རྨེ་རུ།
ང་དང་ང་ཚོ་ཆ་རེད།།
གངས་ཅན་བོད་མི་ཆ་རེད།།
མཐོ་སྒང་གངས་རིའི་ཡུལ་གྱི།།
ཁྱིམ་བདག་ཡིན་པ་ཆ་རེད།།
ང་དང་ཁྱེད་གཉིས་ཆ་རེད།།
སྐད་དང་ཡི་གེ་ཆ་རེད།།
དབྱངས་དང་གསལ་བྱེད་སུམ་ཅུའི།།
གླུ་དབྱངས་ལེན་མཁན་ཆ་རེད།།
ང་དང་ཁོང་ཚོ་ཆ་རེད།།
སྦྲང་དཀར་རྩམ་ཟན་ཆ་རེད།།
མདོ་དབུས་ཁམས་གསུམ་ཡུལ་གྱི།།
རྩམ་ཟན་མགོ་ནག་ཆ་རེད།།
ང་དང་ཁྱོད་ཚོ་ཆ་རེད།།
ཕ་ཡུལ་བྲལ་བ་ཆ་རེད།།
གཞན་ཡུལ་རང་སར་རློམ་པའི།།
འཁྱམས་པོ་ཡིན་པ་ཆ་རེད།།
ང་དང་ཁྱོད་གཉིས་ཆ་རེད།།
ཕ་མ་དྲན་པ་ཆ་རེད།།
རང་གི་ཨ་མའི་པང་ལ།།
ལོག་འདོད་ཡོད་པ་ཆ་རེད།།
ང་དང་ཁྱེད་ཚོ་ཆ་རེད།།
གོམས་གཤིས་ཡག་རྩོག་ཆ་རེད།།
རང་སྐྱོན་ས་འོག་སྦས་ནས།།
གཞན་སྐྱོན་བྲུས་མཁན་ཆ་རེད།།
ང་དང་ཁོང་རྣམས་ཆ་རེད།།
གཞན་སྐད་སྦྱོང་མཁན་ཆ་རེད།།
རང་གི་ཕ་སྐད་ཕྱུག་པོར།།
ཁྲེལ་སྐད་བྱེད་མཁན་ཆ་རེད།།
ང་དང་ཁྱེད་ཚོ་ཆ་རེད།།
དངུལ་ལ་དགའᨋབ་ཆ་རེད།།
རྒྱུ་དང་ཨ་སྒོར་བྱུང་ན།།
སྤྱི་དོན་བརྗེད་པ་ཆ་རེད།།
ང་དང་ཁོང་ཚོ་ཆ་རེད།།
མཐུན་སྒྲིལ་མེད་པ་ཆ་རེད།།
ཕུ་ནུ་མི་སྲིང་བར་ལ།།
རལ་གྲི་ཕྱར་མཁན་ཆ་རེད།།
ང་དང་རང་ཚོ་ཆ་རེད།།
ཆང་རག་དགའᨋབ་ཆ་རེད།།
ཟ་རི་ཟ་རིའི་ངང་ནས།།
རང་གཞན་འཕུང་མཁན་ཆ་རེད།།
ང་དང་ཁྲོད་ཚོ་ཆ་རེད།།
སྣང་བ་དར་མཁན་ཆ་རེད།།
ཕ་ས་ཕ་ཡུལ་བརླགས་ཀྱང་།།
དད་ལྷོད་བྱེད་མཁན་ཆ་རེད།།
ང་དང་ཁོང་རྣམས་ཆ་རེད།།
རྗེས་ལུས་ཡིན་པ་ཆ་རེད།།
ཚན་རྩལ་དུས་རབས་རྗེས་སུ།།
སྙེགས་འདོད་མེད་མཁན་ཆ་རེད།།
ང་དང་ཁོང་ཚོ་ཆ་རེད།།
ཕ་མ་ཡིན་པ་ཆ་རེད།།
རང་གི་གཅེས་པའི་བུ་ལ།།
གཞན་སྐད་སློབ་མཁན་ཆ་རེད།།
ང་དང་ཁོང་རྣམས་ཆ་རེད།།
ཆ་རྒྱུས་མེད་པ་ཆ་རེད།།
རང་གི་སྐད་དང་ཡི་གེར།།
ཆ་རྒྱུས་མེད་པ་ཆ་རེད།།
ང་དང་ཁྱེད་རྣམས་ཆ་རེད།།
སྐྱོ་གར་ལས་དབང་ཆ་རེད།།
མདོ་དབུས་ཁམས་གསུམ་ཡོངས་ལ།།
ཉི་འོད་བྲལ་བ་ཆ་རེད།
ང་དང་ང་ཚོ་ཆ་རེད།།
ང་ཚོའི་སྐྱིད་སྡུག་ཆ་རེད།།
ང་ཚོའི་ཕུག་མདུན་ཆེད་དུ།།
འཕྱར་གྲུ་མཉམ་འདེགས་གནང་ཤོག ། ༢༠༡༢ ། ༧ ། ༡༣།
ང་དང་ཁྱེད་ཉིད་ཆ་རེད། །བྱས་རྗེས་མེད་པ་ཆ་རེད། །ཁྱེད་དང་ང་གཉིས་ཆ་རེད། །རྒྱུ་རྔམས་ཆེ་བ་ཆ་རེད། །
ང་དང་ཁྱེད་ཚོ་ཆ་རེད། །རང་སྐྱོན་གཞན་འགེལ་ཆ་རེད། །ཁོ་དང་ང་ཚོ་ཆ་རེད། །འདུན་ལམ་ཤོར་བ་ཆ་རེད། །
ཡ་རེད
ང་དང་ཁྱེད་ཚོ་ཡ་རེད།
ཆོས་དང་ཆབ་སྲིད་བཤད་དུས།།
གྲྭ་བ་ཨ་ནེ་མི་མང་།།
གོ་ཤེས་མེད་པའི་ཡ་རེད།
ང་དང་ཁོང་ཚོ་ཡ་རེད།
རྡོག་རྩ་གཅིག་བསྒྲིལ་བཤད་དུས།།
ཆོལ་གསུམ་ཁ་ལ་ཁྱེར་ནས།།
སྡེ་དཀྲུག་བྱེད་པའི་ཡ་རེད།
ང་དང་དེ་ཚོ་ཡ་རེད།
བོད་དོན་རྩོད་པའི་དུས་ལ།།
དབུ་རང་གཙང་གསུམ་ལྟ་བ།།
མཁྲེགས་འཛིན་ཡོད་པའི་ཡ་རེད།
ཁྱེད་ཀྱིས་བྲིས་པ་ཚིག་རེད།།
ང་ཡིས་བསམ་པ་དོན་རེད།།
ངེད་གཉིས་ཚིག་དོན་ཆ་རེད།།
དོན་མེད་ལག་སྟོང་ཆ་རེད།།
དྲ་གྲོགས་རྣམ་ཕེབས་ནས་བསམ་འཚུལ་གསུང་པར་ཐུགས་རྗེ་ཆེ། མུ་མཐུད་དྲ་བའི་ཆང་ཁང་ནང་ཆང་འཐུང་རྒྱག་པར་ཕེབས་རོགས་གནང་།
ང་དང་ཁྱོད་ཚོ་ཆ་རེད། །འདོད་ཆགས་ཆེ་བ་ཆ་རེད། །ང་དང་ཁྱོད་ཚོ་ཆ་རེད། །ཕྱོགས་ཞེན་ཆེ་བ་ཆ་རེད། །ང་དང་ཁྱོད་ཚོ་ཆ་རེད། །ལ་རྒྱ་མེད་པ་ཆ་རེད། །ང་དང་ཁྱོད་ཚོ་ཆ་རེད། །དཀྲུགས་ཤིང་བཟོ་བ་ཆ་རེད། །ང་དང་ཁྱོད་ཚོ་ཆ་རེད། །འཇོན་ཐང་མེད་པ་ཆ་རེད། །ང་དང་ཁྱོད་ཚོ་ཆ་རེད། །ཕྲག་དོགས་ཆེ་བ་ཆ་རེད། །ང་དང་ཁྱོད་ཚོ་ཆ་རེད། །ལྷག་བསམ་མེད་པ་ཆ་རེད། །ང་དང་ཁྱོད་ཚོ་ཆ་རེད། །ཤེས་ཡོན་མེད་པ་ཆ་རེད། །ང་དང་ཁྱོད་ཚོ་ཆ་རེད། །སྤྱི་སེམས་མེད་པ་ཆ་རེད། །ང་དང་ཁྱོད་ཚོ་ཆ་རེད། །ང་རྒྱལ་ཆེ་བ་ཆ་རེད། །ང་དང་ཁྱོད་ཚོ་ཆ་རེད། །རང་དབང་མེད་པ་ཆ་རེད། །ང་དང་ཁྱོད་ཚོ་ཆ་རེད། །གཞན་ཡུལ་འགྲིམ་པ་ཆ་རེད། །ང་དང་ཁྱོད་ཚོ་ཆ་རེད། །རང་ཡུལ་ཤོར་བ་ཆ་རེད། །ང་དང་ཁྱོད་ཚོ་ཆ་རེད། །ངོ་ཚ་མེད་པ་ཆ་རེད། །ཁྲེལ་གཞུང་མེད་པ་ཆ་རེད། །
སྙན་ངག་འདེ་ནི་ངའི་ངོས་ནས་བཤད་ན་ཧ་ཅང་གི་སྙན་པའི་རྩོམ་ཡིག་ཞིག་ཡིན་། ངས་ཆུང་དུས་དེ་དང་འདྲ་བའི་སྙན་ངག་ཞིག་ཕ་ཡུལ་དུས་དེབ་ནང་མཐོང་མྱོང་ལ་ངས་སློབ་གྲ་འི་མདུན་མཛོམ་སར་ཡང་སེམས་མཚོར་ཆེན་པོས་སློག་མྱོང་ཡོད་ བ་ཅང་ཡག་པོ་འདུག་ལ་ནང་དོན་ཡང་ཡག་པོ་འདུག་
ཁྱོད་དང་ང་གཉིས་ཆ་རེད།།
ལྷན་སྐྱེས་འདོད་པ་ཆ་རེད།།
འདོད་པའི་གྲོང་ཁྱེར་འགྲིམ་མཁན།།
ཁྱོད་དང་ང་གཉིས་ཆ་རེད།།
ཁྱོད་དང་ང་གཉིས་ཆ་རེད།། ཁྲུལ་ཁྲུལ་རླིག་པ་ཡོད་པ།། ང་དང་ཁྱོད་གཉིས་ཆ་རེད།། ནར་ནར་སྟུ་མོ་ཡོད་པ།།
ཇོ་ཇོ་རེད་དམ་ཨ་ལྕགས།
ཁྲུལ་ཁྲུལ་འདུག་ལ་ནར་ནར།
ང་ནི་མགོ་ཡོམ་འཁོར་སོང་།
དྲྭ་གྲོགས་རྣམས་ཕེབས་ནས་དགོངས་ཚུལ་ཐུགས་རྗེ་ཆེ།