སྲིད་པ་ན་ཅི་ཡང་སྲིད་ལ་ཅི་ཡང་མི་སྲིད་པ་ཞིག་ཏེ། བོད་མི་ཚོས་སེམས་ཁམས་ཀྱི་རིན་ཐང་དང་རིག་གནས་ཀྱི་བཤན་ཤུགས་ཐེབས་ཟེར་ནས་ད་རག་བར་བོད་ཆོལ་ཁ་གསུམ་ལ་ཆགས་སྤྱོད་དང་འཁྲིག་སྤྱོད་སོགས་ཀྱི་སྐོར་མཚོན་པའི་རྩོམ་ཡིག་ཉུང་ནི་རེད། ད་རེས་ཁོ་མོས་རང་གི་དཔལ་འབྱོར་འཁོས་ཐབས་ལ་གཞིགས་ནས་སྒེར་གཉེར་ཚགས་པར་ཞིག་གཉེར་རྒྱུ་ཡིན་པས།སྨྱུག་ཐོགས་པ་མཁན་བླུན་སྤྱང་གསུམ་དང་རྒན་དར་གཞོན་གསུམ་གྱིས་ཕྱག་རྩོམ་རེ་གནང་རྒྱུའི་རེ་བ་རྩེ་གཅིག་ཏུ་ཞུ་བའོ།
འབྲེལ་ཡོད་གསལ་བཤད།
༡ ཚགས་པར་གྱི་མིང་དང་ངོ་བོ།
《འདོད་པའི་ངོ་གདོང་》 ཚགས་པར་ནང་ཆགས་སྲེད་ཀྱི་སྐོར་མཚོན་པའམ་ཡང་ན་དེའི་སྐོར་གླེང་བའི་རིག་གནས་ཐོད་བརྒལ་གྱི་སྙན་ངག་དང་བརྩམས་སྒྲུང་ཐུང་གྲས་ཁོ་ན་བསྡུ་བ་ཡིན།
༢ ཚགས་པར་གྱི་པར་བདག
ཆོས་བཟང་ལྷ་མོའི་པར་དབང༌། སྒེར་གཉེར་ཚགས་པར་ལོ་རེར་ཐེངས་ངོ་བཞི་ལ་བཀྲམ་རྒྱུ། དུས་ཚིགས་རེའི་ཚགས་པར།
༣ ཚགས་པར་གྱི་རྩོམ་སྒྲིག་པ།
གཙོ་སྒྲིག་པ། ཆོས་བཟང་ལྷ་མོ།
(དེ་མིན་ལྷ་ས་དང་ལྷོ་ཁའི་གཞོན་སྐྱེས་རྩོམ་མཁན་ཁག་གཅིག་གདན་ཞུ་བྱ་རྩིས་ཡོད།མིང་ཐོ་ཕྱིས་སུ་ཞིབ་བཀོད་བྱའོ)
༤ ཚགས་པར་གྱི་རིན་གོང༌།
ཚགས་པར་ནང་ཤོག་དང་ཕྱི་ཤོག་རེ་ལ་སྒོར་ཟུར་གཅིག་རེ་ཡིན།
༥ རྩོམ་ཡིག་བསྐུར་ཐབས།
ཆོས་བཟང་ལྷ་མོའི་ཡིག་སྒམ། lamu520lamu@126.com
ཆོས་བཟང་ལྷ་མོའི་ཟིན་བྲིས་སུ་ཐད་ཀར་འཇོག་ནའང་ཆོག
༦ རྩོམ་ཡོན་དང་བརྩམས་འབྲས་སྐོར།
གནས་སྐབས་རྩོམ་ཡོན་སྟེར་མི་ཐུབ།
རྒྱ་ཆེའི་ཆོས་གསུམ་གྲོགས་པོ་སྨྱུག་ཐོགས་པས་རྩོམ་ཡིག་གི་རྒྱབ་སྐྱོར་ཡོང་བའི་རེ་བ་ཆེའོ།
ཆོས་བཟང་ལྷ་མོས་ལྷ་ས་ནས།
ཡག་པོ་རེད།
ཆགས་རྩོམ་ཚགས་པར་གཉེར་བ་ཅུང་ཙམ་འགྲིག་བསྡད་ཡོད་ཀི འོན་ཀྱང་དགེ་ཆོས་ཀྱི་འདོད་བསྟན་ལས་ཐོད་བརྒལ་བྱ་མ་ཐུབ་ཚེ་དོན་མེད་རེད་བསམ
ཆགས་རྩོམ་ཚགས་པར་གཉེར་བ་འགྲིག་བསྡད་ཡོད་ཀི འོན་ཀྱང་དགེ་ཆོས་ཀྱི་འདོད་བསྟན་ལས་ཐོད་བརྒལ་བྱ་མ་ཐུབ་ཚེ་དོན་མེད་རེད་བསམ
དེང་སང་རྒྱ་སྐད་ཀྱིས་འཇར་པན་དང་བོད་སྐད་ཀྱིས་ཉིན་ཧོང་དུ་འབོད་བཞིན་པའི་རྒྱལ་ཁབ་དེ་ནི་གནའ་སྔ་མོ་་ཆེས་རྩ་ཆེ་བའི་ཕོ་མོའི་བར་གྱི་བརྩེ་དུང་ཆེ་ས་དེ་ཡིན་པར་གླེང་གི་ཡོད་པ་དང་དེ་ལྟར་ཡིན་པ་ཡང་ཚང་མས་ཁས་ལེན་གྱི་ཡོད་ཟེར་ན་སྐྱག་རྫུན་ཡིན་ཡང་། ཉིན་ཧོང་གི་ལོ་རྒྱུས་ལ་རྒྱུས་མངའ་ཡོད་མཁན་ཞིག་ཡིན་ན་ཤེས་གསལ་རེད། འོན་ཀྱང་། དེང་སང་ཉིན་ཧོང་གི་ཕོ་གཞོན་མོ་གཞོན་ཚོས་གནའ་བོའི་སེམས་ཁོང་དུ་གཏེར་རྫས་དེ་འབོར་ཟིན་པར་ཉིན་་ཧོང་གི་མི་ཐོག་རྒན་པ་མང་བོ་ཞིག་གིས་སེམས་འཁུར་བྱེད་བཞིན་ཡོད་པ་རེད་ལ་དོན་དངོས་ཐོག་དེ་ལྟར་སེམས་འཁུར་བྱེད་དགོས་པ་ཞིག་ཀྱང་ཆགས་ཡོད་པ་རེད། སྤུན་གྲོགས་དག་ཁྱེད་ཅག་གིས་བལྟས་ན་དེའི་གནད་འགག་དེ་ནི་ཇི་ལྟར་བྱུང་བ་རེད་འདོད་ཀྱི་ཡོད།
དེ་ཡང་ཆོས་བཟང་ལྷ་མོ་ལྟ་བུས་དེང་རབས་པ་ཁ་ཤས་ཤིག་བྱུང་ནས་ད་ནི་ཉིན་ཧོང་བ་ཚོས་འཁྲབ་པའི་ཆགས་སྲེད་གློག་བརྙན་ཡང་གྲངས་ཀྱི་མི་ཟིན་པ་ཞིག་ཐོན་དང་ཐོན་བཞིན་ཡོད་ལ། བུད་མེད་གཞོན་ནུ་མ་དེ་དག་གིས་ཚུལ་མཐུན་གྱི་ལས་ཀར་ཞུགས་པ་ལས་ཆགས་སྲེད་ཀྱི་ལས་རིགས་གཉེར་བར་དགའ་མོས་བྱེད་རྒྱུར་གོམ་ཡོད་པས་དཀའ་ངལ་ཞིག་འཕྲད་ཡོད་པ་རེད།
རིག་རིག་ཐམས་ཅད་པོ་གསར་བ་དང་གསར་གཏོད་ཟེེར་ནས་རྒྱུགས་་རྐྱང་མ་བྱས་ན་ཡག་གི་རེད། འདི་ནི་སྔོན་བརྡ་ཙམ་ཡིན། ཉེ་སྔོན་ཧི་གཟུགས་ནང་དུ་ཡང་བརྡ་ལན་འདི་བཞག་ཡོད་པ་མཐོང་སོང་། དེ་དུས་བསམ་ཚུལ་ཞིག་འབྲི་དགོས་བསམ་གྱང་དེ་ལ་དོན་སྣང་བྱེད་མཁན་མི་ཡོང་བས་གཡུག་ཞོག་བསམ་ནས་བཞག་པ་ཡིན། དེ་རིང་དེ་ནས་ཚུར་བཤུ་མཁན་གྱི་ཀླུ་མིང་བ་འདིས་དམིགས་ཡུལ་གང་ཡིན་མི་ཤེས་ཀྱང་། བསམ་བློ་མ་གཏོང་བར་འདི་ལྟར་མི་གཞན་གྱིས་རྩོམ་ཡིག་གསལ་བརྡ་འདི་རུ་ཡང་བཀོད་འདུག་སྟབས། རང་གིས་ཁོག་ན་ཡོད་པ་ཁ་ནས་ཤོར་སོང་།
ཨ་ཙི། དེ་འད྄ྲའི་ས྄ྣང་བ་ས྄ྐ྄ྱིད་པ་ལ། གཏོང་ཕོད་ཆེན་པོ་རེད།
མ་གཞི་ལྷ་ས་ན་གཤང་ཚོང་ནི་ཚོང་ཡག་ཤོས་ཡིན་པས། ཆགས་རྩོམ་ལ་ཡོང་སྒོ་བཟང་ན་ཐང་།
ཚེ་འདིར་ཐར་བ་དོན་ཉེར་བྱེད་འདོད་ཀྱི་དགེ་སློང་རྣམ་། འདི་འདྲའི་དོན་ཏུ་རྣམ་དཔྱོད་ཀྱིས་རྩལ་ངོམ་རྒྱུའང་མ་རེད་ལ་། ངོམ་དགོས་དོན་ཡང་ཡོད་པ་མ་རེད་། མི་སྐྱ་རྣམ་ལ་ནི་ཤེས་འབྱོན་གཉིས་ཀྱི་མ་ཡོང་ན་ཐབས་མེད་པ་རེད་། ཡར་རྒྱས་ཅན་གྱིས་རྒྱལ་ཁབ་དེ་ཚོའི་ནང་དུ་བརྩོམ་ཡིག་གར་བྲི་རང་དབང་། ཆོས་ལུགས་གང་བྱེད་རང་འདོད་། ད་དུང་མི་ཚང་གཅིག་ལ་ནང་མི་གསུམ་ཡོད་ན་། ནང་མི་གསུམ་པོས་ཆོས་ལུགས་ཁ་ཁ་ཡིན་རུང་། ནང་མི་གསུམ་པོ་ལྷན་དུ་ནང་གཅིག་ལ་གནས་ཐུབ་ཀྱིན་འདུག ལོ་ངོ་ལྔ་བཅུ་ལྷག་གི་རང་ལ་རྒྱ་གོང་ཁྲིན་གྱིས་། ལྷ་མེད་འདྲས་མེད་མ་ཁེ་སུ་ལེ་ཉན་ལ་སློབ་ཁ་བྲལ་རང་ལུགས་པར་ངོ་རྒོལ་གང་འདྲ་ལབ་ཀྱང་། བོད་རྒྱ་ཆེའི་མི་དམངས་ཀྱིས་སོ་སོའི་ཆོས་དང་སྐྱབས་མགོན་རང་བཙན་སོགས་རྩ་བ་ཉིད་ནས་བརྗེད་ཡོད་པ་མ་རེད་། མི་བཟང་ངན་གཉིས་ཀ་འཛམ་བུ་གླིང་ན་ཡོད་པ་དེ་གཞིན་ཏུ་། མདོ་དབས་ཁམས་གསུམཀུན་ན་ཡོད་པ་རེད་། ཆོས་བཟང་ལྷ་མོ་ལགས་ཀྱི་བསམ་དོན་འགྲུབ་སྨོན་་་་་་།
ཧ་ཅང་ཡག་པོ་འདུག བོད་ཀྱི་སྤྱི་ཚོགས་ཀྱང་མིའི་རིགས་ཀྱི་སྤྱི་ཚོགས་ནང་དུ་འདུ་དགོས་ན། ངེས་པར་དུ་ཆགས་སྤྱོད་ཀྱི་འཚོ་བ་ནི་མེད་དུ་མི་རུང་བ་ཞིག་ཡིན་པ་ལས། བླ་རྒན་ཚོས་ནང་ཆོས་ཀྱི་ཚུལ་ཁྲིམས་མཇལ་ཆས་སུ་བཟུང་ནས་ཉི་མ་ལག་འགེབས་བྱས་ན་འགྲིག་རྒྱུ་མ་རེད།
དེ་རིང་འདིར་སྐད་ཆ་ཚིག་འགའ་བཤད་འདོད་བྱུང་།
ཆགས་རྩོམ་བསྡུ་བའི་བརྡ་ཐོ་ཟེར་བ་བྐླགས་གྲུབ་རྗེས། ངེད་ཀྱི་སེམས་ལ་འདི་འདྲ་ཞིག་འཁོར། བོད་ཕྱི་ནང་གི་བོད་རིགས་གཞོན་སྐྱེས་ཚོ་ལ་སྨྱོ་ནད་ཞིག་བྱུང་འདུག་སྙམ།
རང་གི་རྩ་བའི་བླ་མ་དང་ནང་བསྟན་ཤེས་རིག་ལ་བལྟ་བའི་མིག་དེ་ཞ་ར་ཆགས། ཕྱི་ནང་རིག་གཞུང་གི་ཕྱོགས་ལ་བླུན་པོ་ཆུ་སྣ་གར་འཁྲིད་ལྟ་བུ་ཆགས། འཛམ་གླིང་མཐོང་ཐུབ་རྒྱུ་ཕར་ཞོགཐ་ན་བོད་རང་གི་ངོ་གདོང་ཡང་ངོས་འཛིན་དཀའ་བའི་ཚད་ལ་སླེབས།
སེམས་ལ་བསམ་ཚོད་དང་ཡིད་ལ་དྲན་ཚོད་རྐྱང་རྐྱང་བྲིས་ནས་མི་ཚེ་སྟོང་ཟད་ལ་བཏང་། གསེར་དང་འདྲ་བའི་རྣམ་དཔྱོད་དེ་ཐལ་བར་བཏང་། ད་དུང་ཆགས་རྩོམ་བསྡུ་བའི་བརྡ་ཐོ་འདྲ་བོ་ཞིག་འབྲི་ཁུལ་བྱས།
ངེད་ཀྱིས་འདིར་ཚིག་ཐག་ཆོད་པས་བརྗོད་ཐུབ་རྒྱུར། དེ་རིང་སང་ཉིན་གྱི་བོད་ཕྱི་ནང་གི་གནས་སྟངས་དང་བོད་མིའི་སྤྱི་ཚོགས་ཀྱི་མདུན་རྒྱབ་གང་ལ་བལྟས་ན་ཡང་།
དང་པོ། ང་ཚོས་ཆགས་རྩོམ་བསྡུ་དགོས་བའི་ཚད་ཞིག་ལ་སླེབས་མེད།
གཉིས་པ། དེ་རིང་སང་ཉིན་གྱི་བོད་མིའི་སྤྱི་ཚོགས་ཀྱི་དགོས་མཁོ་ཆགས་རྩོམ་མ་རེད།
གསུམ་པ། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོར་ཆགས་རྩོམ་མ་རེག་པར་དཀའ་ངལ་འཕྲད་ཀྱི་མེད།
བཞི་པ། ད་ལྟའི་བོད་མི་སྒེར་བ་ཚོའི་དཀའ་ངལ་ཡང་ཆགས་རྩོམ་མ་རེག་པའི་དཀའ་ངལ་དེ་མིན་པར་སྙམ།
རྩོམ་འདི་ལྷ་ས་ནས་ཆོས་བཟང་ལྷ་མོ་ཞུ་བ་ཞིག་གིས་བྲིས་མིན་ལ་ངེད་རང་སྒེར་ངོས་ནས་དོགས་པ་ཡོད་པ་མ་ཟད། རྩོམ་འདི་བཀོད་མཁན་ྐླུ་ཟེར་བ་དེ་ལ་ཡང་།
ཁ་བརྡ་དྲ་དེབ་འདི་ཆགས་རྩོམ་བསྡུ་ས་མིན་པ་དེ་མཁྱེན་པར་མཛོད་ཞུ་འདོད་བྱུང་། གལ་སྲིད་ྐླུ་ཟེར་བ་དེ་ྐླུ་འབུམ་བཀྲ་ཤིས་ཟེར་བའི་བལ་ཡུལ་གྱི་གསར་འགོད་པ་དེ་ཡིན་ན།
ཆགས་རྩོམ་དགོས་མཁོ་ཡོད་ན། བལ་ཡུལ་གྱི་གཞང་ཁང་དག་ལ་པར་ཆས་འཁྱེར་ནས་ཆགས་པར་ལེན་ཏུ་རྒྱུགས་ལབ་ཡ་ཡིན།
ཁ་བརྡའི་དྲ་དཔོན་ལ་ཡང་ཞུ་རྒྱུར། རྗེས་ཕྱོགས། ཁ་བརྡ་དྲ་དེབ་འདི་༧གོང་ལ་མཆོག་ལ་གཞི་མེད་སྐྱོན་འཛུགས་བྱེད་ས་ལྟ་བུ་དང་ཆགས་རྩོམ་བསྡུ་ས། ཆགས་གཏམ་སྨྲ་ས་སོགས་ཀྱི་་དགོས་མཁོར་མ་འགྲོ་བ་གནང་རོགས་ཞུ་འདོད་བྱུང་། ཁ་བརྡ་དྲ་དེབ་ཀྱི་ཐོག་མིའི་དམིགས་ཡུལ་ཡང་དེ་འདྲ་མིན་པར་སྙམ། དེ་ཙམ་ཞུ།
ཆོས་བཟང་ལྷ་མོ་ལགས་སུ་བཀྲ་ཤིས་བདེ་ལེགས་དང་འབྲེལ་ཐོག་མའི་ལེགས་སྐྱེས་ཤིག
༸གཞོན་ནུ་མ།
༸ལང་ཚོའི་ལྷུ་དྲུག་ཆེས་ཆེར་སྙོམ་ཤིང་རྒྱས༎
ནུ་མ་མཐོ་ཞིང་འབུལ་ཚད་རན་པོ་ཅན༎
འཕོང་ཤ་གཡུག་པར་མཁས་པའི་བུ་མོ་ལ༎
ལྷ་རྣམས་ཡིན་ཀྱང་རང་ཚུགས་དབང་མེད་ཤོར༎
༸རྒྱང་ནས་བལྟས་ན་མཛེས་པའི་མདངས་ཉམས་ཅན༎
མདུན་དུ་གཅར་ཚེ་དེ་ལྟར་མ་ལགས་ཤིང་༎
འདོད་ལྡན་སེམས་ལ་མཛའ་བའི་སྣང་འགྲོ་མ༎
ཁྱེད་ལ་དགའ་མཁན་ཕོ་སར་ཤིན་ཏུ་མང་༎
༸སེམས་དང་སེམས་གཉིས་འདྲིས་ན་བརྩེ་དུང་རྒྱས༎
ཁ་དང་ཁ་གཉིས་སྦྱོར་ཚེ་འདོད་ཆགས་ལང་༎
མཇེ་དང་སྟུ་གཉིས་ཐུག་ན་བ་སྤུ་ཟིང་༎
ཕོ་དང་མོ་གཉིས་འཕྲད་ཚེ་བཤད་རྒྱུ་མང་༎
༸ཁ་མིག་དབང་བོ་དོད་པའི་སྨན་ཆུང་མ༎
ང་རྒྱལ་ཆེན་པོ་ཁུར་ནས་མ་འདུག་པར༎
ལང་ཚོ་གཞོན་དུས་ཆགས་པ་མ་སྤྱོད་ན༎
ན་སོ་རྒས་ནས་ཤི་ན་སྡུག་གྱོང་ཡིན༎
༸ཕོ་མཇེ་ཆུང་ན་མོ་རྣམས་མི་ཚིམས་སྐད༎
སྟུ་ཁུང་ཆེ་ན་ཕོ་རྣམས་མི་དགའ་བར༎
མགོ་སེར་ཕོ་རྣམས་ཤར་ཕྱོགས་བུ་མོ་དང་༎
མཉམ་དུ་སྦྱོར་ན་གཉིས་ག་ཚིམས་ཞེས་གྲགས༎
༸མཇེ་རླིག་ཁ་འཇིབ་སྟུ་ཁ་ལྕེ་རྡག་སོགས༎
བོད་ཀྱི་མི་ལ་དེ་ལྟར་མ་གོམས་ཀྱང་༎
ངོ་ཚ་སྤངས་ནས་གང་འདོད་གཉེར་བ་ནི༎
འདོད་པའི་ཁམས་ལ་སྐྱེས་པའི་དོན་སྒོ་ཡིན༎
༸མ་བཅོས་སེམས་ཀྱི་བརྩེ་དུང་ཟབ་མོ་དེ༎
རང་ཉིད་དགའ་སའི་བུ་ལ་ཕུལ་དགོས་ཀྱང་༎
དངུལ་ལ་སྲེད་པའི་ཆགས་སེམས་རྒོད་པོ་དེས༎
སྒོར་དང་བརྩེ་དུང་བརྗེས་ན་སྨྱོན་མ་ཡིན༎
༸བུ་མོ་ཚང་མ་དེ་ལྟར་མ་ལགས་ཤིང་༎
ཡོད་ཚད་དངུལ་ལ་བརྗེས་པའི་བུ་མོ་ཚོས༎
བརྩེ་དུང་ངོ་མའི་རིན་ཐང་མ་རྟོགས་པས༎
གནས་སྐབས་གང་འདོད་བྱས་ན་ཁེ་བཟང་ཡིན༎
༸རང་གི་དམན་ལ་རང་ཉིད་འདུག་འདོད་མེད༎
རང་གི་མཐོ་ལ་རང་ཉིད་མི་མཁོ་ཞིང་༎
རང་དང་འཚམས་པའི་རོགས་ཤིག་མ་རྙེད་པར༎
རང་ལོ་རྒས་ནས་ཤི་ན་སྡུག་གྱོང་ཡིན༎
༸སྣ་གདོང་ཆུང་ལ་བཞིན་རས་གོར་མོ་ཅན༎
སུག་བཞི་སྦོམ་ལ་རྐང་ལག་ཐུང་བ་སོགས༎
ལུས་གཟུགས་ཆུང་བའི་བོད་ཀྱི་བུ་མོ་རྣམས༎
མཐོང་ན་མེད་ཀྱང་རྒྱབ་ན་བྲོ་བ་ཆེ༎
༸ཉལ་རོགས་མེད་པའི་བུ་མོ་གཟུགས་ཡག་དང་༎
ཚེ་རོགས་མེད་པའི་མོ་སར་ཁེར་རྐྱང་ཚོ༎
རང་ལ་མཛའ་བའི་རོགས་ཤིག་མ་རགས་ན༎
སྐྲ་ལོ་བཞར་ཏེ་བཙུན་མ་བྱས་ན་སྐྱིད༎
༸ཧ་ཅང་མཛེས་པའི་རྣམ་པ་མེད་ན་ཡང་༎
ཁ་སེམས་འཇམ་ལ་ཁྱོ་གར་བྱམས་སྐྱོང་ཆེ༎
གཅིག་སེམས་གཅིག་ལ་གཏོད་པའི་བུ་མོ་རྣམས༎
རྙེད་པར་དཀའ་བའི་གཏན་གྲོགས་ཡག་ཤོས་ཡིན༎
2009 ལོའི་ཟླ་ 06 ཚེས་ 26 ཉིན། རྡ་ས་རུ་བྲིས།
འདི་ཡང་བོད་ཡིག་འཕེལ་རྒྱས་གཏོང་བའི་ཐབས་ལམ་ཞིག་ཡིན་པར་སྨོན། བོད་ཡིག་འཕེལ་རྒྱས་གཏོང་ན་འདི་འདྲ་བརྗོད་བྱ་བཟུང་ན་ཡང་མང་པོ་ཅིག་ལ་ཕན་པར་འགྱུར་སྙམ། གོང་ན་དགེ་བསྐོས་ཅིག་སླེབས་འདུག། །།
མོ་རེ་ཆོས་བཟང་ལྷ་མོ་ལགས། ཁྱོད་ཀྱིས་ཅི་ཞིག་བྱ་བསམས་པ་ཡིན། རྣམ་པ་གསར་པ་ཡིན་ཚད་ཐམས་ཅད་ལེགས་པའི་རྟོག་སྣང་འཆང་བཞིན་ཨེ་ཡོད། མ་གཞི་ང་ཚོ་ལ་མཚོན་ན། གསར་པ་ཅི་འདྲའི་མང་པོ་དག་ནང་འདྲེན་བྱ་དགོས་པ
བདེན་མཐོང་ལག་པས་ཟིན་ཡོད་ནའང་། ཁྱོད་ཀྱི་དེའི་ཕྱོགས་ལ་དེ་འདྲའི་ཁ་ཚ་དགོས་
གཏུགས་ཞིག་ཆགས་ཨེ་ཡོད་ན།
ཡ་ཡ་དེའི་ཕྱོགས་ནས་སྔོན་ཐོན་གྱི་གྲས་སུ་སླེབས་བཞིན་འདུག འོན་ཀྱང་ནུབ་ཕྱོགས་པའི་ཚན་རིག་ལག་རྩལ་གྱི་ཐོག་ནས་བཤད་ན་བོད་པ་ནི་དུས་ནམ་ཡང་ཀླད་གོར་རེད། ད་དུང་ཡར་རྒྱས་གཏོང་རྒྱུའི་འཆར་གཞི་མེད་པ་འདྲ།
བརླ་སྒོ་ཐང་དཀར་གཤོག་པ་བཞིན་དུ་བརྒྱངས་ཏེ་བྱས་ན་དྲན་པའི་ཀ་ཆེན་རྩ་བར་་ཟུག་པས་སྟག་ཤར་གཞོན་ནུ་དགའ།།
སྐྱེས་པའི་སྟེང་དུ་བུད་ཅིང་འདོ་རིགས་རྟ་བོ་ཞོན་ཞོན་བྱས་ན་ལུས་ཤུགས་དུབ་པ་མེད་པས་རྒས་འཁོགས་རྒན་པོ་འཐད།།
སུག་བཞི་ས་ལ་བཙུགས་ཤིང་འཕོང་མགོ་ཕྱི་རུ་བཀྱེད་དེ་ཟོག་བཞིན་བྱས་ན་ཕོ་མོ་ཁྱད་མེད་རྒན་གཞོན་གཉིས་ཀ་བདེ།།
སྤྱོད་པ་གང་ཡིན་ངེས་གཏན་མེད་པར་དུས་གཅིག་སྤྱོད་སྟངས་འདྲ་མིན་སྤྱད་ན་བདེ་བའི་མཐར་ཐུག་ཡིན་པས་ཐམས་ཅད་མྱོ།
ང་ལ་ཨ་རིའི་ཁྲིམས་ལུགས་སྐོར་གྱི་ཚིག་འགའ་ཞུ་རྒྱུ་ཡོད། སྡེ་ཚན་འདི་ལ་འཚམ་པོ་འདུག ཁྲིམས་ལུགས་ལྟར་ན་ཆགས་པ་སྤྱོད་རྒྱུ་འཐད་པ་ཡོད་ན་རང་དབང་རེད། ཡིན་ན་ཡང་བྱིས་པ་ཁོག་ནས་ཕྱིར་འདོན་རྒྱུ་རང་དབང་མ་རེད། འདི་སྐོར་ལ་ཁྲིམས་ལུགས་མི་འདྲ་བ་གཉིས་འདུག ༡༽ ཟླ་གསུམ་འགོར་རྗེས་བྱིས་པ་ཕྱི་ལ་འདོན་མི་ཆོག ཁྲིམས་ལུགས་འདི་ནི་དེང་རབས་འཕྲོད་རྟེན་རིག་པར་རྟེན་ནས་ཐག་གཅོད་བྱས་པ་རེད་འདུག དེ་ཡང་འཕྲོད་རྟེན་ཚན་རིག་ལྟར་ན་ཟླ་གསུམ་འགོར་རྗེས་བྱིས་པར་སྙིང་ལྡིང་བའི་འགོ་རྩོམ་གྱི་ཡོད་པ་རེད། དེ་ནས་བཟུང་མི་ལ་བརྩིས་རྒྱུ་རེད། ༢༽ ཁྲིམས་ལུགས་གཞན་ཞིག་ནི་བྱིས་པ་མངལ་དུ་ཆགས་པ་ནས་ཕྱི་ལ་བཏོན་མི་ཆོག འདི་ནི་ཡེ་ཤེས་ཆོས་ལུགས་ལ་གཞི་བཅོལ་ནས་བཟོས་པ་རེད།
རང་རེ་བོད་ལ་ནང་ཆོས་དར་ཡོད་པ་རེད། འོན་ཏང་འདིའི་སྐོར་ལ་ཁྲིམས་ལུགས་ཡོད་ནི་མ་རེད། རྒྱ་ནག་ལ་འདིའི་སྐོར་ལ་ཁྲིམས་ལུགས་ཅིག་ཡོད་ཚོད་མི་འདུག ཟླ་ག་ཚོད་འགོར་ཡོད་ན་ཡང་ཕྱི་ལ་འདོན་གྱི་ཡོད། དེས་ན་ང་ཚོས་འདི་ལ་ཁྲིམས་ལུགས་བཟོ་དགོས་སམ་མི་དགོས གལ་ཏེ་དགོས་ན་ཅི་ལྟར་བཟོ་དགོས། རྒྱུ་མཚན་ཅི་ཡིན།། །།
འོ་ད་རུང་ལོ་རྒྱུས་ཅིག་བཤད་ཀྱི་ཡོད། ཉི་ཧོང་ནས་ཡིན་པའི་སྐྱེས་དམན་ཅིག་གིས་འདི་ལྟར་ལབ་སོང་། མོ་རང་ལོ་༡༧་སྐབས་མཐོ་སློབ་འགྲིམ་སྐབས་མངལ་ཆགས། ཡིན་ན་ཡང་དེའི་སྐབས་སྔ་དྲག་འདུག་པས་བདུན་ཕྲག་བདུན་ལས་མ་འགོར་པར་ཕྱི་ལ་བཏོན་པ་ཡིན། དེ་ནས་སྨན་ཟོས་པ་ཡིན། དེའི་རྗེས་བྱིས་པ་དགོས་དུས་བྱིས་པ་རྩ་ནས་སྐྱེས་མ་སོང་ཟེར་ནས་ངུས་སོང་། མོ་རང་གིས་དྲི་བ་ཅིག་བཏོན་སོང་། མོ་རང་ནང་པ་ཡིན་པས་རང་གི་བུ་ཕྲུག་བསད་པའི་ཉེས་པ་ཡོད་དམ་མེད། གལ་ཏེ་ཡོད་ན་སྡིག་པ་དེ་འདགས་ཐབས་གང་རེད་ཟེར། མཁྱེན་ལྡན་དག་གིས་འདི་ལ་ལན་ཅིག་གསུངས་འཚལ།། །།
དེ་ལ་སྡིག་བཤག་གསེར་གྱི་སྤུ་གྲི་དང་ཐར་བ་ཆེན་པོའི་མདོ། ཡང་ན་རྒྱ་ནག་སྐད་དུ་ཡང་ཡོད་པའི་རྡོ་རྗེ་གཅོད་པ་དང་ཕུང་བོ་གསུམ་པའི་མདོ་འདོན་དགོས། ཟླ་བ་བདུན་འགོར་ཡོད་ན་མི་ཞིག་གི་ཚད་ནས་ལོས་ཀྱང་འཇོག ཡིན་ན་ཡང་ལམ་རིམ་ཆེན་མོ་ལས་གསུངས་པ་བཞིན་དེ་དུས་མི་མཚན་ཉིད་པ་ཞིག་གི་འདུ་ཤེས་བཞག་ཡོད་དང་མེད་ཀྱི་སྟེང་ནས་སྲོག་གཅོད་ཀྱི་ཁྱད་ཆོས་ཡོངས་སུ་ཚང་བའི་ལས་བསགས་ཡོད་མེད་ལ་བལྟ་དགོས་པ་རེད།
ནང་པའི་འདོད་ཚུལ་གཞིར་བཞག་གི་སྟེང་ནས་བཤད་ན་འདུལ་བ་ལས་མིའམ་མིར་ཆགས་གསོད་པ་ཞེས་པ་དེས་མི་བསད་པའི་ཉེས་པ་ཡོད་པ་བསྟན་འདུག ཡིན་ན་ཡང་གོང་དུ་བརྗོད་པ་བཞིན་མི་བསད་པའི་ལས་མཚན་ཉིད་ཚང་བ་ཡིན་མིན་སྐབས་དེའི་ཀུན་སློང་ལ་བལྟ་དགོས་སྙམ།
གོང་གི་ཉེས་པ་དེ་སྡིག་པ་ལ་གོ་དགོས།
འདུལ་བའི་གཞུང་ནས་བསོད་གཅོད་ཀྱི་ཉེས་པ་བཤད་སྐབས་གཞི་མིའམ་མིར་ཆགས་པ་བསད་ན་སྲོག་གཅོད་ཀྱི་ཉེས་པ་ཡོད་པར་གསུངས་ཡོད་། ངས་ད་ལྟའི་བར་དུ་ཞག་དང་ཉིན་མ་དེ་བཞིན་ཟླ་བ་སོགས་འདི་ཙམ་ནས་མིའམ་མིར་ཆགས་པ་རེད་ཟེར་བ་ཞིག་དྲན་གྱི་མི་འདུག འོན་ཀྱང་ངས་བསམས་ན་རྣམ་ཤེས་མངལ་དུ་ཞུགས་མ་ཐག་ནས་མིར་ཆགས་པ་ལ་བཞགས་ན་ལེགས་པར་སྣང་། གང་ཡིན་ཟེར་ན་བར་དོའི་སེམས་ཅན་དེ་འགྲོ་བ་མིའི་མངལ་དུ་ཞུགས་དུས་ནས་འགྲོ་བ་དྲུག་གི་སེམས་ཅན་ནང་ནས་མིའི་འགྲོ་བར་གཏོགས་པ་རེད་། དེའི་བསྐོར་ལ་ང་ཚོ་བོད་ནང་པའི་མཁས་དབང་ཚོའི་བསྒྲོ་གླིང་ཞིག་ཚོགས་ཐུབ་ན་ཡག་པོ་འདུག
དྲ་གྲོགས་ཚོ། ཆོས་བཟང་ལགས་ཀྱི་སྟོན་པའི་ཆགས་སྲེད་ཀྱི་ཚགས་ཤོག་གཉེར་གྱི་ཡིན་པ་འདིའི་དམིག་ཡུལ་ཇི་འདྲ་ཡིན་ན། གོང་དུ་དྲ་གྲོགས་ཤིག་གསུང་པ་ལྟར་། ད་ལྟ་ང་ཚོ་བོད་པ་ཚང་ཆགས་སྲེད་ཀྱི་ཕོངས་མེད། ད་ལྟའི་དུས་འདིར་ལ་འདི་རིགས་མི་དགོས། ཆབ་སྲིད་ཀྱི་ཕོངས་ཡོད་ ཆགས་སྲེད་ཀྱི་ཕོངས་མེད། བོད་ཕྱི་ནང་གཉིས་ལ་ཕོངས་མེད།
ངས་ལྟས་ན་བོད་ཆབ་སྲིད་གྱིས་ཕོངས་མི་འདུག་། ཆགས་སྲེད་ཀྱི་ཕོངས་འདུག་པས་མི་རིགས་གྲངས་ཉུང་ནས་གྲངས་ཉུང་ཆགས་བཞིན་མཐོང་གི་མི་འདུག་གམ་། །
ཆགས་སྲེད་ཀྱི་ཚགས་ཤོག་ཅིག་ཡོད་ན་དཔེ་གལ་ཆེན་པོ་རེད། ང་ཚོས་ཆགས་སྤྱོད་ཙམ་མ་གཏོགས་ཆགས་སྤྱོད་དང་འབྲེལ་བའི་འཕྲོད་བསྟེན། ཆགས་སྤྱོད་དང་འབྲེལ་བའི་ཀུན་སྤྱོད། ཆགས་སྤྱོད་ཀྱི་ཤེས་བྱ། ཕོ་མོའི་མཚན་མའི་བྱེད་ལས། ཁུ་བ་ཇི་ཡིས་བསྐྱེད་པ། ཟླ་མཚན་ཇི་ལྟར་འབབ་པ། མངལ་ཇི་ལྟར་ཆགས་པ་སོགས་གལ་ཆེ་བའི་ཤེས་བྱ་མང་པོ་ཞོར་དུ་ཤེས།
ངའི་ཕ་ཡུལ་དུ་བུ་ཚོས་འགྱིག་ཤུབས་གོན་རྒྱུའི་གོམས་སྲོལ་མི་འདུག བུ་མོ་ཚོར་མོ་ནད་རིགས་བྱུང་ན་སྨན་པ་སྟོན་རྒྱུར་ངོ་ཚ། བུད་མེད་སེམས་ཁམས་མི་བདེ་བ་དང་འདོད་པ་སྤྱོད་འདོད་མེད་སྐབས་ཀྱང་ཁྱོ་གས་འདོད་པ་སྤྱོད།
བོད་ནང་ ས་ཆ་མང་པོ་ཞིག་ཏུ་མི་མང་པོ་ཞིག་ནི། ཆགས་སྤྱོད་དང་བརྩེ་བ་གཉིས་ལས་ཆགས་སྤྱོད་དང་པོ། ཆགས་སྤྱོད་དང་འཕྲོད་བསྟེན་གཉིས་ལས་ཆགས་སྤྱོད་དང་པོ། ཆགས་སྤྱོད་དང་བརྩི་འཇོག་གཉིས་ལས་ཆགས་སྤྱོད་དང་པོ། ཉམ་ཆུང་བུ་མོ་རྣམས་ལ་བཙན་གྱིས་སྤྱོད།། དབང་ཆེན་མི་ཡི་སྲས་མོ་བསླུས་ཏེ་སྤྱོད།། མགོ་གཡོག་མགོ་སྐོར་མནའ་ཆེན་ཟོས་ནས་སྤྱོད།། ཆགས་སྤྱོད་ཆེད་དུ་མི་བྱེད་གང་ཡང་མེད།།
ཆགས་སྲེད་ཀྱི་ཚགས་ཤོག་ཡོད་ན། ཆགས་སྤྱོད་སྒྱུ་རྩལ་ཙམ་མིན་པར་ཆགས་སྤྱོད་དང་འབྲེལ་བའི་ཤེས་བྱ་མང་པོ་ཞིག་ཤེས་འགྲོ་གི་རེད། དེ་མིན་སྙན་རྩོམ་དང་སྒྲུང་རྩོམ་གྱི་དུས་དེབ་རྐྱང་རྐྱང་བཏོན་བསྡད་ན་ཁྱད་མཚར་རེད།
མགོན་ཕྱག་གཉིས་པའི་སྐད་ཆ་ལ་རྒྱུ་མཚན་འདུག ངས་ཀྱང་རྒྱབ་སྐྱོར་བྱེད་ཀྱི་ཡིན།
ཨོ། མདང་དགོང་གི་ཁྱེད་ཀྱི་གླུ་དེ་ཧ་ཅང་རྣ་ལ་སྙན་པོ་བྱུང་། རྒད་མོ་ཉལ་སའི་ནང་ལ་འཛུལ་ཚར་བའི་རྗེས་སུ་ཡང་ངའི་འདོད་པ་མི་བསྐོང་བར་ཁྱོའི་གླུ་དེའི་སྐོར་ནས་བཤད་བསྡད་སོང་།
ཁྱེད་ཀྱིས་མདང་དགོང་ནང་བཞིན་གླུ་མང་པོ་བླངས་ན་ངའི་རྒད་མོ་ཁྱོའི་ཐོག་ལ་སེམས་ཤོར་གྱི་འདུག བཀའ་འགྱུར། འུ་གཉིས་ཀྱི་གྲོགས་པོའི་འདང་། དེ་རིང་ནས་གླུ་མང་པོ་ལེན་མི་དགོས། ངའི་རྒད་མོ་ལས་ཀ་གྲོལ་ན་ནང་ལ་མི་ཡོང་ན་ཐང་གི།
ཆགས་སྤྱོད་སྐོར་ནས་རྩོམ་ཡག་པོ་འབྲི་ཐུབ་མཁན་ཡོད་ན་ཡག་པོ་རེད། ལྷག་པར་དུ་མི་སྒེར་བའི་ཉམས་མྱོང་གཞི་ལ་བཞག་ནས་འབྲི་ཐུབ་ན་ཧ་ཅང་ཡག་ས་རེད།
མགོན་ཕྱག་གིས་སོ་སོའི་ཉམས་མྱོང་དངོས་དང་འབྲེལ་ནས་ཆགས་སྤྱོད་སྐོར་གྱི་སྒྲུང་ཞིག་བཤད་ན་ཇི་འདྲ་རེད། ཚང་མས་མགོན་ཕྱག་ལ་དགའ་བསུའིི་ཐལ་མོ་འགའ་བརྡབ་རོགས།
འདིའི་སྐོར་ནས་བོད་རྗེས་ལུས་མིན་པ་ངའི་གསལ་པོ་ཤེས། ཚད་དེ་ད་ཁ་ནང་ལ་བཅུག་དང་ནོ། ཨ་ཨ་ཨ། གནམ་སྔོན་པོ། ཕྱིས་ཉིན་མོ་ནངས་ཇ་བཟིག་འཐུང་ཟེར་དུས། སྐྱུག་རྒྱུ་ཡོང་ནས། ལ་ལ་ལ། ཞི་མོ་རིག་ན་།ནམ་རྟོག་ཟ་ནི་འདྲ་འདྲ་། གང་ལྟར་ཞི་ལུ་ཆོ་རྗེས་ལུས་རེད་ཟེར་ན་ང་ཡིད་ཆེས་ཡོད་། ཕེ་ཕེ་ཕེ། བདུན་ཕྲག་གཅིག་གི་རེང་ལ། སྣ་འཚུབ་སོང་ནོ། ཧྰོུུམ་ཧྰྭོ།
འཇིགས་རྟེན་འདིར་སྲོག་ཆགས་ཤིག་ཡིན་ནས་བཟུང་སྟེ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཡིན་པ་གཅིག་པ་རེད་། དེའང་མི་གཞན་ཞིག་གི་ཟེར་བ་མ་ཡིན་པར་རང་རང་སོ་སོའི་མྱོང་བའི་སྟེང་ནས་གསལ་པོ་ཡིན་དུས་ངས་འདིར་མང་པོ་བཤད་དགོས་ཀྱི་མི་འདུག ང་ཚོ་ནི་ཁམས་གསུམ་གྱི་ནང་ནས་འདོད་ཁམས་པ་རེད་། འདོད་ཁམས་པ་ལ་འདོད་པའི་བདེ་བ་ལས་གལ་ཆེ་བའི་བདེ་བ་ཞིག་མེད་པ་ཡོང་གྲགས་རེད་། དེ་བཞིན་འདོད་པའི་ལས་ཀྱི་ནང་ནས་འདོད་པ་སྤྱོད་པ་ལས་གལ་ཆེ་བའི་ལས་ཤིག་ཡོད་རྒྱུ་མ་རེད་ཟེར་ཆོག། དེ་ལྟ་བུའི་འདོད་པ་དེ་ཇི་ལྟར་སྤྱོད་ཚུལ་ནི་སྤྱི་ཡོང་གི་ཆ་ནས་སེམས་ཅན་དུད་འགྲོའི་ཀྱང་ཤེས་ན་མི་དང་སྨྲོས་ཅི་དགོས། འོན་ཀྱང་ང་ཚོས་ཤེས་དགོས་པ་ཞིག་ནི་འདོད་པ་སྤྱོད་པ་མང་དྲག་པ་དང་དེ་བཞིན་རང་གི་གྲོགས་པོ་དང་གྲོགས་མོའི་བར་འབྲེལ་བར་གནོད་པའི་རིགས་དང་། དེ་བཞིན་གཟའ་བརྡའ་བར་གྱི་དཀའ་ངལ་སོགས་མི་འབྱུང་བའི་ཐབས་ལམ་བཅས་ཀྱི་བསྐོར་བརྩོམ་འདྲི་གནང་ན་དགེ་ཕན་ཡོད་པར་མངོན། དེའང་རྒན་པོ་དང་རྒན་མོ་ཉམས་མྱོང་ཅན་ཚོས་མྱོང་ཁྲིད་ཅིག་བྱས་ན་དེ་ལས་ཀྱང་དགེ་ཕན་ཆེ་ས་རེད་། གང་ལྟར་འདི་ནི་བརྗོད་བྱ་ཆུང་ཆུང་ཞིག་ཏན་ནས་མིན། འོན་ཀྱང་ད་ལྟའི་བར་དུ་འཇུ་མི་ཕམ་དང་དགེ་ཆོས་ལས་གཞན་པའི་བོད་ཀྱི་མཁས་གྲུབ་མང་པོ་ཡལ་བར་བོར་ཡོད་། ད་ནི་བོད་པ་ཚང་ཡར་ལངས་ཤོག་དང་ངས་ལྟད་མོ་བལྟ་ཡོང་།
འདོད་པའི་བདེ་བ་ལན་ཚའི་ཆུ་དང་འདྲ།
ཇི་ལྟར་སྤྱད་ཀྱང་སྲེད་པ་འཕེལ་བར་འགྱུར།
ཀླུ་སྨྱོན་ལ་ཞབས་རིམ་སྐོར་ལ་ཐུགས་རྗེ་ཆེ་ལགས། འོན་ཀྱང་དོགས་པ་འགའ་ཡོད་པ་ནི། ༡༽ ༼ཟླ་བ་བདུན་འགོར་ཡོད་ན་མི་ཞིག་གི་ཚད་ནས་ལོས་ཀྱང་འཇོག༽ ཟླ་བདུན་མ་འགོར་སྔོན་ལ་མི་ཞིག་གི་ཚད་ནས་མི་འཇོག་དོན་ཅི་ཡིན། རྟེན་འབྲེལ་མདོ་འགྲེལ་ན་༼དེ་གསུམ་འདུས་པ་ན་མའི་མངལ་དུ་འཇུག་པར་འགྱུར་རོ། གསུམ་ནི་མ་རུང་ཞིང་ཟླ་མཚན་དང་ལྡན་པ། ཕ་མ་ཉལ་བོ་བྱེད་པ། དྲི་ཟ་ཉེ་པར་གནས་པའོ༽ འདི་འབྲས་དུས་ཀྱི་རྣམ་ཤེས་རེད། དེ་དང་སྐྱེས་པའི་རྟེན་འབྲེལ་དུས་མཉམ། ད་དུང་དེར་མ་ཟད། ཨ་མདོ་ན་བྱིས་པ་ཨ་མའི་གྲོད་པ་ནས་ནམ་ཕྱི་ལ་བུད་པ་ན་ལོ་གཅིག་ཅེས་བརྩི་སྲོལ་ཡོད། རྟེན་འབྲེལ་ཡན་ལག་༡༢ ཚེ་ག་ཚོད་ལ་རྫོགས་མིན་དང་སོགས་ལ་བསམ་དགོས་པ་མང་། ༢༽༼ཡིན་ན་ཡང་ལམ་རིམ་ཆེན་མོ་ལས་གསུངས་པ་བཞིན་དེ་དུས་མི་མཚན་ཉིད་པ་ཞིག་གི་འདུ་ཤེས་བཞག་ཡོད་དང་མེད་ཀྱི་སྟེང་ནས་སྲོག་གཅོད་ཀྱི་ཁྱད་ཆོས་ཡོངས་སུ་ཚང་བའི་ལས་བསགས་ཡོད་མེད་ལ་བལྟ་དགོས་པ་རེད།༽ ལམ་རིམ་ཆེན་མོ་གང་ན་ཡོད་འདི་འདྲ་ཅིག མདོ་ན་དེད་དཔོན་རྙིང་རྗེ་ཅན་གྱིས་སྙིང་རྗེས་དབང་གིས་མི་ནག་མདུང་ཐུང་ཅན་བསད་པ་ཡང་མི་བསད་པའི་ལས་བསགས་པར་གསུངས་པ་རེད་དོ།། །།
ཁ་ནས་འདོད་པའི་བདེ་བ་སྨོད་ནའང་།
ཁོག་ཏུ་ཉིན་མཚན་མེད་པར་དེ་ཉིད་དྲན།
སྲིད་པ་འཕེལ་ཡང་འདོད་པའི་བདེ་བ་ཡིན།
འདོད་བདེ་མི་འདོད་འདོད་ཁམས་སུ་ཞིག་མཆིས་།
ལན་ཚྭ་མེད་པའི་ཟས་ནི་བྲོ་མེད་ཡིན།
འདོད་བདེ་མེད་པའི་མི་ཚེ་དོན་མེད་ཡིན།
བཅོས་མིན་ངེས་འབྱུང་ལྡན་པའི་རབ་བྱུང་རྣམས།
འདོད་པའི་དྲྭ་རྒྱའི་ར་ལས་ཕར་ཕྱིན་པས།
དེ་འདྲ་ཡོད་ན་ཁོ་བོས་རྟག་ཏུ་བཀུར།
མཆན་འབྲི་བར་ཚོད་ལྟ་བྱས་ཡིན། སྤྱིར་བོད་སྤྱི་ཚོགས་ལ་ཆགས་རྩོམ་མཁོ་མིན་མི་ཤེས་དེ། ཕྱི་རྒྱལ་བའི་བཟའ་ཚང་འཁྱམ་མཐུན་དང་། བརྩེ་དུང་གི་ལྡེ་མིག་ལྟ་བུར་ཆགས་རྩོམ་མམ། འདོད་སྲེད་སྐོར་གྱི་བསྟན་བཅོས་གང་མང་མཐོང་རྒྱུ་འདུག ཆགས་སྲིད་རྩོམ་ཡིག་སྤྱི་མང་ཀློག་རྒྱུ་དགའ་བ་བཤད་མ་དགོས་པར་སོང་། བོད་ཀྱི་སྐད་ཡིག་འཕེལ་རྒྱུས་ལ་ཕན་ཀྱང་སྲིད་སྙམ་པ་རྨོངས་འཆར་རང་ཡིན།
ཡེ་ཤེས་རྡོ་རྗེ་རུ་འབོད་པས་བྲིས།
འདོད་པའི་གཏམ་ལ་ཛོར་བོ་ཀུན་གྱིས་གླེང་། །ཛོར་བོའི་ལས་དེ་བདེ་བའི་དང་པོ་རུ། །ཡ་ཀའི་ཆེན་པོ་མ་ཀའི་བྱིས་པ་ཡན། །ཞེ་ནས་མི་འདོད་མི་ཞིག་སྲིད་ན་དཀོན།
ནང་པའི་སྡེ་བ་མཐའ་དག་གིས་དགེ་སློང་གིས་མིའམ་མིར་ཆགས་པ་བསད་ན་ཕམ་ལྟུང་འབྱུང་བར་འདོད་པར་མ་ངེས་ཏེ། ཁ་མི་ཆགས་བསད་པ་ལ། ཕམ་མེད་ལ་ལར་ཕམ་པ་འདོད་ཅེས་གསུངས་པས་སོ།
ཁ་ཅིག་་དག་བཅོས
ངེས་འབྱུང་བཅོས་མིན་གྱིས་རྒྱན་ནས། །བྲག་ཕུག་སྟོང་པ་རུ་སྒུར་བའི། །གངས་ཅན་བོད་པ་ཡི་དཔའ་བོས། །ཚེ་རིང་ཆེ་ལྔ་ལ་འཐམས་སོང་།
མི་རྟ་སོ་བདུན་དང་ཞིང་ཁང་།
སྐད་གཅིག་ཇ་ཡུན་ཙམ་ཞིག་ལ།
ཐལ་བ་རྡུལ་བཞིན་དུ་བརླགས་པའི།
གངས་ལྗོངས་འབྲོང་རྒོད་དེ་སུ་ཡིན།
ཨོ དེ་ལྷག་བསམ་ཡིན།
དེང་གི་དུས་འདིར་རྟོག་གེ་བ་མགོ་སེར་མང་པོ་ཞིག་གིས་བོད་ཀྱི་གསང་སྔགས་ཀྱི་ཕྱོགས་ལ་དད་པ་དང་ཉམས་ལེན་བྱེད་བཞིན་པའི་སྒང་རེད།ཟླ་བ་ཁ་ཤས་ཀྱི་སྔོན་ལ་བདག་གི་གྲོགས་མོ་ཞིག་གིས་བོད་ཀྱི་གསང་སྔགས་ལས་ཕ་ལས་ཐོབ་པའི་དཀར་ཆ་དང་མ་ལས་ཐོབ་པའི་རཀྟ་དམར་ཆའི་སྐོར་ཅུང་ཟད་གོ་རིམ་ལྡན་པ་ཞིག་དབྱིན་ཇིའི་སྟེང་ནས་བཤད་བྱུང་།ང་རང་གི་བསམ་ཚུལ་ཡིན་ན་ཆགས་སྤྱོད་ཀྱི་སྐོར་འདི་གསང་སྔགས་དུ་བསྟན་པའི་ལུས་ཀྱི་ཕྱག་རྒྱའི་སྐོར་དང་བསྲེས་ཅི་ཐུབ་བྱས་ན་མི་འོས་པས་རྗེས་ཕྱོགས་དེ་འདྲའི་རྩོམ་ཡིག་འགོད་རྒྱུར་འཛེམ་ན་ལེགས།།
རང་སེམས་སྙིང་གི་མདའ་མོ།།
ཁ་བའི་མེ་ཏོག་ཁྱེད་ལ།།
ཨེ་ཕོག་བསམ་ནས་འཕངས་ཡང་།།
ལྡེམ་འགྱུར་མཁས་པའི་མ་ཕོག།།
ང་དང་ཤ་རུས་མཐུན་པའི།།
ཡིད་འཕྲོག་ཁ་བའི་མཛེས་མ།།
ལན་གཅིག་འཕྲད་པའི་ཉིན་དེར།།
དགའ་སྐྱིིད་འབུམ་གྱིས་མྱོས་སོང་།།
ར་ལོ་མིང་པས་བྲིས།
ཧཧཧཧཧཧཧཧཧཧཧཧཧཧཧ