ང་སློབ་འབྲིང་སྐབས་ལ་བུ་མོ་མང་པོར་སེམས་པ་ཤོར་མྱོང་། གལ་ཏེ་བུ་མོ་ཞིག་དང་གྲོགས་འདོད་ན་ངས་དང་ཤོས་ཁོ་མོར་ ཁེཊ་བྷུ་རིའི་ཅོ་ཀོ་ལེཊ་ (Cadbury Chocolate) གཅིག་སྤྲད་ནས་ཁོ་མོ་ངའི་དམིགས་བསལ་གྱི་དོ་སྣང་དེ་ཁོ་མོར་ཤེས་སུ་བཅུག་གི་ཡོད། ངའི་ཐབས་ཤེས་དེ་ག་དུས་ཡིན་ཡང་ལམ་ལྷོང་ཡོང་གི་འདུག སྒོར་མོ་ ༣༠ ཅོ་ཀོ་ལེཊ་གཅིག་ལ་ནུས་པ་དེ་འདྲ་ཡོད་པ་ངས་ཀྱང་སྐབས་རེ་ཧང་སངས་ཀྱི་འདུག བུ་མོ་ཚང་མ་ཅོ་ཀོ་ལེཊ་ལ་དེ་འདྲའི་དགའ་པོ་ག་རེ་བྱས་ནས་ཡིན་ནམ། གཅིག་བྱས་ན་ཅོ་ཀོ་ལེཊ་ཟས་པ་དང་དེའི་ནང་གི་ཁཱོ་ཁཱའི་(cocoa) ནུས་པ་ཐོན་པ་མིན་ནམ། ཡང་ན་ངའི་ཤེས་གསལ་ལ་ཅོ་ཀོ་ལེཊ་ནང་ཁཱོ་ཁཱའི་རྫས་ཞིག་ཡོད་པ་དེས་མིའི་སྙིང་གི་འཕར་ལྡིང་ལྷོད་དུ་བཏང་བ་དང་ལུས་པོར་ཚ་དྲོད་རྒྱས་ཀྱི་ཡོད་ཟེར། འོན་ཀྱང་དེས་བུ་མོ་སེམས་པ་བུའི་ཕྱོགས་སུ་ཇི་ལྟར་འཐེན་ཐུབ་? དེ་ད་དུང་ཡང་གསང་བའི་སྙིང་པོ་ཞིག་ཆགས་འདུག །ང་ལ་ངོ་གདོང་རྫིགས་པོ་ཞིག་མེད་ལ་བུ་མོའི་སེམས་ལ་འབབ་པའི་སྐད་ཆ་ཡིད་དབང་འཕྲོག་དགོས་པ་དེ་འདྲ་ཡང་བཤད་ཤེས་ཀྱི་མིན་འདུག །ངའི་སྐྱོན་དེ་གཉིས་ཀྱིས་བུ་མོ་དེ་དག་ཀྱང་ཟླ་བ་ཁ་ཤས་ཞིག་མ་འགོར་བར་འུ་ཐུག་པ་ལྟར་རིམ་པས་གཡོལ་འགྲི་ཡི་འདུག །མཐའ་མ་ཐབས་ཟད་དུས་ང་གཉིས་འབྲེལ་བ་བཅད་དོ་ཟེར་བའི་མཚམས་ཤོག་ཞིག་དང་ཅོ་ཀོ་ལེཊ་སྒམ་ཤོག་སྒང་བསྐུར་ཡོང་གི་རེད། དེས་ང་རང་གཉིས་དེ་རིང་ནས་བྷེ་རེག་(break) ཡིན་ཟེར་བའི་དོན་རེད། རྫོགས་ཚིག་གི་ཚིག་འཕྲད་བརྒྱག་སྟངས་དེ་ཧ་ཅང་སྟབས་བདེ་པོ་འདུག །དེར་འཚིག་པ་ཟ་དགོས་དོན་མི་འདུག །མ་ཟད་ཅོ་ཀོ་ལེཊ་ཆུང་ཆུང་གཅིག་གི་ཚབ་ལ་ཅོ་ཀོ་ལེཊ་སྒམ་ཤོག་གཅིག་རག་ན་ཁེ་གསང་མ་རེད་པས་ཅེས་སོ་སོས་སོ་སོར་སེམས་ཤུགས་ཤིག་སྤར། གང་ལྟར་འཛམ་གླིང་ནང་ཅོ་ཀོ་ལེཊ་དང་བུ་མོ་གཉིས་ཀ་ཡོད་དུས་གནས་ཚུལ་དེ་འདྲ་ག་དུས་ཡོང་ཡོང་རེད་པ།
གཏམ་རྒྱུད་ཐུང་ཐུང་འདི་སྔོན་ཆད་ཅིག་ནས་མཐོང་མྱོང་འདྲ། འོན་ཀྱང་གསལ་བོ་ངེས་མ་སོང་།
Chocolate ཅོ་ཀོ་ལེཊ་ཟེར་ན། བོད་སྐད་ནང་ལ་གང་ཟེར། ལགས།
བསོད་ནམས་ཟླ་བ་ལགས། ཁྱེད་ནས་བོད་པའི་བུ་མོ་དེ་ཚོར་དེ་ལྟ་བུའི་མཐོང་ཆུང་བྱས་ན་འགྲིག་གམ?
རྟོགས་སྒྲུང་ཡིན་པས་གྲོགས་པོ་སྐུ་རླུང་མ་བཞེངས། གུས་པའི་ཟིན་བྲིས་སུ་ཕེབས་ན་བཀྲིས་བདེ་ལེགས་ཡོད། ངའི་ཟིན་བྲིས་ཁ་བྱང་ནི། http://sonamdawa.blogspot.in དང་ http://www.youtube.com/user/phoeniz123/ བཅས་ཡིན།