ཨ་ནུ་བསོད་ནམས་ཀྱིས།
འཇིག་རྟེན་མི་ཡི་རིན་ནོར་ཐམས་ཅད་ལ།།
སྤྱོད་མཐའ་དྲག་ན་སྡུག་སྣང་མི་འདྲེན་པའི།།
བྱ་བཞག་གང་ཞིག་མི་ཡུལ་འདི་ན་མེད།།
དེ་ནི་ཆང་རག་གཅིག་བུ་ཉེས་བ་མིན།།
ཀུན་གྱིས་མཆོག་ཏུ་བཀུར་པའི་ནང་བསྟན་ཆོས།།
བོད་སོག་མི་ཡིས་བེད་སྤྱོད་མཐའ་དྲག་ནས།།
མཐར་མ་རང་ཡུལ་བརླགས་ཤིང་མི་འབོར་བྲི།།
དེ་ནི་ཆང་རག་གཅིག་བུ་ཉེས་བ་མིན།།
ཡིད་ལ་ཁུ་སེམས་འདྲེན་པའི་སྒོམ་སྒྲུབ་གནས།།
སྒོམ་ཚོད་མ་ཟིན་ཤེས་བཞིན་འཁྲིགས་པའི་རྐྱེན།།
ཆོས་ཀྱིས་སྨྱོ་བ་མང་དུ་མཐོང་ནུས་པས།།
དེ་ནི་ཆང་རག་གཅིག་བུ་ཉེས་བ་མིན།།
ཞིམ་པའི་ཟས་དང་རྩམ་མར་ཤ་སྐམ་གསུམ།།
ཟ་ཚོད་ཐིག་ན་ལུས་ཀྱི་འབྱུང་བཞི་ཕན།།
ཟ་ཚོད་མེད་ན་ནད་གཞི་ཀུན་འདྲེན་པས།།
དེ་ནི་ཆང་རག་གཅིག་བུ་ཉེས་བ་མིན།།
ཉོན་མོངས་དུག་གསུམ་སེམས་ཀྱི་སྟེང་ནས་གྲུབ།།
གྲུབ་བའི་རྐྱེན་རྩ་འགྲོ་བ་འཚོ་ཆེད་ཡིན།།
སྐྱེས་ཉིན་གདའ་པའི་སེམས་ཀྱི་གཤིས་ཡིན་པས།།
དེ་ནི་ཆང་རག་གཅིག་བུ་ཉེས་བ་མིན།།
ཐབས་རྩལ་རིག་འཕྲུལ་སྣ་ཆོགས་བེད་སྤྱོད་ཀྱིས།།
གཞན་ཡུལ་འཕྲོག་ཅིང་གཞན་ནོར་བཅོམ་པའི་ལས།།
ར་གཟིས་མྱོས་པས་འབྲས་བུ་མིན་པས་ན།།
དེ་ནི་ཆང་རག་གཅིག་བུ་ཉེས་བ་མིན།།
ཆོས་ཀྱི་དར་ཆས་མི་སེམས་འགུགས་བྱེད་ཅིང་།།
གཡོག་གིས་གཞན་སེམས་སྒྱུར་བའི་ལས་བྱས་འདི།།
ཆོས་བྱེད་མཁན་པོའི་གྲས་ནས་ཆེས་མང་པས།།
དེ་ནི་ཆང་རག་གཅིག་བུ་ཉེས་བ་མིན།།
ཆོས་དཔོན་རེ་ལ་རྒྱལ་བའི་དགོངས་བ་རེ།།
ཆོས་བྱེད་མཁན་ལ་རང་ལུགས་རྒྱུ་མཚན་རེ།།
གྲུབ་མཐའ་རྩོད་ནས་སྤུན་ཟླ་གསོད་པས་ན།།
དེ་ནི་ཆང་རག་གཅིག་བུ་ཉེས་བ་མིན།།
ཆང་འདི་འཐུང་ཚོད་ཟིན་ན་སེམས་ཁ་བདེ།།
ལུས་ཀྱི་འབྱུང་བ་སྙོམ་ཞིང་ཟུང་ཁྲག་རྒྱས།།
ཚེ་དང་ངང་རྒྱུད་རིང་ཞིང་གྲོགས་མཐུན་པས།།
རིག་པ་ལྡན་ན་ཆང་འདི་བདུད་རྩི་ཡིན།།
ཆང་འདི་འཐུང་ཚོད་ཟིན་ན་སེམས་དང་ཉེ།།
སེམས་ཀྱི་གཤིས་ལུགས་འགྲོགས་པས་དྲང་ཚིགས་ཆེ།།
དྲང་པོའི་སེམས་ཀྱིས་གཞན་ཡིད་བདེ་སྐྲུན་པས།།
རིག་པ་ལྡན་ན་ཆང་འདི་བདུད་རྩི་ཡིན།།
ཆང་འདི་སྡུག་དུས་འཐུང་ན་དགའ་གྲོགས་ཡིན།།
ཁེ་རྐྱང་སྡུག་ངལ་གསོ་བའི་སྐྱོ་གྲོགས་ཏེ།།
སྐྱོ་བའི་དུས་སུ་སེམས་གསོ་བཏང་ཐུབ་ན།།
དེ་ལས་གྲོགས་ཀྱི་དྭངས་མ་གང་དུ་འཚོལ།།
ཆང་འདི་སྐྱིད་དུས་འཐུང་ན་དགོད་སྒྲ་འཕེལ།།
དགོད་པའི་ནང་ནས་དགའ་བའི་མཆོག་རྙེད་པས།།
དགའ་བདེའི་མི་ཚེ་སྐྱེལ་ན་ལུས་བདེ་པས།།
བདེ་འདིས་འཕྲོད་བསྟེན་ཕན་ཚེ་ཅིས་མི་འཐུང་།།
མཆོད་ཆང་བདུད་རྩི་སེམས་ཀྱི་དགའ་མ་ཡིན།།
ཆང་གིས་སྤྲད་པའི་རྫོགས་མེད་བདེ་སྐྱིད་ནི།།
བསམ་གཏན་དང་པོ་ཐོབ་པའི་བདེ་འགྲན་པས།།
བདེ་སྐྱིད་མི་མཁོ་སྐྱེས་བོ་སུ་ཞིག་ཡོད།།
ཆང་གི་ཉེས་དམིགས་ཀློག་པས་ཆང་རག་དྲན།།
དྲན་པའི་སེམས་ཀྱིས་སྐུལ་བའི་བདུད་རྩི་ཆང་།།
ཉེས་བ་ཁོ་ན་མིན་པའི་སེམས་འཚོར་གྱིས།།
མཐོ་རུ་སྐུལ་བས་མ་བཟོད་ཚིག་འདི་ཐལ།།
ཞིམ་ཞིམ་མངར་མངར་བཟའ་དང་བཏུང་བའི་རིགས༎
ལྟོ་བ་འགྲངས་ལས་གཞན་ལ་མི་ཕན་ཡང་༎
བདུད་རྩིའི་དྭངས་མ་ཆང་གི་ནུས་པ་ཡིས༎
དབང་པོ་དྲུག་པོ་བདེ་བས་གཡོ་བར་བྱེད༎
ཉིན་གང་ལས་ཀྱིས་ངལ་བའི་གླ་པ་ཡང༎
ཆང་ཕོར་གང་གིས་ལུས་སེམས་ལྷོད་དུ་ཕབ༎
སེམས་ཚེགས་དྲག་པོས་གཉིད་ཐེབས་ཆག་པ་ཡང་༎
ཆང་ཧུབ་གང་གིས་གཉིད་ཐུན་མཚན་དང་མཉམ༎
དགའ་བའི་དུས་སུ་དགོད་པའི་སྣོན་མ་ཡིན༎
སྡུག་པའི་དུས་སུ་སྐྱོ་བའི་སེམས་གསོ་ཡིན༎
དཀའ་བའི་དུས་སུ་ངལ་གསོའི་དབུགས་འབྱིན་པ༎
བདུད་རྩི་ཆང་གི་ངོ་མཚར་སུ་ཡིས་དཔོག །
ཐོབ་དང་འབྱོར་བ་བྲལ་བའི་དབུལ་པོ་ཡང་༎
ཆང་ཕོར་ཁ་ན་དགའ་བའི་གད་མོས་རིལ༎
ཁྱིམ་དང་ཚེ་རོགས་མེད་པའི་ཁེར་རྐྱང་ཡང་༎
ཆང་ཁང་ནང་ན་རིགས་མཐུན་གྲོགས་ཀྱིས་བསྐོར༎
ཆང་འདིས་གྲུབ་ཐོབ་དམ་པའི་རྟོགས་པ་འཕེལ༎
ཆང་འདིས ཕོ་གསར་རྣམས་ལ་དཔའ་སྤོབས་སྩོལ༎
ཆང་འདིས་ཕ་ཁུ་རྣམས་ཀྱི་གཏམ་སྣེ་བསྲིངས༎
ཆང་འདིས་དགྲ་བླ་ཝེར་མའི་ངོ་སོ་བསྟོད༎
ཆང་ནི་བདུད་རྩི་ཀུན་གྱི་སྙིང་པོ་ཡིན༎
རྩྭ་མགོའི་ཟིལ་པ་ཙམ་ཞིག་འཕོ་མི་རུང་༎
འདི་ཡང་ངེས་འབྱུང་ཁར་ཁྱེར་ཆོས་པ་འགར༎
ལྡོག་པའི་ཕྱོགས་ནས་འཕྱ་བའི་ཀུ་རེ་ཡིན༎
སྡང་བའི་སེམས་ཀྱིས་བརྡེགས་ཤིང་འཚོགས་པ་མིན༎
བསྐམས་པའི་སེམས་ཀྱིས་བརྐུས་ཤིང་འཕྲོགས་པ་མིན༎
ཆགས་པའི་སེམས་ཀྱིས་ལོག་པར་གཡེམ་པ་མིན༎
ཆང་འཐུང་ཉེས་པར་བརྩིས་པ་བཅོས་ཁྲིམས་ཙམ༎
ཆང་འཐུང་ཆང་འཐུང་བདུད་རྩིའི་བཅུད་འདི་རོལ༎
ཆང་འཐུང་ཆང་འཐུང་དམ་པའི་ཆབ་འདི་བཞེས༎
རྣམ་རྟོག་བཀག་པའི་ཞག་བརྒྱའི་སྡུག་སྒོམ་ལས༎
ཆང་ཕོར་གང་ལ་ཞབས་བཏགས་ཀྱིས་དང་དགའ༎
འདི་ན་ངས་ཀྱང་ཆང་ཞིག་འཇུབ་ཀྱིན་ཡོད༎
ཆང་བསྟོད་བྲིས་ན་རྫོགས་མཐའ་མ་དམིགས་ཀྱང་༎
གློག་ཀླད་ནང་གི་གློག་འདི་རྫོགས་གྲབས་འདུག །
ཆང་བསྟོད་རིང་མོའི་བར་མཚམས་འདི་རུ་འཇོག །
མཁས་པའི་བཤད་ན་ཇི་མ་བདེན་ཟེར་ནི་བོ་ལོས་ཡིན་་་་་ཆང་གི་ཉེས་བ་བཤད་ན་སྐྲག་ནི་ཟིག་རེད་་་་་་ཡང་ཆང་གི་དགེ་མཚན་བརྗོད་ན་ཆང་ཕོར་གང་ད་ལྟ་ཉིད་དུ་འཐུང་ན་འདོད་གི་་་་་་་་་་་་་བླུན་པོ་ཆུ་སྣ་གར་ཁྲིད་ཟེར་ནི་བོ་འདི་ལུས་ཡིན་་་ད་གཡའ་ཟིག་ཅེས།
ཁ་བརྡ་དྲ་གྲོགས་ཚང་མར་དང་ཐོག་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བཞིན་ཡོད།
ཁྱེད་རྣམས་དང་ལྷན་དུ་དྲ་གྲོགས་སྒྲིག་རྒྱུ་བྱུང་བར་དགའ་སྤྲོ་དཔག་མེད་སྐྱེས།
ཨ་མདོའི་ཁ་སྐད་བྲིས་པའི་ཕྱིར། །
དཀོན་མཆོག་ནོར་བུའི་ཐུགས་དམ་བསྐང་། །
ཆང་ལ་བསྟོད་ར་རྒྱབ་ལ་མཁས། །
སྤོབས་པ་མཐའ་ཡས་ཐུགས་དམ་བསྐང་། །
ཆང་འདི།
འཐུང་ཤེས་ན་བདུད་རྩི་དང་།
འཐུང་མི་ཤེས་ན་དུག་ཡིན།
གཏམ་དཔེ་ཞིག་ཡོད་ཀྱང་།
བདུད་རྩི་ལས་བག་མེད་འཕེལ་ན།
བག་ཡོད་བདུད་རྩི་གནས་ཡིན་ཏེ།
གསུངས་པ་དང་འགལ་འགྲོ་ཉེན་ཡོད་དོ།
ཨེ།
ཆང་ནག་བསྟོད་པའི་སྤྲིན་ཕུང་ལིང་ལིངས་གཡོ། །
དགྲ་ནག་རྒོད་པའི་དྲག་ཆར་ཟིར་ཟིར་བབས། །
ལས་ནག་ཐོག་གི་མེ་སྟག་ཚ་ཚ་འཕྲོ། །
སྔགས་ནག་ཁ་མཁས་སྙིང་ལ་མ་ར་ཡ། །
རང་སྙིང་རང་གི་བསྲེག་པ་མ་ཤེས་བཞིན། །
རང་བསྟོད་རང་གིས་བྱེད་པའི་ཆང་སྐྱལ་ཚོས། །
རང་འདོད་སྤེལ་བའི་ཆང་གི་ཉེས་སྒྲིབ་ལ། །
ཤེས་བཞིན་ཁྱད་གསོད་མ་གནང་སྐུ་ཚེ་རིང། །
ཁྱད་རྣམས་མྱོང་གྲོལ་བདུད་རྩི་བཏུང་མཁས་དང་། །
མགྲོན་ཆེན་བཟའ་བཅའ་མི་དགོས་གཅིག་ཆོག་ཆང་། །
ལོངས་སྤྱོད་རྩ་བར་འདོད་པའི་དྲ་གྲོགས་ཚོ། །
རང་སྣང་རྣམ་དག་མིན་ན་ཤིན་ཏུ་ཐལ། །
པད་འབྱུང་རྗེ་དང་གྲུབ་ཐོབ་བིརྺ་པས། །
ཆང་ཁལ་ལྔ་བརྒྱ་གསོལ་ཡང་ངོམས་མེད་ཀྱང་། །
ཉི་མ་བཙོན་བཟུང་མེ་དཔུང་མཚོ་རུ་བསྒྱུར། །
ཉོན་མོངས་སྐྱོན་གྱིས་མ་གོས་ནམ་མཁའ་བཞིན། །
བླུན་རྨོངས་བདག་འདྲའི་བཏུང་བའི་ཡུལ་མ་ཡིན། །
རྒྱལ་བས་བདེན་གསུངས་བདེན་པར་མི་འཛིན་ན། །
རྒྱུ་འབྲས་ཁྱད་དུ་བསད་ན་རང་ཉིད་ཕུང་། །
ཁྱེད་རྣམས་ཅི་དགར་མཛོད་ཅིག་ཆོས་སྐྱོང་ཚོ། །
ལྷ་ངོར་བདུད་རྩི་མི་ལ་ཆུ་གཙང་ལས། །
དུད་ཆང་དུག་རྫས་བདེ་སྐྱིད་སྣང་བ་ཚོ། །
མི་འདོད་སེམས་ཀྱི་དམ་བཅའ་སྙིང་ན་ཡོད། །
ཁྱེད་ཚོས་ཡོན་ཏན་མཐོང་བར་ཅི་ནོངས། །
རིས་ཆད་ཕྲལ་བྱུང་མི་ཁོམས་བཅོ་བརྒྱད་དང་། །
དལ་བརྒྱད་འབྱོར་བཅུའི་རྩ་བ་ཆང་འདིས་ཕུང། །
སྨན་དང་དམ་རྫས་ཙམ་ལ་མ་བཀག་ཀྱང་། །
དེ་མིན་ཉེས་ཚོགས་གཟིགས་དང་ཤིན་ཏུ་གསལ། །
དེང་རབས་འཕྲུལ་གྱིས་གློ་སྙིང་ཚིག་པར་མཐོང་། །
གནའ་རབས་དམ་པས་ཚེ་རབས་ཕུང་བར་གཟིགས། །
ལམ་རྟགས་མ་ཐོབ་རྒྱ་སྟག་བསམ་པ་དག །
རྣམ་སྨིན་ཉམས་སུ་མྱོང་ན་ཨ་ཙ་མ། །
རེ་ཞིག་ཁྱེད་ཀྱིས་ཧུབ་གང་བཏུང་སྙམ་ཡང་། །
འདོད་པའི་ཆགས་སྲེད་ལན་ཚྭའི་ཆུ་བཞིན་བཏུང་། །
ངོམས་མེད་ཆང་སྐྱལ་རོ་བཞིན་འགྱུར་བའི་སྐབས། །
བསོད་ནམས་ཟད་པའི་མི་ལ་བྱ་ཐབས་བྲལ། །
ཅི་དྲན་དུ་ཤྲྰིས་སོ། །
ཇི་སྐད་དུ། སྔགས་པ་ཆང་གིས་མྱོས་གྱུར་པ། །
ངུ་འབོད་གནས་སུ་འཚེད་པར་འགྱུར། །
ཞེས་སོ།།
གོང་གི་དེ་རྒྱུད་རེད།
མདོ་ལས། ཆང་འཐུང་ང་ཡི་ཉན་ཐོས་མིན། །
ང་ཡང་དེ་འི་སྟོན་པ་མིན། །ཞེས་སོ།།
ཚིག་ནོར་ཡོད་ན་དགོངས་དག
མེ་ཏོག་དཀར་པོ་ལགས། མང་པོ་ཞིག་མི་དྲན་ཁི་གདའ། མདོ་ལས། རྩ་ཡི་ཟིལ་བ་ཙམ་བཏུང་བར་མི་བྱ་ཞེས་དང་གལ་ཏེ་བཏུང་ན་ང་ནི་དེ་ཡི་སྟོན་པ་མིན། དེ་ནི་ང་ཡི་ཉན་ཐོས་མིན་ཞེས་སོགས་དང་། འདུལ་བ་མདོ་རྩར། འབྲུའི་ཆང་དང༌། བཅོས་པའི་ཆང་མྱོས་པར་འགྱུར་བ་འཐུང་ན་ལྟུང་བྱེད་དོ། །ཞེས་དང་། མདོ་སྡེ་དྲན་པ་ཉེར་བཞག་ལས། ཆང་གིས་གཡེང་བའི་མི་དག་ནི། །གསོན་ཡང་ཤི་བ་དག་དང་མཚུངས་ཞེས་དང་། །དགེ་སྡིག་རྣམ་པར་འབྱེད་པའི་མདོ་ལས། །ཚེ་འདིར་འབྲུ་ཆང་འཐུང་ཞིང་མྱོས་པ་ནི། །ཟངས་ཁུ་འཐུང་བའི་དམྱལ་བའི་གནས་སུ་ལྷུང་། རྒྱུད་ལས་སྔགས་པ་ཆང་གིས་མྱོས་གྱུར་གང་། །ངུ་འབོད་གནས་སུ་འཚོད་པར་འགྱུར་ཞེས་སོགས་མདོ་རྒྱུད་མན་ངག་ཐམས་ཅད་ནས་ཉེས་པ་དུ་མ་གསུངས་པ་དང། ཁྱད་པར་བདག་ཅག་ཚང་མས་ད་ལྟའི་གནས་བབས་འདིས་སྐབས་༧གོང་ས་མཆོག་གིས་ཀྱང་དུད་ཆང་སོགས་ལ་བཀའ་སློབ་ཟབ་མོས་དགག་པ་དང་མ་ཚད་གཟི་བྱུར་སྟག་གཟིགས་ཆས་གོས་སོགས་ཆགས་སྲེད་དགོས་མེད་རིགས་སྤོང་ཞེས་བསྐུལ་མ་ཡང་ཡང་གནང་བ་དག་ལ་རྟ་རྒྱུགས་ས་དོང་རྐོ་བའི་དཔེ་བཞིན་དུ་མ་སོང་ངམ། ། ། གོང་དུ་གངས་རིའི་སྲིང་མོ་ཞིག་གིས་ཝུ་ཆང་གི་སྐྱེལ་མ་ཡོད་འདོགས་བྱེད་དེ་ལ་ལན་དུ་བྲིས་པ་ཞིག་ཡང་སྐྱར་དུ་བཀོད་ན་འདི་ལྟར།
ཝུ་ཆང་གི་སྐྱེལ་མ་མ་གནང་རོགས། ཆང་འཐུང་ན་ཉེས་པ་འདི་འདྲ་ཡོད། །
ན་མོ་གུ་རུ་ཤྰཀྱ་མུ་ནེ་ཡེ། །
ཕྱོགས་དུས་རྒྱལ་ཀུན་འདུས་ཞལ་རིན་པོ་ཆེ། །
དྲིན་ཆེན་རྩ་བརྒྱུད་བླ་མ་དགོངས་སུ་གསོལ། །
དེང་འདིར་འགྲོ་བའི་བློ་སྣ་ཆོས་ལ་སྒྱུར། །
ཆང་གི་ཉེས་སྒྲིབ་རྟོགས་པར་ཐུགས་རྗེས་ཟུངས། །
ཀྱེ་མ་གསོན་དང་གངས་ཅན་སྤུན་ཟླ་ཚོ། །
སྙིང་དང་སྲོག་ལས་གཅེས་པའི་ལ་རྒྱ་ཉིད། །
རང་ཆོས་བསྟན་སྲིད་རང་བཙན་མ་ཐོབ་ཀྱང་། །
རང་གཞན་བག་མེད་སྤྱོད་པ་སྤེལ་ཕོད་དམ། །
ཁྱད་པར་ཐུབ་དབང་རྡོ་རྗེ་འཆང་ཆེན་ནས། །
མྱོས་འགྱུར་ཆང་འདི་ཉེས་ཚོགས་འབྱུང་གནས་ཞེས། །
རྒྱུ་འབྲས་བསླུ་མེད་བདེན་གསུངས་ཤེས་བཞིན་དུ། །
ཁྱད་གསོད་གངས་ཅན་ཕོ་མོར་སུ་ཡི་སྲོལ། །
བཀའ་དྲིན་ཟླ་མེད་བདག་ཅག་སྟོན་པས་ཀྱང་། །
རྩ་མཆོག་རྩེ་མོ་ཙམ་ཞིག་བཏུང་ན་ཡང་། །
དེ་ནི་ང་ཡི་སློབ་མ་མིན་ཞེས་དང་། །
ང་ནི་དེ་ཡི་སྟོན་པ་མིན་ནོ་གསུངས། །
དེ་བཞིན་གསང་ཆེན་རྒྱུད་སྡེ་དུ་མ་ནས། །
སྔགས་པ་ནུས་མེད་ཆང་གིས་མྱོས་གྱུར་ན། །
ངུ་འབོད་གནས་སུ་སྐྱེ་བར་འགྱུར་ཞེས་གསུངས། །
དེས་ན་ཆང་གི་ཉེས་པ་བསམ་མི་ཁྱབ། །
སྐྱ་སེར་ཁྱད་མེད་གསོན་པོ་རོ་བཞིན་འགྱུར། །
ཕོ་མོ་ཁྱད་མེད་དུག་ལྔ་དྲག་ཏུ་འཁྲུག །
མཐོ་དམན་ཁྱད་མེད་ངོ་ཚ་མི་ཤེས་ནས། །
དྲན་པ་ཉམས་ཀྱང་དགའ་བདེ་སྐྱིད་སྣང་ཚོར། །
ཚེ་ཐུང་ནད་མང་ལོངས་སྤྱོད་རིམ་གྱིས་ཟད། །
ཁ་རྗེ་རླུང་རྟ་ཁམས་དབང་སྲོག་རྩ་ཉམས། །
དུག་རྫས་ཆང་གི་གནོད་པ་བསམ་མི་ཁྱབ། །
དེས་ན་གཟུར་གནས་བློ་གྲོས་བརྟེན་པར་མཛོད། །
ཚེ་འདིར་མི་འདོད་སྣ་ཚོགས་མཚོ་ལྟར་རྡོལ། །
ཕྱི་མ་སྨྱོན་པའི་སྐྱེ་བ་ལྔ་བརྒྱར་ལེན། །
མཛངས་བླུན་སུ་ཡིན་ཆང་གིས་འཕུང་བར་ངེས། །
བཅས་རང་ཉེས་ལྟུང་བསམ་ནས་མ་འཐུང་ཞུ། །
འོ་ཇ་ཤིང་མངར་རྩི་བཅུད་མི་བཏུང་བར། །
མྱོས་ཆང་དུ་བར་དགའ་བའི་ཆགས་སྲེད་རིགས། །
ལ་རྒྱ་བཤད་ཀྱང་ལ་རྫེད་ལུང་རྫོད་རེད། །
བཟང་ཚུལ་ཤོར་བའི་སྐྱེ་བོར་ཐེ་ཚོམ་མེད། །
མྱོས་ཆང་སྤྱོད་པས་བག་མེད་གཡེང་བ་འཕེལ། །
ཉོན་མོངས་སྟོབས་རྒྱས་མི་དགེ་སྣ་ཚོགས་དྲན། །
གདམས་ངག་བརྗེད་ཅིང་དགེ་བའི་དཔུང་ཚོགས་འཇོམས། །
རྙེད་དཀའི་དལ་འབྱོར་དོན་མེད་གྱི་ན་བོར། །
མྱོས་ཆང་བཏུང་བས་སྒོམ་སྒྲུབ་དགེ་སྦྱོར་གཡེང་། །
མི་རྟག་མི་དྲན་རྟག་འཛིན་ཨ་འཐས་བྱེད། །
ཞེན་ཆགས་སྐྱིད་བདེ་སྣང་བའི་ང་རྒྱལ་གྱིས། །
ལས་འབྲས་ཁྱད་གསད་ལས་ངན་བག་ཆགས་སྤེལ། །
མྱོས་ཆང་བཏུང་བས་རང་མགོ་རང་གིས་བསྐོར། །
འཁོར་བར་དགའ་ཡང་ཚེ་སྲོག་བཀྲག་མདངས་འཕྲོག །
སྐྲ་དཀར་གཉེར་མ་མངོན་མགྱོགས་བསོད་ནམས་ཉམས། །
སྒོ་གསུམ་བག་མེད་བསྐྱེད་བྱེད་མྱོས་ཆང་ལགས། །
ལུས་ཆང་དྲི་མ་ཁ་ཞིང་དབང་རྩ་ཉམས། །
ངག་ཆང་འཁྲུལ་གཏམ་འཆལ་ཚིག་བྲེད་མོ་རྡོལ། །
ཡིད་ཆང་སྦས་གསང་མི་ཤེས་དྲན་པ་ཐོར། །
བཟའ་བཏུང་ཉལ་སྲེད་ཁོ་ནར་ཆང་གིས་སྤེལ། །
མ་རབས་སྣ་ཚོགས་མི་དྲན་དགུ་དྲན་འབྱུང་། །
ཕ་མའི་དྲིན་ལན་བརྗེད་ནས་རང་སྣང་མཐོ། །
ཕུ་ནུའི་བརྩེ་གདུང་བརྗེད་ནས་ནག་ཆང་བསམ། །
རྒྱུ་ནོར་ལོངས་སྤྱོད་མི་དྲན་ཆང་གིས་སྨྱོ། །
སྒྱུ་ལུས་འབྱུང་བཞི་འཁྲུག་པས་ར་རོ་གྱུར། །
དགའ་བྲིད་བདུད་ཀྱིས་བསླུས་པས་དགེ་བློ་དོར། །
ཚེ་སྲོག་རིན་ཐང་མི་ཤེས་སྨྱོན་པ་གྱུར། །
མི་གཙང་སྐྱག་པ་ཟ་ཡང་ངོ་ཚ་མེད། །
མ་རིག་མུན་པ་ནག་པོ་ཆང་གིས་འདྲེན། །
ཞེ་སྡང་མེ་བཞིན་འབར་བ་ཆང་གིས་བཟོ། །
འདོད་ཆགས་དུག་ཆུ་ཁོལ་མ་ཆང་གིས་སྤེལ། །
ཕྲག་དོག་ཟུག་ངུའི་ཚོར་བ་ཆང་གིས་བསྐྱེད། །
རང་འདོད་ང་རྒྱལ་རྒྱག་པ་ཆང་གིས་རྒྱས། །
མི་འདོད་སེམས་ཀྱི་ན་ཚ་ཆང་གིས་བཟོ། །
དོན་ལྔ་སྣོད་དྲུག་གསོན་བསྲེག་ཆང་གིས་བྱེད། །
མི་དགེ་སྣ་ཚོགས་འབྱུང་གཞི་ཆང་འདི་ཡིན། །
ཆང་གིས་ལ་རྒྱའི་རྡོ་རིང་རྩ་ནས་གཏོར། །
ཆང་གིས་སྡོམ་དང་དམ་ཚིག་རྨིང་ནས་བཤིག །
ཆང་གིས་བསམ་བཟང་བརྗེད་ནས་བསམ་ངན་སྐྱེ། །
ཆང་གིས་དགྲ་གཉེན་མི་ཤེས་རོ་ལྟར་བཟོ། །
དང་པོ་ཆང་གིས་བག་མེད་དྲན་ཤེས་ཉམས། །
བར་དུ་ཆང་གིས་སྡོམ་གསུམ་ཚུལ་ཁྲིམས་རལ། །
ཐ་མར་ཆང་གིས་འདི་ཕྱི་བར་དོ་བརླགས། །
ཡང་མཐར་ཚེ་རབས་ཀུན་ཏུ་ཆང་གིས་གནོད། །
ཆང་ལ་དགའ་བའི་སྐྱེ་བོ་ཕོ་མོ་ཚོས། །
འདི་ཕྱི་བར་དོ་གནོད་པའི་སྡུག་བསྔལ་དང་། །
ཆང་གི་ཉེས་དམིགས་སོ་ལྔ་ཕྲ་རགས་སོགས། །
ཡང་ཡང་བསམ་ནས་མྱོས་ཆང་སྤང་བར་འཚལ། །
ཤ་ཆང་དུག་གི་ཉེས་པས་མི་ཚུགས་པ། །
མཁས་གྲུབ་འབྱུང་ལྔར་རང་དབང་ཐོབ་དང་། །
བསད་པ་གསོ་ནུས་དུག་གིས་མ་གནོད་ན། །
ཅི་དགའ་འདོད་ཡོན་རིག་པའི་རྒྱན་དུ་འཆར། །
དེ་འདྲ་ཡིན་ན་ཁྱེད་རྣམས་ངོ་སོ་བསྟོད། །
གསང་ཆེན་རྟོགས་ན་དུག་ལྔ་གྲོགས་སུ་ཤར། །
སྤངས་རྟོགས་རྫོགས་པའི་རྒྱལ་དང་རྒྱལ་སྲས་ལ། །
མྱོང་གྲོལ་ཚོགས་ཀྱི་འཁོར་ལོར་ལོངས་སྤྱོད་ལགས། །
མདོར་ན་ཤ་ཁྲག་གཅིག་ལས་མཆེད་པ་དང་། །
སྤུན་ཟླ་མིང་སྲིང་དག་ལ་ཕན་ཐབས་སུ། །
དམིགས་ནས་ཅི་དྲན་ཆང་གི་ཉེས་པ་རྣམས། །
ཤྲྰི་སྨྱོན་དགྱེས་པ་རྡོ་རྗེས་ཕུལ་བར་དགེ །
དཔལ་དགྱེས་པ་རྡོ་རྗེ་ལགས། ལུང་དྲང་ན་ཆང་འཐུང་བ་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པའི་སྒྲུབ་བྱེད་ཞིག་དྲང་དགོས་པ་རེད། དེ་མིན་མདོ་རྩ་སོགས་དྲང་པ་ནི་གོང་དུ་སྤོབས་པ་མཐའ་ཡས་ཀྱིས། ༼ཆང་འཐུང་ཉེས་པར་བརྩིས་པ་བཅོས་ཁྲིམས་ཙམ༎༽ ཟེར་བ་ལྟར། གལ་ཏེ་བཅོས་པའི་ཁ་ན་མ་ཐོ་བ་ཙམ་ཡིན་ན། ཁྱིམ་པ་རྣམས་ལ་སྡིག་པར་མི་འགྱུར་བས། བཤད་མ་བཤད་གང་ཡང་ཡོད་པ་མ་རེད། དཔེར་ན། རྩྭ་སྔོན་ལ་མི་གཙང་འདོར་བ་ལྟར་རེད། གཙོ་བོ་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པའི་སྒྲུབ་བྱེད་ཞིག་དགོས་པ་རེད། དེ་མིན་བསམ་ཚུལ་རྐྱང་རྐྱང་བཤད་ན་འདི་ནི་བསླབ་བྱའི་གྲས་ན་ཡོད་པས། བསླབ་བྱ་ནི་སངས་རྒྱས་དང་། བླ་མ་ཤིན་ཏུ་ཆེ་ཁག་དེ་འདྲའི་འགན་རེད།
ངའི་བསམ་བློ་ནང་ན་ཆང་འཐུང་བ་དེ་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་འབྲེལ་བ་ཞིག་ཡིན་པར་དྲན་མོད། ལུང་ཡག་པོ་དྲན་མ་སོང་། དེ་མིན་སློབ་དཔོན་རིན་པོ་ཆེའི་གསུངས་ན་ཆང་དང་དུ་བ་བཀག་པའི་གསུངས་མང་པོ་ཞིག་སྣང་།
དེ་བཞིན་དུ་སྤོབས་པ་མཐའ་ཡས་ལ་ཡང་དྲི་བ་གཅིག་པ་ཡིན། ཁྱེད་ཀྱིས། ༼ཆང་འཐུང་ཉེས་པར་བརྩིས་པ་བཅོས་ཁྲིམས་ཙམ༎༽ བཤད་འདུག་ན། བཅོས་རྐྱང་ཡིན་པའི་ཁུངས་གང་ན་ཡོད། གོང་དུ་དགྱེས་པ་རྡོར་རྗེས་དྲང་པའི་ལུང་ཚང་མ་འདུལ་བའི་ལུང་ཚིག་མ་ཡིན་པ་ཁྱེད་ཀྱིས་ཀྱང་མཁྱེན་གསལ་རེད། ད་དུང་བོད་ཀྱི་བླ་མ་ཆེ་ཁག་མང་པོ་དང་། དེ་བཞིན་དུ་སློབ་དཔོན་རིན་པོ་ཆེ་ནས་དམིགས་བསལ་ཉེས་དམིགས་གསུངས་འདུག་ན། ཁྱོད་ལ་དེ་བཅས་རྐྱང་ཡིན་པའི་སྒྲུབ་བྱེད་ཅི་ཡོད་བཀོད་རོགས།
ཡང་སྤོབས་པ་མཐའ་ཡས་ལ། ཆང་འཐུང་བ་བཅོས་རྐྱང་ཡིན་པ་ཁྱོད་ཀྱིས་ཐོག་མར་བཤད་པ་རེད་དམ། ཡང་ན་སྔོན་གྱི་དམ་པ་དག་གི་གསུང་རབ་ན་ཡོད། མདོ་ཚིག་མ་རྙེད་ན་ཡང་ཆོས་ལ་བློ་མིག་ཡང་པའི་བླ་མ་དམ་པ་ཞིག་གི་གསུངས་ཡིན་ན་ཡང་འགྲིག ངས་དྲན་པ་ཞིག་ལ་ཁྱད་གསོད་དང་འདྲེས་ན་བཅས་རྐྱང་ཚང་མ་ཡང་རང་བཞིན་གྱི་ཁ་ན་མ་ཐོ་བར་འགྱུར་བར་མཚོ་ཊིཀ་ན་གསུངས་འདུག་མོད། ཡིན་ན་ཡང་དེ་ནི་ཁྱིམ་པ་ལ་འབྱུང་བའི་གནས་མེད། དེ་ན་བཅས་རྐྱང་ཡིན་པའི་སྒྲུབ་བྱེད་ཞིག་བཀོད། དེ་ཡང་རང་ཉིད་ཀྱི་བསམ་པའི་རིགས་པ་ལྟ་བུ་མ་ཡིན་པར་ལུང་ཚིག་ཞིག
ཆང་གི་ཉེས་པ་གསུངས་པ་གཅིག་གོ་ཅིག་འདང་གི་མི་འདུག །དུ་ནག་ཟེར་བ་འདིར་འཐེན་ཉེས་པ་འདྲ་འེས་ཡོད་ལ་། གསུངས་རྒྱུ་ཞིག་ཡོད་ན་གསུངས་རིན་རེད་། བོད་པ་ཕོ་གསར་འཚོའི་ནང་ན་འཐེན་ནི་མང་པོ་ཡོད་ཚོད་རེད་། འདི་འབྱུང་རྐྱེན་གཙོ་བོ་སྤྱི་འཚོག་དང་ཕ་མའི་སློབ་གསོ་ཡི་འདང་གི་ཡོད་ས་མ་རེད་སམས་སོང་།
དུ་ནག་ཟེར་བ་འདི་འཐེན་ན་ཉེས་བ་འདྲ་འེས་ཡོད་ལ་ ཞེ་བཅས་རོགས་སྐུ་མཁྱེན།
ཤྲི་སྨྱོན་ཚང་གི་ཆང་གི་ཉེས་དམིགས་འདི་ཡག་པོ་ཞིག་བྲིས་འདུག འོན་ཀྱང་འབྲི་ས་ནོར་ཏེ་མཛེས་མའི་རྐུབ་ཏུ་བྲིས་འདུག་པས་བཀྲ་ཤིས་ཀྱིས་འདིར་བསྐྱར་འགོད་བྱས་ཡོད།
ཅི་དྲན་མྱུར་བྲིས་བགྱིས་པས་ཡིག་ནོར་འགའ་ཤོར་འདུག་པས་དགོངས་དག
ཡང་སྐྱར་ཡིག་ནོར་བཅོས་ནས་གཏོང་བ་ནི།
ཝུ་ཆང་གི་སྐྱེལ་མ་མ་གནང་རོགས། ཆང་འཐུང་ན་ཉེས་པ་འདི་འདྲ་ཡོད། །
ན་མོ་གུ་རུ་ཤྰཀྱ་མུ་ནེ་ཡེ། །
ཕྱོགས་དུས་རྒྱལ་ཀུན་འདུས་ཞལ་རིན་པོ་ཆེ། །
དྲིན་ཆེན་རྩ་བརྒྱུད་བླ་དགོངས་སུ་གསོལ། །
དེང་འདིར་འགྲོ་བའི་བློ་སྣ་ཆོས་ལ་སྒྱུར། །
ཆང་གི་ཉེས་སྒྲིབ་རྟོགས་པར་ཐུགས་རྗེས་ཟུངས། །
ཀྱེ་མ་གསོན་དང་གངས་ཅན་སྤུན་ཟླ་ཚོ། །
སྙིང་དང་སྲོག་ལས་གཅེས་པའི་ལ་རྒྱ་ཉིད། །
རང་ཆོས་བསྟན་སྲིད་རང་བཙན་མ་ཐོབ་ཀྱང་། །
རང་གཞན་བག་མེད་སྤྱོད་པ་སྤེལ་ཕོད་དམ། །
ཁྱད་པར་ཐུབ་དབང་རྡོ་རྗེ་འཆང་ཆེན་ནས། །
མྱོས་འགྱུར་ཆང་འདི་ཉེས་ཚོགས་འབྱུང་གནས་ཞེས། །
རྒྱུ་འབྲས་བསླུ་མེད་བདེན་གསུངས་ཤེས་བཞིན་དུ། །
ཁྱད་གསོད་གངས་ཅན་ཕོ་མོར་སུ་ཡི་སྲོལ། །
བཀའ་དྲིན་ཟླ་མེད་བདག་ཅག་སྟོན་པས་ཀྱང་། །
རྩ་མཆོག་རྩེ་མོ་ཙམ་ཞིག་བཏུང་ན་ཡང་། །
དེ་ནི་ང་ཡི་སློབ་མ་མིན་ཞེས་དང་། །
ང་ནི་དེ་ཡི་སྟོན་པ་མིན་ནོ་གསུངས། །
དེ་བཞིན་གསང་ཆེན་རྒྱུད་སྡེ་དུ་མ་ནས། །
སྔགས་པ་ནུས་མེད་ཆང་གིས་མྱོས་གྱུར་ན། །
ངུ་འབོད་གནས་སུ་སྐྱེ་བར་འགྱུར་ཞེས་གསུངས། །
དེས་ན་ཆང་གི་ཉེས་པ་བསམ་མི་ཁྱབ། །
སྐྱ་སེར་ཁྱད་མེད་གསོན་པོ་རོ་བཞིན་འགྱུར། །
ཕོ་མོ་ཁྱད་མེད་དུག་ལྔ་དྲག་ཏུ་འཁྲུག །
མཐོ་དམན་ཁྱད་མེད་ངོ་ཚ་མི་ཤེས་ནས། །
དྲན་པ་ཉམས་ཀྱང་དགའ་བདེ་སྐྱིད་སྣང་ཚོར། །
ཚེ་ཐུང་ནད་མང་ལོངས་སྤྱོད་རིམ་གྱིས་ཟད། །
ཁ་རྗེ་རླུང་རྟ་ཁམས་དབང་སྲོག་རྩ་ཉམས། །
དུག་རྫས་ཆང་གི་གནོད་པ་བསམ་མི་ཁྱབ། །
དེས་ན་གཟུར་གནས་བློ་གྲོས་བརྟེན་པར་མཛོད། །
ཚེ་འདིར་མི་འདོད་སྣ་ཚོགས་མཚོ་ལྟར་རྡོལ། །
ཕྱི་མ་སྨྱོན་པའི་སྐྱེ་བ་ལྔ་བརྒྱར་ལེན། །
མཛངས་བླུན་སུ་ཡིན་ཆང་གིས་འཕུང་བར་ངེས། །
བཅས་རང་ཉེས་ལྟུང་བསམ་ནས་མ་འཐུང་ཞུ། །
འོ་ཇ་ཤིང་མངར་རྩི་བཅུད་མི་བཏུང་བར། །
མྱོས་ཆང་དུ་བར་དགའ་བའི་ཆགས་སྲེད་རིགས། །
ལ་རྒྱ་བཤད་ཀྱང་ལ་རྫེད་ལུང་རྫོད་རེད། །
བཟང་ཚུལ་ཤོར་བའི་སྐྱེ་བོར་ཐེ་ཚོམ་མེད། །
མྱོས་ཆང་སྤྱོད་པས་བག་མེད་གཡེང་བ་འཕེལ། །
ཉོན་མོངས་སྟོབས་རྒྱས་མི་དགེ་སྣ་ཚོགས་དྲན། །
གདམས་ངག་བརྗེད་ཅིང་དགེ་བའི་དཔུང་ཚོགས་འཇོམས། །
རྙེད་དཀའི་དལ་འབྱོར་དོན་མེད་གྱི་ན་བོར། །
མྱོས་ཆང་བཏུང་བས་སྒོམ་སྒྲུབ་དགེ་སྦྱོར་གཡེང་། །
མི་རྟག་མི་དྲན་རྟག་འཛིན་ཨ་འཐས་བྱེད། །
ཞེན་ཆགས་སྐྱིད་བདེ་སྣང་བའི་ང་རྒྱལ་གྱིས། །
ལས་འབྲས་ཁྱད་གསད་ལས་ངན་བག་ཆགས་སྤེལ། །
མྱོས་ཆང་བཏུང་བས་རང་མགོ་རང་གིས་བསྐོར། །
འཁོར་བར་དགའ་ཡང་ཚེ་སྲོག་བཀྲག་མདངས་འཕྲོག །
སྐྲ་དཀར་གཉེར་མ་མངོན་མགྱོགས་བསོད་ནམས་ཉམས། །
སྒོ་གསུམ་བག་མེད་བསྐྱེད་བྱེད་མྱོས་ཆང་ལགས། །
ལུས་ཆང་དྲི་མ་ཁ་ཞིང་དབང་རྩ་ཉམས། །
ངག་ཆང་འཁྲུལ་གཏམ་འཆལ་ཚིག་བྲེད་མོ་རྡོལ། །
ཡིད་ཆང་སྦས་གསང་མི་ཤེས་དྲན་པ་ཐོར། །
བཟའ་བཏུང་ཉལ་སྲེད་ཁོ་ནར་ཆང་གིས་སྤེལ། །
མ་རབས་སྣ་ཚོགས་མི་དྲན་དགུ་དྲན་འབྱུང་། །
ཕ་མའི་དྲིན་ལན་བརྗེད་ནས་རང་སྣང་མཐོ། །
ཕུ་ནུའི་བརྩེ་གདུང་བརྗེད་ནས་ནག་ཆང་བསམ། །
རྒྱུ་ནོར་ལོངས་སྤྱོད་མི་དྲན་ཆང་གིས་སྨྱོ། །
སྒྱུ་ལུས་འབྱུང་བཞི་འཁྲུག་པས་ར་རོ་གྱུར། །
དགའ་བྲིད་བདུད་ཀྱིས་བསླུས་པས་དགེ་བློ་དོར། །
ཚེ་སྲོག་རིན་ཐང་མི་ཤེས་སྨྱོན་པ་གྱུར། །
མི་གཙང་སྐྱག་པ་ཟ་ཡང་ངོ་ཚ་མེད། །
མ་རིག་མུན་པ་ནག་པོ་ཆང་གིས་འདྲེན། །
ཞེ་སྡང་མེ་བཞིན་འབར་བ་ཆང་གིས་བཟོ། །
འདོད་ཆགས་དུག་ཆུ་ཁོལ་མ་ཆང་གིས་སྤེལ། །
ཕྲག་དོག་ཟུག་ངུའི་ཚོར་བ་ཆང་གིས་བསྐྱེད། །
རང་འདོད་ང་རྒྱལ་རྒྱག་པ་ཆང་གིས་རྒྱས། །
མི་འདོད་སེམས་ཀྱི་ན་ཚ་ཆང་གིས་བཟོ། །
དོན་ལྔ་སྣོད་དྲུག་གསོན་བསྲེག་ཆང་གིས་བྱེད། །
མི་དགེ་སྣ་ཚོགས་འབྱུང་གཞི་ཆང་འདི་ཡིན། །
ཆང་གིས་ལ་རྒྱའི་རྡོ་རིང་རྩ་ནས་གཏོར། །
ཆང་གིས་སྡོམ་དང་དམ་ཚིག་རྨིང་ནས་བཤིག །
ཆང་གིས་བསམ་བཟང་བརྗེད་ནས་བསམ་ངན་སྐྱེ། །
ཆང་གིས་དགྲ་གཉེན་མི་ཤེས་རོ་ལྟར་བཟོ། །
དང་པོ་ཆང་གིས་བག་མེད་དྲན་ཤེས་ཉམས། །
བར་དུ་ཆང་གིས་སྡོམ་གསུམ་ཚུལ་ཁྲིམས་རལ། །
ཐ་མར་ཆང་གིས་འདི་ཕྱི་བར་དོ་བརླགས། །
ཡང་མཐར་ཚེ་རབས་ཀུན་ཏུ་ཆང་གིས་གནོད། །
ཆང་ལ་དགའ་བའི་སྐྱེ་བོ་ཕོ་མོ་ཚོས། །
འདི་ཕྱི་བར་དོ་གནོད་པའི་སྡུག་བསྔལ་དང་། །
ཆང་གི་ཉེས་དམིགས་སོ་ལྔ་ཕྲ་རགས་སོགས། །
ཡང་ཡང་བསམ་ནས་མྱོས་ཆང་སྤང་བར་འཚལ། །
ཤ་ཆང་དུག་གི་ཉེས་པས་མི་ཚུགས་པ། །
མཁས་གྲུབ་འབྱུང་ལྔར་རང་དབང་ཐོབ་དང་། །
བསད་པ་གསོ་ནུས་དུག་གིས་མ་གནོད་ན། །
ཅི་དགའ་འདོད་ཡོན་རིག་པའི་རྒྱན་དུ་འཆར། །
དེ་འདྲ་ཡིན་ན་ཁྱེད་རྣམས་ངོ་སོ་བསྟོད། །
གསང་ཆེན་རྟོགས་ན་དུག་ལྔ་གྲོགས་སུ་ཤར། །
སྤངས་རྟོགས་རྫོགས་པའི་རྒྱལ་དང་རྒྱལ་སྲས་ལ། །
མྱོང་གྲོལ་ཚོགས་ཀྱི་འཁོར་ལོར་ལོངས་སྤྱོད་ལགས། །
མདོར་ན་ཤ་ཁྲག་གཅིག་ལས་མཆེད་པ་དང་། །
སྤུན་ཟླ་མིང་སྲིང་དག་ལ་ཕན་ཐབས་སུ། །
དམིགས་ནས་ཅི་དྲན་ཆང་གི་ཉེས་པ་རྣམས། །
ཤྲྰི་སྨྱོན་དགྱེས་པ་རྡོ་རྗེས་ཕུལ་བར་དགེ །
དམ་པས་དམ་ལ་བཞག་པའི་ཡུལ་ལྷ་དང་༎
ལྷན་སྐྱེས་ལུས་དང་འགྲོགས་པའི་ཕྲག་ལྷ་སོགས༎
བདུད་རྩི་ཆང་གི་ཕུད་ཀྱིས་མཆོད་བྱས་ན༎
དབང་ཐང་རླུང་རྟ་ཡར་ངོའི་ཟླ་བཞིན་སྤེལ༎
ཆང་གིས་བཟི་ཚེ་སྤྱོད་ལམ་ལྷུག་པ་ཡིན༎
ཆང་གིས་བཟི་ཚེ་གང་བཤད་དྲང་གཏམ་ཡིན༎
ཟོལ་དང་བཅོས་མས་སླུ་བའི་འཇིག་རྟེན་འདིར༎
ཆང་འཐུང་སྐྱེས་བུ་དེ་ཡང་ཕྱག་བྱའི་ཡུལ༎
འཚོ་ཐབས་ལས་ཀྱི་རྣམ་གྲངས་རྡུལ་ལས་མང་༎
རེ་དོག་སེམས་ཀྱི་ཁུར་བོ་རི་ལས་ལྕི༎
འདི་ན་ཆང་གིས་ལུས་སེམས་མི་གསོ་བའི༎
བཟང་བརྫུས་མི་ཚེ་དེ་ཡང་ཚེ་བཙོན་ཞིག །
ཆང་འདིས་རླུང་གི་ནད་གཞི་མགོ་ནས་གནོན༎
ཆང་འདིས་མཁྲིས་པའི་ནད་རོ་གཏིང་ནས་སྐྱུག །
ཆང་འདིས་ཁམས་ཀྱི་འདུ་བ་སྙོམས་པར་བྱེད༎
ཆང་འདི་སྨན་མཆོག་དཀར་པོ་ཆིག་ཐུབ་ཡིན༎
ཆང་འདིས་སྡང་བའི་རྩ་མདུད་ཁོངས་ནས་ལྷོད༎
ཆང་འདིས་ཆགས་པའི་ཀ་ཆེན་རྨང་ནས་སྒྱེལ༎
བྱམས་དང་མི་སྡུག་སྒོམ་ལ་མ་ལྟོས་པར༎
ཆགས་སྡང་གཉེན་པོར་ཆས་པ་ཆང་འདི་ཙམ༎
ཕྱུག་པོས་འདོད་ན་གསེར་དང་མཉམ་བརྗེ་ཡོད༎
དབུལ་པོས་འདོད་ན་ཆུ་ཡི་གོང་ཚད་ཡོད༎
གང་ལ་གང་དགོས་དེ་ལ་དེར་སྣང་བ༎
བདུད་རྩི་ཆང་འདི་ལྷ་ཡིས་སྤྲུལ་པ་འདྲ༎
བླ་མ་ལགས་ཀྱི་ཕུད་ཕོར་སྟོང་པ་རེད༎
སྔགས་པ་ལགས་ཀྱི་ཐོད་ཕོར་སྟོང་པ་རེད༎
ཨ་ཕ་ལགས་ཀྱི་ཤེལ་ཕོར་སྟོང་པ་རེད༎
ཆང་འདི་མེད་ཉིན་ཐམས་ཅད་སྟོང་པ་རེད༎
ཞིམ་ཞིམ་མངར་མངར་བཟའ་དང་བཏུང་བའི་རིགས༎
ལྟོ་བ་འགྲངས་ལས་གཞན་ལ་མི་ཕན་ཡང་༎
བདུད་རྩིའི་དྭངས་མ་ཆང་གི་ནུས་པ་ཡིས༎
དབང་པོ་དྲུག་པོ་བདེ་བས་གཡོ་བར་བྱེད༎
ཉིན་གང་ལས་ཀྱིས་ངལ་བའི་གླ་པ་ཡང༎
ཆང་ཕོར་གང་གིས་ལུས་སེམས་ལྷོད་དུ་ཕབ༎
སེམས་ཚེགས་དྲག་པོས་གཉིད་ཐེབས་ཆག་པ་ཡང་༎
ཆང་ཧུབ་གང་གིས་གཉིད་ཐུན་མཚན་དང་མཉམ༎
དགའ་བའི་དུས་སུ་དགོད་པའི་སྣོན་མ་ཡིན༎
སྡུག་པའི་དུས་སུ་སྐྱོ་བའི་སེམས་གསོ་ཡིན༎
དཀའ་བའི་དུས་སུ་ངལ་གསོའི་དབུགས་འབྱིན་པ༎
བདུད་རྩི་ཆང་གི་ངོ་མཚར་སུ་ཡིས་དཔོག །
ཐོབ་དང་འབྱོར་བ་བྲལ་བའི་དབུལ་པོ་ཡང་༎
ཆང་ཕོར་ཁ་ན་དགའ་བའི་གད་མོས་རིལ༎
ཁྱིམ་དང་ཚེ་རོགས་མེད་པའི་ཁེར་རྐྱང་ཡང་༎
ཆང་ཁང་ནང་ན་རིགས་མཐུན་གྲོགས་ཀྱིས་བསྐོར༎
ཆང་འདིས་གྲུབ་ཐོབ་དམ་པའི་རྟོགས་པ་འཕེལ༎
ཆང་འདིས ཕོ་གསར་རྣམས་ལ་དཔའ་སྤོབས་སྩོལ༎
ཆང་འདིས་ཕ་ཁུ་རྣམས་ཀྱི་གཏམ་སྣེ་བསྲིངས༎
ཆང་འདིས་དགྲ་བླ་ཝེར་མའི་ངོ་སོ་བསྟོད༎
སྡང་བའི་སེམས་ཀྱིས་བརྡེགས་ཤིང་འཚོགས་པ་མིན༎
བསྐམས་པའི་སེམས་ཀྱིས་བརྐུས་ཤིང་འཕྲོགས་པ་མིན༎
ཆགས་པའི་སེམས་ཀྱིས་ལོག་པར་གཡེམ་པ་མིན༎
ཆང་འཐུང་ཉེས་པར་བརྩིས་པ་བཅོས་ཁྲིམས་ཙམ༎
ཆང་འཐུང་ཆང་འཐུང་བདུད་རྩིའི་བཅུད་འདི་རོལ༎
ཆང་འཐུང་ཆང་འཐུང་དམ་པའི་ཆབ་འདི་བཞེས༎
རྣམ་རྟོག་བཀག་པའི་ཞག་བརྒྱའི་སྡུག་སྒོམ་ལས༎
ཆང་ཕོར་གང་ལ་ཞབས་བཏགས་རྒྱོབས་དང་དགའ༎
བླ་མའི་དཀྱིལ་འཁོར་དཔོན་པོའི་གསེར་ཅོག་དང་༎
སྟོན་མོའི་མགྲོན་སྟེགས་ཁྱིམ་གྱི་ཆ་སྒམ་སོགས༎
ལྷ་དང་མི་ཡི་འདུ་གནས་གང་ཡང་རུང་༎
ཆང་གི་དགོས་མཁོ་ཙམ་ཞིག་གཞན་ལ་མེད༎
བཅོས་སྡོམ་སྲོག་ལས་གཅེས་པའི་བཀའ་གདམས་པ༎
དགེ་སློང་ལྷ་རྗེ་བསོད་ནམས་རིན་ཆེན་གྱིས༎
ཆང་ཕོར་གང་ལ་ཞབས་བཏགས་བརྒྱབས་པའི་མཐུས༎
དྭགས་རྒྱུད་བསྟན་པ་ཚུགས་པའི་རྟེན་འབྲེལ་འགྲིགས༎
ལོ་གསུམ་མུན་ཁང་འགྲིམས་པའི་འཚམས་པ་ཚོས༎
སེམས་ལ་བྱི་དོར་བྱས་མིན་མི་ཤེས་ཏེ༎
ཆང་འདིས་རྟོག་ཚོགས་རགས་པའི་མགོ་བོ་གནོན༎
ཆང་འདིའི་ལས་རླུང་ཕྲ་མོའི་རྒྱུ་བ་བསྟུངས༎
དུམ་གཅིག་ཀ་པཱ་ལ་ཡི་སྣོད་ནང་གི༎
བདུད་རྩི་ཆང་གི་སྐན་སྒྲ་ཐག་གེ་བ༎
གནས་གསུམ་མཁའ་འགྲོའི་དགའ་རོགས་རུས་རྒྱན་ཅན༎
ཉན་ཐོས་གྱོང་བོ་བརྒྱ་ཡི་དོ་ཟླ་མིན༎
དད་ལྡན་ཉ་མ་འདུས་པའི་ཚོགས་དབུས་སུ༎
བདུད་རྩི་ཆང་གིས་མྱོས་པའི་རྣལ་འབྱོར་པ༎
ཆོས་ཕུང་བརྒྱད་ཁྲི་རྡོ་རྗེའི་གླུར་ལེན་མཁན༎
གཞུང་བཤད་མཁན་པོ་བརྒྱ་ཡིས་འགྲན་ནུས་མིན༎
བདུད་རྩི་ཆང་ལ་ཧུབ་སྐོར་བྱེད་བཞིན་དུ༎
བཙུན་མོའི་ཚོགས་དང་ལག་ལྡང་སྦྲེལ་བཞིན་དུ༎
ཚོམ་བུ་འབུམ་བཅས་རིག་འཛིན་སར་གཤེགས་བཞིན༎
བདག་སོགས་ཀུན་ཀྱང་ལམ་དེར་འཇུག་པར་ཤོག །
ཆང་ལ་ཆ་རྒྱུས་མེད་མཁན་གྱི།།
གྲྭ་བས་ཆང་བསྟོད་བྱེད་ལུགས་འདི།།
ཆང་བ་རྒན་པོ་བདག་གི་བློར།།
དངོས་སུ་མྱངས་དང་ཁྱད་པར་ཆེ།།
དོ་ནུབ་བཏུང་བའི་ཆང་དེ་ཡིས།།
སང་ཉིན་ལུས་ཁམས་ཡོངས་རྫོགས་འཁྲིགས།།
གནངས་ཉིན་ཆང་ཞིག་མ་བཏུང་ན།།
གཞེས་ཉིན་ཁ་འདར་ལག་འདར་བྱེད།།
ཆང་འདི་བཏུང་རྒྱུར་གོམས་སོང་ན།།
ཆང་ཁང་ནང་ལ་ངང་གིས་འགྲོ།།
དེ་ན་མཛེས་མའི་སྐོར་ཚོགས་ཀྱིས།།
ཁྱོད་ཀྱི་ཆང་འདི་བཏུང་རོགས་བྱེད།།
རིན་གོང་ཤིན་ཏུ་མཐོ་བ་ཡི།།
ཆང་ཁང་ནང་གི་ཆང་དེ་ཡིས།།
ཁྱོད་ཀྱི་རིམ་ཁུག་སྟོང་བ་བཟོ།།
ཁ་སྟོང་ལག་སྟོང་གྱུར་བའི་ཁྱོད།།
བཟའ་ཟླ་ཡོད་ན་འཁྲུག་རྐྱེན་ཡིན།།
མེད་ནའང་མི་ཚེའི་མདུན་ལམ་གྱི།།
འགོ་བོ་འཆོལ་བའི་གཞི་མར་འགྱུར།།
ཆང་འདི་བཏུང་ཚོད་ཟིན་སོང་ན།།
ཕན་པའི་གནས་རེ་ཡོད་སྲིད་ཀྱང།།།
བོད་རིགས་ཆང་མཁན་ཕལ་ཆེར་ལ།།
ཆང་འདིས་བསྐྲུན་པའི་དཀའ་ངལ་མང།།
ཆང་ལ་དགའ་བའི་ཁོ་བོ་ཡིས།།
ཆང་གི་སྐྱོན་ཞིག་བརྗོད་བཞིན་དུ།།
ཆང་དམ་ལག་པས་འཛིན་ཞོར་དུ།།
ཆང་གི་སྐོར་ནས་ཚིག་འགའ་བྲིས།།
ཨོ་ཨོ་ཨོ་་་་་རྩྭ་འགོའི་སིལ་བ་ཙམ་ཡང་ཁ་ནང་ལ་འགྲོ་མི་ཆོག་ན་་་་་་་་་་་་་་ད་ཅིག་འགྲིག་མེད་་་ངའི་ཕ་ཡུལ་ན་
སྟོན་པའི་ཉན་ཐོས་གཅིག་ཀྱང་ལྷག་མེད་ཁོ་ཐག་ཡིན་་་། ཚོགས་མཆོད་འབུལ་དུས་་་་ཨ་ཁུ་ཚོ་་་ད་དུང་ཨ་ལག་རྣམས་པ་ཚང་མ་གིས་ཚོགས་ཆང་ནང་ལ་ཟུར་འཛུབ་བཤན་ནས་ལྕེ་ཐོག་ལ་འཇོག་གོ་ནོ་རྒྱུན་ལྡན་རེད་། ཨ བྱ་འདི་རེས་་་་་ རྩྭ་ཞིག་ལ་བལྟས་ན་ད་རུང་ད་འཛུབ་མོ་སྤོམ་གི་མོས་།། དྲ་གྲོགས་རྣམས་པ་ཁྱོད་ཚོའི་ཕ་ཡུལ་ནས་ཚོགས་འབུལ་དུས་ཆང་དགོས་ནི་ཨེ་རེད་།།
མཐོང་བའི་ཆང་འདི་དྭངས་པའི་ཆབ་དང་འདྲ།།
འཐུང་ན་སྐོམ་གདུང་སེལ་བའི་སྣང་བ་འཕེལ།།
བཏུང་བའི་ཆང་འདི་དུག་ཆུ་ཁོལ་མ་འདྲ།།
ཁ་སྣ་སྐམ་ལ་སྐོམ་གདུང་ངང་གིས་འཕེལ།།
ང་ནི་དེང་སང་ཚོགས་ཆང་ལ་ཁ་གཡར་ནས་གཡག་རྒན་ཆུ་འཐུང་ཞིག་ཏུ་གྱུར་ཡོད། གསང་སྔགས་ཀྱི་ཁྱད་ཆོས་བསྐྱེད་རིམ་རེད། ངས་ནི་རང་ཉིད་ངེད་ཚང་གི་གཡག་རྒན་རྒྱ་ཐོར་བསྐྱེད་ཅིང་། ཆང་ནི་ཆུ་མགོ་ཁྲ་ལྡང་དུ་བསྐྱེད་ནས་ལོངས་སུ་སྤྱོད་ཀིན་ཡོད། དེ་མི་འགྲིགས་ན་རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་དགུ་ཕྱག་སོ་བཞི་ཅན་ཞིག་ཏུ་ཡང་བསྐྱེད་ས་མི་འགྲོ་གི
ཆང་འདི་མེད་ན་སྔགས་པའི་ཚོགས་འཁོར་མེད། །
ཚོགས་འཁོར་མེད་དུས་གསང་སྔགས་ཁྱད་ཆོས་མེད། །
ཁྱད་ཆོས་མེད་པའི་བསྟན་པ་གཅེར་བུ་ཞིག །
ཉན་ཐོས་མགོ་རེག་མིན་པར་དགོས་ས་མེད། །
ཆང་འདི་འཐུངས་ན་རླིག་པ་ལྕགས་སུ་འགྱུར། །
ལྕགས་ཀྱི་རླིག་པ་བུ་མོ་དགའ་བའི་གསོས། །
དགའ་བའི་གསོས་འདི་མེད་པའི་འཇིག་རྟེན་དུ། །
གསོན་པོར་གནས་ཀྱང་ཤི་བོ་དབུགས་ཐོག་ཅིག །
དེང་དུས་ན་གཞོན་བུ་མོ་ཕལ་ཆེར་བ། །
བླ་རྒན་སྔགས་རྒན་དག་ལ་འབྱར་འགྲོ་ནོ། །
ཆང་འདི་འཐུངས་བའི་བཀའ་དྲིན་ཡིན་ཚོད་རེད། །
གྲྭ་ཆུང་ངས་ཀྱང་ད་ནས་འཐུང་གི་ཡིན། །
ཆང་འདི་འཐུངས་པས་རླིག་པ་གཡག་རྭ་བཞིན། །
སྲ་ཞིང་གྱེན་དུ་ལངས་པར་ཉིད་གྱུར་ནས། །
ན་ཆུང་མཛེས་མ་སྟོང་གི་སྟི་ཁུང་ནང་། །
ས་དཀྲིགས་གནམ་དཀྲིགས་བྱེད་དུ་འགྲོ་རྒྱུ་ཡིན། །
ཆང་རེ་འཐུངས་ན་ལིང་ག་འགྲེང་ནི་བོ། །
ངེད་ཅག་སྔགས་པ་རྒན་པོའི་ཁྱད་ཆོས་རེད། །
ཉན་ཐོས་གསར་བུ་གང་གིས་འཐུང་གྱུར་ན། །
ལིང་ག་ཀེ་ལ་རྙིད་པའི་རྗེས་སུ་འགྲོ། །
ཆང་འཐུངས་ན་ཉེས་པ་ཨེ་ཡོད།།
ཆང་འཐུངས་ན་ཉེས་པ་ཆེ་ཡོད། །
རྫ་ཁྲ་ཡག་འདབས་ཀྱི་ཆུ་རེད། །
ཆུ་འཐུངས་ན་ཉེས་པ་ཆེ་ཡོད། །
དོ་(དུ་བ)འཐེན་ན་ཉེས་པ་ཨེ་ཡོད། །
དོ་འཐེན་ན་ཉེས་པ་ཆེ་ཡོད། །
སྟོད་རི་ཆེན་སྒང་གི་རྩྭ་རེད། །
རྩྭ་འཐེན་ན་ཉེས་པ་ཆེ་ཡོད། །
ངའི་ཕ་ཡུལ་ན་འདི་འདྲའི་གླུ་གཞས་ཤིག་ཡོད།
ཆང་འདི་འཐུང་སྟངས་མ་ཤེས་ན། །
སྔགས་རྒན་དག་གི་རྗེས་སོང་སྟེ། །
མཛེས་མའི་བྷ་ག་དྲན་པ་ཡིས། །
གདུང་བས་རང་ཚིགས་ཤོར་ནི་རེད། །
ཉན་ཐོས་གྲྭ་ཆུང་ང་འདྲ་ཚོས། །
ཆང་འདི་འཐུང་དུས་ཐོག་མ་རུ། །
ཉོན་རྨོངས་སངས་པའི་བདུད་རྩི་རུ། །
སྒོམ་པས་སྔགས་རྒན་མཚུངས་པ་མིན། །
ཆང་རེ་འཐུངས་ནས་གླན་རྟགས་རེད། །
བཙུན་མོ་རེ་ལ་བུ་ཕྲུག་རེད། །
བུ་ཕྲུག་རེ་ལ་སྐྲ་ཐོ་རེ། །
འཇོག་རྒྱུ་སྔགས་པ་ཚང་གི་ལུགས། །
ད་རིས་ཡིན་ན་གཞོན་ནུ་ཟླ་མེད་ཀྱིས་སྐད་ཆ་གཟུ་བོ་དང་དྲི་བ་དྲང་པོ་ཞིག་བཀོད་འདུག མདོར་བསྡུས་ན་བཅས་རང་ཟེར་བ་དེ་ཡང་སྡོམ་པ་ཞུས་ཡོད་མེད་ཙམ་རེད། ཁ་ཅིག་གིས་བཀག་པ་ཡེ་བཀག་གནང་བ་ཡེ་གནང་ཡང་གསུངས་ཡོད་པར་སྣང་། གྲྭ་ས་འགའ་རེས་དུ་བ་དང་ཐ་མ་ཁ་ལ་ཉེས་པ་ཡོད་མ་རེད། ཅེས་ཐ་མ་འཐེན་པའི་ཕན་ཡོན་དང་གྲྭ་རྟ་ཞོན་པའི་དགེ་མཚན་བརྗོད་པ་ནང་བཞིན་མ་ཡིན་ནམ། ཐ་མ་ཁ་དང་དུད་ནག་ཚོས་གནས་སྐབས་རྩ་ཁམས་བདེ་ཐང་ཙམ་ཆག་གི་ཡོད་པ་འཐེན་མཁན་ཚོ་ལ་ལྟས་ན་ཧ་གོ་ས་རེད། སྔོན་ང་རང་བལ་ཡུལ་ཡོད་སྐབས་ལོ་ཆུང་གི་གཞོན་ནུ་འགའ་ཞིག་དུད་ནག་འཐེན་ཆེ་ནས་བཟི་སྟེ་ཤི་འདུག མ་ཤི་གང་དུག་ནག་དེ་མིན་དྲན་རྒྱུ་མེད་པ་ཆག་འདུག ལུང་འདྲེན་གོ་བདེ་མོ་ཞུས་ན། ཆགས་མེད་བདེ་སྨོན་ལས། སྡོམ་པ་མ་ཞུས་མི་དགེའི་ལས་བྱས་པ། །མི་ཚངས་སྤྱོད་དང་ཆང་འཐུང་ལ་སོགས་པ། །རང༵་བཞིན༵་ཁ་ན་མ་ཐོའི་སྡིག་པ་སྟེ། །སྡིག་པ་སྡིག་ཏུ་མ་ཤེས་མཐོལ་ལོ་བཤགས། །ཞེས་ཕལ་ཆེ་བས་ཁ་ཏོན་སྐྱོར་ཐུབ་པ་འདྲ། དེས་ལས་ཁ་གསལ་ཞིག་ཅི་དགོས་སམ། གཟིགས་དང་མཁས་དབང་ཆེན་པོ་སྤོབས་པ་མཐའ་ཡས་ཆང་གིས་བཟི་ནས་བཅོས་གཏམ་ཚོ་དང་བཀྲ་ཤིས་དང་ཀླུ་སྨྱོན་ཧེ་རུ་ཀ་ཡང་ཁ་སང་ཆང་འཐུང་བཤད་དྲག་ནས་དེ་དག་གི་ཁ་གོས་གྲིབ་མ་ལུས་གོས་ལན་ཆགས་དེ་རིང་ཁོང་གི་ཕོ་མོ་མཚན་མ་ཡང་མིང་དམར་རྗེན་དུ་སྨྲ་བ་འདི་ཚོ་ལྟོས་དང་རང་བཞིན་གྱི་ཉེས་པ་ཡིན་པ་ཤིན་ཏུ་གོ་སླའོ། ། ཁྱེད་རྣམ་པས་གོ་མྱོང་ཡོད་པ་འདྲ། དཔེར་ན་ཕྱི་རོལ་བའི་སྟོན་པ་ཞིག་གིས་རང་གི་བུ་མོ་ལ། བཟང་མོ་མ་ཤི་བར་དུ་ཅི་བདེར་སྤྱོད། །ཤི་ན་དེ་ཡིས་སྤྱོད་ཡུལ་མིན། །ཁ་བར་སྤྱང་ཀིའི་རྗེས་དང་མཚུངས་བཤད་པ་དང་གཅིག་མཚུངས་རེད། །རང་རང་གི་འདོད་ཕྱོགས་ཙམ་བཤད་པ་རེད་སྙམ་ཡོད།
འདུལ་བར་བལྟས་ཀྱང་ཆགས་པ་འཕེལ་བ་དང་། །
མདོ་སྡེ་མཐོང་ཡང་ཞེ་སྡང་མི་ཐུལ་མཁན། །
མངོན་པར་ཤེས་ཀྱང་ཐེ་ཚོམ་མ་སེལ་ན། །
ལས་ངན་ཐོག་བབས་ཡིན་པས་བཅོས་ཐབས་དཀའ། །
བར་སྐབས་ཚིགས་སུ་བཅད་བཅས་ཤྲྰིས་གུས་ཕུལ།
བཅས་རང་ལ་མུ་བཞི།
བཅས་ལྡན་དགེ་སློང་གིས་ཆང་བཏུང་བ་བཅས་རང་གཉིས་ཀ
ཁྱིམ་པས་སྲོག་གཅོད་པ་རང་བཞིན།
བཅས་ལྡན་གྱིས་ཕྱི་དྲོའི་ཁ་ཟས་ཟོས་པ་བཅས་རྐྱང་།
ཁྱིམ་པས་ཤིང་ལ་མཐོ་གང་ལས་ལྷག་འཛེགས་པ་གཉིས་མིན་བཅས་སོ།།
དཔལ་དགྱེས་རྡོ་རྗེ་ལ་ང་འདྲ་ཞིག་ཅིག་བཤད་ན་ཆེས་ཆེར་མི་འོས་མོད། (སྔོན་ང་རང་བལ་ཡུལ་ཡོད་སྐབས)་ཟེར་ན་ཅི་རེད། ཤེས་མཁན་ཚོས་བསམ་བཞིན་དུའམ་སྣང་མེད་དུ་འདི་ལྟར་ཕྲད་རྣམ་དབྱེ་རྣམས་རེ་རེ་བཞིན་གཡུགས་བཞག་ན་ང་ཚོའི་སྐད་ཡིག་སྲུང་སྐྱོལ་ཟེར་བ་ཇི་ལྟར་བྱེད་དགོས་སམ། ངས་ཅང་ཤེས་ཀྱི་མེད་མོད། འདི་ལྟར་བསྡུས་ཏེ་འབྲི་མཁན་དག་ལ་དགའ་པོ་བྱེད་འདོད་མེད། ཁ་སྔོན་ཁྱེད་ཚོས་འབྲེལ་སྒྲ་ཞིག་ལས་འཕྲོས་ཏེ་གང་མང་མང་གླེང་སོང་། འདི་ཡང་གླེང་དགོས་པ་ཞིག་ལས་རང་དགར་དོར་བཞག་ན་ཅི་འདྲ་འདུག
གཅན་བཟོད་རྒྱམ་ལགས། དགོངས་པ་མ་ཚོམས་དང་ཕྱིས་སུ་ང་ཡིས་བག་ཡོད་པར་བྱ་ཆོག་ལགས། ཆང་གིས་མ་བཟི་ཡང་དེ་འདྲ་དག་ནི་མཚམས་མཚམས་སུ་བསྡུས་པ་དག་ཀྱང་ཤོར་འགྲོ་ནས་དཔེ་བསགས་སོང་། །བདེན་པ་རེད། ཁ་སྔོན་ཞིག་ཏུ་ཁྱེད་ཚོས་འབྲེལ་སྒྲའི་རྩོད་གླེང་དེ་ལ་བལྟས་མེད་ཀྱང་ཕྱིས་སུ་བལྟ་ཆོག དགོངས་དག ཆང་གི་ཕྱོགས་ནས་བསམ་ཆ་འདྲ་བཤད་རྒྱུ་ཅི་མེད་དམ། ཤྲྰིས།
ཆང་འཐུང་གི་ཁེ་གྱོང་ ་ ་ ་ ་ ་ ་ ་ ་ ་ ་ ་ ་ ་
སྡུག་འཁུར་དུས་སུ་སྡུག་ཆང་འཐུང་བ་ལས། །
རང་བློར་ཅུང་ཟད་ཁེངས་པ་ཕན་སྲིད་ཀྱང་། །
མི་ཚེ་གང་པོར་ཆང་འཐུང་སྐྱེལ་དགོས་པ། །
སྨྱོས་ཆུ་དུག་ཆུ་དེ་ཡིས་དྲིན་ལས་བྱུང་། །
སེམས་ནད་ཐེབས་དུས་སེམས་བདེའི་ཐུན་རིལ་དང་། །
མཉམ་དུ་ཆང་རྟ་གཏོང་ཞེས་སྨན་པས་གསུངས། །
འོན་ཀྱང་སེམས་འཁྲུགས་གང་ཡིན་སྐབས་སུ་ཆང་རག་འདི། །
འཐུང་ཚེ་མི་ཚེ་ཚེ་མཐར་འཐུང་དགོས་ཆང་གིས་དྲིན། །
ལོ་གསར་དུས་སྟོན་དགའ་སྟོན་རྟེན་འབྲེལ་དུས་ཚིགས་སུ། །
མཆོད་ཆང་སྙན་པོའི་མིང་གི་ཕུད་འབུལ་མཆོད་འབུལ་སོགས། །
མིང་སྙན་བཏགས་ནས་འཐུང་མྱོང་མེད་མཁན་དེ་ཚོ་ལའང་། །
ཆང་འཐུང་སློབ་དཔོན་ཐོན་ནས་རང་གཞན་ལམ་ལོག་འཁྲིད། །
གསང་སྔགས་བླ་ན་མེད་པའི་གཞུང་ལུགས་གཞུང་ལུགས་ནང་། །
མ་དྷ་ནྰ་ཆང་འདོད་ཡོན་བླ་མེད་ཚོགས་རྫས་སུ། །
དགོས་པ་གསུངས་ཀྱང་གདུལ་གཞུང་བྱ་སྤྱོད་རྣལ་འབྱོར་རྒྱུད། །
འོག་མ་ལྔ་ལའང་གོམས་འདྲིས་མི་ཐུབ་ཚོ་ཡིས་གཟབ་བཞེས་མཛོད། །
གསང་སྔགས་བླ་ན་མེད་པའི་ཁ་སྦྱོར་གཞུང་ལུགས་ནང་། ། གཞུང་ལུགས་ཐོལ་པ་དེ་ཁ་སྦྱོར་ལ་བཅོས།
དཔལ་དགྱེས་རྡོར་གྱིས་བདེ་སྨོན་གྱི་ལུང་ཆང་འཐུང་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པའི་སྒྲུབ་བྱེད་དུ་བཀོད་པ་ཐུགས་རྗེ་ཆེ། སྤོབས་པ་མཐའ་ཡས་འདི་བློ་གཏད་ཆོག་པ་ཞིག་རེད་དྲན་ཡོད་མོད། འདིས་སྟོན་པའི་བཅོས་པ་ལ་ཡང་ཚོད་ཚོད་བྱེད་ཐུབ་སྟངས་ལ་བལྟས་ན་ཤིན་ཏུ་སྙིང་ཁམས་ཅན་ཞིག་རེད་འདུག
དེ་ནས་མེ་ཏོག་དཀར་པོའི་བཅས་རང་ལ་མུ་བཞི་བཞག་པ་ཐུགས་རྗེ་ཆེ། འདི་ནི་ངའི་སེམས་ན་ཡང་དེ་དང་གཅིག་པ་འདྲ་དྲན་གི་འདུག མཚོ་ཊིཀ་ན་ཡོད་པ། ཆང་འཐུང་པ་བཅས་རང་གཉིས་ཀ་ཡིན་ན་ཁྱིམ་པ་དང་རབ་བྱུང་སུ་ལ་ཡང་སྡིག་པ་འབྱུང་བ་རེད།
བཀུར་འོས་དཔལ་དགྱེས་པ་རྡོ་རྗེས་བཀའ་ལན་དང་འབྲེལ་ནས་རང་ནོར་ངོས་ལེན་གནང་བ་ནི་ཤིན་ཏུ་ནས་ཀྱང་བཀུར་བའི་འོས་སུ་མཐོང་། དེང་སང་མི་མང་པོ་ཞིག་གིས་རང་གིས་ནོར་བ་ཤེས་བཞིན་དུ་འདི་ལྟར་ངོས་ལེན་མི་བྱེད་ཁར། ཁ་ཕྱིར་འཁོར་ཏེ་མི་དེའི་ཡིག་སྐྱོན་དང་དོན་སྐྱོན་རེ་འཚོལ་ཅི་ཐུབ་ཀྱི་འདུག
དཔལ་དགྱེས་རྡོར་ལགས། ངས་ད་ལོ་ཞིག་བར་དུ་ཁྱེད་སུ་ཡིན་མ་ཤེས་མོད། ཉིན་ཞིག་དྲ་བ་སྣ་ཚོགས་བསྔོགས་ཏེ་ལྟ་ཀློག་བྱེད་སྐབས་གཞི་ནས་ཤེས་སོང་ལ། ཁ་སྔོན་ཞིག་ལ་བདག་གི་གྲོགས་པོ་འགུ་ལོག་མཁན་པོ་འཇུ་བསྟན་སྐྱོང་དང་ཁྱེད་གཉིས་ལྷན་དུ་བསྒྲོན་པའི་འདྲ་པར་ཞིག་གྷོ་གྷོལ་ནས་མཐོང་བ་བསྟན་སྐྱོང་ཁོང་ལའང་བཤད་ཡོད། ༼སྐབས་དེ་ཡང་ངེད་གཉིས་ཀྱིས་གློའུ་བཤད་ཡག་ཐག་ཆོད་ཅིག་བརྒྱབས་པ་ཡིན།༽གང་ལྟར་ཁྱོད་ཀྱིས་ད་ཐེངས་ངོས་ལེན་གནང་བའི་སྐད་ཆ་འདི་ཚོས་ངའི་ཡིད་སེམས་དེ་བས་ཀྱང་འཕྲོག་ཐལ།
ད་ཆང་གི་སྐོར་ནས་ང་ཆང་འཐུང་གི་རྐྱལ་བ་ཞིག་ཡིན་ན། བཟང་མིན་པར་ངན་ཞིག་ཁ་ནས་བཤད་མི་ཤེས། ཆང་འཐུང་ན་བཟང་གི་བཟང་རབས་བཤད་ན་མི་འདི་ཚོས་ཁ་ནས་ཁ་རྡུང་ཡག་ཐག་ཆོད་ཅིག་ཉོ་རྒྱུ་ཡིན་པ་ངས་བཤད་ཅི་ལ་དགོས། དེ་བས་ད་ཐེངས་ཆང་གི་སྐོར་ནས་ཅང་བཤད་རྒྱུ་མིན་ལགས།
ངས་དྲན་ཚོད་ལ། སྨན་གཞུང་ན། འདི་འདྲ་ཞིག་གསུང་ཡོད།
ཆང་ནི་མངར་སྐྱུར་ཁ་ལ་ཞུ་རྗེས་སྐྱུར།།
རྣོ་དྲོ་རྩུབ་ཕྲ་ཅུང་ཟད་ཐུར་དུ་འཁྲུ།།
དྲོད་འབར་སྤོབས་སྐྱེད་གཉིད་འཕེལ་བད་རླུང་སེལ།།
ཐལ་དྲགས་སེམས་བསྒྱུར་བག་མེད་ངོ་ཚ་འཇིག། ཅེས་ཆང་གི་ཕན་ནུས་དང་། ཐལ་དྲགས་ན་སྐྱོན་ཡོད་ཚུལ་མང་།
སྤྱིར་ཆང་འཐུང་བ་ཙམ་སྡིག་པ་རེད་ཅེས་སྨྲ་མི་ཐུབ། ནང་པའི་ལས་དགེ་སྡིག་ཟེར་བ་དེ་གཙོ་བོ་བྱེད་པ་པོའི་ཀུན་སློང་དང་འབྲེལ་ཞིང་། གཞན་སེམས་ཅན་ལ་ཕན་གནོད་གང་འགྱུར་ལས་དཔོག་དགོས་པ་ལས་ཆང་འཐུང་བ་ཙམ་སྡིག་པ་རེད་ཅེས་སྨྲ་ན། ངོ་བོ་ཉིད་ཀྱི་སྡིག་པར་འགྱུར་དགོས་པས། བྱས་བསགས་དང་འཕེན་རྫོགས་སོགས་ལས་འབྲས་ཀྱི་འགྲོ་སྟངས་ལ་བསམ་ན། ཆང་འཐུང་བ་ཙམ་ནི་ལུང་བསྟན་ལྟ་བུ་ཞིག་མིན་འགྲོ
ནོར་བཅོས་་་་་ལུང་མ་བསྟན་གྱི་ལས་ཤིག་མིན་འགྲོ།
དགྱེས་པ་རྡོ་རྗེས་ནོར་ཕྱིར་ཆོས་འཚོང་གི་ཟོབ་བརྫུན་འཁྲབ་ནས་ཡོན་ཏན་གྱི་ཚད་གཞི་དང་བྲལ་བའི་མཁན་བརྫུན་དང་སྨྱོ་ཧམ་ཆེན་པོས་རིན་པོ་ཆེའི་མིང་རང་ཉིད་ཀྱིས་འདོགས་པ་མ་ཟད་ཐ་ན་ཚོགས་འཁོར་ཡིན་སྐད་ཀྱིས་ཆང་རག་ཚོད་མེད་བཏུང་བཞིན་ཡོད་པར་བརྟེན་ཆང་རག་གི་ཉེས་དམིགས་མངོན་སུམ་གྱི་མྱོང་བཞིན་འདུག
གོང་དུ་གཟུར་གནས་རྣམ་པ་ཚོས་ཆང་རག་གི་ཉེས་པ་དག་ལ་བཅསམརང་མུ་བཞིས་ཐེར་འདོན་གནང་བ་མཐོང་བས་ང་ཚོས་ཁ་བརྡ་བྱས་པ་རྣམས་ཀྱང་ཡོད་ལྡན་དུ་མཐོང་སོང་། ང་ཚོ་སུ་ཡིན་ཡང་སྐྱོན་ལ་སྐྱོན་དང་ཡོན་ཏན་ལ་ཡོན་ཏན་དུ་ཤེས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད། འདི་དག་རྩེད་མོ་ཀུ་རེ་གཏན་ནས་བྱེད་རྒྱུ་མེད། ད་དུང་ཁྱེད་ཚོས་དེང་དུས་ཚན་རིག་པས་མཐོང་བའི་ཆང་རག་གི་དུ་བའི་ཉེས་པ་དང་། གནའ་དུས་ཀྱི་བཀའ་བསྟན་དག་ལས་འབྱུང་བ་རྣམས་ལ་གཟིགས་དང་གལ་ཆེན་པོའི་དཔྱད་གཞི་ཞིག་དང་། དོན་ཆེན་པོ་མི་ཚེ་སྟོང་ཟད་མི་འགྲོ་བ་ཡང་ཆང་རག་དུག་རྫས་སྤང་བ་འདི་ཚོ་ཁོ་ན་རེད་འདུག ། བདག་ལ་ཡོན་ཏན་གང་མེད་རུང་དུད་ཆང་ཤ་ཁྲག་ལ་མི་དགའ་བ་དང་དྲང་བདེན་སྨྲ་བ་འདི་ནི་མི་ང་ཡི་མི་ཚེའི་ཆ་ཤས་ཞིག་དང་རང་གཤིས་འགྱུར་མེད་དུ་ཆག་པ་ནི་བདག་གི་དྲིན་ཆེན་བླ་མ་དང་ཕ་མའི་བཀའ་དྲིན་ཞིག་ཏུ་ངོས་འཛིན་བྱས་ཡོད། །ཁ་ཅིག་གིས་ང་རང་མི་སྒེར་པ་ཞིག་ལ་མཚན་གཞི་རུ་བཞག་ནས་སྒྲོ་བཀུར་དང་ངན་སྨོན་ཅི་ལྟར་བྱེད་འདོད་ཀྱང་ཁྱེད་ཚོས་རང་དབང་རེད། གལ་ཏེ་གང་ཟག་སུ་ཞིག་དུག་གིས་མ་གནོད། ཆང་གིས་མ་བཟི། འབྱུང་བས་མི་ཚུགས་པ་དག་ལ་འདོད་ཡོན་ཡོངས་སྤྱོད་རྒྱན་དུ་ཤར་བར་འགྱུར་ཞེས་པའི་གོ་འཕང་ལ་ཐོན་ཡོད་མེད་དག་ནི་རང་རང་སོ་སོས་བརྟག་དཔྱོད་མཛོད་དང་། རང་བློ་རང་ལ་ལྐོག་ཏུ་མ་གྱུར་བ་ཞིག་རེད། །གཡོ་སྒྱུ་ཁྲམ་གསུམ། ལས་འབྲས་ཁྱད་གསོད། མི་དགེ་བ་འདི་དག་གང་ཟག་སུ་འདྲ་ཞིག་གིས་བཟོས་ཀྱང་དམིགས་བསལ་བ་ཞིག་མེད་པར་རེད། མཐོ་དམན་དྲག་ཞན་མེད་པར་ལས་འབྲས་མྱོང་དགོས་པ་ནི་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་རྫོགས་པའི་སངས་རྒྱས་བཅོན་ལྡན་འདས་ཀྱིས་གསུངས་ཟིན་པ་རེད། འདི་དག་མངོན་རྗེས་ལུང་གི་ཚད་མ་དག་ཞེ་ཕུག་ནས་བཟང་ངན་གྱི་ངེས་ཤེས་ཡོད་ན། མཁས་གྲུབ་དམ་པ་གོང་མའི་ལོ་རྒྱུས་གཟིགས་དང་ཤིན་ཏུ་གསལ་ལོ། ཨོ་ཡ་ད་མ་ཁོམ་ཐལ། ཁྱེད་ཚོ་ཚང་མ་བདེ་མོ་གྱིས། །
མི་མང་སྐད་ཆ་ཆུ་ཡི་ལྦུ་བ་ཡིན།།
ལྦུ་རྒྱུན་མང་དུ་འཕེལ་བའི་དུས་བསྲིང་ཚེ།།
ཤེས་རབ་རང་བཞིན་ཆུ་ཟིལ་འབྱུང་ངེས་བས།།
བློ་འདོད་འཁུམ་ནས་མ་བཞུགས་བསམ་ཚུལ་གསུངས།།
གཞོན་ནུ་ཟླ་མེད་ལགས། སྤོབས་པ་མཐའ་ཡས་འདི་བློ་གཏད་ཆོག་པ་ཞིག་རེད་དྲན་ཡོད་མོད། འདིས་སྟོན་པའི་བཅོས་པ་ལ་ཡང་ཚོད་ཚོད་བྱེད་ཐུབ་སྟངས་ལ་བལྟས་ན་ཤིན་ཏུ་སྙིང་ཁམས་ཅན་ཞིག་རེད་འདུག ཅེས་བའི་རྒྱུ་མཚན་ཅི་ཡིན།
ཆང་དང་བུ་མོ་འགྲོགས་པའི་ལས་བྱས་ཏེ།།
མི་ཚེའི་ནང་ན་བདེ་བའི་མཆོག་ཡིན་ཞིང་།།
མཆོག་གྱུར་གཙུགས་སུ་འཛིན་པའི་གོ་འཕང་ནི།།
མཐོ་དམན་ཀུན་གྱིས་རྙེད་སླའི་བདེ་བ་ཡིན།།
ཆང་རག་བུ་མོ་རྟེན་པའི་གོ་འཕང་ཁྲི།།
དམ་པ་བཞུགས་ན་ཞི་དུལ་བདེ་འདྲེན་ཡང།།
བསམ་མེད་སྐྱེས་བུ་དབང་ན་དྲེགས་འཕེལ་བས།།
དེ་ནི་ཆང་ཉེས་བགྲང་བ་ནོར་སེམས་སྐྱེས།།
ལོ་གཅིག་བྱིས་བ་རྣམས་ཀྱིས་རེ་སྒུག་དང་།།
རྒན་པ་ལས་བྲེལ་བཞག་པའི་གུང་སང་ཏེ།།
རེ་སྨོན་རྟེན་འབྲེལ་བསུས་བའི་ཚེས་གཅིག་ཉིན།།
བདུད་རྩི་ཆང་གིས་མཆོད་ཅིང་ཕེབས་བསུ་བྱེད།།
ཚེ་གང་རེ་བའི་སེམས་ཀྱིས་སྒུག་སྒུག་པའི།།
ཚེ་གཅིག་སྐྱལ་ཡ་འགྲོགས་པའི་བཀྲ་ཤིས་ཏེ།།
མི་ཚེའི་རིན་ཐང་འཇལ་བའི་གཉེན་སྟོན་ཉིན།།
བདུད་རྩི་ཆང་གིས་བསྟོད་ཅིང་ཕེབས་བསུ་འགྲོགས།།
ཚེ་གཅིག་མི་ལུས་བླངས་བའི་ལུས་ཀྱི་མཆོག།
བཅུ་དྲུག་ལང་ཚོ་སྨིན་པའི་འབྲས་བཟང་རྗེས།།
གཞོན་སྐྱེས་དར་མ་རྕེད་སའི་ཁི་ལོབ་བྷུར།། Club
ཆང་བརྒྱའི་བྲོ་བ་མྱོང་བའི་ལས་ཀྱི་སྐྱིད།།
ཆང་རག་འཐུང་བས་སྟོན་པའི་སྲས་མིན་ཚེ།།
སློབ་དཔོན་པདྨ་བདུད་རྩི་བུ་མོ་འགྲོགས།།
མཆོད་ཆང་བུ་མོ་འགྲོགས་པའི་མཛད་པ་ནི།།
ཚུལ་གསུམ་ལན་གྱིས་སྒྲུབ་བྱེད་ཅི་ཞིག་བཏང་།།
མཆོད་ཆང་བཞེས་བས་སྟོན་པའི་འཁོར་མིན་ཚེ།།
བསྔགས་མཁན་རྐྱང་ལོ་ཅན་གྱི་གོས་དཀར་སྡེ།།
ཆང་གིས་མྱོས་བ་མང་དུ་མཐོང་ནུས་པས།།
གནས་ཚུལ་དེ་ལ་འགྲེལ་བཤད་ཅི་ལྟར་གནང་།།
མདོ་ལས་གང་ཡོད་ཐམས་ཅད་ལེན་བྱ་མིན།།
སྟོན་གྱིས་གང་གསུངས་ཡོད་དགུ་སྒྲུབ་བྱ་མིན།།
གལ་སྲིད་བཀའ་ལུང་འདི་དག་སྒྲུབ་ནུས་ན།།
དྲངས་ངེས་ཁྱད་པར་འབྱེད་པས་དགོས་བ་ཅི།།
མདོ་རྒྱུད་བསྟན་བཅོས་རྒྱལ་བའི་དགོངས་པ་ཡིན།།
དགོངས་བའི་གནད་དུ་དྲངས་དོན་དངོས་དོན་གཉིས།།
དྲངས་ངེས་མཐུན་དུ་འོང་བའི་གནས་དཀའ་བས།།
རིག་པ་མེད་ན་སུ་ལ་ཡིད་རྟོན་བྱེད།།
ལན་རེ་ཆོས་རྣམས་རྟེན་ནས་འབྲེལ་ཚུལ་དང་།།
ལན་རེ་ཆོས་འདི་སེམས་ནས་བྱུང་ཚུལ་གཉིས།།
གཅིག་རྫུན་གཅིག་ལ་བདེན་ཁ་སྤྲད་དཀའ་བས།།
རིག་པ་མེད་ན་སུ་ལ་ཡིད་རྟོན་བྱེད།།
རིག་པའི་རྒྱབ་ལྗོངས་རྒྱལ་བའི་བཀའ་ལུང་རེད།།
བཀའ་ཡི་བདེན་རྫུན་རིག་པས་དཔྱད་ནས་རྟོགས།།
དཔྱད་ཞིབ་མྱོང་བས་དམིགས་པའི་ཟབ་བརྒྱའི་གནད།།
རིག་པ་མེད་ན་སུ་ལ་ཡིད་རྟེན་བྱེད།།
ད་ནི་ཆོག་གི་སྙོགས་གཏམ་མང་དྲག་པས།།
ཀློག་མཁན་མ་དགོས་ང་ཡང་རྒྱབ་ན་བས།།
ནད་གཞིས་འབྱུང་ཁམས་གནན་ཚེ་ཚེ་ཐུང་བས།།
ཚེ་རིང་ནད་མེད་ཡོང་ཆེད་བཤད་མཚམས་འཇོག།
ཆང་འཐུང་གི་ཉེས་བཤད་མཐོང་བ་དོན་གསལ་བཞུགས་སོ།
སྤྱིར་ཡང་ཆང་གི་མཚན་ཉིད་ནི།
ལྷ་མིན་མཚོན་ཆ་སྡེ་ཞི་ལས།
ཆང་ནི་ཆུ་ཡི་མཚོན་ཆ་སྟེ།
བཏུང་བས་ང་རྒྱལ་ཆེ་བར་འགྱུར།
དེས་ན་རང་སྲོག་གཅོད་པར་བྱེད།
ཆགས་མེད་དོན་ལ་གནས་ཙམ་ན།
ཆགས་སྲེད་ཉོན་མོངས་ཆེ་བར་འགྱུར།
བག་ཡོད་སྤྱོད་དང་ལྡན་ཙམ་ན།
བག་མེད་སྤྱོད་འཆལ་བྱུང་བ་ཡང།
ཆང་གི་རྒྱུ་ལས་བྱུང་བའོ།
དག་པོའི་ཅོག་པུར་འདུག་ཙམ་ན།
རོ་ཉལ་རེང་འཕྲད་བྱེད་པ་ཡང།
ཆང་གི་རྒྱུ་ལས་བྱུང་བའོ།
རྒྱུད་འཇམ་དལ་བར་གནས་ཙམ་ན།
མི་རྒྱུད་རྩིང་པོ་འཁྲོ་བ་ཡང།
ཆང་གི་རྒྱུ་ལས་བྱུང་བའོ།
མི་བདེན་རྫུན་ཙིག་སྨྲ་བ་ཡང།
ཆང་གི་རྒྱུ་ལས་བྱུང་བའོ།
ྶསྔར་རྒྱལ་པོ་ཞིག་གིས་དགེ་འདུན་པ་ཞིག་ལ་བཙན་བཀའ་བཏང་སྟེ།
མདུན་གྱི་བུད་མེད་དེ་ལ་མི་གཙང་པ་སྤྱོད་དམ།
ཡང་ན་ར་དེ་གསོད་དམ།
ཡང་ན་ཆང་ཕོར་བ་གང་དེ་འཐུང།
ཞེས་གདམ་ཀ་གསུམ་སྤྲད་པར།
དགེ་འདུན་པ་དེ་ཡིས་བུད་མེད་ལ་སྤྱད་ན་གྲྭ་བའི་སྡོམ་པ་ཉམས་འགྲོ་བས་མི་རུང་།
ར་དེ་བསད་ན་དེ་ཡང་སྲོག་བཅད་པའི་ཉེས་དམིགས་ཤིན་ཏུ་ཆེ།
ད་ཆང་ཕོར་བ་གང་དེ་འཐུང་ན་ལེགས་སྙམས་ནས་ཆང་ཕོར་བ་གང་དེ་བཏུང་བས།
དེ་ནས་ཆང་གིས་ར་རོ་བཟི་སྟེ་དྲན་ཤེས་འཐོར།
དེ་ནས་ཤ་བཟའ་འདོད་ལངས་ཏེ་ར་དེ་ཡང་བསད།
ཤ་དང་ཆང་གཉིས་བཟའ་བཏུང་བྱས་པའི་རྐྱེན་གྱིས་སེམས་ལ་འདོད་ཆགས་ཆུ་ལྟར་ཁོལ་ཏེ་བུད་མེད་དེ་ལའང་མི་གཙང་བ་སྤྱད་པ་སོགས་མདོར་ན་ཆང་འཐུང་བྱེད་པ་ལ་བརྟེན་ནས་སྲོག་བཅད་དང་མི་གཙང་བ་སྤྱད་པ་དེ་གཉིས་ཀ་ཐོག་མའི་རྒྱུ་རྐྱེན་གང་ལ་ཐུག་འདུག་ཁ་ནང་དུ་འཁོར་ཏེ་ཆང་གི་ཕན་ཡོན་ལ་སོམས་དང་།
མ་འོང་བོད་ཀྱི་སོན་རྩ་རྣམས།
སྔར་བོད་ཀྱི་ཆབ་སྲིད་འཛིན་པ་བ་རྣམས་ཀྱིས་སོ་བག་སྤྱད་པ་ལས་བོད་ཡུལ་འདི་དགྲ་ལག་ཏུ་ཤོར་བར་བྱས།
ད་མོ་འོང་བོད་ཀྱི་སོན་རྩ་ཁྱེད་རྣམས་ཀྱིས་ཆང་གིས་ཕན་ཡོ་ཆེ་རབས་བཤད་དེ།
རང་གིས་ཀྱང་ཆང་འཐུང།
གཞན་ལའང་ཆང་འཐུང་གི་ཕན་ཡོན་ཡོད་རབས་ཀྱིས་རྩོམས་འདྲ་བྲིས་ཏེ་དྲྭ་རྒྱའི་ནང་དུ་བཏང་བ་ཡིན་ན།
སྔ་ཕྱི་མ་གཏོགས་མ་འོང་བོད་ཀྱི་སོན་རྩ་དེ་རིགས་རུལ་ཏེ་ས་ཞིང་ཐམས་ཅད་སྤང་རྒོད་དང་ས་རྒོད་དུ་གྱུར་ཏེ།
མཐར་མུ་གེར་ཤི་བའི་ཉེན་ཁ་ཆེ་བས་ད་ཆང་གི་ཕན་ཡོན་མ་བཤད་ན་ལེགས།
ཆང་གི་ཕན་ཡོན་ང་ལ་ཁྱེད་ཚོ་ལས་ལྷག་པའི་འགྲེལ་བཤད་རྒྱབ་རྒྱུ་ཡོད།
ཅི་ཞིག་བསམ་ཡོད། ཨ་ནུ་ཐང་བསོད་ནམས་ལགས། །
ན་མོ་ཀརྨ་ན་རཀ་ཀ་ཡེ། །
ཆང་རག་གིས་བཟི་བའི་སྐྱུར་གོང་ཚ་མོ། །
ཆང་ནག་གིས་ཕན་བདེའི་རོ་སྲེད་ཞིམ་པོ། །
ཆང་རག་གིས་རྒྱག་པའི་ཨ་ནུ་བསོད་ནམས། །
ཆང་བསྟོད་ཀྱིས་སྐུ་རྒྱབ་ན་བ་མངོན་སུམ། །
ཚེ་རིང་དང་ནད་མེད་སྙིང་ནས་བསམ་ན། །
ཚེ་སྐྱིད་ཀྱི་ཆང་གཏམ་ཡིད་ལ་མ་གོམས། །
ཚེ་སྲོག་ལ་སྙིང་པོ་ཡང་ཡང་བསམ་ནས། །
ཚེ་རབས་ཀྱི་གཏན་བདེ་དོན་མེད་མ་གཏོང་། །
དོན་ལྔ་དང་སྣོད་དྲུག་ཚིག་པ་མངོན་སུམ། །
ནད་ངན་གྱིས་འཆི་བ་རྗེས་ཚད་མ། །
དྲང་ངེས་ཀྱི་ལུང་དོན་དགོངས་ལྡེམ་ཤེས་ན། །
གཟུར་གནས་ཞེས་ཁྱེད་ལ་བསྟོད་ན་འགྲིག་གོ །
འཆི་མེད་ཀྱི་འཇའ་ལུས་རིག་འཛིན་བརྙེས་པ། །
བརྒྱུད་གསུམ་གྱི་བླ་མ་ཁྱད་གསོད་གནང་བ། །
ཆང་རྒྱག་གིས་མྱོས་གཏམ་ཅིས་ཕྱིར་མ་ཡིན། །
ལུང་རིགས་ཀྱི་གོ་དོན་ཧ་ཅང་ཐལ་ལོ། །
སྨན་དུག་གི་ནུས་པའི་ཁྱད་ཆོས་མ་ཤེས། །
རང་འདོད་ཀྱི་ནད་པ་དབང་ཆེན་ཁྱེད་ལ། །
སྨན་མཆོག་གིས་རིགས་པ་སྟོང་ཕྲག་བརྗོད་ཀྱང་། །
ཨ་ནུ་ཐང་ཆང་ནད་དྲག་ཐབས་མེད་འདྲ། །
ཆང་རག་ལ་བསྟོད་པའི་གླུ་དབྱངས་འདི་ཚོ། །
སྙིང་ནད་མཁན་ངེད་ཚོ་སྙིང་ལ་གཟན་པ། །
ཅོ་དྲི་མཁན་ཆོས་དྲེད་ལྟར་སྣང་འདི་ཚོར། །
ལུང་རིགས་ཀྱིས་གོ་བ་མེད་ཐག་ཆོད་ཐལ།
ཅི་དྲན་དུ་ཤྲྰིས་སོ། །
དགེ་སློང་ཁྲིམས་ལྡན་བག་ལྡན་ལ། །
བདུད་ཀྱི་བུ་མོས་འགྲམ་ཕྱིན་ནས། །
ང་ལ་སྤྱོད་དང་ར་གསོད་དམ། །
ཆང་བུམ་འཐུང་དགོས་འདེམས་ཀ་སྤྲད། །
དགེ་སློང་འདི་ཡིས་བསམ་པ་ལ། །
སྙིང་གཅེས་ར་གསོད་ག་ལ་རུང་། །
བུད་མེད་སྤྱོད་པ་དེ་བས་མིན། །
ཆང་བུམ་བདམས་པས་གསུམ་གར་བྱས། །
ཉེས་ཀུན་རྩ་བ་ཡིན་ཕྱིར་དང་། །
རྩ་ཟིལ་ཙམ་ཡང་གནང་བ་མེད། །
སློབ་མ་མིན་དང་སྟོན་པ་མིན། །
སྔགས་པས་མྱོས་ཀྱང་ལྟུང་བར་གསུངས། །
ཨ་ལ་ཐ་ལའི་ངག་ལ་དྲངས་ནས། །
ཧ་ལ་ནག་པོ་ཆང་ལ་བསྟོད་པའི། །
ཨ་ནུ་ཐང་གི་རྩོམ་ཡིག་འདི་ཀོ། །
ཧ་ཅང་ཡི་གར་འགྲོ་བ་མིན་འདུག །
སྟོན་པས་བཀག་དང་མ་བཀག་མིན་འདུག །
ྶགུ་རུས་གནང་དང་མ་གནང་མིན་འདུག །
བཏུང་བ་འདི་ཡི་ལག་རྗེས་ནག་པོ། །
ས་ཡི་སྟེང་ན་གང་ནས་ཡོད་དོ། །
ཤ་ཡི་མིག་ཅིག་ཡོད་ན་མཐོང་གི །
དཔྱོད་པའི་བློ་གྲོས་ཡོད་ན་རིག་གི
འདས་པའི་བྱུང་བ་རབས་ལ་གཟིགས་མཛོད། །
ད་ལྟའི་གནས་སྟངས་ལའང་གཞིག་མཛོད། །
སྔགས་པ་མྱོས་འདི་མཛེས་པོ་འདུག་གམ། །
ཁྱིམ་པ་བཟི་འདི་ལེགས་པོ་འདུག་གམ། །
གཞོན་ནུ་འཁྱོར་བའི་གོམས་བགྲོས་དགའ་འམ། །
རྒད་པོ་རིལ་བའི་སྣང་ཚུལ་བཟོད་དམ། །
ཅི་ཞིག་རྒྱུ་ཡིས་ཆང་འདི་ལེགས་ཞེས། །
ཁོ་བོས་མཐོང་བ་མ་གྱུར་ལགས་ཏེ། །
བོང་བུས་མ་བགྲོད་ལལམ་དང་མཚུངས་ཕྱིར། །
སྐབས་ཅིག་འདི་ནས་ངལ་ཞིག་གསོའོ། །
སྨན་དང་དུག་ཅེས་བ་ནི་ཕྱོགས་གཅིག་གི་ལྟ་སྟངས་སམ་ཞེན་འདོད་ཀྱིས་བཏགས་པ་ཙམ་ལས་མཐའ་བཏུགས་ན་ཁྱད་པར་མེད། རྒྱུ་མཚན་ནི། ལ་ལའི་སྨན་ནི་ལ་ལའི་དུག་ཡིན་ལ་ཁྱི་སྨན་ཁྱི་ལ་ཕན་ཡང་མི་ལ་དུག་ཡིན། མགོ་སྨན་མགོ་ལ་ཕན་ཡང་ཕོ་བ་དུག་ཡིན། སྨན་ཟེར་ནས་འཐུང་ཚོད་མ་ཟིན་ན་དུག་ཡིན་ལ། དུག་ཡིན་ཡང་བེད་སྤྱོད་ལེགས་པར་བཏང་ཐུབ་ན་སྨན་ཡིན། དཔལ་དགྱེས་རྡོ་རྗེ་ལགས། ཉིད་ཀྱི་རྒྱུ་མཚན་ནི་མིག་གཉིས་མེད་པར་མིག་གཅིག་གི་ལྟ་སྟངས་རེད་ལ། གསལ་དུ་བཤད་ན་མཁྲིས་ནད་ཀྱིས་འཇིག་རྟེན་སེར་པོ་མཐོང་པའི་མིག་ཤེས་ལས་ཁ་དོག་སྣ་ཚོགས་མཐོང་བའི་མིག་དབང་མེད་པས་ཁས་ལེན་བཤད་མི་ཐུབ། ཕྱོགས་ཀུན་ཁེབས་པའི་རྒྱུ་མཚན་ཞིག་ཡོད་ན་བགྲང་རོགས།
ཆགས་མེད་བདེ་སྨོན་འདི་འོད་མདོ་གཞིར་བཞག་བྱས་ནས་བྲིས་འདུག་པས་གཅིག་བྱས་ན་འོད་མདོའི་ནང་ན་ཆང་རང་བཞིན་་གྱི་ཁ་ན་མ་ཐོ་ཡིན་པར་གསུངས་ཡོད་སྲིད་པས་ཁྱེད་ཚོར་དུས་ཚོད་དང་ཕྱག་དཔེ་འདྲ་ཡོད་ན་འོད་མདོ་ལ་གཅིག་གཟིགས་རོགས།
བོད་ལ་ཆང་ཉེས་མང་པ་ལས་ཆང་དགེ་ཉུང་པས་ཕྲན་གྱིས་གནད་དོན་དེ་ཁ་སྐོང་གི་སླད་དུ་བྲིས་བ་ཡིན།
སེམས་བཟང་ཅན་ཁ་ཤས་ཀྱིས་ཆང་འཐུང་ཚེ་ཡུལ་ཁམས་བརླགས་པའི་ཐུགས་འཁྲལ་གནང་ཡང་མ་ངེས་ཏེ། ཡོ་རབ་ཀྱི་རྒྱལ་ཁབ་ཕལ་ཆེར་ཆང་གི་ལུང་པ་ཡིན་ཡང་དེས་དཔལ་འབྱོར་ཡར་རྒྱས་ལ་ཕན་ཐོགས་ཡོད་པ་མ་ཟད། ཡོ་རབ་ནི་ཡར་རྒྱས་ཆེ་ལ་འཛམ་གླིང་གི་ཡང་རྩེ་སྙེགས་པས་ཡིན། འོན་ཀྱང་ཆང་ཚོད་མེད་མཐོང་ནསalcoholicཆགས་ནས་མི་ཚེ་ཆུ་ཟོས་སུ་བཏང་བ་མི་འགྲིག་པས་རྒྱལ་ཁབ་མང་པོ་ཞིག་གི་ཁྲིམས་སུ་ལོ་བཅུ་བདུན་མ་ལོན་བར་ཆང་འཐུང་མི་ཆོག་ཅིང་དེས་གནོད་པ་སྐྱེས་བས་ཡིན།
ཐ་མག་འཐེན་ན་གནོད་སྐྱོན་ལས་ཕན་ཐོགས་ཉུང་བ་ཕྲན་གྱིས་འདོད་ཀྱིན་ཡོད་ལ་གོང་དུ་དྲ་གྲོགས་ཁ་ཤས་ཀྱིས་ཐ་མག་གི་ཉེས་སྐྱོན་བཀོད་ན་ལེགས་ཚུལ་གསུངས་བས། བོད་ནང་གི་དྲ་རྒྱ་ཞིག་ལས་ཕབ་བཤུས་ཀྱིས་འོག་ཏུ་བཀོད་ཡོད།
ཐ་མག་གིས་མི་ལུས་བདེ་ཐང་ལ་གཙོ་བོ་ཕྱོགས་དྲུག་ནས་གནོད་པ་ཐེབས་བཞིན་ཡོད་དེ།
(གཅིག)ཐ་མག་གིས་དབུགས་ལམ་མ་ལག་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་རེད། ཐོག་མར་ཐ་མག་ནི་གློ་བའི་འབྲས་ནད་སློང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པས། ཉིན་རྒྱུན་ཐ་མག་འཐེན་གྲངས་ཅི་ཙམ་མང་པ་དང་འཐེན་ཡུན་ཅི་ཙམ་རིང་ན་དེ་ཙམ་གྱི་གློ་བའི་འབྲས་སྐྲན་བྱུང་ནས་ཤི་ཚད་ཇེ་མང་དུ་འགྲོ་བཞིན་ཡོད་པར་མ་ཟད། ཐ་མག་འཐེན་པའི་ལོ་ཚོད་ཅི་ཙམ་སྔ་ན་དེ་ཙམ་གྱིས་ཉེན་ཁའང་ཆེ་བ་རེད། དེ་ལས་གཞན་ཐ་མག་ནི་དལ་བའི་རང་བཞིན་གྱི་གློ་ཡུ་འགག་པའི་ནད་སློང་རྐྱེན་གཙོ་བོ་ཞིག་ཀྱང་རེད། གློ་བའི་འབྲས་སྐྲན་དང་དལ་བའི་རང་བཞིན་གྱི་གློ་ཡུ་འགག་པའི་ནད་ལས་གཞན་ཐ་མག་གིས་ད་དུང་དབུགས་ལམ་མ་ལག་གི་ནད་རིགས་གཞན་དག་ཀྱང་སློང་ངེས།
(གཉིས།)ཐ་མག་གིས་སྙིང་དང་ཁྲག་རྩའི་མ་ལག་ལ་ཤུགས་རྐྱེན་བཟོ་བཞིན་ཡོད། ཐ་མག་གི་དུ་བས་སྙིང་དང་ཁྲག་རྩའི་མ་ལག་ལ་ཁྲག་འདོན་པར་བར་ཆད་བཏང་ནས་ཁྲག་དང་དབྱང་རླུང་མ་འདང་བ་ལས་པྲོག་དབྱིབས་འཕར་རྩ་རང་བཞིན་གྱི་སྙིང་ནད་དང་ཕྱི་འཁོར་ཁྲག་རྩའི་ནད་རིགས་སློང་སྲིད། ཐ་མག་འཐེན་ཚད་མང་ན་པྲོག་དབྱིབས་འཕར་རྩ་རང་བཞིན་གྱི་སྙིང་ནད་འབྱུང་ཚད་དེ་ཙམ་གྱིས་མཐོ་བ་རེད། ཐ་མག་གིས་པྲོག་དབྱིབས་འཕར་རྩ་རང་བཞིན་གྱི་སྙིང་ནད་སློང་བ་དང་ཇེ་ལྗིད་དུ་གཏོང་བའི་རྒྱུ་རྐྱེན་གཙོ་བོ་ནི་ཐ་མག་གི་དུ་བའི་ནང་དུ་དབྱང་གཅིག་ཐན་འགྱུར་དང་ཉི་ཀུའུ་ཏེན་ཅེས་པའི་དུག་རིགས་ཤིག་ཡོད་པས་རྐྱེན་རེད། གཞན་ཕྱི་འཁོར་ཁྲག་རྩའི་ནད་ཀྱིས་ལུས་སྨད་དུ་ཁྲག་གིས་མི་འདང་བ་དང་ཤི་འདྲུལ་སོགས་དལ་བའི་རང་བཞིན་གྱི་ནད་རིགས་སློང་སྲིད་པ་དང་ཚབས་ཆེ་ན་ད་དུང་ཡན་ལག་ཞ་བའང་ཡོད། ཞིབ་འཇུག་ལས་ཤེས་གསལ་ལྟར་ན། ཐ་མག་ནི་ད་དུང་ཕྱི་འཁོར་ཁྲག་རྩའི་ནད་སློང་བ་དང་འཕེལ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པས། ནད་དེ་བྱུང་ཡོད་པའི་ནད་པ་མང་ཆེ་བ་ཐ་མག་འཐེན་མཁན་རེད།
(གསུམ།)ཐ་མག་ནང་དུ་འབྲས་སྐྲན་སློང་བའི་རྫས་འགྱུར་རང་བཞིན་དང་འཕྲོ་འོད་རང་བཞིན་གྱི་དངོས་རྫས་རིགས་མང་པོ་ཞིག་འདུས་ཡོད་པ་རེད། དེ་བས་ཐ་མག་མང་པོ་འཐེན་ན་འབྲས་སྐྲན་སྣ་ཚོགས་འབྱུང་བཞིན་ཡོད་པ་དང་། དེའི་ནང་ནས་འབྱུང་ཚད་ཆེས་མཐོ་བ་ནི་གློ་བའི་འབྲས་སྐྲན་ཡིན་པ་དང་དེའི་འཕྲོ་ནས་སྐྱེས་པའི་ལྒང་བུའི་འབྲས་སྐྲན་དང་ཁའི་འབྲས་སྐྲན། མིད་པའི་འབྲས་སྐྲན་སོགས་རེད།
(བཞི།)ཐ་མག་འཐེན་ན་སྐྱེས་པར་ས་བོན་མེད་པའི་ནད་འབྱུང་ཚད་དེ་ཐ་མག་མི་འཐེན་པའི་མི་ལས་ལྡབ་དྲུག་གིས་མཐོ། ཐ་མག་གིས་སྐྱེས་པའི་ཁམས་དཀར་གྱི་གྲངས་ཚད་ཇེ་དམར་གཏོང་བར་མ་ཟད། ད་དུང་ཁམས་དཀར་རྒྱུན་ལྡན་མིན་པར་གཏོང་བ་དང་རོ་ཙ་ཉམས་སུ་འཇུག་སྲིད།
(ལྔ།)བུད་མེད་ལ་མཚོན་ནས་བཤད་ན། རང་གིས་ཐ་མག་འཐེན་པ་དང་ཐ་མག་འཐེན་མཁན་དང་མཉམ་དུ་བསྡད་པ་གང་ཡིན་རུང་། ཁྲག་ནང་གི་མོ་རྒྱུ་སྐུལ་རྩི་་ཇེ་དམར་གཏོང་བ་དང་། སྐྱི་པགས་སྐམ་པོ་དང་ལྷོད་པོར་གྱུར་ནས་ངོ་མདངས་ཉམས་པ་མངོན་གསལ་ཡིན་པར་མ་ཟད་ཐ་མག་འཐེན་པའི་བུད་མེད་དང་ཐ་མག་མི་འཐེན་པའི་བུད་མེད་གཉིས་བསྡུར་ན། ཐ་མག་འཐེན་པའི་བུད་མེད་ལ་མངལ་མི་སྦྲུམ་པའི་ནད་འབྱུང་ཚད་མངོན་གསལ་གྱིས་མཐོ། ཐ་མག་འཐེན་ན་བུད་མེད་རང་ཉིད་ཀྱི་ལུས་ཕུང་བདེ་ཐང་ལ་གནོད་པར་མ་ཟད་མི་རབས་རྗེས་མའི་བདེ་ཐང་ལའང་གནོད་པ་ཡོད་པ་རེད། དཔེར་ན་གསར་སྐྱེས་བྱིས་པའི་ལུས་སྟོབས་ཞན་པ་དང་། ལྗིད་ཚད་ཡང་བ། ཤི་ཚད་མཐོ་བ་བཅས་དང་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་འབྱུང་ཚད་མཐོ་བ་སོགས་ལྟ་བུ་རེད།
(དྲུག)ཐ་མག་ནང་གི་ཉི་ཀུའུ་ཏེན་ཞེས་པའི་དུག་རྫས་དེས་གཙོ་བོར་མིའི་དབང་རྩའི་མ་ལག་ལ་གནོད་པ་གཏོང་བ་རེད། ཐ་མག་འཐེན་མཁན་ལ་ལའི་བསམ་པར་ཐ་མག་འཐེན་ན་ངལ་དུབ་སེལ་ཐུབ་པ་དང་ལུས་སྟོབས་སོགས་རྒྱས་སུ་འཇུག་ཐུབ་པར་བསམ་བཞིན་ཡོད། དོན་དངོས་སུ་དེ་ནི་ཉིས་ཀུའུ་ཏེན་ཞེས་པའི་དུག་རྫས་དེས་དབང་རྩའི་མ་ལག་རྒྱས་སུ་བཅུག་ནས་མི་ལ་རེ་ཞིག་སྤྲོ་སྣང་རྒྱས་སུ་བཅུག་པ་ཙམ་རེད། སྤྲོ་སྣང་དེའི་རྗེས་སུ་དབང་རྩའི་མ་ལག་རྣམས་ལ་དེ་མ་ཐག་ཚོད་འཛིན་ཐེབས་པ་རེད། དེར་བརྟེན་ཐ་མག་འཐེན་རྗེས་དབང་རྩའི་ཤ་གནད་ལས་བྱུང་བའི་སྐྱེན་ཚད་དང་དག་ཚད་ཚང་མ་ཇེ་དམར་འགྲོ་ངེས།
ཐ་མག་གིས་མིའི་ལུས་ཕུང་བདེ་ཐང་ལ་གནོད་སྐྱེལ་བ་ཚང་མས་ཤེས་ཡོད་མོད། ན་གཞོན་ལོ་ཆུང་ལ་དེ་ལས་ཀྱང་གནོད་པ་རེད། ན་གཞོན་ལོ་ཆུང་རྣམས་ལུས་ཕུང་འཚར་ལོངས་འབྱུང་བའི་སྐབས་ཡིན་པས་སྐྱེ་ཁམས་མ་ལག་དང་དབང་བོ་བཅས་ཚང་མ་ད་དུང་འཚར་ལོངས་བྱུང་མེད་ཕྱིར་ལུས་ཀྱི་རིམས་འགོག་ནུས་ཤུགས་གཉོམ་པ་དང་དུག་རྫས་ཀྱིས་ལུས་ཕུང་ལ་གནོད་བསྐྱལ་ནས་འཚར་ལོངས་འབྱུང་བར་གནོད་པ་ཐེབས་སླ། ན་གཞོན་ལོ་ཆུང་རྣམས་ཁྱིམ་དུ་ཐ་མག་འཐེན་མཁན་དང་མཉམ་དུ་སྡོད་པའི་གནད་དོན་དེའང་ཚང་མས་དོ་སྣང་བྱ་ཡུལ་ཞིག་ཏུ་གྱུར་ཡོད། དེར་མ་ཟད་ན་གཞོན་ལོ་ཆུང་ལ་མཚོན་ནས་བཤད་ན། ཐ་མག་འཐེན་པའི་ལོ་ཚོད་ཇི་ཙམ་གྱིས་སྔ་ན་དེ་ཙམ་གྱིས་གློ་བའི་འབྲས་སྐྲན་འབྱུང་ཚད་དང་ཤི་ཚད་མཐོ་བ་རེད། ཐ་མག་གིས་ན་གཞོན་ལོ་ཆུང་གི་ཀླད་པར་གནོད་བསྐྱལ་ནས་རིག་སྟོབས་རྒྱས་པར་ཤན་ཤུགས་ངན་པ་ཐེབས་སྲིད། ཐ་མག་གི་དུ་བའི་ནང་དབྱང་གཅིག་ཐན་འགྱུར་འདུས་ཚད་ཧ་ཅང་མཐོ། དེ་མིའི་ལུས་ཐོག་ཏུ་ཁྱབ་རྗེས་ཁྲག་ནང་གི་ཁྲག་དམར་སྤྲི་དཀར་དང་འབྲེལ་ནས་ཐན་དབྱང་ཁྲག་དམར་སྤྲི་དཀར་གྲུབ་ཏེ། ཁྲག་དམར་སྤྲི་དཀར་དེ་རྒྱུན་ལྡན་སྒོས་དབྱང་དང་ཟུང་དུ་འབྲེལ་ནས་ཁྲག་དམར་སྤྲི་དཀར་འགྲུབ་མི་ཐུབ་པར་བརྟེན། དབྱང་ལྡན་པའི་ནུས་པ་འཆོར་སྲིད། དེ་ལས་གཞན་དབྱང་གཅིག་ཐན་འགྱུར་དང་ཁྲག་དམར་སྤྲི་དཀར་ཟུང་དུ་འབྲེལ་ཤུགས་དེ་དབྱང་རླུང་ལས་ལྡབ་260ཙམ་གྱིས་མཐོ་བ་རེད། མིའི་ཀླད་པར་དབྱང་མཁོ་ཚད་ཆེ་བས་ཐ་མག་མང་པོ་འཐེན་ན་བློ་རྩེ་གཅིག་ཏུ་སྒྲིམ་མི་ཐུབ་པ་དང་ཐ་ན་མགོ་ན་བ་དང་མགོ་ཡོམ་འཁོར་བའི་སྣང་ཚུལ་འབྱུང་སྲིད། དེ་ལྟར་ཡུན་རིང་འགོར་ཚེ་ཀླད་པར་གནོད་སྐྱོན་ཕོག་ནས་རྣམ་རིག་མི་གསལ་བ་དང་ཡིད་འཛིན་གྱི་ནུས་པ་ཇེ་ཞན་དུ་གྱུར་ཏེ་ན་གཞོན་ལོ་ཆུང་གི་སློབ་སྦྱོང་དང་འཚོ་བར་ཤུགས་རྐྱེན་ཐེབས་ནས་སློབ་སྦྱོང་གི་གྲུབ་འབྲས་མར་ལྷུང་བ་ཁོ་ཐག་ཡིན།
ཞིང་བ་མང་ཚོགས་མང་པོ་ཞིག་གིས་ལོ་མང་རིང་འཐེན་ལོབས་སུ་སོང་བའི་ཐ་མག་གཅོད་ཆེད། སྒོར་མོ་མང་པོ་བཀོལ་བ་དང་བྱེད་ཐབས་གང་མང་སྤྱད་རུང་ཐ་མག་གཅོད་ཐུབ་ཀྱིན་མེད། དེའི་རྒྱུ་རྐྱེན་ནི་གཙོ་བོ་མི་རང་ཉིད་ཀྱི་བློ་རྩ་བརྟན་མིན་ལ་རག་ལས་ཡོད། བློ་རྩ་བརྟན་པོ་ཞིག་དང་བྱེད་ཐབས་ལེགས་པོ་ཞིག་ཡོད་ན་ད་གཟོད་ཐ་མག་གཅོད་པའི་ལས་འགན་ལྗིད་མོ་དེ་ལེགས་འགྲུབ་བྱེད་ཐུབ། གཤམ་དུ་རྒྱུན་བཀོལ་གྱི་ཐ་མག་གཅོད་ཐབས་འགའ་དང་ཐ་མག་གཅོད་སྐབས་མཉམ་འཇོག་བྱེད་དགོས་པའི་གནད་དོན་འགའ་ངོ་སྤྲོད་ཅིག་བྱེད།
(1)སེམས་ཁམས་ཀྱི་གསོ་བཅོས། སེམས་ཁམས་གསོ་བཅོས་བྱས་ན་ཐ་མག་འཐེན་མཁན་གྱིས་བློ་རྩ་བརྟན་པོས་ཐ་མག་གཅོད་པར་རམ་འདེགས་བྱེད་ཐུབ། ཐོག་མར་ཐ་མག་གཅོད་སྐབས་ཁྱེད་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་རང་ཉིད་ཐ་མག་ལ་སུན་སྣང་སྐྱེས་སུ་འཇུག་དགོས། བསམ་གཟས་ནས་འཐེན་མི་འདོད་པའི་ཐ་མག་བག་ཆ་འགའ་ཉོས་དེ་རང་ཉིད་ཀྱིས་ཆེས་འཐེན་ན་མི་འདོད་པའི་དུས་སུ་ཨུ་ཚུགས་སྒོས་འཐེན་ཏེ་ཐ་མག་ལ་སུན་སྣང་སྐྱེས་སུ་འཇུག་དགོས། དེ་ནས་ཐ་མག་གི་ཉེས་དམིགས་བཤད་པའི་དཔེ་ཆ་མང་པོ་ཀློག་པ་དང་དེའི་ཕྱོགས་ཀྱི་རླུང་འཕྲིན་སོགས་ལ་ཉན་ནས་ཐ་མག་འཐེན་པའི་མཇུག་འབྲས་ལ་སྐྲག་སྣང་སྐྱེས་སུ་བཅུག་ནས་བསམ་བློའི་སྟེང་ནས་ཐ་མག་གཅོད་པའི་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་དགོས། ད་དུང་ཁྱེད་ཀྱིས་ཐ་མག་འཐེན་འདོད་པའི་སྐབས་སུ་དངོས་པོ་གཞན་པས་ཚབ་བྱས་ཏེ་དགའ་ཕྱོགས་བསྒྱུར་དགོས། དཔེར་ན་ཀ་ར་ཐང་ཆུ་ལྡོད་པ། མེ་ཏོག་ཉི་མ་འཁོར་གྱི་འབྲས་བུ་ཟ་བ། ཇ་དང་ཁའོ་ཧྥེ་འཐུང་བ་སོགས་བྱེད་དགོས། དེ་ལས་གཞན་མཉམ་འཇོག་བྱེད་དགོས་ས་ཞིག་ནི་ཐོག་མར་ཐ་མག་གཅོད་སྐབས་ཐ་མག་འཐེན་མཁན་དང་མཉམ་དུ་འདུག་མི་རུང་།
ཁྱེད་ཀྱིས་ཐ་མག་གཅོད་པའི་སྐབས་སུ་མི་བདེ་བའི་ཚོར་སྣང་བྱུང་ན་གཤམ་གྱི་བྱེད་ཐབས་འདི་དག་སྤྱད་ཆོག་སྟེ། མགོ་ཡོམ་འཁོར་བའི་སྐབས་སུ་ངོ་གདོང་བཀྲུ་བ་དང་ལུས་པོ་བཀྲུ་བ། ཁ་ནང་དུ་མི་བདེ་བའི་སྐབས་སུ་ཁ་བཤལ་བ། སེམས་མི་བདེ་བ་དང་སེམས་འཚིག་པའི་སྐབས་སུ་དབུགས་རིང་པོར་ལེན་པ། ཅི་བྱེད་འདི་བྱེད་མི་ཤེས་པའི་སྐབས་སུ་རོལ་མོར་ཉན་པ་དང་གཉིད་མི་ཁུགས་པའི་སྐབས་སུ་འོ་མ་འཐུང་བ་དང་ལུས་ཡོངས་ལྷོད་པོར་གནས་པ། གསོལ་སྟོན་སོགས་ཀྱི་སྐབས་སུ་ཐ་མག་འཐེན་མཁན་དང་ཁ་བརྡ་མི་བྱེད་པ་སོགས་བྱེད་དགོས།
(2)ལུས་ཕུང་སྦྱོང་བརྡར་ལ་ཤུགས་སྣོན་དགོས། ཐ་མག་འཐེན་པའི་མི་མང་པོ་ཞིག་ལ་ཞོགས་པར་མལ་ལས་ལངས་མ་ཐག་ཐ་མག་འཐེན་པའི་གོམས་སྲོལ་ཡོད་པས། ཞོགས་པར་དུས་གཏན་འཁེལ་སྒོས་ལུས་ཕུང་སྦྱོང་བརྡར་བྱས་ན་ཐ་མག་འཐེན་འདོད་པའི་བསམ་བློ་སྐྱེས་མི་སྲིད། གཞན་ད་དུང་རྒྱུན་དུ་ཆུར་བསྐྱལ་བ་དང་རྐང་རྩེ་སྤོ་ལོ་རྒྱག་པ་སོགས་བྱེད་དགོས། འདི་དག་ཐམས་ཅད་ཀྱིས་སེམས་ཤུགས་ཇེ་མཐོར་གཏོང་བ་དང་དུ་སྐྱོ་སེལ་ཐུབ།
(3)སྨན་རྫས་ལ་བརྟེན་ནས་ཐ་མག་གཅོད་པ། ཚང་མས་ད་དུང་ཐ་མག་གཅོད་པའི་བྱེད་ཐབས་དེ་དཔེར་ན། ཐ་མག་གཅོད་བྱེད་ཀྱི་ཁུ་དྭངས་འཐུང་བ་དང་ཐ་མག་གཅོད་བྱེད་ཀྱི་ཇ་འཐུང་བ་དང་ཀ་ར་ཟ་བ། ཐ་མག་གཅོད་བྱེད་ཀྱི་སྦྱོར་སྨན་སྦྱོར་བ་སོགས་སྨན་པར་དྲིས་ནས་ཚོད་ལྟ་བྱས་ཆོག་མོད། འོན་ཀྱང་ངེས་པར་དུ་སྨན་པའི་ངག་བཀོད་ལ་ཉན་དགོས།
(4)ཆུ་འཐུང་ནས་ཐ་མག་གཅོད་པ། དུ་སྐྱོ་ལངས་པའི་སྐབས་སུ་ཆུ་འཐུང་ནས་ཚོད་འཛིན་བྱེད་པ། ནམ་རྒྱུན་ཞོགས་པར་སྔ་མོར་ལངས་ནས་ཆུ་འཐུང་དགོས། ཉིན་རྒྱུན་ཐེངས་ལྔ་དང་ཐེངས་རེར་དཀར་ཡོལ་གང་རེ་འཐུང་དགོས། ནམ་རྒྱུན་ཟ་མ་ཟ་སྐབས་ལྟོ་སྟོང་ཡིན་པ་དང་ཐ་མག་འཐེན་འདོད་པའི་སྣང་བ་སྐྱེས་ན་ཐོག་མར་ཆུ་དཀར་ཡོལ་གང་འཐུང་ན་འོས།
(5)ཚང་མར་གསལ་འདེབས་བྱེད་རྒྱུ་ཞིག་ཡོད་པ་ནི་ཐ་མག་དང་ཆང་མཉམ་དུ་གཅོད་དགོས། དེའི་རྒྱུ་མཚན་ནི་ཉི་ཀུའུ་ཏེན་དང་ཆང་བཅུད་ཚང་མས་ལུས་སྟེང་ལ་མི་ལེགས་པའི་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་རེད། ཉི་ཀུའུ་ཏེན་གྱིས་མི་ལ་ཆང་འཐུང་འདོད་པའི་སྣང་བ་སྐྱེས་སུ་འཇུག་པ་དང་ཆང་བཅུད་ཀྱིས་ཀྱང་མི་ལ་ཐ་མག་འཐེན་འདོད་སྐྱེས་སུ་འཇུག་སྲིད། དེ་བས་ཐ་མག་དང་ཆང་མཉམ་དུ་གཅོད་འོས།
མཐའ་མའི་དོན་ཚན་དེ་ལ་དེ་ཙམ་ངོས་ལེན་མེད། ངས་ཆང་འཐུང་ཡང་ཐ་མག་འཐེན་གྱི་མེད་ལ། ཆང་འཐུང་སྐབས་ཐ་མག་འཐེན་པའི་འདོད་འདུན་འཕེལ་མ་མྱོང་། དེ་ནི་ངའི་མྱོང་བ་ཡིན། ཐ་མག་འཐེན་མཁན་ཞིག་ལ་ཆང་འཐུང་རྗེས་ཐ་མག་འདོད་སྐྱེས་བ་མ་ཟད་ཟས་ཟས་རྗེས་ཐ་མག་འཐེན་འདོད་སྐྱེས་བ་དངོས་ཡོད་རེད།
.འཕན་པོ་བསྟན་དར་ནས།
དྲ་གྲོགས་རྣམ་ཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་ཡིན། བོད་ཡིག་སྦྱང་བཞིན་པའི་ཕ་རྒན་གྱི་བསམ་ཚུལ་ཞུ་བ་ལས་མཁས་བར་འདྲེན་པའི་ཤེས་ཡོན་མེད་ནའང་སྦྱོང་སྡར་དང་བློ་སྐྱེས་ཞིག་ཐོབས་ན་བསམ་ནས་ཡོང་བ་ཡིན་པས་ནོར་འཁྲུལ་ཡོ་སངས་དང་བཀའ་སློབ་སྤྱི་ནས་ཡོང་བ་མཁྱེན་མཁྱེན། མཁྱེན། བཞེས་པའི་ཚིག་གི་སྔོན་བསུས་ཏེ།།
ཆང་འདི་བདུད་རྩི་ཡིན་མིན་ངས་མི་ཤེས།། ཆང་གི་བདེ་བ་གཏེར་མིན་ངས་མི་ཤེས།།
ཆང་གི་རྣམ་རྟོག་འགོག་མིན་ངས་མི་ཤེས།། ཆང་འདི་དགོས་མཁོ་ཆེ་བ་ང་ཡི་ཤེས།།
ང་ནི་དབུས་ཀྱི་ཞིང་པའི་ཁྱིམ་ནས་ལོན། ཆང་ཞིག་མེད་ན་ཁྱིམ་ཚང་སྐྱོ་བོར་བརྩི།།
ཆང་བཟའི་རྟེན་འབྲེལ་སྐབས་སུ་བསུ་ཆང་དགོས།། ཤི་བོའི་མྱ་ངན་སྐབས་སུ་སྡུག་ཆང་དགོས།།
ཕྲུ་གུའི་བང་གསོས་སྐབས་སུ་རྟེན་ཆང་དགོས།། ཞིང་པ་ཞིང་ལས་སྐབས་སུ་ངལ་ཆང་དགོས།།
སྟོན་ཁ་རྩས་མའི་སྐབས་སུ་རྩས་ཆང་དགོས།། སྐྱིད་སྡུག་གང་ལ་སྤྱོད་པའི་མཆོད་ཆང་འདི།།
ཨ་ཁུ་ཞིང་པར་མེད་ན་མེད་ཐབས་མེད།།
ནས་ཆང་གསིལ་མ་ཞིང་པའི་མཐོན་ཁུང་ཡིན།། ནང་ལ་མཆོད་ཆང་མེད་མཁན་ཡོད་དོག་མེད།།
ཚད་མེད་ཟི་ཟི་འཐུང་མཁན་རེ་གཉིས་ཙམ།། སྐྱེ་བོ་ཕོ་མོ་དབྱེ་མེད་ཆང་ལ་རོལ།།
འཐུང་ཚོད་ཤེས་ན་ཆང་གི་ལུས་སྟོབས་གསོ།། མི་ཤེས་ཟི་ལོར་སྨྱོན་པ་ཕུང་ལ་སྦྱོར།།
ཚོད་མེད་ཟས་ཀྱང་ལུས་ལ་གནོད་པའི་ཉེན།། འཐུང་ཚོད་ཤེས་ན་ཉེས་པ་ཨེ་ཡོད་དྲན།
།བདག་ཅག་སྟོན་པ་ཤཱཀྱ་ཐུབ་པ་ཡིས།། ཆང་ནི་ཉེ་བ་ཀུན་གྱི་རྩ་བ་ཡིན།།རྩ་མཆོག་ཟིལ་པ་ཙམ་ཡང་སྤང་བྱ་གསུང་།། ཐོས་ཀྱང་ཉམས་ལེན་མེད་པ་ངས་མི་ཤེས།། །།
འཐུང་ཚོད་མི་ཤེས་ན།་་་་་་་་་་་་་་་ དཔལ་དགྱེད་པ་རྡོ་རྗེ་ལག་ནས་གསུང་བ་བཞིན།
སྐྱ་སེར་ཁྱད་མེད་གསོན་པོ་རོ་བཞིན་འགྱུར། །
ཕོ་མོ་ཁྱད་མེད་དུག་ལྔ་དྲག་ཏུ་འཁྲུག །
མཐོ་དམན་ཁྱད་མེད་ངོ་ཚ་མི་ཤེས་ནས། །
དྲན་པ་ཉམས་ཀྱང་དགའ་བདེ་སྐྱིད་སྣང་ཚོར། །
ཚེ་ཐུང་ནད་མང་ལོངས་སྤྱོད་རིམ་གྱིས་ཟད། །
ཁ་རྗེ་རླུང་རྟ་ཁམས་དབང་སྲོག་རྩ་ཉམས། །
དུག་རྫས་ཆང་གི་གནོད་པ་བསམ་མི་ཁྱབ། །
དེས་ན་གཟུར་གནས་བློ་གྲོས་བརྟེན་པར་མཛོད། །
ཨེ་མ་ངོ་མཚར་ཆེ།།
ན་མོ་གུ་རུ་ཤྰཀྱ་མུ་ནེ་ཡེ། །
ཕྱོགས་དུས་རྒྱལ་ཀུན་འདུས་ཞལ་རིན་པོ་ཆེ་ནས་དམིགས་ནས་ཅི་དྲན་ཆང་གི་ཉེས་པ་རྣམས།། ཤྲྰི་སྨྱོན་དགྱེས་པ་རྡོ་རྗེས་ཕུལ་བར་དགེ
རྗེས་སུ་ཡིད་རང་ཞུ།།
གུས་པ་འཕན་པོ་བསྟན་དར་ནས།། །།