ཆང་སྐྱེས།
ཆང་ཁང་གྲུ་བཞི་འཇའ་ཚོན་གུར་གྱིས་འཁྱིལ།།
གློག་སྒྲོན་དཀར་དམར་སྐར་མའི་འོད་དུ་འཚེར།།
ས་སིའི་རོལ་དབྱངས་ཁུ་བྱུག་གདངས་ཀྱིས་འཕུར།།
རྒུན་ཆང་དམར་བོའི་མངར་ཁ་ཞོ་ལྟར་ཆགས།།
སྐྲ་སེར་བུ་མོའི་འཛུམ་མདངས་ཕྱོགས་སུ་བཞད།།
ཟུར་མིག་དྲག་པོ་ནམ་མཁའི་གློག་བཞིན་འཁྱུག །
འོ་འཛིན་ཟླུམ་པོ་སྤྲིན་པའི་ཚུལ་དུ་ལྡིང་།།
སེམས་ཀྱི་ལྷིང་འཇགས་ལྷོད་པོ་ཡུན་གྱིས་དཀྲུགས།།
ཆང་ཕོར་དགུང་ལ་བཏེགས་ཏེ་མཉམ་ཞིག་བསྟན།།
འཛུམ་མདངས་གཉོམ་པོས་ཕར་ལ་བརྡ་ཞིག་བརྒྱབ།།
ལག་པའི་རྣམ་འགྱུར་བར་ནས་གཏམ་ཞིག་གླེང་།།
དགའ་མདོག་སྟོང་གིས་ངང་དུ་ཁ་ཞིག་བསྐྱལ།།
སེམས་ཀྱི་བུ་ཆུང་བསླུ་བྲིད་རླུང་གིས་ཁྱེར།།
ཀོ་ཁུག་ནག་པོའི་ཁོག་པ་སྟོང་བར་བྲུས།།
མུན་ནག་གྲུ་ཟུར་ཞིག་ན་གཅིག་པུར་ལུས།།
ཞིབ་དུ་བསམ་ན་རང་ཉིད་རང་གིས་བསླུས།།
ཆང་སྐྱེས་བརྩེ་བའི་གྲོགས་མཆོག །
ཆང་ཁང་ནང་ལ་མ་འགྲོ །
ཆང་ཁང་བཞག་ནས་ཁ་བརྡར། །
ཆང་འཐུང་མཉམ་བཞེས་གཏོང་ཆོག །
ཞིམ་པོ་ཆང་རེད་།
མང་ན་དུག་རེད་།