ཁྱུང་པོ།
མི་རིགས་ས་ཁུལ་ལ་སྐད་གཉིས་སློབ་གསོ་ལག་བསྟར་བྱེད་པ་དེ་གལ་ཆེ་བའི་གནད་ཞིག་ཡིན་དོན་ནི་ཚན་རིག་གི་ཁུངས་ལྡན་པའི་རང་རྒྱལ་གྱི་རྒྱལ་ཇུས་གལ་ཆེན་ཏེ། ཀྲུང་ཧྭ་མི་རིགས་སྣ་མང་གཅིག་འདུས་ཀྱི་གནས་སྟངས་བསམ་བློའི་འོག་གི་མི་རིགས་གཞུང་ལུགས་དང་། རྒྱལ་ཁབ་ཀྱི་སྐད་ཡིག་བཅའ་ཁྲིམས་དང་ཁྲིམས་སྲོལ། རང་རྒྱལ་གྱི་སྐད་གཉིས་སློབ་གསོའི་ལོ་རྒྱུས་དང་རྒྱལ་ཁབ་ཀྱི་རྩ་བའི་གནས་ཚུལ། རྒྱལ་སྤྱི་དང་རྒྱལ་ནང་། མི་རིགས་གྲངས་ཉུང་རང་ངོས་ཀྱི་འཕེལ་རྒྱས་བཅས་མངོན་འགྱུར་བྱེད་པའི་དགོས་མཁོ་དངོས་སོ། །
མི་རིགས་གྲངས་ཉུང་གི་སྐད་གཉིས་སློབ་གསོའི་སྲིད་ཇུས་བཏོན་པ། ༢༠༡༤ལོའི་ཟླ༤བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལགས་ཤིན་ཅང་དུ་ལས་དོན་རྟོག་ཞིབ་ལ་ཕེབས་སྐབས་སུ། མི་རིགས་གྲངས་ཉུང་གི་བུ་ཕྲུག་གིས་སྐད་གཉིས་སློབ་གསོ་དམ་འཛིན་ལེགས་པོ་བྱས་ཏེ། རྒྱ་ཡིག་སློབ་རྗེས་མ་འོངས་པར་ལས་ཀ་སྒྲུབ་སླ་མོ་ཡོང་ངེས། དེ་ལས་གལ་ཆེན་པོ་ནི་མི་རིགས་མཐུན་སྒྲིལ་ལ་སྐུལ་སྤེལ་བྱས་ནས་ལེགས་རྗེས་མང་པོ་འཇོག་རྒྱུ་དེ་ཡིན་ཞེས་གསུངས། ཀྲུང་དབྱང་གི་ཤིན་ཅང་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། མི་རིགས་བར་འབྲེལ་འདྲིས་དང་སྤེལ་རེས། མཉམ་འདྲེས་ལ་ཤུགས་བསྣན་ཏེ། རྣམ་པ་སྣ་ཚོགས་པའི་མཉམ་བསྐྲུན་ལས་ཀ་བཀོད་སྒྲིག་དང་དར་སྤེལ་བྱས་ནས་སྐད་གཉིས་སློབ་གསོར་སྐུལ་སྤེལ་བྱེད་དགོས་ཞེས་ཡང་བསྐྱར་ནན་གྱིས་བསྟན། སྐད་གཉིས་སློབ་གསོ་ནི་སློབ་ཁྲིད་ལ་སྐད་ཡིག་སྣ་གཉིས་སྤྱོད་པའི་སློབ་ཁྲིད་མ་ལག་ཅིག་ཡིན་ལ། དེའི་ནང་གི་སྐད་ཡིག་སྣ་གཅིག་ནི་སློབ་མའི་དུས་རྒྱུན་དུ་སྤྱོད་པའི་སྐད་ཡིག་དང་པོ་མིན། རང་རྒྱལ་གྱི་མི་རིགས་གྲངས་ཉུང་གི་སྐད་གཉིས་སློབ་གསོ་ནི་མི་རིགས་གྲངས་ཉུང་གིས་རང་གི་སྐད་ཡིག་ལ་སློབ་སྦྱོང་དང་རང་སྐད་སྤྱོད་པའི་དབང་ཆར་བརྩི་སྲུང་བྱེད་པའི་དུས་མཚུངས་སུ། རིགས་སྤྱིའི་སྐད་སྟེ་རྒྱ་ཡིག་གི་སྤྱི་སྐད་ཁྱབ་སྤེལ་བྱས་ཏེ། རིམ་བཞིན་མི་རིགས་སྐད་ཡིག་དང་རྒྱའི་སྐད་ཡིག་གཉིས་ལ་བྱང་ཆ་ལྡན་པའི་སྐད་གཉིས་དང་རིག་གནས་གཉིས་ལྡན་གྱི་འཇོན་མིར་འགྱུར་དུ་འཇུག་རྒྱུ་དེ་ཡིན།
རང་རྒྱལ་ནི་མི་རིགས་མང་པོའི་རྒྱལ་ཁབ་ཅིག་ཡིན། མི་རིགས་ཁག་མཉམ་དུ་འཕེལ་བའི་གོ་རིམ་ནང་། མི་རིགས་ཁག་བར་འབྲེལ་འདྲིས་བྱེད་སྐབས་སྐད་གཉིས་སྤྱོད་ཚུལ་ལ་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཡོད། སྐད་གཉིས་སློབ་གསོའི་སྲིད་ཇུས་ནི་ཀྲུང་གོ་གསར་བ་དབུ་བརྙེས་རྗེས་སུ་བྱུང་བ་ཡིན། ༡༩༥༠ལོར་ཁྱབ་བསྒྲགས་བྱས་པའི《མི་རིགས་གྲངས་ཉུང་གི་ལས་བྱེད་པ་སྐྱེད་སྲིང་བྱེད་པའི་ཚོད་ལྟའི་བྱེད་ཐབས》ཀྱི་ནང་དུ། ཡུན་རིང་འཛིན་གྲྭར་ཞུགས་པའི་མི་རིགས་གྲངས་ཉུང་གི་སློབ་མས་མི་རིགས་རང་གི་སྐད་ཡིག་སློབ་པ་ཕུད། ད་དུང་རྒྱའི་སྐད་ཡིག་སློབ་དགོས་ཞེས་གཏན་འབེབས་གནང་ཡོད། ༡༩༥༡ལོར་སྲིད་དོན་གླིང་གིས་ཆོག་མཆན་གནང་བའི《རྒྱལ་ཡོངས་ཀྱི་མི་རིགས་སློབ་གསོ་སྐོར་གྱི་གྲོས་ཚོགས་ཐེངས་དང་པོའི་སྙན་ཞུའི》ནང་དུ། ད་ལྟ་ཐུན་མོང་གི་སྐད་ཡིག་སྤྱོད་པའི་མི་རིགས་ཀྱིས་སློབ་ཆུང་དང་སློབ་འབྲིང་ནང་ངེས་པར་དུ་མི་རིགས་རང་སྐད་ཀྱིས་སློབ་ཁྲིད་བྱེད་དགོས་པ་དང་། མི་རིགས་གྲངས་ཉུང་གི་སློབ་གསོའི་ནང་དོན་དང་རྣམ་པ། སློབ་ཚན་གྱི་ཁྲིད་དེབ་བཅས་ཀྱི་གནད་དོན་ཐད་ནས་མི་རིགས་ཀྱི་ཁྱད་ཆོས་དམིགས་སུ་འཛིན་པའི་ཞོར་དུ་རྒྱལ་ཁབ་ཀྱི་གཅིག་གྱུར་རང་བཞིན་ལའང་དོ་སྣང་བྱེད་དགོས་ཞེས་བསྟན་ཡོད།
༡༩༨༠ ལོར་སློབ་གསོ་པུའུ་དང་། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱིས་བཏོན་པའི《མི་རིགས་སློབ་གསོའི་ལས་དོན་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》ནང་། མི་རིགས་རང་གི་སྐད་དང་ཡི་གེ་ཡོད་པའི་མི་རིགས་ཀྱིས་མི་རིགས་རང་གི་སྐད་ཡིག་གིས་སློབ་ཁྲིད་བྱེད་རྒྱུ་དང་། མི་རིགས་རང་གི་སྐད་དང་ཡི་གེ་ལེགས་པོ་སྦྱོང་བའི་དུས་མཚུངས་སུ་རྒྱ་ཡིག་ཀྱང་སྦྱོང་དགོས་པའི་བླང་བྱ་བཏོན་ཡོད། ༡༩༨༢ལོར་སློབ་གསོ་པུའུ་ཡིས་སྙན་ཞུ་ཕུལ་བའི《ཏང་གི་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། མི་རིགས་གྲངས་ཉུང་ས་ཁུལ་གྱི་ཆོས་ལུགས་ཀྱིས་སློབ་གྲྭའི་སློབ་གསོར་འགོག་རྐྱེན་བཟོ་བའི་གནད་དོན་ཐག་གཅོད་ཡང་དག་བྱེད་དགོས་པའི་སྐོར་གྱི་བསམ་འཆར》ནང་མི་རིགས་རང་གི་སྐད་དང་ཡི་གེ་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་སློབ་འབྲིང་གིས་མི་རིགས་སྐད་ཡིག་གི་ སློབ་ཁྲིད་ལམ་སེང་སླར་གསོ་བྱས་ཏེ། སློབ་མས་རང་རིགས་ཀྱི་སྐད་དང་ཡི་གེ་ཐོག་མར་སློབ་སྦྱོང་བྱེད་དགོས་པ་མ་ཟད། དགོས་མཁོར་གཞིགས་ནས་རྒྱ་ཡིག་ལ་ཡང་སློབ་སྦྱོང་བྱེད་དགོས་ཞེས་བཏོན།
༢༠༡༠ ལོར་རྒྱལ་ཁབ་ཀྱིས་ཁྱབ་བསྒྲགས་བྱས་པའི《རྒྱལ་ཁབ་ཀྱིས་དུས་ཡུན་རིང་ ཐུང་ནང་གི་སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་འཆར་འགོད་རྩ་དོན(༢༠༡༠ལོ་ནས་༢༠༢༠ལོའི་བར)དུ་མི་རིགས་ས་ཁུལ་གྱིས་མི་རིགས་རང་གི་སྐད་ཡིག་དང་རྒྱ་ཡིག་བཅས་སྐད་གཉིས་སློབ་གསོ་ལེགས་པོ་བསྒྲུབས་ནས་མི་རིགས་གྲངས་ཉུང་གི་སྐད་དང་རྒྱ་སྐད་གཉིས་ལ་བྱང་ཆ་ལྡན་པར་གཏོང་དགོས་ཞེས་ནན་གྱིས་བསྟན། མི་རིགས་ས་ཁུལ་དུ་སྐད་གཉིས་སློབ་གསོ་ལག་བསྟར་བྱེད་པའི་གཞི་འཛིན་ས།
གཅིག གཞུང་ལུགས་ཀྱི་གཞི་འཛིན་ས་སྟེ་ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཅིག་འདུས་ཀྱི་གནས་སྟངས་བསམ་བློ་ལྡན་པའི་མི་རིགས་གཞུང་ལུགས། ༡༩༨༨ལོར། སྐུ་ཞབས་ཧྥེ་ཞའོ་ཐུང་ལགས་ཞང་ཀང་གི་རྒྱ་ཡིག་སློབ་ཆེན་གྱིས་གདན་ཞུས་པ་ལྟར་དེ་གར་འཆད་འཁྲིད་གནང་སྐབས། ཀྲུང་ཧྭ་མི་རིགས་ཀྱི་ཐོག་མའི་འབྱུང་ཁུངས་དང་། ཆགས་ཚུལ། འཕེལ་རྒྱས་བཅས་ལ་གཞི་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཅིག་གྲིལ་གྱི་གནས་སྟངས་ བསམ་བློ་བཏོན།ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཅིག་འདུས་ཀྱི་བསམ་བློའི་དགོངས་དོན་ལས། གཅིག་འདུས་ནི་མི་རིགས༥༦གིས་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞིས་ཆེན་མོ་གྲུབ་པའི་གཅིག་གྱུར་གྱི་སྤྱི་ཁོག་བསྟན་པ་དང་། སྣ་མང་ནི་ཀྲུང་གོ་རྒྱལ་ཁབ་ནང་ཁུལ་དུ་ཡོད་པའི་མི་རིགས༥༦གི་སྣ་མང་རིག་གནས་འཕེལ་རྒྱས་ལ་གོ་བ་ཡིན། དེའི་རྩ་དོན་མདོར་བསྡུས་ན་རྒྱལ་ཁབ་གཅིག་གྱུར་རེད། ༡༩༩༠ལོར་རྒྱལ་ཁབ་ཀྱི་མི་རིགས་དོན་གཅོད་ཨུ་ལྷན་གྱི་མི་རིགས་གནད་དོན་ཞིབ་འཇུག་ལྟེ་གནས་ཀྱིས་ གཙོ་སྒྲུབ་གནང་བའི་མི་རིགས་ཞིབ་འཇུག་རིག་གཞུང་བགྲོ་གླེང་ཚོགས་འདུ་ཡིས་བསམ་བློ་དེར་སྤྱི་མཚན་གསར་བ་ཞིག་བཀོད་པ་ནི། སྣ་མང་ནི་སྤུན་ཟླ་མི་ རིགས་སོ་སོ་ལ་རང་གི་འབྱུང་ཁུངས་དང་། ཆགས་ཚུལ། འཕེལ་རྒྱས་ཀྱི་ལོ་རྒྱུས་ཡོད་པ་དང་། རང་རང་ལ་རིག་གནས་དང་སྤྱི་ཚོགས་ཀྱི་ཁྱད་ཆོས་ཡོད་པའི་ དོན་ཡིན། གཅིག་འདུས་ནི་མི་རིགས་ཁག་གི་འཕེལ་རྒྱས་ནི་གཅིག་ལ་གཅིག་བརྟེན་ཡིན་པས་སོ་སོ་ཁ་བྲལ་དུ་གཏོང་མི་རུང་བའི་ནང་གི་འབྲེལ་བ་དང་། ཐུན་མོང་གི་མི་རིགས་ཁེ་ཕན་ལ་ཟེར། དེ་ལྟ་བུའི་གཅིག་འདུས་ཀྱིས་མེས་རྒྱལ་གཅིག་གྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་མོ་ལ་སོགས་གཅིག་འདུས་ རང་བཞིན་མཚོན་ཡོད་མ་ཟད། མི་རིགས་ཁག་བར་གྱི་བར་ཁྱད་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་འཕེལ་རྒྱས་ནི་རྩོད་སྒྲུབ་གཅིག་གྱུར་གྱི་འབྲེལ་བ་ཡིན་པ་ཡང་མཚོན་ཡོད། དེ་ལྟ་ན་ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཅིག་འདུས་ཀྱི་གནས་སྟངས་དངོས་སུ་ཆགས་དགོས་ན་མི་རིགས་ས་ཁུལ་དུ་སྐད་གཉིས་ སློབ་གསོ་ ལག་བསྟར་གྱི་སྲིད་ཇུས་དོན་འཁྱོལ་བྱེད་དགོས་པས། ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཅིག་འདུས་ཀྱི་གནས་སྟངས་བསམ་བློ་དེ་རང་རྒྱལ་གྱི་མི་རིགས་ གྲངས་ ཉུང་གི་སྐད་གཉིས་སློབ་གསོའི་ གཞུང་ལུགས་ཀྱི་གཞི་འཛིན་སར་གྱུར་བ་རེད། ཕྱོགས་གཅིག་ནས་སྐད་ཡིག་ནི་རིག་གནས་རྒྱུད་འཛིན་དང་དར་སྤེལ་གྱི་ སྲོག་ཤིང་ཡིན་ལ། སྐད་གཉིས་སློབ་གསོ་ལ་བརྟེན་ན་ད་གཟོད་མི་རིགས་ཁག་གི་རིག་གནས་ལ་སྔར་བས་དར་སྤེལ་དང་རྒྱུད་འཛིན་དང་། སྣ་མང་གི་མི་རིགས་ རིག་གནས་ཆགས་ཐུབ་པ་ཡིན། དེས་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་སྤྱི་ལ་གསོན་ཤུགས་སྟེར་ཐུབ། གཞན་ཡང་སྐད་ཡིག་རང་ངོས་ནི་རིག་གནས་ཤིག་ཡིན་པས། མི་རིགས་གྲངས་ཉུང་གི་མི་རིགས་སྐད་ཡིག་དར་སྤེལ་ནི་མ་གཞི་རིག་གནས་སྣ་མང་གོང་དུ་སྤེལ་བ་ལས་གཞན་མ་ཡིན། ཅིག་ཤོས་ནི། རང་རྒྱལ་གྱིས་མི་རིགས་ གྲངས་ཉུང་གི་སྐད་ཡིག་དར་སྤེལ་བྱེད་པ་དང་ཆབས་ཅིག སྤྱི་སྤྱོད་སྐད་ཡིག་ཏེ་རྒྱ་ཡིག་གི་སློབ་གསོ་ཡང་གཏོང་དགོས། དེ་ནི་རྒྱལ་ཁབ་གཅིག་གྱུར་ལ་ཁག་ཐེག་ དང་། མི་རིགས་ཁག་བར་འབྲེལ་འདྲིས། བརྗེ་རེས་ཐད་བྱེད་ཐབས་ཅིག་མཁོ་འདོན་བྱས་པ་ཡིན། མི་རིགས ༥༦ ནི་སྤུན་ཟླ་ཡིན་པས་ཕན་ཚུན་བར་འབྲེལ་ འདྲིས་ཡོད་པ་བྱེད་དགོས། མི་རིགས་ཁག་གིས་ཕན་ཚུན་བར་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སློབ་གསོ་སོགས་མངའ་ཁོངས་སུ་འབྲེལ་འདྲིས་དང་། སྤེལ་རེས། ཐུན་མོང་གོང་སྤེལ། ཐུན་མོང་དར་སྤེལ་བཅས་བྱས་ཏེ་གཅིག་གྱུར་གྱི་སྤྱི་ཁོག་ཅིག་གྲུབ་དགོས་ན། གཅིག་གྱུར་གྱི་སྐད་དང་ཡི་གེ་ངེས་པར་དུ་དགོས། ད་ལྟ་བཀོད་སྤྱོད་ཆེ་མང་པའི་སྐད་ནི་རྒྱ་སྐད་ཡིན་པས་དེ་ནི་ལག་ཆ་དེ་ལྟ་བུར་མི་འགྱུར་རང་འགྱུར་རེད། ཁྲིམས་ལུགས་རིམ་པའི་གཞི་འཛིན་ས་སྟེ་རང་རྒྱལ་ གྱི་ད་ཡོད་ཀྱི་སྐད་ཡིག་གི་ཁྲིམས་ལུགས་དང་བཅའ་ཁྲིམས། རང་རྒྱལ་གྱི《རྩ་ཁྲིམས》སུ“མི་རིགས་ཁག་ལ་རང་གི་སྐད་ཡིག་བཀོལ་སྤྱོད་དང་འཕེལ་རྒྱས་ གཏོང་པའི་རང་དབང་ལྡན”ཞེས་གཏན་འབེབས་བྱས་ཡོད་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་བཅའ་ཁྲིམས》སུ“རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ནི་སྤྱི་སྐད་དང་ཚད་ལྡན་ཡི་གེར་གོ་བ་དང་། རྒྱལ་ཁབ་ཀྱིས་སྤྱི་སྐད་ཁྱབ་སྤེལ་བྱེད་པ་དང་། ཚད་ལྡན་ཡི་གེ་ཁྱབ་སྤྱོད་བྱེད་པ། སྤྱི་དམངས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེར་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པའི་དབང་ཆ་ཡོད”ཅེས་གཏན་འབེབས་གནང་ཡོད་པ། 《ཀྲུང་ཧྭ་མི་དམངས་ སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོའི་བཅའ་ཁྲིམས》སུ“རྒྱའི་སྐད་ཡིག་ནི་སློབ་གྲྭ་དང་སློབ་གསོའི་སྡེ་ཁག་གཞན་དག་གི་གཞི་རྩར་སྤྱོད་པའི་སློབ་ཁྲིད་སྐད་ཡིག་ ཡིན་ལ། མི་རིགས་གྲངས་ཉུང་གི་སློབ་མ་གཙོར་བྱས་པའི་སློབ་གྲྭ་དང་སློབ་གསོའི་སྡེ་ཁག་གིས་རང་མི་རིགས་དང་ས་གནས་དེ་གའི་མི་རིགས་ཀྱི་སྤྱི་སྤྱོད་སྐད་ ཡིག་གིས་སློབ་ཁྲིད་བྱས་ཆོག”ཅེས་གཏན་འབེབས་གནང་པ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་རང་སྐྱོང་བཅའ་ཁྲིམས》སུ“མི་ རིགས་གྲངས་ཉུང་གི་སློབ་མ་གཙོར་བསྡུ་གནང་པའི་སློབ་གྲྭ(འཛིན་གྲྭ)དང་སློབ་གསོའི་སྡེ་ཁག་གཞན་བཅས་ཆ་རྐྱེན་ལྡན་པ་དག་གིས་མི་རིགས་ གྲངས་ཉུང་གི་ཡི་གེའི་སློབ་དེབ་བཀོལ་སྤྱོད་བྱེད་རུང་པ་མ་ཟད། མི་རིགས་གྲངས་ཉུང་གི་སྐད་ཡིག་གིས་སློབ་ཁྲིད་གནང་དགོས། གནས་ཚུལ་ལ་གཞིགས་ནས་ སློབ་ཆུང་གི་འཛིན་གྲྭ་ དམའ་གྲས་སམ་མཐོ་གྲས་སུ་རྒྱ་ཡིག་གི་སློབ་ཁྲིད་བཀོད་སྒྲིག་བྱས་ཏེ་རྒྱལ་ཡོངས་སྤྱི་སྤྱོད་ཀྱི་སྐད་ཆ་དང་ཚད་ལྡན་ཡི་གེ་ཁྱབ་སྤེལ་ གཏོང་དགོས”ཞེས་གཏན་འབེབས་གནང་ཡོད་པ་རེད། གོང་གསལ་བཅའ་ཁྲིམས་དང་སྲོལ་ཡིག་དག་ནི་ཕྱོགས་གསུམ་ཏུ་ཕྱོགས་བསྡུས་བྱས་ཆོག་སྟེ། གཅིག་ནི་སྤྱི་སྐད་དང་ཚད་ལྡན་ཡི་གེ་ནི་རྒྱལ་ཁབ་ཀྱིས་སྤྱི་སྤྱོད་སྐད་ཡིག་ཡིན་པ་དང་། མི་རིགས་ཁག་ལ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་བཀོལ་ སྤྱོད་བྱེད་པའི་དབང་ཆ་ལྡན། གཉིས་ནི་ཀྲུང་གོ་ནི་མི་རིགས་མང་པའི་རྒྱལ་ཁབ་ཅིག་ཡིན་ཕྱིར། མི་རིགས་ཁག་ལ་རང་གི་སྐད་ཡིག་བཀོལ་སྤྱོད་དང་འཕེལ་རྒྱས་ གཏོང་པའི་དབང་ཆ་ལྡན། གསུམ་ནི་རྒྱའི་སྐད་ཡིག་ནི་གཞི་རྩའི་སློབ་ཁྲིད་སྐད་ཆ་ཡིན་པ་དང་། མི་རིགས་གྲངས་ཉུང་གཙོར་བྱས་པའི་སློབ་གྲྭ་དག་གིས་ གནས་ཚུལ་ལ་གཞིགས་ནས་མི་རིགས་གྲངས་ཉུང་གི་སྐད་ཆ་སྤྱད་དེ་སློབ་ཁྲིད་གནང་དགོས་པ་མ་ཟད། རྒྱའི་སྐད་ཡིག་གི་སློབ་ཁྲིད་ཀྱང་བཀོད་སྒྲིག་བྱས་ནས་ རྒྱལ་ཡོངས་ཀྱི་སྤྱི་སྤྱོད་སྐད་ཆ་དང་ཚད་ལྡན་ཡི་གེ་ཁྱབ་སྤེལ་གཏོང་དགོས།ལོ་རྒྱུས་ཀྱི་གཞི་འཛིན་ས་སྟེ་རྒྱ་རིགས་དང་མི་རིགས་གྲངས་ཉུང་བར་གྱི་རང་བྱུང་ འབྲེལ་བ། གོང་མ་ཆིན་ཧྲི་ཧོང་གིས་ཀྲུང་གོ་གཅིག་གྱུར་གནང་རྗེས། རང་རྒྱལ་དུ་རྒྱ་རིགས་གཙོར་བྱས་ཤིང་མི་རིགས་མང་པོ་གཅིག་གྱུར་གྱི་རྒྱལ་ཁབ་ཆགས་པ་རེད། སྤྱི་ལོ་དུས་རབས་གསུམ་པ་ནས་བཟུང་། རྒྱ་རིགས་མི་དམངས་རིམ་བཞིན་མཐའ་འཁོར་གྲངས་ཉུང་མི་རིགས་ས་ཁུལ་དུ་གནས་སྤོར་བའི་བརྒྱུད་རིམ་ཆགས་པས་མི་རིགས་ཁག་བར་འབྲལ་ཐབས་མེད་པའི་འབྲེལ་བ་གྲུབ་པ་རེད། དེ་ནས་ཧན་རྒྱལ་རབས་སུ་སླེབས་དུས། རང་རྒྱལ་གྱི་དབུས་བརྒྱུད་དུ་ཆགས་པའི་ཧྭ་ཞ་རིགས་ལ་རྒྱ་རིགས་ཅེས་བསྒྱུར་པ་དང་། རྒྱ་རིགས་ཀྱི་སྔོན་ཐོན་ཐོན་སྐྱེད་ནུས་ཤུགས་དང་བཀས་བཀོད་རྒྱུད་འཛིན་རིག་གནས་ཀྱིས་མི་རིགས་གྲངས་ཉུང་ཁག་ལ་ཤུགས་རྐྱེན་ངེས་ཅན་ཐེབས་ཤིང་། མི་རིགས་གྲངས་ཉུང་ཁག་གི་རིག་གནས་ཁྱད་ཆོས་ཀྱིས་ཀྱང་རྒྱ་རིགས་ལ་ཤུགས་རྐྱེན་ཐེབས་ཡོད་པ་རེད། རྒྱ་རིགས་ཀྱི་མི་གྲངས་ཆེས་མང་ཞིང་། དཔལ་འབྱོར་སྤྱི་ཚོགས་ཅུང་སྟོབས་འབྱོར་ལྡན་པས་མི་རིགས་གྲངས་ཉུང་ཁག་སྔར་ལས་འཕེལ་རྒྱས་འབྱུང་དགོས་ན། མི་རིགས་གཞན་དག་དང་བརྟེན་དགོས་པས། དེར་མི་རིགས་རང་གི་སྐད་ཡིག་བཀོལ་སྤྱོད་འཕེལ་རྒྱས་གཏོང་པ་ལས་གཞན་རྒྱ་ཡིག་ལའང་སློབ་སྦྱོང་བྱེད་དགོས་བྱུང་། ཆིང་ཧན་གྱི་དུས་སུ། རང་རྒྱལ་དུ་མི་རིགས་གྲངས་ཉུང་གིས་རྒྱ་ཡིག་བཀོལ་སྤྱོད་བྱེད་པའི་སྐད་གཉིས་སྣང་ཚུལ་གྲུབ་ཟིན་པ་དང་། མིང་གོང་མའི་སྐབས་སུ་ དབང་སྒྱུར་གྲལ་རིམ་གྱིས་མི་རིགས་གྲངས་ཉུང་ལ“སློབ་གསོའི་བཅོས་སྒྱུར་ནི་སློབ་སྦྱོང་གཙོ་བོར་འཛིན་པའི”སྲིད་ཇུས་ལག་བསྟར་བྱས་ནས་ས་གནས་སོ་སོ་ནས་མི་རིགས་གྲངས་ཉུང་གི་ལོ་གཞོན་སྐོར་ཞིག་སློབ་གྲྭར་བསྡུ་ལེན་བྱས་ཤིང་། དེ་དག་ནི་གཙོ་བོ་མཐོ་རིམ་མི་སྣའི་བུ་ཕྲུག་ཡིན་མོད་སྐད་གཉིས་སློབ་གསོའི་འཕེལ་རྒྱས་ལ་སྐུལ་འདེད་ཐེབས། ཆིང་རྒྱལ་རབས་ཀྱི་སྐབས་སུ་སྤྱི་ཚོགས་འཕེལ་རྒྱས་བྱུང་པ་དང་བསྟུན། མི་རིགས་གྲངས་ཉུང་ས་ཁུལ་གྱི་སློབ་གསོར་སྔར་ལས་ལྷག་པའི་འཕེལ་རྒྱས་བྱུང་། ཆེད་དུ་མི་རིགས་གྲངས་ཉུང་གིས་རྒྱའི་སྐད་ཡིག་སློབ་སྦྱོང་བྱེད་པའི་འཛིན་གྲྭ་སྒྲུབ་པ་རེད། དེའི་རྗེས་སུ་ཡིག་རིགས་གཉིས་དང་རིག་གནས་གཉིས་ལ་སློབ་སྦྱོང་བྱེད་པའི་སློབ་གྲྭ་ཉུང་ཤས་བྱོན་པ་རེད། ཆིང་གོང་ཆན་ལུང་གི་སྐབས་སུ། ཤིན་ཅང་གི་ས་ཆ་སོ་སོར་སྒེར་གཉེར་སློབ་གྲྭ་བཙུགས་ནས་ཡུ་གུར་རིགས་ཀྱི་ལོ་ཆུང་བྱིས་པ་ཁག་ཅིག་སློབ་གྲྭར་བསྡུ་ལེན་བྱས་ཏེ་རྒྱ་ཡིག་སློབ་སྦྱོང་བྱས་པ་དང་། ཙའོ་ཙུང་ཐང་གིས་ཤིན་ཅང་ཕྱིར་ལེན་བྱས་རྗེས། རྒྱ་རིགས་དགེ་རྒན་མངགས་ནས་ སློབ་གྲྭ་དང་སྒེར་གཉེར་སློབ་གྲྭར་ཡུ་གུར་རིགས་ལོ་ཆུང་བྱིས་པར་རྒྱ་ཡིག་སློབ་ཁྲིད་བྱེད་དུ་བཅུག་པ་རེད། མིན་རྒྱལ་རབས་ཀྱི་དུས་སུ། སྐད་གཉིས་སློབ་གསོར་སྔར་ལས་ལྷག་པའི་འཕེལ་རྒྱས་བྱུང་ནས་མི་རིགས་གྲངས་ཉུང་གི་སློབ་གྲྭ་ཁག་གསར་དུ་བཙུགས་པ་དང་། རྒྱ་རིགས་དང་མི་རིགས་གྲངས་ཉུང་གི་རང་བྱུང་འབྲེལ་བར་དེ་ལ་བརྟེན་ནས་མི་རིགས་གྲངས་ཉུང་གིས་རྒྱ་ཡིག་ལ་སློབ་སྦྱོང་བྱེད་འདོད་སྐྱེས་པར་གྱུར། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། “མི་རིགས་གྲངས་ཉུང་གི་ཡི་གེ་དང་རྒྱ་ཡིག་གཉིས་བྱང་ཆུད་པའི”སྐད་གཉིས་སློབ་གསོའི་སྲིད་ཇུས་ནི་ལོ་རྒྱུས་ཀྱི་ལྡོག་མེད་བདམས་གསེས་ཤིག་ཏུ་གྱུར་པ་རེད། རྒྱལ་ཁབ་ཀྱི་གནས་ཚུལ་གྱི་གཞི་འཛིན་ས་སྟེ་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་སྤྱི་ཚོགས་རྒྱུ་རྐྱེན་མང་པོར་རག་ལས་པ།ཀྲུང་གོའི་མི་རིགས་བར་གྱི་འབྲེལ་འདྲིས་སྐད་ཆ་ནི་རྒྱ་ཡིག་རེད། འདི་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་རྩ་བའི་གནས་ཚུལ་གྱིས་གཏན་འཁེལ་གནང་པ་མ་ཟད་རང་བཞིན་གྱིས་གྲུབ་པ་ཞིག་རེད་ལ། ཀྲུང་གོའི་མི་རིགས་ཁག་གི་ཡིད་འཐད་ཀྱི་བདམས་གསེས་ཤིག་ཀྱང་རེད། ཀྲུང་གོ་ནི་མི་རིགས་མང་པ་དང་སྐད་ཡིག་མང་པའི་གཅིག་གྱུར་གྱི་རྒྱལ་ཁབ་ ཅིག་ཡིན་ལ། ཐག་ཆོད་བྱས་ཟིན་པའི་མི་རིགས་གྲངས་ཉུང་གི་སྐད་རིགས་༦༡ཡོད་པ་རེད། མིག་སྔར། མན་ཇུ་རིགས་དང་ཁ་ཆེ་རིགས། ཐུའུ་ཅན་རིགས་ ཀྱིས་རྒྱ་ཡིག་བཀོལ་སྤྱོད་བྱེད་པ་ལས་གཞན་པའི་མི་རིགས་གྲངས་ཉུང་རྣམས་ཀྱིས་སྤྱོད་པའི་མི་རིགས་གྲངས་ཉུང་གི་སྐད་རིགས་༣༩ཡོད་པ་རེད། ལོ་རྒྱུས་ཀྱི་ དབང་གིས། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཁྱབ་ཡུལ་ལ“འདུས་སྡོད་ཆེན་མོ་དང་། འདུས་སྡོད་ཆུང་བའི”རྣམ་པ་ཆགས་ཡོད་དེ། རྒྱ་རིགས་ནི་རྒྱལ་ ཡོངས་ཀྱི་ས་ཁུལ་གང་སར་ཁྱབ་ཡོད་པ་དང་། མི་རིགས་གྲངས་ཉུང་ཁག་ཀྱང་རང་ཉིད་ཀྱི་ཆེ་ཆུང་མི་འདྲ་བའི་འདུས་སྡོད་ས་ཁུལ་དུ་རྒྱ་རིགས་དང་འདྲེས་ནས་ཆགས་ཡོད་པ་རེད། ཁྱབ་ཚུལ་འདི་དག་གིས་ཀྲུང་གོའི་སྐད་ཆའི་རྙོག་འཛིང་རང་བཞིན་གྲུབ་པ་དང་མཉམ་དུ་རྣམ་པ་མི་འདྲ་བའི་སྐད་གཉིས་སྤྱི་ཚོགས་དང་ སྐད་གཉིས་མི་སྣ་གྲུབ་སྟེ་ཀྲུང་གོའི་དམིགས་བསལ་ཁྱད་ཆོས་ལྡན་ལ། རྙོག་འཛིང་ཆེ་བའི་སྐད་གཉིས་སྣང་ཚུལ་གྲུབ་པ་རེད། དེ་བས། སྐད་གཉིས་སློབ་གསོའི་ སློབ་ཁྲིད་སྲིད་ཇུས་གཏན་འཁེལ་གནང་དགོས་པ་མ་ཟད་ལག་བསྟར་བྱ་རྒྱུ་དེ་རང་རྒྱལ་གྱི་མི་རིགས་ས་ཁུལ་དུ་རང་བཞིན་གྱི་གྲུབ་པའི་སྐད་གཉིས་སྣང་ཚུལ་ལ་ བསམ་གཞིགས་མི་གཏོང་ག་མེད་རེད་ལ། རྒྱལ་ཡོངས་ཀྱི་མི་གྲངས་མང་ཤོས་ཀྱིས་སྤྱོད་བཞིན་པའི་རྒྱ་ཡིག་དེ་རང་བཞིན་གྱི་མི་རིགས༥༦གི་མི་རིགས་ཕན་ཚུན་བར་འབྲེལ་བ་བྱེད་པའི་རིགས་སྤྱིའི་སྐད་ཆར་གྲུབ་ནས་སྐད་གཉིས་སློབ་གསོ་ནང་དུ་ཚུད་པ་རེད། དངོས་ཡོད་ཀྱི་གཞི་འཛིན་ས་སྟེ་འཛམ་གླིང་གི་དཔལ་འབྱོར་སའི་གོ་ལ་ཡོངས་ཅན་དང་། རྒྱལ་ནང་གི་བཅོས་སྒྱུར་སྒོ་འབྱེད། མི་སྒེར་འཕེལ་རྒྱས་ཀྱི་དགོས་ མཁོའི་དབང་དུ་སོང་པ། འཛམ་གླིང་གི་དཔལ་འབྱོར་སའི་གོ་ལ་ཡོངས་ཅན་དང་ཚན་རྩལ་དེང་རབས་ཅན་གྱི་རྒྱབ་ལྗོངས་ འོག རྒྱལ་ཁབ་སོ་སོར་ སྐད་ གཉིས་སློབ་གསོ་དགོས་པ་རེད། དུས་རབས་སྔོན་མའི་ལོ་རབས་བདུན་ཅུ་བར་སྐོར་ཁག་གཉིས་པའི་ཚན་རྩལ་གསར་པའི་གསར་བརྗེའི་རྗེས་སུ། འཛམ་གླིང་ ཡོངས་ནི“སའི་གོ་ལའོ་གྲོང་ཚོར”གྱུར་པ་དང་། སྐད་ཆ་ནི་འཛམ་གླིང་རྒྱལ་ཁབ་ཁག་གིས་དཔལ་འབྱོར་འཕེལ་རྒྱས་དང་། རིག་གནས་ཚན་རྩལ་བརྗེ་རེས། ཆབ་སྲིད་འབྲེལ་འདྲིས་བྱེད་པའི་ལག་ཆ་ལྟ་བུ་རེད། རྒྱལ་ཁབ་གང་རུང་ཞིག་འཕེལ་རྒྱས་གཏོང་པ་དང་། རྒྱལ་ཁབ་གཞན་གྱི་སྔོན་ཐོན་རིག་གནས། ཚན་རྩལ་ཤེས་བྱར་སློབ་སྦྱོང་བྱེད་པ། རྒྱལ་ཁབ་གཅིག་གྱུར་ལ་སྐུལ་འདེད་གཏོང་པ། འཛམ་གླིང་གི་རྒྱལ་ཁབ་ཁག་དང་མཐུད་འབྲེལ་ཡོང་དགོས་ན་སོ་སོས་ ཚད་ངེས་ཅན་ཐོག་སྐད་གཉིས་སློབ་གསོ་སྤེལ་བཞིན་ཡོད་པ་དང་། དེའི་ཁྲོད་སྐད་ཆ་རིགས་གཅིག་ནི་འཛམ་གླིང་གི་རྒྱལ་ཁབ་གཞན་དག་འབྲེལ་འདྲིས་བྱེད་ ཐུབ་པའི་ལག་ཆ་ཡིན་ཐག་ཆོད་རེད། གནས་སྤོའི་རྒྱལ་ཁབ་དང་མི་རིགས་རྒྱལ་ཁབ་ནང་ཁུལ་དུ་ད་དུང་རྒྱལ་ནང་དུ་མི་རིགས་བར་འབྲེལ་འདྲིས་སྐད་ཆ་དང་མི་རིགས་རང་གི་སྐད་ཆའི་སྐད་གཉིས་སམ་སྐད་མང་སློབ་གསོ་སྤེལ་དགོས་པ་རེད། དཔེར་ན། སིང་ཀ་ཕོར་དུ་རྒྱལ་དམངས་ལ་འཛམ་གླིང་དང་འབྲེལ་འདྲིས་བྱེད་པའི་དབྱིན་ཇིའི་སློབ་གསོ་ལག་བསྟར་བྱེད་པ་ལས་གཞན་རྒྱལ་ཁབ་ཀྱི་སྐད་ཆ་མ་ལའི་སྐད་དང་། རྒྱ་ཡིག ཐའེ་མེར་སྐད་སོགས་མི་རིགས་སྐད་ཀྱི་སློབ་ གསོ་ལག་བསྟར་བྱེད་བཞིན་ཡོད་པ་རེད།མི་རིགས་གྲངས་ཉུང་མང་ཤོས་ནི་མཐའ་འཁོབ་མཐའ་མཚམས་དང་། རི་ལུང། ས་མཐོ། བྱེ་ཐང། རྩྭ་ཐང་བཅས་སུ་ ཆགས་ཡོད་ཕྱིར། ས་གཤིས་གནས་བབ་ཀྱི་ཚད་བཀག་དང་། འགྲིམ་འགྲུལ་གྱི་བཀག་རྒྱ། ལོ་རྒྱུས་ཀྱི་རྒྱུ་རྐྱེན་བཅས་ཀྱིས་མི་རིགས་ས་ཁུལ་མང་ཤོས་ཀྱི་དཔལ་འབྱོར་དང་སློབ་གསོ་སོགས་རྒྱ་རིགས་ལས་རྗེས་སུ་ལུས་ཡོད་པ་རེད། རྒྱལ་ཁབ་ཀྱིས་བཅོས་སྒྱུར་སྒོ་འབྱེད་བཏང་རྗེས། མི་རིགས་གྲངས་ཉུང་ཀྱིས་ཀྱང་རང་ སྟེང་གི་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་། ཁྱབ་ཁོངས་དེ་ལས་ཆེ་བའི་སྤྱི་ཚོགས་འགུལ་སྐྱོད་དུ་ཞུགས་ཡོད་པ། དཔེར་ན། སློབ་འཕར། ལས་ཞུགས། ཞོར་ལས། ཚོང་གཉེར། མཚོ་འགྲམ་ས་ཁུལ་དུ་མ་འཇོག་བྱེད་པ་སོགས་རེད། མི་རིགས་ས་ཁུལ་དང་རྒྱ་རིགས་ས་ཁུལ་གྱི་དཔལ་འབྱོར་ཧེ་བག་ཇེ་ཆུང་དུ་ བཏང་ནས་སྤྱི་ཚོགས་འགུལ་སྐྱོད་ལ་སྐུལ་འདེད་བྱེད་པ། སྐད་ཆའི་བཀག་རྒྱ་ཇེ་ཆུང་དུ་གཏོང་པ། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་དགོས་མཁོ་དང་མི་རིགས་ གྲངས་ཉུང་རང་སྟེང་གི་དགོས་མཁོར་གཞིགས་ནས། མི་རིགས་ས་ཁུལ་དུ་ནུས་ཤུགས་ཡོད་རྒུས་མི་རིགས་གྲངས་ཉུང་སྐད་ཡིག་དང་རྒྱ་ཡིག་གཉིས་ཀྱི་སྐད་ གཉིས་སློབ་གསོ་ཁྱབ་སྤེལ་གཏོང་འོས་སོ། །རང་སྒེར་ལ་གཞིགས་ནས་བཤད་ན། མི་རིགས་གྲངས་ཉུང་གིས་རང་གི་སྐད་ཡིག་སློབ་སྦྱོང་ཡག་པོ་བྱས་པའི་ རྨང་གཞིའི་སྟེང་། སྐད་གཉིས་སློབ་གསོའི་ཁྲོད་ཀྱི་མི་རིགས་དབར་གྱི་འབྲེལ་འདྲིས་སྐད་ཆ་རྒྱ་ཡིག་སློབ་སྦྱོང་བྱས་པ་ཡིན་ཚེ། ད་གཟོད་གེག་མེད་ངང་དེང་རབས་ ཅན་སྤྱི་ཚོགས་སུ་བསྐྱོད་པའི་རང་ངོས་ཆ་རྐྱེན་ལྡན་པ་རེད་ལ། དེ་བས་ན་རིག་གནས་ངོས་ཀྱི་བཀག་རྒྱ་བརྒལ་ཐུབ་པ་བྱུང་ནས་རང་ཉིད་ལ་སྤྱི་ཚོགས་སྟེང་ དེ་ལས་ཆེ་བའི་འཕེལ་རྒྱས་བར་སྟོང་ལྡན་པ་དང་། ད་གཟོད་དེང་རབས་ཅན་གྱི་སྤྱི་ཚོགས་ཁྲོད་རྒྱ་རིགས་དང་མཉམ་དུ་རྒྱུག་འགོ་ཚུགས་ས་གཅིག་ཏུ་འགྲེང་ ཐུབ་པ། ད་གཟོད་གེག་མེད་དང་སློབ་འཕར་དང་ལས་ཀར་ཞུགས་ཐུབ་པ། དེ་དང་མཉམ་དུ། གྲངས་ཉུང་མི་རིགས་ཀྱི་ཁོངས་མི་མང་པོ་གེག་མེད་ངང་ དེང་རབས་ཅན་གྱི་སྤྱི་ཚོགས་སུ་གོམ་པ་སྤོས་པ་ཡིན་ཚེ། རྒྱལ་ཁབ་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་བཅས་གཅིག་འདུས་ཅན་གྱི་གོ་རིམ་ལ་ད་གཟོད་འཕེལ་རྒྱས་འབྱུང་ཐུབ་པ་དང་། རྒྱལ་ཁབ་གཅིག་གྱུར་ཡང་ད་གཟོད་སྲ་བརྟན་འབྱུང་ཐུབ་པ་རེད།
བཀྲ་རྒྱལ་གྱིས་བསྒྱུར། རྩོམ་སྒྲིག་པ། ཀྲུང་གོའི་མི་རིགས་ཚགས་པར་ལས། 2014-08-10
རྒྱ་ནག་པོའི་གྲངས་ཉུང་མི་རིགས་ནི།
གན་བཤས་རྭར་དེད་པའི་ལུག་དང་འདྲ།
ཁ་སྙན་མོས་ཁྲིམས་ལུགས་བཤད་ཞོར་དུ།
རྒྱ་གན་ཚོས་ལྔ་ལམ་བསྐྱེལ་དང་ཟིག
ཞི་ཅིན་ཕུན་སྲིད་འཛིན་བསྡད་ནས་བཟུང་།
རྒྱ་སྟག་དང་སྦྲང་ནག་འཛིན་ལ་བྲེལ།
བོད་མགོ་ནག་མྱི་ཡི་སྐྱིད་སྡུག་དེ།
ད་བར་དུ་གླེང་ཡ་མ་གོ་ཐལ།
མར་ཁེ་སི་ཤི་ནས་འགོར་སོང་ཟིག
མའོ་ཙེ་ཏོང་མྱི་ཡིད་བརྗེད་གིན་འདུག
དེའི་གཞུང་ལུགས་ཁེས་ལེན་རུལ་སོང་ཟིག
དེ་གླེང་བའི་དུས་ཚོད་འཇའ་སོང་ཟིག
ལམ་དབུ་མ་བྱ་རྒྱལ་གཤོག་པ་རེད།
འོ་སྐོལ་ཚོའི་འཐབ་ཕྱོགས་དེ་ན་ཡོད།
གྲངས་ཉུང་དང་གྲངས་མང་ཁྱད་མེད་པར།
ཕན་ཐོགས་པའི་ལམ་བུ་དེ་འདྲ་རེད།
རང་རྒྱལ་དང མིི་རྒྱལ་ཞེས་པའི་ཚིག་དེ་ཚོར་ང་མི་དགའ་
ཀྲུང་ཧན་བཙན་རྒྱལ་རིང་ལུགས་པའི་་་་་་་་་ཚ་བོ་ཚ་བོ་ཟོ། ཀྲུང་ཧན་བཙན་རིང་ལུགས་པའི་དྲིལ་བསྒྲག་བོད་ནང་ན་བལྟ་ནི་དཀའ། བསྒྱུར་ནས་ཁྱེད་ཀར་ཡོང་སྒོ་ཅི་ཡོད་དམ།
་་་་་་་་་ མི་རིགས ༥༦ ནི་སྤུན་ཟླ་ཡིན་པས་ཕན་ཚུན་བར་འབྲེལ་ འདྲིས་ཡོད་པ་བྱེད་དགོས། མི་རིགས་ཁག་གིས་ཕན་ཚུན་བར་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སློབ་གསོ་སོགས་མངའ་ཁོངས་སུ་འབྲེལ་འདྲིས་དང་། སྤེལ་རེས། ཐུན་མོང་གོང་སྤེལ། ཐུན་མོང་དར་སྤེལ་བཅས་བྱས་ཏེ་གཅིག་གྱུར་གྱི་སྤྱི་ཁོག་ཅིག་གྲུབ་དགོས་ན། གཅིག་གྱུར་གྱི་སྐད་དང་ཡི་གེ་ངེས་པར་དུ་དགོས། ་་་་་་་་་