་དང་དབུ་མའི་ལམ་གཉིས་ཀྱི་ལངས་ཕྱོགས་འཛིན་མཁན་དག་གི་བསམ་ཚུལ་མ་མཐུན་པའི་གནས་ཚུལ་རབས་དང་རིམ་པ་མང་པོ་ཞིག་བྱུང་ཡོད་པ་དང་། ལྷག་པར་དུ་བོད་རང་བཙན་གྱི་ལངས་ཕྱོགས་ཡོད་མཁན་གྱི་ཚོགས་པ་དང་མི་སྒེར་པ་དག་ལ་དད་འདུན་དང་། དམ་ཚིག་གི་ཐོ་བས་བརྡུངས་ནས་རྒྱ་ནག་སྲིད་གཞུང་དང་ཤུགས་ལྡན་བསྟེན་གསོལ་བ་དག་ལས་ཀྱང་སྡང་ཟུག་བྱེད་ས་ལྟ་བུའི་ལྟ་ཚུལ་བཟུང་བ་ནས་བོད་མི་ནང་ཁུལ་གྱི་ཆིག་སྒྲིལ་ཉམས་ཆག་ཏུ་སོང་བ་དང་། སེམས་ཤུགས་ཆག་པ། བོད་དོན་ལས་འགུལ་ཉུང་དུ་སོང་པ་སོགས་ཀྱི་གྲུབ་འབྲས་མི་ལེགས་པ་མི་ཉུང་བ་ཞིག་བྱུང་ཡོད་པས་དོན་ལ་བོད་དོན་ལས་འགུལ་ཐོག་གྱོང་རྒུད་ཆེན་པོ་ཐེབས་ཡོད།
རང་བཙན་ནི་བོད་མིའི་ལོ་རྒྱུས་དང་ཁྲིམས་ལུགས་ཀྱི་ཐོག་ནས་བོད་མིར་ཐོབ་ཐང་ཡོད་པ་ཞིག་རེད་ལ། དབུ་མའི་ལམ་ནི་མ་འོངས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ཞིག་རེད། འོན་ཀྱང་། ཤེས་དགོས་པ་ཞིག་ལ་དབུ་མའི་ལམ་ལ་བརྟེན་ནས་བོད་གཞིས་བྱེས་མཉམ་འཛོམས་མ་བྱུང་གི་བར་དུ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཡང་བོད་རྒྱལ་ཁབ་ཆེན་པོའི་སྲིད་གཞུང་སྐྱབས་བཅོལ་བའི་ངོ་བོར་ཡོད་པའི་གནད་དོན་ཤེས་དགོས་ཀྱི་ཡོད་ལ། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་མཛད་སྒོ་གང་ཞིག་འཚོགས་པ་ཡིན་ན་བོད་རྒྱལ་ཁབ་ཀྱི་རྒྱལ་རྟགས་དང་རྒྱལ་དར་བེད་སྤྱོད་གཏོང་གི་ཡོད་པ་དང་། རྒྱལ་གླུ་ལེན་གྱི་ཡོད་པ་ཤེས་དགོས།
མ་ཚད་ང་ཚོས་གཞུང་འབྲེལ་གྱི་གསུམ་བཅུའི་དུས་དྲན་མཛད་སྒོའི་ཐོག་གསུམ་བཅུའི་དྲན་གླུའི་ནང་“བོད་མི་རྒྱ་དམར་འོག་ནས་སྒེར་ལངས་ཀྱི། རྒྱ་དམར་བཙན་ཇག་བོད་ནས་མཐར་བསྐྲོད་ཆེད། རྒྱལ་ཁའི་གླུ་དབྱངས་གསུམ་བཅུའི་དྲན་གསོ་འབུལ། ང་དྲུག་འགྲོ་བའི་གསུམ་བཅུ་ལངས་གླུ་ལེན། རྒྱལ་ཁའི་རྒྱལ་དར་སྲོག་དང་བལྟོས་ཟུངས་ཏེ། བོད་ལྗོངས་ཁ་བ་ཅན་དུ་ཅི་མི་བསྒྲེངས།” ཅེས་སོགས་ལེན་གྱི་ཡོད་པར་དོ་སྣང་བྱེད་དགོས་ཀྱི་ཡོད། དེ་ལྟར་ང་ཚོས་གཞུང་གི་ལངས་ཕྱོགས་དང་མཐུན་པ་གནང་དགོས་ན་གཞུང་ལ་མིག་དཔེ་ལྟ་དགོས་པ་ནི་འོས་ཤིང་འཚམས་པ་ཞིག་རེད།
དབུ་མའི་ལམ་གྱི་ལངས་ཕྱོགས་འཛིན་པར་ཁས་འཆེ་བའི་མི་རེ་ཟུང་གིས་གསུམ་བཅུའི་དུས་དྲན་སྐབས་ཀྱི་སྐད་འབོད་ནང་བོད་རང་བཙན་གྱི་ལངས་ཕྱོགས་མཚོན་པའི་འབོད་ཚིག་གམ། རྒྱ་དམར་བོད་ནས་ཕར་རྒྱུགས་ཤིག །བོད་རང་བཙན་ཡིན་ཟེར་བའི་འབོད་ཚིག་དག་སྒྲོག་འོས་མིན་སྐོར་དང་འབྲེལ་བའི་རྩོད་པ་བྱེད་ཀྱི་ཡོད་ཀྱང་། ཕྱོགས་གཅིག་ཏུ་ཁོ་རང་ཚོའི་ལག་པས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་འཕྱར་སྟེ། ཁ་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ལེན་བཞིན་དུ། ཕྱོགས་གཞན་ནས་བོད་རང་བཙན་གྱི་འབོད་ཚིག་བསྒྲགས་ན་བོད་མིའི་རྩ་དོན་ལ་གནོད་ཀྱི་ཡོད་ཁུལ་གྱི་རྣམ་འགྱུར་སྟོན་པ་དང་། སྤྱོད་པ་ངོམ་ནས་བོད་མིའི་ནང་ཁུལ་རྩོད་གཞི་སློང་པ་ནི་བསྟན་བཤིག་སློང་པ་རང་ལས་རྒྱུ་མཚན་ཞིག་མཐོང་ཁག་པོ་འདུག །གལ་ཏེ་དེ་ལ་ད་དུང་རྒྱུ་མཚན་གཞན་ཞིག་ཡོད་མདོག་སྟོན་ན། དེ་ནི་དོན་དངོས་ཀྱི་ཐོག་ནས་རྒྱུ་མཚན་གང་ཞིག་ཡོད་མིན་ལ་དོགས་པ་སྐྱེས་ཀྱི་འདུག །
༢༠༡༥ ལོའི་གསུམ་བཅུའི་དུས་དྲན་ཉིན་བྲིས་སོ། །
རྙོག་སློང་ངམ་དོགས་སློང་གང་རུང་བཟང་ངན་གྱི་དབྱེ་བ་ཤེས་ཐོག་ནས་བསམ་ཚུལ་སྤེལ་ན། མཐེ་བོང་བསྒྲེངས་ཏེ་བསམ་གཞིགས་བྱེད་རིན་ཡོད། མང་གཙོའི་ལམ་སྲོལ་ནང་ལྟ་བ་དང་ལངས་ཕྱོགས་བཅས་མི་མཐུན་པ་ཡོང་ཆོག་ཅིང་། དེས་རྐང་གཉིས་རྣམས་ལ་ཆེ་མཐོང་དང་ཐོབ་ཐང་ལྡན་པ་ར་སྤྲད་ཡོད། ལུག་ལོའི་སུམ་ཅུའི་དུས་དྲན་སྲུང་གཙི་ཚ་ཚ་འུར་འུར་གྱིས་མཇུག་བསྒྲིལ་བ་འདིས་གུང་ཁྲན་ལ་དྲན་གསོ་ཞིག་བསླངས་ཡོད་དེ། བོད་མི་རིགས་ཀྱི་འཐབ་རྩོད་ནི། བོད་གངས་ཅན་གྱི་ལྗོངས་སུ་བདེ་སྐྱིད་ཀྱི་ཉི་མ་མི་འཆར་བར་མི་རབས་ནས་མི་རབས་བདེན་དོན་འཐབ་རྩོད་ཀྱི་ངོ་བོར་གནས་ཤིང་། དཔལ་འབྱོར་དང་སྒྱི་ལུག་གིས་དུས་ནམ་ཡང་མི་བསླུ། ༸གོང་ས་མཆོག་༸སྐུ་སྒེར་གྱི་གནས་དོན་མིན་པར་བོད་མི་ཡོད་དོ་ཅོག་དང་། བོད་ཀྱི་ནང་ཆོས་དང་རིག་གཞུང་ཉམས་ལེན་པ་ཡོངས་རྫོགས་སྟེ། ཐུན་མོང་གི་གནད་དོན་ཡིན་པས་ཉམས་པ་མེད་ལ། སྟོབས་ཆེ།
དེས་ན་འོ་མའི་རྒྱ་མཚོར་ཁྲག་ཐིག་བླུགས་རྒྱུའི་འབད་པའམ་ངལ་བ་བསྟེན་པ་ནི། འབྲས་བུ་གཏན་ནས་མེད་པའོ། །
ཕྱི་གསལ་ནང་གསལ་མི་སྟོན་པར་བོད་ནང་འཁོར་ལ་ཡང་ངོ་ལྐོག་གཉིས་དང་སྤྱི་སྒེར་གཉིས་སུ་རྩོད་པ་ངལ་བ་ལས་ཅི་མི་འདུག xxxxx ཞི་ཅིན་ཕན་ལྐོག་གྲོས་ཞིག་ཏང་སི་ཏུས་བྱས་ཡོད་པར་འཁྱུང་མོ་ཉུག་གོ། གང་ལྟར་བོད་བསྟན་སྲིད་ལ་སྨན་པར་སྨོན་ནོ།།
ནགས་ཕྲན་པ་ལགས། ཁྱོད་ཀྱི་རྩོམ་ཡིག་གི་ནང་དུ་”རང་བཙན་ནི་བོད་མིའི་ལོ་རྒྱུས་དང་ཁྲིམས་ལུགས་ཀྱི་ཐོག་ནས་བོད་མིར་ཐོབ་ཐང་ཡོད་པ་ཞིག་རེད།” ཅེས་བྲིས་འདུག་པར་དྲི་བ་ཞིག་ཡོད། ལོ་རྒྱུས་ཀྱི་ཐོག་ནས་ཐོབ་ཐང་ཡོད་པ་བདེན་མོད། ཁྲིམས་ལུགས་ཀྱི་ཐོག་ནས་ཐོབ་ཐང་ཇི་ལྟར་རྩོད། ཁྲིམས་ལུགས་ཀྱི་ཐོག་ནས་ཞེས་པའི་ཁྲིམས་དེ་གང་ལ་དངོས་འཛིན་བྱེད། རྒྱལ་སྤྱིའི་ངོ་ལེན་ཡོད་པའི་ཁྲིམས་ཤིག་ཡིན་ནམ།
གུང་ཁྲན་ཏང་༼དམར་ཤོག་ཚོགས་པའི་༽དབང་ཆ་གཅིག་སྡུད་ལམ་ལུགས་དེ་མགོ་རྟིང་མ་སློག་བར་དུ། རང་སྐྱོང་གཙང་མ་ཞིག་གི་སྐད་ཆ་བཤད་ས་གང་ཡོད། དེ་བར་དུ་དབུ་མའི་ལམ་ལ་གྲུབ་འབྲས་ཤིག་འོང་རྒྱུ་སྟོང་བསམ་ཁོ་ན་རེད་ད།
འདི་ལོའི་གསུམ་བཅུ་དུས་དྲན་ཉིན་རྡ་སའི་ཚོགས་པ་ལྔ་ལས་བུད་མེད་ཚོགས་པ་དང་དགུ་བཅུ་གསུམ་ཚོགས་གཉིས་ནས་གོ་ཐག་གློད་ནས་བོད་མིའི་སེམས་ལ་རྨ་ཁ་བཟོས་ཡོད་པ་དང་། དེ་ནས་བྱང་ཨ་རི་ནས་བོད་རང་བཙན་ཟེར་མི་ཆོག་པར་རྡུང་རྩེ་ཁ་སྤྲོད་ཀྱི་རྩོད་གླེང་བྱུང་ཡོད། ངས་ལྟོས་༡༩༧༤ལོ་ནས་དབུ་མ་དང་རང་བཙན་བྱུང་ཡོད་ཀྱང་། བོད་མིའི་མཐར་གཏུགས་ཀྱི་དམིགས་ས་གཅིག་ལ་ཡིན་པ་རེད། ཡིན་ཡང་འདས་པའི་ལོ་ཤས་ནང་ཟམ་གདོང་དང་ཟམ་གདོང་ཕྱོགས་གཏོགས་ཀྱིས་མངོན་སུམ་འཛེམས་མེད་ཀྱིས་རྒྱལ་བ་རིན་པོ་ཆེ་ཁ་ལ་འཁྱེར་ནས་བོད་རང་བཙན་རྩོད་མཁན་ཚོར་ཁ་ཐུག་གནོད་ཤུགས་དང་ཟུར་འདོན། དམའ་འབེབས། མཐོང་ཆུང་སོགས་བྱས་ནས་དེ་རིང་གི་ཚད་འདི་ལ་བསྐྱལ་བ་རེད། བོད་མི་ཚོས་འབྱུང་རྩ་འདི་ཤེས་རྒྱུ་ཧ་ཅང་གལ་ཆེ།
རང་བཙན་འབོད་ཆོག་གི་མེད་ན་ང་ཚོ་མི་ཡུལ་ད་ཀྱག་པ་ཟ་རུ་ཡོང་བ་རེད་པས་ རང་བཙན་འབོད་ཆོག་གི་མེད་ན་བོད་ཀྱི་རྒྱལ་དར་དང་རྒྱལ་གླུ་ག་རེ་བྱས་་ནས་བེད་སྤྱོད་གཏོང་གི་ཡོད་རེད་།
དབུ་མ་ཁ་ནས་འབོད་པ་མ་རྟོག་ལག་ཏུ་རྒྱལ་དར་ཁྱེར་ནས་རྒྱལ་གླུུ་གཏོང་དེ་སེམས་པ་བརྟན་པོ་ཨ་ཡོད་།
བོད་མི་ཚོས་ཆབ་སྲིད་ཤེས་ཀྱི་ཡོད་ན་རང་བཙན་དང་དབུ་མ ་མི་རིགས་ས་གནས་རང་སྐྱོང་སོགས་ནང་འཁྔུགས་རྒྱག་རྒྱུའི་སྐད་ཆ་ཕར་བཞོག་ གྲོས་མཐུན་དོན་ཚན་བཅུ་བདུན་ནང་གསལ་བའི་བོད་ས་གནས་སྲིད་ཟེཏ་བའི་གྲོས་མཐུན་གྱི་དོན་ཚན་འདི་ལ་བོད་གཞིས་བྱེས་་ཚང་མས་ངེས་པར་དུ་ཤུགས་རྒྱག་རོགས་གནང་།།ཐུགས་རྗེའི་གཟིགས་།
རང་བཙན་པ་དང་དབུ་མ་བའི་བར་ལ་ཁ་གཡང་ཅི་འབོད་ཀྱི་རྩོད་པ་བྱུང་བ་ནི། རྒྱ་ནག་དམར་ཤོག་གཞུང་གད་མོ་ཤོར་བའི་རྒྱུ་ཙམ་ལས་སྙིང་བོ་ཅང་མི་འདུག
རྒྱ་ནག་དམར་ཤོག་གི་རང་བཞིན་ལ་གསལ་པོར་བལྟས་ན། དེའི་སྒེར་གཅོད་དབང་སྒྱུར་མ་འཇིག་བར་དུ་དབུ་མའི་ལམ་དང་རང་བཙན་གཉིས་ཀའི་དགོས་འདོད་འགྲུབ་མི་སྲིད། ད་ཆ་ཁོ་ཚོར་བོད་ཀྱི་གནད་དོན་ཟེར་བའི་ཕྱོགས་ན་ཞེད་སྣང་ལངས་དགོས་ས་གང་ཡང་མི་འདུག་སྙམ། རྒྱུ་མཚན་ནི། རྒྱ་དམར་གྱིས་དབང་ཆ་དང་དེ་ལས་བྱུང་བའི་ལོངས་སྤྱོད་ཁོ་ན་མ་གཏོགས་གཞན་ཅང་མི་བསམ། རང་དབང་དང་འདྲ་མཉམ། ཁྲིམས་ལྡན་དང་དམངས་གཙོ་སོགས་ནི་ཁོ་ཚོའི་སྒེར་གཅོད་དབང་སྒྱུར་ལམ་ལུགས་དང་དགྲ་ཟླར་ཆགས་པ་དང་། རང་གི་སྒེར་གཅོད་ཀྱི་དབང་ཆའི་ཆེད་དུ་ཁོ་ཚོས་རྒྱ་ནག་མི་མང་གི་བདེ་སྡུག་དང་རྒྱ་ནག་གི་མདུན་ལམ་ཡང་བློས་གཏོང་ནུས། ཁོ་ཚོར་ལམ་འགྲོ་རྒྱུག་པ་ཞིག་ལ། འཛམ་གླིང་གི་གཞུང་དམངས་མང་ཆེ་བ་ཡང་རྒྱ་དམར་དང་ཁེ་བཟང་ཕར་ཟ་ཚུར་ཟ་བྱེད་པའི་གྲོགས་པོར་ཆགས། ད་ལྟ་རྒྱ་ནག་དམར་ཤོག་ཚང་གི་མགོ་འཕངས་དགུང་ལས་མཐོ།
དེའི་ཕྱིར། བོད་རྒྱ་གཉིས་ཕན་གྱི་དབུ་མའི་ལམ་དེའང་དམར་ཤོག་སྒེར་གཅོད་པ་ཁོ་ཚོར་ཕན་ཐོགས་ཅི་ཡང་མེད་པས་ནམ་ཡང་ངོས་ལེན་བྱ་མི་སྲིད། ཁོ་ཚོར་བོད་རང་བཙན་ནི་ངན་ཁག་དཀྲི་ས་ཞིག་དང་བོད་མིར་ནང་འགལ་བཟོ་བྱེད་ལ་ཕན་ཐོགས་པ་དང་། དེ་བེད་སྤྱོད་པ་ཡིན། རང་བཙན་མ་བརྩད་ན་གནད་དོན་གཞན་ལ་སྐད་ཆ་བཤད་འདོད་ཡོད་མདོག་བསྟན་སྟེ། བོད་མིར་རེ་ལྟོས་ཀྱི་འཁྲུལ་སྣང་འཆར་དུ་འཇུག་པ་དང་། བོད་མིར་ནང་འགལ་བཟོ་བ་ནི་ཁོ་ཚོའི་གཡོ་བྱུས་འབའ་ཞིག་ཡིན།
གཞན་རྒྱ་ནག་དམར་ཤོག་གིས་བཙན་བྱོལ་བོད་མིའི་ལྗིད་ཁོག་ལོན་ཡོད་པ་གསང་ཐབས་མེད། རང་ཉིད་ཀྱི་སྲོག་རྩ་བོད་ཡིག་ལའང་བདག་འཛིན་མེད་མཁན་གྱི་བཙན་བྱོལ་བ་ཚོས་གཞན་ཅི་ཞིག་འཇོན་མིན་ཕྱི་གསལ་ནང་གསལ་ཡིན། སེང་གེ་ལ་དགྲ་གཞན་གྱིས་གླགས་མི་རྙེད་ཀྱང་རང་ལུས་ཀྱིས་གསོས་པའི་སྲིན་བུ་དག་གིས་འཇིག་པའི་དཔེ་ལྟར་དུ། ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཉི་མ་ལྟ་བུའང་འཁོར་གྱི་ཚོགས་རུས་རྐང་མེད་པ་རང་ཅག་གིས་དོན་མེད་ཆུད་ཟོས་སུ་གཏོང་བ་འདི་ཅིས་ལན། བཙན་བྱོལ་བོད་མི་འཕག་ཚག་རྒྱག་གིན་འདུག་ཟེར་བ་ཐོས་ན། རྒྱ་དམར་གཞུང་བློ་བདེ་བའི་ངང་དུ་གཉིད་ཡུར་ན་ཆོག་པ་མིན་ནམ།
ནོར་བཅོས་( བོད་ས་གནས་སྲིད་གཞུང)
ང་ཚོའི་སྤྱི་ཚོགས་ནང་ཐབ་ཕྱོགས་གཅིག་འགྱུར་ཁང་གི་གསོལ་ཕོག་བཞེས་མཁན་མང་བས་ལན་པ་རེད། རང་བཙན་ལབ་མི་ཆོག ད་དབུ་མའི་ལམ་ཡང་ལབ་ན་འགྲིགས་ཀྱི་ཡོད་ས་མ་རེད། ཉེ་འཆར་རྒྱ་གཞུང་ཆོས་དོན་ལས་ཁུངས་ཀྱི་འགན་འཛིན་དེས་དབུ་མའི་ལམ་ལ་ཡང་མོས་མཐུན་མེད་ཅེས་བཤད་སོང་ང་། གང་ལྟར་ང་ཚོའི་ཚོགས་པ་སྐྱིད་སྡུག་གི་འགོ་ལ་སྡོད་མཁན་དེ་ཚོ་ཐབ་ཕྱོགས་གཅིག་འགྱུར་ལས་བྱེད་ཀྱང་རེད་ལ་དེ་ཚོ་ལ་མི་རིགས་ཀྱི་ལ་རྒྱ་མེད་པས་ལན་པ་རེད།
སྔོན་མ་རང་བཙན་ཟེར་མི་ཆོག་ས་རྒྱ་ནག་རེད་དེང་སང་བཙན་བྱོལ་ཡང་རེད་འདུག་་་་ད་ཡིན་ན་རྒྱ་ནག་དམར་གཞུང་ཡག་འདུག་ཨ
ང་སྔ་མོ་ནས་བཙན་བྱོལ་གཞུང་ལ་ཡིད་ཆེས་མེད་པ་མ་ཟད་ལོ་ཤས་སྔོན་ནས་རང་བཙན་ལག་དེབ་ཟེར་བ་དེ་གད་སྙིག་ལ་གཡུག་ཟིན། རང་བཙན་མི་དགོས་པར་དངུལ་དགོས་་ཟེེར་ན་རྣ་བ་མི་འགྲོ་བའི་སྐད་ཆ་མ་རེད་པས།
http://www.khabdha.org/?p=69468
འདི་ན་གཟིག་གདའ་དབུ་ལམ་པ་ཚོ་ཉིན་རེ་ནས་ཉིན་རེ་སྐྱ་པ་ཤོར་འདུག་ཧཧཧཧ
རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་ཆེན་ཐེངས་གསུམ་པའི་གསར་འགོད་ལྷན་ཚོགས་ཐོག རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་འགན་འཛིན་ཀྲུའུ་ཝེ་ཆོན་གྱིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བརྗོད་དོན། དབུ་མའི་ལམ་འཚམས་འཇོག་དགོས་ཞེས་པ་དང། བོད་ཆེན་པོ་ཚད་མཐོའི་རང་སྲིད་རང་སྐྱོང། ས་གནས་རང་སྲིད་རང་སྐྱོང་སོགས་སུ་གང་སྤྲོད་རྩིས་མེད་ཚུལ་བཤད་འདུག། དབུ་ལམ་ཟེར་བའི་མགོ་འདོག་རིང་ལུགས་ཀྱི་ཆབ་སྲིད་དེ་བོད་མི་རིགས་ཀྱི་ཁྱད་དུ་མིན་པ། གཞན་ཆོས་ལུགས་ཀྱི་གནད་དོན་ཡིན་པ་འདྲ་པོ་འདུག་བ། ཚང་མས་གཟབ་ཙམ་མ་བྱས་ན་ན་ན
་་་་་་་་་་་་་་་ རང་བཙན་ནི་བོད་མིའི་ལོ་རྒྱུས་དང་ཁྲིམས་ལུགས་ཀྱི་ཐོག་ནས་བོད་མིར་ཐོབ་ཐང་ཡོད་པ་ཞིག་རེད་ལ། དབུ་མའི་ལམ་ནི་མ་འོངས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ཞིག་རེད། འོན་ཀྱང་། ་་་་་་་་་་་་་་་
ཡང་ན་རྒྱ་ཞིང་གི་བོད་རང་བཙན་སྤྲོད་དགོས་རེད། ཡང་ན། ཁ་བྲལ་འགྲོ་འདོད་མེད་ན། གཉིསསྨན་དབུས་ལམ་ཁས་བླངས་དགོས་རེད། དེ་གཉིས་གང་རུང་མ་བྱུང་གི་བར་དུ། གཞིས་བྱེས་གཉིས་ཀའི་ན་ལ་རང་བཙན་ལེན་འདོད་དང་། དབུས་ལམ་ཐོབ་འདོད་འདི་མུ་མཐུད་ནས་གནས་རྒྱུ་ནི། ཆོས་ཉིད་ཅིག་རེད་སྙམ་ལགས། དེས་ན། པོ་ལོ་དེ་རྒྱ་གཞུང་གི་ལག་ཏུ་ཡོད་རེད་དོ།།
གོང་དུ་དྲྭ་གྲོགས་མང་པོ་ཞིག་གིས་གུས་པའི་བསམ་ཚུལ་ཀྱི་འོག་ཏུ་བགྲོ་གླེང་མང་པོ་གནང་འདུག ། མང་གཙོའི་སྤྱི་ཚོགས་ནང་བསམ་ཚུལ་དང་ལངས་ཕྱོགས། ལྟ་གྲུབ་མི་མཐུན་པ་མང་པོ་ཡོད་པ་དང་། དེ་ཡང་ཕན་ཚུན་དགག་སྒྲུབ་དང་བགྲོ་གླེང་རྣོ་ངར་ལྡན་པ་མང་པོ་ཡོང་གི་ཡོད་ཀྱང་། མང་གཙོའི་གོ་རྟོགས་ལྡན་པའི་མི་མང་ནང་འགལ་ཟླ་ཡོང་གི་མེད་པ་རེད་ལ་ཆིག་སྒྲིལ་ལ་ཡང་གནོན་གྱི་མེད་པ་རེད། ཡིན་ནའང་། ང་ཚོའི་ཆབ་སྲིད་ལས་འགུལ་བའི་སྣེ་ཁྲིད་པ་དག་ལ་ནི་ད་དུང་མང་གཙོའི་གོ་རྟོགས་ཀྱི་ཚད་ལ་སླེབས་མེད་པས། འདི་ལྟར་དཀའ་ངལ་མང་པོ་ཡོང་གི་ཡོད་པ་རེད་འདོད།
གང་ལྟར་ང་ཚོས་ནམ་ཡང་སོ་སོའི་ལངས་ཕྱོགས་རྒྱུ་མཚན་ལྡན་པ་དང་ཁུངས་ལོང་ཡོད་པ། སྤོབ་དང་ལྡན་པའི་བརྟན་པོ་འཛིན་དགོས་རྒྱུ་གང་ཞིག་ལ། རང་ཉིད་དང་ལངས་ཕྱོགས་མི་མཐུན་པ་དག་ལ་ཡང་བརྩི་བཀུར་བྱ་དགོས་པ་ནི་མང་གཙོའི་བསམ་བློ་གཏོང་ཕྱོགས་ངོ་མ་དེ་ཡིན་པ་བརྗེད་མི་རུང་བར་འདོད།
དེ་མིན་ང་ཚོའི་ནང་འདི་ལྟར་འགལ་འདུ་ཁོ་ན་དང་། རྩོད་རྙོག་ཁོ་ནའི་ནང་སྡོད་རྒྱུ་ལས་མ་འདས་པ་ཞིག་བྱུང་ན་ནི་བློ་ཕམ་གྱི་གནས་ཤིག་ལས་མ་འདས་སོ། །