ཚེ་བརྟན་བཀྲ་ཤིས་ཀྱིས་དབྱིན་ཡིག་ནས་བསྒྱུར།
ལོ་རེ་རེ་བཞིན་མི་ཚང་མ་རྒས་ཀྱི་ཡོད། གོ་ལ་འདིའི་སྟེང་དུ་མི་ཚང་མས་རང་ཉིད་ཚེ་རིང་བོ་ཞིག་ཡོང་རྒྱུར་སྨོན་པ་མ་ཟད། སུ་ཞིག་གིས་ཀྱང་རང་ཉིད་རྒས་ན་མི་བསམ། འོན་ཀྱང་མིའི་རེ་འདོད་དེ་ནི་གང་གིས་ཀྱང་སྐང་མི་ནུས་པ་ཞིག་རེད། རྒས་པ་ནི་རང་བྱུང་གི་རྒྱུད་རིམ་ཞིག་ཡིན་པས། དེ་ནི་མི་ཐོག་མར་སྐྱེས་པ་ནས་རང་བཞིན་གྱིས་འགོ་བཙུགས་ཏེ་མི་ཚེ་ཡོངས་རྫོགས་ལ་མཚམས་མི་འཇོག
མི་འཚར་ལོང་བྱུང་པའི་སྐབས་སུ་རང་བྱུང་གི་འགྱུར་བ་དེ་གཟུགས་པོའི་ནང་དུ་འབྱུང་གི་ཡོད་པས། འགྱུར་ལྡོག་འདི་ནི་ཕྱིར་ཟློག་བྱེད་མི་ཐུབ་པ་མ་ཟད། མཚམས་འཇོག་ཀྱང་བྱེད་མི་ཐུབ་པ་ཞིག་རེད། ལོ་ན་རྒན་པ་ནི་རང་བྱུང་གི་འགྱུར་པའི་རྒྱུད་རིམ་མཐའ་མ་དེ་ཡིན།
ཁྱེད་ཀྱིས་ལོ་ན་རྒས་པ་ལ་བརྟེན་ནས་ལུས་ཕུང་གི་ནང་དུ་རང་བྱུང་འགྱུར་བ་ཅི་ཞིག་འགྲོ་གི་ཡོད་པ་ཤེས་ཀྱི་ཡོད་དམ། རང་བྱུང་གི་འགྱུར་འགྲོས་ནི་མི་རྒན་པ་དང་བྱིས་པ་གཉིས་བསྡུར་ན་བྱིས་པའི་གཟུགས་པོའི་ནང་དུ་ཧ་ཅང་མགྱོགས། གཟུགས་པོའི་འགྱུར་འགྲོས་དལ་བར་འགྲོ་བའི་སྐབས་སུ་མིའི་སྟོབས་ཤུགས་དང་ཚོར་བ་སྐྱེན་པོ་ཡང་ཇེ་ཞན་དུ་འགྱུར།འདི་ནི་གཟུགས་པའི་ནང་དུ་སྤྲི་དཀར་གྱི་ཚད་ཉུང་དུསོང་བའི་རྐྱེན་གྱིས་རེད།
འཇུ་ཁུའི་ནང་གི་འགྱུར་བ་དེས་ལོ་ཡི་ཚད་ལ་ཡང་ཤུགས་རྐྱེན་ཐེབས་ཀྱི་ཡོད། གཟུགས་པོའི་བྱེད་ལས་ཉུང་རུ་སོང་བ་དང་བསྟུན་ནས་མིའི་ལྗིད་ཚད་དང་མིག་གི་མཐོང་ཚད་ཡང་སྐྱོ་རུ་འགྲོ་མ་ཟད། སྐྲའི་ཁ་དོག་དཀར་པོར་གྱུར་ནས་མཐར་རིམ་བཞིན་མགོ་ནས་སྐྲ་ཤུད་འགྲོ།
དེ་དག་ཚང་མ་ནི་ལོ་རྒས་པའི་རྟགས་མཚན་རེད། ལོ་ན་རྒས་སྐབས་སུ། འགྱུར་བ་ནི་གཟུགས་པོའི་སྦུབས་ཕྲན་དང་ཕུང་གྲུབ་ནང་འབྱུང་གི་ཡོད། མཁལ་མ་དང། མཆིན་པ། རྒྱུ་མ་སོགས་ཀྱི་སྦུབས་ཕྲན་གྱི་ནུས་པ་ཡང་དེའི་སྐབས་སུ་ཇེ་ཞན་དུ་འགྲོ།
ཁྲག་རྩ་ཡུན་རིང་འགོར་ཚེ། ཁྲག་རྩས་ལུས་པོའི་ཆ་ཤས་ཡོད་ཚད་ལ་འདང་བའི་ཁྲག་དང་འཚོ་བཅུད་གཞན་རྣམས་སྐྱེལ་སྤེལ་བྱེད་མི་ཐུབ། དེའི་མཇུག་འབྲས་སུ་ལུས་པོ་མགྱོགས་པོར་རྒས་ཀྱི་ཡོད། ན་ཚོད་རྒས་བཞིན་པའི་སྐབས་སུ་མིག་གཉིས་དང་། རྣ་བ་གཉིས། པགས་པ། སོ། མེ་དྲོད་སོགས་ཚང་མ་ནུས་པ་ཆུང་དུ་འགྲོ་རུ་ཡོད་པ་མ་ཟད། ཁྲག་གི་རྒྱུ་ཚད་དེ་ཡང་རྒྱུན་ལྡན་མ་ཡིན་པར་གྱུར་བ་དང་། གཟུགས་པོའི་ནང་གི་དོན་ལྔ་སྣོད་དྲུག་གཙོས་གཟུགས་པོའི་ཆ་ཤས་དག་གིས་ཀྱང་ལས་ཀ་བྱེད་པའི་ཤུགས་ཆུང་རུ་སོང་ཏེ། མཐར་ཚེ་ཡི་འཕེན་པ་རྫོགས་འགྲོ།
མི་རེ་རེ་ཡི་ལོ་ཚོད་རྒས་སྟངས་མི་འདྲ་ན་ཡང་ཚང་མ་ལོ་ན་རྒས་པ་དེ་ལས་ནམ་ཡང་འདའ་ཐབས་མེད། འདི་ནི་རང་བྱུང་གི་འགྱུར་བ་ཡིན་པས་སུ་དང་གང་གིས་ཀྱང་ཟློག་མི་ཐུབ། གང་ལྟར་། ཟས་ཀྱི་འཚོ་བཅུད་ཅན་དང་། ཁོར་ཡུག་གཙང་མ། རྒྱུན་ལྡན་གྱི་ལུས་རྩལ་སོགས་ཀྱིས་རྒན་པ་ཚོར་གནོད་ཚབས་ཅན་གྱི་ཤུགས་རྐྱེན་དག་ཅུང་མེད་པར་བཟོ་ཐུབ།
[མཆན] Culmination མཐར་ཐུག་གམ་ཡང་རྩེ།
biological change རང་བྱུང་འགྱུར་བ།
biological process རང་བྱུང་འགྱུར་འགྲོས།
nutrient འཚོ་བཅུད།
Digestion གཟུགས་པོའི་མེདྲོད།
deleterious གནོད་ཚབས་ཆེ་བའི།
རྒས་དགོས་ཏེ།
རྒས་དགོས་ཏེ་གཞོན་པས་ཕྱིར། །
འཆི་དགོས་ཏེ་སྐྱེས་པས་ཕྱིར། །
འཛད་དགོས་ཏེ་བསགས་པས་ཕྱིར། །
ལྷུང་དགོས་ཏེ་འཛེགས་པས་ཕྱིར། །
སྤྱིར་ཀི་སྒྱུར་རྩོམ་འདི་རིགས་བོད་ཡིག་ལ་ཐོན་དུས། བོད་ཡིག་གི་ཚིག་གྲུབ་བཟོ་ཤེས་དང་མ་ཤེས་བའི་མཚམས་སུ་ཡོད་པ་ལྟ་བུའི་ཚོར་བ་སྟེར་གི དེ་རིང་འདི་ནས་སྒྱུར་རྩོམ་ཅུང་སྤུས་ལེགས་ཤིག་མཐོང་སོང་ལ། འོན་ཀྱང་མགོ་འཇུག་གི་དོན་སྟོན་སྟངས་སུ་སྐྱོན་ཁ་ཤས་འདུག རྣམ་པ་ཚོས་ཀློག་ན་དེ་ན་འདྲ་འདུག་གམ
རྒས་སྟངས་འདི་ཁྱོད་ཀྱིས་མ་བཤད་ཀྱང་ང་ཚོ་ཚང་མས་ཤེས་ཀྱི་ཡོད་རེད། དེ་ལྟར་རྒས་དགོས་པའི་རྒྱུ་རྐྱེན་གང་ཡིན་བཤད་མི་འདུག་་
Culmination = མཐར་ཐུག་གམ་ཡང་རྩེ།
biological change = སྐྱེས་དངོས་རིག་པའི་འགྱུར་གྲོས།
biological process = སྐྱེས་དངོས་རིག་པའི་ལས་སྣོན་རྒྱུད་རིམ།
nutrient = འཚོ་བཅུད།
Digestion = ལྟོ་བར་ཟས་འཇུའི་ནུས་པ།
deleterious = གཟུགས་པོར་གནོད་ཚབས་ཅན།
གརྡོ་གཉེར་ཕྱག་པས་ཐ་སྙད་འདི་དག་ཡག་པོ་བསྒྱུར་འདུག
འོན་ཀྱང་་་ཚིག་གི་འགྲེལ་བཤད་ལྟ་བུ་མ་ཡིན་པར་ཐ་སྙད་རང་བཟོ་ཐུབ་ན་ཡག་པོ་འདུག
སྒྱུར་བའི་སྐབས་སུ་ཐ་སྙད་རང་ལས་འགྲེལ་བཤད་ལྟ་བུ་ཞིག་ལ་བསྒྱུར་ན་འགྱུར་ཡག་པོ་འོང་བར་དཀའ་མོ་རེད
མཁས་ཤིང་དད་དང་ལྡན་བྱས་ནས།
ལས་རྣམས་བདག་གིས་རྟག་ཏུ་བྱ།
ལས་རྣམས་ཀུན་ལ་སུ་ལ་ཡང་།
བལྟོས་པར་བྱ་བ་མ་ཡིན་ནོ།། ༨༢ །།
་
ཞེས་རྒྱལ་སྲས་ཞི་བ་ལྷས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པར་གསུངས་པ་ལྟར་བྱེད་ཐུབ་ན། ལུས་འགུལ་སྐྱོད་ཀྱིས། རྒ་བའི་དུས་འགྱངས་པར་བྱེད་ཐུབ་པར་རྒས་ཚུལ་རྟོག་དཔྱོད་མཁན་གྱིས་བཤད། འོན་ཀྱང་།
་
སྐྱེས་པའི་མཐའ་མ་འཆི་བ་ཡིན།
གཞོན་པའི་མཐའ་མ་རྒས་པ་ཡིན།
་
ཞེས་པ་ལྟར་གནས་ལུགས་་ལྡོག་ཏུ་མེད་དོ།
གངས་མྱིའི་ཆེད་དུ།
Culmination = མཐར་སོན།
biological change = སྐྱེས་དངོས་འགྱུར་གྲོས།
biological process = སྐྱེས་དངོས་སྣོན་རྒྱུད།
nutrient = འཚོ་བཅུད།
Digestion = ལྟོ་ཟ་འཇུ་ནུས།
deleterious = གནོད་ཚབས་ཅན།