དེ་རིང་འཕྲུལ་རིག་ལག་རྩལ་པ་རྣམས་ལ་རེ་སྐུལ་ཞིག་ཞུ་རྒྱུར། ཁྱེད་ཅག་གི་དགོངས་ཚུལ་བྱས་ན། ཅིའི་ཕྱིར་དུས་བབ་དང་ཁ་བརྡའི་རྩོམ་ཡིག་རྣམས་ གྷོའུ་གྷལ་(google)ནང་འཚོལ་མི་ཐུབ་པ་རེད། དེ་དག་ནི་ཁ་བརྡ་དང་དུས་བབ་ཀྱི་དྲ་རྒྱ་ལ་འབྲེལ་ཡོད་དམ། ཡང་ན། རྒྱུ་རྐྱེན་གཞན་ཞིག་ལ་ཐུག་ཡོད། ཕྲན་གྱིས་དུས་བབ་ཀྱི་གསར་འགྱུར་ཞིག་ གྷོའུ་གྷལ་ ནང་བཙལ་བ་ཟུར་གསལ་པར་རིས་ལྟར་ཡིན། དུས་བབ་ཀྱི་དྲ་རྒྱའི་ཁ་བྱང་མི་འདུག
ཁ་བརྡའི་ཐོག་སྤེལ་བའི་རྩོམ་ཞིག་ གྷོའུ་གྷལ་ནང་བཙལ་ནས་རྙེད་པ་འདི་རེད། འདི་ན་ཡང་ཁ་བརྡའི་ཁ་བྱང་མི་འདུག་ལ། རྩོམ་དེ་ཡང་རྙེད་མ་སོང་།
འོན་ཀྱང་ཨེ་ཤ་ཡ་རང་རླུང་འཕྲིན་ཁང་གི་གསར་འགྱུར་ཅིག་བཙལ་བ་ཡིན།་ དེ་ གྷོའུ་གྷལ་ ནང་ཐོག་མར་ཤར་བྱུང་། གཤམ་གསལ་རི་མོ་ལྟར་རེད། རྙེད་པའི་ཐོག་མ་དེ་ཡང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་རྒྱ་རེད།
ཅིའི་ཕྱིར་ཡིན་ནམ། ངའི་བསམ་ཚུལ་ལ། འདིའི་རྒྱུ་མཚན་ནི་ གཞན་གང་ཡང་མིན་པར་ཁ་བརྡ་དང་དུས་བབ་ཀྱི་དྲ་རྒྱའི་གཞུང་ཡིག་ལ་བཅོས་ཤིག་བྱེད་དགོས་པ་རེད་དྲན་ཡོད། འོན་ཀྱང་ལག་རྩལ་པ་གཞན་ཞིག་གིས་ང་ལ་དྭོགས་པ་གཞན་པ་དེ་འདྲ་ཡང་བསླངས་སོང་། དེ་བས་འདིར་རྩོམ་གྱི་ཚུལ་དུ་བཀོད་ནས་ མི་མང་གི་ཁ་ན་རྣམ་མཁྱེན་ཡོད་ ཟེར་བ་ལ་རེ་བ་བཅོལ་བ་ཡིན། ལན་གང་ཡོད་གནང་རོགས། ཐུགས་རྗེ་ཆེ།
དགེ་རབ་ལགས། ཁྱེད་ཁ་བརྡ་ཚང་ལ་རེ་བ་ཞིག་ཞུ་འདོད་བྱུང་། དེ་ནི་འདི་ལྟར་ཡིན། ཁ་བརྡར་རྩོམ་པ་པོ་ཞིག་གིས་དཔྱད་རྩོམ་བྲིས་ཚད་དངོས་མིང་དང་སྨྱུག་མིང་གང་ཡིན་པའི་རྩོམ་པ་པོ་དེ་ཉིད་ཀྱི་མིང་ཐོག་ནས་ཁོང་གི་དཔྱད་རྩོམ་སྔ་ཕྱི་བར་གསུམ་དུ་སྤེལ་ཚད་ཕྱོགས་གཅིག་ཏུ་དྲྭ་རྒྱ་འདིར་རྙེད་ཐུབ་པ་ཞིག་བཟོ་ཐུབ་བམ། དེ་བཞིན་མཆན་པ་ཞིག་གིས་ཁོང་གི་དཔྱད་མཆན་སྔ་ཕྱི་བར་གསུམ་དུ་སྤེལ་ཚད་མཆན་པ་དེ་ཉིད་ཀྱི་དངོས་མིང་དང་སྨྱུག་མིང་གང་ཡིན་པ་དེ་ཡི་ཐོག་ནས་ཕྱོགས་གཅིག་ཏུ་དྲྭ་རྒྱ་འདིར་ཆ་ཚང་བལྟ་ཐུབ་པ་ཞིག་བཟོ་ཐུབ་བམ། དཔེར་ན་ངོས་རང་ནས་ཁ་བརྡར་མཆན་མང་པོ་བྲིས་པ་ཡིན་དུས་ཚོད་གང་མཚམས་ཤིག་ནས་མཆན་དེ་དག་ཆུ་ནང་དུ་བརྡོ་གཡུག་ལ་ལྟར་རང་གཞན་སུས་ཀྱང་མི་རྙེད་པར་གར་སོང་ཆ་མེད་ཆགས་འགྲོ་གི་འདུག་པས་དཀའ་ལས་བརྒྱབ་ནས་བྲིས་ཚད་རྗེས་སུ་ཕྱོགས་གཅིག་ཏུ་འཚོལ་ཞིབ་བྱེད་ཐུབ་ཀྱི་མི་འདུག། དེས་ན་གནད་དོན་འདི་ལ་དགོངས་པ་ཞིག་བཞེས་རོགས་གནང་ཞུ་རྒྱུ་ཡིན། །
རེད་ཡ། ངས་ཀྱང་ཉོག་བཤད་མང་པོ་ཞིག་ཁ་བརྡ་དྲ་བའི་ནང་དུ་བྲིས་ན་ཡང་། སྒོ་སྒོལ་ནང་ནས་བཙལ་ན་རྙེད་མི་ཐུབ་ཀི དེ་ལས་གཡུ་ཞུན་དྲ་བའི་ནང་དུ་གཅིག་གཉིས་རེ་བྲིས་པ་དེ་ཁ་བརྡ་དྲ་བའི་ནང་དུ་གཞོན་ནུ་ཟླ་མེད་ཟེར་ནས་བྲིས་མ་ཐག་ཏུ་གསལ་ལམ་མེར་ཤར་ཡོང་གི ད་དྲ་བདག་གིས་ཀྱང་མ་ཤེས་ན་ཕལ་ཆེར་
དེའི་ནང་གི་དཔར་དེ་ཚོ་མིག་གིས་ཡག་པོ་མཐོང་གི་མི་འདུག ང་རང་མིག་སྐྱོ་དྲགས་པའམ་དཔར་ཆུང་དྲགས་པ་གང་ཡང་ཡིན་སྲིད། དེར་བརྟེན་བཤད་ཚོད་མ་ཐིག
དངོས་གནས་གོང་དུ་གསུངས་པ་ལྟར་ཡིན་ན། བློ་ཕམ་པོ་རེད་ཡ། མཆན་སྤེལ་བ་དེ་དག་ཚང་མ་དཀའ་ལས་གང་འཚམས་བརྒྱབ་ཡོད་རེད་ལ། དུས་ཚོད་མང་པོ་དེར་བེད་སྤྱད་ནས་བསམ་ཚུལ་གོ་བསྡུར་དང་འབྲེལ་དཔྱད་ཞིབ་གང་འཚམས་བྱས་ནས་བྲིས་པ་ཞིག་ཡིན་པས་རྩོམ་པ་པོ་རང་རང་གི་ངོས་ནས་བཤད་ན་དཔྱད་རྩོམ་ཞིག་ཆགས་ཡོད་སྟབས་འདིར་གར་སོང་ཆ་མེད་དུ་བརླག་གི་ཡོད་ན། དྲྭ་བ་འདིར་མཉམ་ཞུགས་གནང་མཁན་རྩོམ་པ་པོ་མི་ཉུང་བ་ཡོད་པ་དེ་རྣམས་ཀྱིས་སྔར་བྱས་ཚང་མ་ཆུད་ཟོས་སུ་བཏང་བ་དང་ཕལ་ཆེར་ཁྱད་མེད་སོང་བས་རྗེས་སུ་བསམ་བློ་གཏང་དགོས་པ་ཆགས་འདུག།
སྨྱོན་པ་འདྲ་པོ་ག་རེ་བཤད་ཀྱི་ཡོད་རེད། རང་གི་རྩོམ་དང་མཆན་བུ་དེ་ཚོ་རྩ་ཆེན་པོ་དང་གལ་ཆེན་པོ་ཡིན་ན་རང་སོ་སོས་མི་བརླག་པར་ཉར་ཚགས་བྱེད་དགོས་པ་ལས་གཞན་གྱིས་ངའི་རྩོམ་དང་མཆན་བུ་ཉར་མི་འདུག་ཟེར་ནས་འཁང་ར་བྱེད་རྒྱུ་གང་ཡོད་རེད། སོ་སོའི་རྒྱུ་སོ་སོས་ཉར་མི་ཐུབ་ན་གཞན་གྱི་ག་པར་ཉར་ཐུབ་ཀྱི་རེད། ངོ་མ་དགོད་བྲོ་བ་ལ་ཨ།
དགོད་སྤྱད་མཁོན་སྤྱད་ཙལ་ལས།།
དགོས་རྒྱུ་ཡོད་ནིའི་མཆན་ཞིག།
ད་སྔ་རིག་ནི་མ་མྱོང་།།
མར་པར་གྱུར་ན་ཅི་སྐྱོན།
ངས་ནི་འདི་ནས་བཙལ་ནས་རྙེད་པ་དང་ཀློག་ཀྱང་ཐུབ་པ་གཉིས་ཀ་འདུག རྒན་དགེ་རབ་མཆོག་གི་གློག་ཀླད་ཀྱི་སྐྱོན་མིན་ནམ་སྙམ།
ཚོད་ལྟ་ཞིག་བྱས་ཡིན། སོ་སོས་མཆན་འགོད་སའི་རྩོམ་ཡིག་གི་ཁ་བྱང་ཤེས་ན་མཆན་ཡང་རྙེད་ས་རེད། དེ་མིན་མཆན་གཅིག་པོ་རྙེད་རྒྱུ་མི་འདུག རྩོམ་ཡིག་གི་ཁ་བྱང་ངམ་ཡང་ན་རྩོམ་པ་པོ་རང་གི་མིང་བཀོལ་ནས་བཙལ་ན་རྩོམ་ཡིག་ལས་སླ་བོར་རྙེད་ཀྱིན་འདུག
ཡ་དྲྭ་གྲོགས་རྣམ་པ། ངས་མཆན་འབྲི་མཁན་ཚང་མ་ལ་ཕན་ཐོག་ཡོང་བསམ་ནས་བཤད་པ་ཡིན། དཔྱད་མཆན་བྲིས་པ་དེ་ཚོ་ཡང་རིན་ཐང་ཆེན་པོ་རེད་བསམ་སོང་། ངའི་མཆན་ལ་རིན་ཐང་ཟེར་ཅང་མེད་མོད། འོན་ཀྱང་མཆན་མཁན་མང་པོ་ཞིག་གིས་དཔྱད་མཆན་སྤུས་ལེགས་དེ་འདྲ་བཀོད་གནང་གི་འདུག། དེ་འདྲ་ཡིན་དུས་མཆན་འབྲི་བ་པོའི་མིང་ཐོག་ནས་མཆན་བྲིས་ཚད་ཕྱོགས་གཅིག་ཏུ་ང་ཚོས་རྙེད་རྒྱུ་ཡོད་པ་ཞིག་དྲྭ་རྒྱ་འདིར་བཟོ་ཐུབ་ན། དྲྭ་རྒྱ་དང་མཆན་འབྲི་བ་པོ་གཉིས་ཀ་ལ་ཡར་རྒྱས་དང་ཕན་ཐོག་ཆེན་པོ་ཡོང་ས་རེད་བསམ་སོང་། བསམ་ཚུལ་ཙམ་ཡིན་ནོ། གཞོན་ནུ་ཟླ་མེད་དང་ཀོང་རྗེ་དཀར་པོ་དང་ཨ་ར་དཀར་པོ་རྣམ་པ་གསུམ་གྱི་གསུངས་དེ་རྣམས་བཀླགས་ཡོད་དོ་བཀའ་དྲིན་ཆེ། །
ད་རེས་བོན་པོ་བདེན། རེ་བསྐུལ་ཞིག་དང་དྲི་བ་ཞིག་ལ་འཁང་ར་བྱས་སོང་ཟེར་བ་ནི་མ་འོས་པ་ཞིག་ཏུ་སྣང་།
དགོངས་དག་བོན་པོ་ལགས། ངས་ཁྱེད་ལ་དུས་ཐོག་ལན་འབུལ་འགྱངས་སུ་སོང་འདུག ཁ་བརྡའི་སྟེང་ནས་མཆན་འཚོལ་སྟངས་ཤིག་བཟོ་རྒྱུ་དེ་སེམས་ལ་ངེས་བྱུང་། ང་ཚོ་ཁ་བརྡ་ལ་འབྲེལ་ཡོད་རྣམས་ཀྱིས་དེའི་སྐོར་ལ་གྲོས་མོལ་ཞུ་ངེས་ཡིན་ལ། འབད་བརྩོན་ཀྱང་བྱེད་ངེས་ཡིན།
ད་མཆན་འདེབས་པ་རྣམ་པ་ཚོ་གོ་ནོར་ཐེབས་འགྲོ་གི་འདུག གསལ་བཤད་ཀྱི་ཚུལ་དུ་ཞུ་རྒྱུར། ཁ་བརྡ་ལ་མཆན་བཏབ་ཚད་ཁ་བརྡའི་དྲ་ཐོག་ན་ཡོད་ཡོད་རེད། མཆན་འབུམ་ལ་ཉེ་བ་ཞིག་འདུག དེ་ལ་དྲི་བ་མེད་པ་རེད། མཆན་འབུམ་ལ་ཉེ་བའི་ཁྲོད་ནས་བོན་པོ་ལགས་ཀྱི་མཆན་ཚང་མ་མཛུབ་མོས་མནན་ཐེངས་གཅིག་གིས་ཅི་ལྟར་འཚོལ། འཚོལ་ལུགས་ཅི་བྱེད་ཟེར་བ་དང་། ཁ་བརྡའི་དྲ་ཐོག་ན་ཁྱེད་ཀྱི་མཆན་ཡོད་མེད་ཀྱི་སྐད་ཆ་གཉིས་བསྲེས་ནས་བཀའ་མོལ་གནང་བ་དེ་ཏག་ཏག་མ་རེད། འདི་ཐུགས་ལ་འཛིན་རོགས།
དེ་ནས། ངས་དྲི་བ་ནི་འཕྲུལ་རྩལ་པ་རྣམས་ལ་དྲིས་པ་ཞིག་ཡིན། དྲི་ལན་གཅིག་གིས་ངའི་དྲི་བ་ལན་གནང་འདུག གཞན་དག་རྣམས་ནི་ང་དང་མཚུངས་པར་འཕྲུལ་རྩལ་སྐོར་ལ་རྒྱུས་མངའ་མེད་པ་འདྲ། ངས་ང་ཚོའི་ལག་རྩལ་པར་འདྲི་བརྩད་ཀྱི་སྐད་ཆ་ཞིག་འགྲོ་བཞིན་ཡོད། འཕྲུལ་རྩལ་པ་ཚོས་འདི་ལ་དགོངས་འཆར་ཡོད་ན་གནང་རོགས་ཞུས་པ་ཡིན། ད་དྲི་བ་དེ་ཡང་ཁ་བརྡ་དང་དུས་བབ་ཀྱི་གསར་འགྱུར་རྣམས་ གྷོའུ་གྷལ་དང་ཡ་ཧོ་སོགས་ནས་འཚོལ་སྐབས་ཀྱི་དྲི་བ་ཞིག་རེད། འདི་དག་ནི་ས་གནས་ས་གནས་ལ་བརྟེན་ནས་ཧ་ཅང་མི་འདྲ་བ་ཞིག་རེད་འདུག ཡུ་རོབ་ཀྱི་ཡ་ཧོ་དང་རྒྱ་གར་གྱི་ཡ་ཧོ་གཉིས་ཀྱང་མི་འདྲ་བ་འདུག དེ་ལ་དགོངས་འཆར་ཡོད་ན་གསུངས་རོགས།
དགེ་རབ་ལགས། གྷོ་གྷོལ་ནང་དུས་བབ་དང་ཁ་བརྡའི་རྩོམ་ཡིག་འཚོལ་མི་ཐུབ་པ་དེ་ཕར་ཆེར་དུས་བབ་དང་ཁ་བརྡ་དྲ་རྒྱ་རང་ལ་འབྲེལ་བ་ཡོད་ངེས་རེད་བསམ་གི རྒྱུ་མཚན་དྲ་རྒྱ་གཞན་ཚང་མའི་ནང་གི་རྩོམ་ཡིག་གྷོ་གྷོལ་ནང་འཚོལ་ཐུབ་གི་འདུག འོན་ཀྱང་དུས་བབ་དང་ཁ་བརྡ་གཉིས་ཀྱི་ནང་གི་རྩོམ་ཡིག་དག་རེག་ཁག་པོ་འདུག རེ་གཉིས་རེ་རེག་ན་ཡང་ཆ་ཚང་ཞིག་རེག་གི་མི་འདུག དེའི་གནད་དོན་གཙོ་བོ་དེ་ཕར་ཆེར་ངས་ཚོད་དཔག་བྱས་པ་ཡིན་ན། དུས་བབ་དང་ཁ་བརྡ་དྲ་རྒྱ་གཉིས་གྷོ་གྷོལ་དང་འབྲེལ་མེད་པ་འདྲ། དྲ་རྒྱ་ཐོག་མར་བཟོ་དུས་སྒྲོམ་གཞི་ཆ་ཚང་བཟོ་ཚར་རྗེས་དྲ་ཐོག་ཏུ་བཏང་དགོས་པ་དང་། དེ་ནས་གྷོ་གྷོལ་དང་འབྲེལ་དགོས་པ་རེད། འོན་ཀྱང་དུས་བབ་དང་ཁ་བརྡ་གཉིས་བཟོ་སྔ་ཤོས་ཡིན་པ་དང་། སྐབས་དེར་ང་ཚོར་དྲ་རྒྱར་དེ་ཙམ་གྱི་ཉམས་མྱོང་མེད་དུས་དེ་ཕར་ཆེར་ཤེས་མེད་པ་འདྲ། དེ་ཡིན་ན་ལས་སླ་མོ་རེད། གྷོ་གྷོལ་དང་མཐུན་འབྲེལ་བྱེད་དགོས་པ་རེད། སྐར་ཁ་ཤས་ཀྱི་ལས་ག་རེད། དེ་ཙམ་ཡིན། ཨ་བཙན་པོས།
མཁྱེན་ལྡན་དགེ་རབ་ལགས། ངོས་ཀྱི་རེ་དོན་ལ་སྐུ་ཉིད་ཀྱིས་ཐུགས་སྣང་མཛད་པར་སེམས་ཁོངས་ནས་བཀའ་དྲིན་ཆེ་ཞུ། འབད་བརྩོན་ཀྱང་བྱེད་ངེས་ཡིན་གསུངས་འདུག་པས་དེ་བས་ཀྱང་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ། །
ཁ་བརྡ་དང་དུས་བབ་ཀྱི་གསར་འགྱུར་རྣམས་གྷོ་གྷོལ་ནང་འཚོལ་སྐབས་མི་རྙེད་པ་དེ་ཁ་བརྡ་དང་དུས་བབ་ཀྱི་དྲྭ་རྒྱ་རང་ངོས་ཀྱི་སྐྱོན་ཡིན་ས་མ་རེད། སྐྱོན་ངོ་མ་དེ་་ཝོར་ཊི་པི་རེ་སེ་ནས་ཡོང་གི་ཡོད་པ་འདྲ། གང་ལྟར་ཁ་བརྡའི་དྲྭ་རྒྱ་འདི་ཝོར་ཊི་པི་རེ་སེ་གཞི་ལ་བཞག་ནས་བཟོས་ཡོད་པ་ཡིན་དུས་རྒྱུ་མཚན་དེ་ལ་བརྟེན་ནས་གྷོ་གྷོལ་ནང་འཚོལ་དུས་མི་རྙེད་པ་རེད་འདུག། ཝོར་ཊི་པི་རེ་སེ་དང་གྷོ་གྷོལ་བར་གྱི་སྙོག་གྲ་འདི་སྔོན་མ་ནས་མི་མང་པོར་དཀའ་ངལ་འཕྲད་ཚར་འདུག་ལ་ད་དུང་ཡང་འཕྲད་བཞིན་པ་རེད་འདུག། དེ་ནི་ལག་རྩལ་ཞིབ་ཚག་མ་བྱུང་པའི་སྐྱོན་ཡིན་ངེས། ཡིན་ནའང་མགོ་སྙོག་ཅིག་ནི་གཏན་གཏན་ཡོད་པ་འདྲ། འདི་གཉིས་བར་གྱི་སྙོག་གྲ་འདི་བཅོས་རྒྱུ་མེད་པ་དེ་འདྲ་མིན་ནའང་ཤེས་མཁན་ཞིག་ལ་ལམ་སྟོན་ཞུས་ན་ཡག་བ་ཡོད་འགྲོ། ཡང་ན་་ཝོར་ཊི་པི་རེ་སེ་་་ཁོ་རང་ཚོ་ལ་ཁ་ཐུག་འབྲེལ་བ་བྱས་ན་དཀའ་ངལ་འདིའི་ཐད་ནས་ཁོ་ཚོས་ཤེས་ཐག་ཆོད་རེད་ལ་གསལ་བཤད་ཀྱང་ལེགས་པར་བྱེད་རྒྱུ་ཡོད་ངེས།