ཚེ་རིང་སྐྱིད།
ཝུ་ཆང་དེ་འོ་ཇའི་ཚབ་ཏུ་གྱུར་རྗེས
ཆང་ཕོར་ནང་ནས་འཁོར་བ་རྙེད་པ་ལྟ་བུའི་འཁྲུལ་སྣང་བྱུང༌།
ཝུ་ཆར་དམར་པོ། ཤེལ་ཕོར་གྱི་ནང་དུ་ཞག་རྩི་ལྟ་བུའི་མདངས་ཀྱིས་གཡོ་སྐྱོམ་བྱེད་སྐབས
ངས་ཁྱེད་ཀྱི་ཟུངས་ཁྲག་ལྟ་བུའི་ཝུ་ཆང་ལ་ཅེར་ཞིང༌།
ཁྱེད་དང་ང་ཡི་གཏམ་རྒྱུད་མགོ་མཇུག་མི་ཚང་བ་ཞིག་ཀྱང་ཡིད་ལ་ཤར་ཡོང༌
ངས་གསང་བ་ཡིན་མདོག་མདོག་གིས་བཤད་མ་ཕོད་པ་མང་པོ
ཤེལ་ཕོར་དེ་ཁྱེད་རང་ཡིན་འདང་གིས
ཁ་རོག་གེར་ཁེར་ལབ་གང་མང་ཞིག་ཐལ་སོང༌།
མི་ཚོས་བཤད་ན། “བུད་མེད་ལ་ཆང་རག་མི་མཛའ་”ཟེར
ངས་གློ་བུར་དུ་མི་ཚོས་བུད་མེད་ལ་བརྩེ་དུང་ཡང་མི་དགོས་ལབ་ཀྱིན་པའི་སྣང་བ་ཤར
མི་ཚོས་ང་ལ་ཁྱེད་རང་མི་མཛའ་བར་བརྗོད་ཀྱིན་པ་འཁྲུལ་དུས
ངས་ཁྱེད་ཀྱི་སྐད་ངག་དང་མིག་ཟུང་
དཔུང་བ་དང་བྲང་གཞི། ཕོ་ཉམས་སོགས་རེ་རེ་མཐོང་ཐུབ་སའི་ཆང་ཕོར་ལག་ཏུ་བཟུང་ཏེ
ཡིད་ཚིམས་པའི་འོ་ཞིམ་པོ་ཞིག་སྐྱལ་དགོས་བྱུང༌།
རོལ་དབྱངས་ཀྱི་མཐོ་དམའི་བར་མཚམས་སུ
ངས་ཀྱང་”ཐོག་ཁང་དམར་པོ་”ལྟ་བུའི་ཁང་མིག་ཅིག་ཏུ་ཁྱེད་ཉིད་དྲན་གྱིན་འདུག་ལབ་པ་གོ་སོང༌།
ཤེལ་ཕོར་དེ་བརྙན་འཕྲིན་གྱི་ངོས་ལྟར
ཉིད་ཀྱིས་ལག་ཟུང་ང་ལ་བསྲིངས་བཞིན་པ་མཐོང་ཡོང༌།
འགལ་འདུ་རྒོད་པའི་བསམ་གཞིགས་ཀྱི་བར་ནས
གྲངས་མང་རྙོག་ཟིང་གི་མི་ཚོགས་ནི
འུ་གཉིས་ཀྱི་བར་ཐག་ལ་ལྕགས་ཀྱི་རྡོ་མཁར་བསླངས་མཁན་ཡིན་པར་འདོད
ལག་ཁྱེར་ཁ་པར་ནས་གྲགས་པའི་བརྡ་ལན་དེ་ཡང་ཁྱེད་ཀྱི་སྐད་ངག་བརྗེད་པའི་སྨན་ཞིག་རེད་འདུག
བར་ཐག་དང་དུས་ཚོད་ཀྱིས་འུ་གཉིས་སའི་གོ་ལའི་ཕྱོགས་སོ་སོར་འདེད་བཞིན་པ་རྙེད་པས
ངས་ཐེངས་འདིའི་ཝུ་ཆང་ཕོར་བ་གང་འདིར་ཞབས་དག་བཀྱོན་རྗེས
སྒྱུ་རྩལ་གྱི་སྙིང་པོ་འདུས་པའི་མེག་ཁི་ཇེག་ཟན་གྱི་གླུ་དབྱངས་ལ་ཉན་ཞོར
ཁྱེད་ཀྱང་མེག་ཁི་ཇེག་ཟན་འདས་གྲོངས་སུ་སོང་བ་ལྟར
འཇིག་རྟེན་ནས་མིག་ཟུང་གཏན་དུ་བཙུམ་པར་མཐའ་མའི་སྐྱེལ་མ་བྱ་དགོས་བྱུང༌།
མ་མཐར་ཡང་ངའི་འཇིག་རྟེན་ལ་ཁྱེད་ཉིད་ལོག་ཡོང་མེད་པར་སྐྱེལ་བྱེད་ཀྱིན་ཡོད
ཝུ་ཆང་འཐུང་ཚར་སོང༌། གླུ་དབྱངས་འཇགས་ཚར་སོང༌།
ཤེལ་ཕོར་ས་རུ་ཟགས་ཏེ་ཆག་སོང༌།
ཨ་ཨ་ཨ། སྙན་ངག་ཟེར་ནོ་རེད།
སྨན་ཤར་མའི་་མྱོང་བ་དང་སྦྱར་ནས་བྲིས་ན་་སྙན་ངག་ཟེར་ནི་འདི་མོ་ཟིག་མིན་ན་གང་མོ་ཟིག་ཡིན་རྒྱུ།
ཨ་རོགས་བླ་མ་སྤྲུལ་སྐུ། གྲྭ་པ། བཙུན་པ་ཚོ། ལྷག་པར་མཁན་སྤྲུལ་གྱི་མིང་ཁུར་མཁན་ཚོ། མཆན་བུ་འབྲི་སྐབས་དྲན་ཤེས་ཡག་པོ་བསྟེན། བུད་མེད་ཀྱི་རྩོམ་ལ་ལན་བྲིས་པས་ཉེ་ཆར་སྐྱོ་བྲག་མཁན་པོ་དང་ལྕགས་མོ་མཚོའི་ལོ་རྒྱུས་ལྟ་བུ་རེད། གྲྭ་པ་ཚོས་བུད་མེད་ལ་སྐད་ཆ་བཤད་སྟངས་ཁྱོན་ནས་ཤེས་ཀྱི་མི་འདུག ཚང་མས་གཟབ་གཟབ་ཀྱིས། ངས་གྲྭ་པ་ཚང་མའི་མགོ་རྣ་ལ་བསམ་ནས་གཞེན་སྐུལ་ཐུང་ཐུང་འདི་བྲིས་པ་ཡིན་ཁྱེད་རྣམ་ཚོ་དགོངས་པ་མ་ཚོམས་རོགས།
འ་འ་འ། བཀྲ་ཤིས་ཀྱི་གསལ་བསྒྲགས་ལ་ལྟོས་རྗེས་ནང་དུ་མི་ཡོང་བསམ་ཡོད། འོན་ཀྱང་ཆང་ཁང་འདིའི་ཁ་བྱང་ལ་གཅིག་བལྟས་རྗེས། རྐང་པ་འདྲེས་བཟུང་པ་ལྟར་ནང་དུ་རང་དབང་མེད་པར་ཐལ་སོང་། ཆི་འདྲ་འདྲའི་ཆང་ཁ་གཟུ་མོ་ཞིག དྲི་མ་སྣ་ལམ་དུ་ཕོག་པས། མགོ་ནང་ལ་གཟི་ཐོམ་མེར། སྒོ་འགྲམ་དུ་རིལ་སོང་།
ཨོ་རེད། གཞོན་ནུ་ངས་ད་དགེ་བཤེས་ཆང་ཁང་གི་རྩར་སོང་ན་ཡོང་རྒྱུ་འདི་མིན་མེད་བསམ་ནས་བཤད་ཡིན། ༼སྒོ་འགྲམ་དུ་རིལ་སོང་།༽ ཆང་ཁང་ཞིག་གི་སྒོ་འགྲམ་ན་དགེ་བཤེས་ཤིག་རིལ་འདུག་ཟེར་བ་ཁྱེད་ཡིན་ཚོད་རེད།
མོའི་དགའ་གྲོགས་དེ་ཆང་ཧུབ་གང་དོ་ཁ་ཤས་འཐུང་རྗེས་ཁོའི་མགོའི་ནང་ལ་གཟི་འཐོམས་མེར་འགྱུར་ནས་ཕྱིར་ཐོན་སྐབས་སྒོ་འགྲམ་དུ་རིལ་ནས་ང་མོ་ལ་དགའ་ཞེས་རང་ལབ་ཡང་ཡང་བྱེད་བཞིན་འདུག་པ་ངས་མཐོང་བྱུང་། ཁོ་སྙིང་གཅེས་མོ་དང་ག་དུས་འཕྲད་སྲིད་དམ།
བཀྲ་ཤིས་ལགས།
ཁྱེད་ལ་བུ་མོའི་སྐོར་རྒྱུས་མངའ་ཆེན་པོ་ཡོད་ས་རེད་འདིར་བཤད་ན་མི་འགྲིག་གམ།
བླ་མ་དང་སྤྲུལ་སྐུ་གྲྭ་བ་དེ་ཚོར་མ་འོང་པར་བུ་མོ་ལ་འབྲེལ་བ་བྱེད་སྟངས་ལ་ཕན་ཐོགས་ཆེན་པོ་ཡོང་ས་རེད།
དགེ་ཆོས་ཀྱིས།
ཆོས་འཕེལ་འཆལ་པོས་མྱོང་ནས་བྲིས་པ་དང།
མི་ཕམ་བཙུན་པས་གསན་ནས་བྲིས་པ་གཉིས།
ཞེས་གསལ་བ་ལྟར་རོ།
ཆང་ཕོར་སིལ་བུར་སོང་རྗེས།
ཡུད་ཙམ་གྱི་རིང་ལ་འཇིག་རྟེན་འདི་འཇམ་ཐེངས་ངེར་ལུས་ཡོད།
གློག་སྒྲོན་དང་རོལ་དབྱངས་ཀྱི་རྒྱབ་ལྗོངས་སུ།
སུ་ཞིག་གི་འདོད་བརྩེ་བསྐུངས་ཡོད་མེད་དང་།
མཚན་མོ་དང་བསིལ་རླུང་གི་བྲང་གཞུང་དུ།
གང་ཞིག་གི་ཚ་དྲོད་ལུས་ཡོད་མེད།
ཁྱེད་ཀྱིས་གདོང་བ་སྨད་དེ་སུ་ལ་ཞུ།
འཇིག་རྟེན་མ་གཞི་ནས་དེ་འདྲ་ཞིག་རེད་པས།
ཆང་ཕོར་ཆག་ཏེ་རོལ་དབྱངས་འཇམ་སོང་དུས།
ཟླ་ཞུན་གྱི་མཛེས་པ་བརྐུ་བར་བྱེད་པའི་མིག་ཟུང་ཞིག་དང་
མཚོ་ཆེན་པོའི་ལྷིང་འཇགས་འཇོམས་པར་བྱེད་པའི་གོམ་སྟབས།
ད་དུང་ཡོལ་བ་དཀར་དམར་གྱི་ཕྱི་ནང་དུ་གསང་རས་ཀྱིས་བཏུམ་པའི་བྲང་གི་མཛེས་པ་དེ་དག་གི་ཆེད།
དམར་སྨུག་གི་ལྭ་བ་གྱོན་པ་ཚོས་མིག་ཟུང་བཙུམས་རོགས་གནང༌།
ཨོ་ཡ། དེ་རིང་བོད་ཀྱི་མཛམས་མས་ང་ལ་ཡ་ལན་བྱས་འདུག
ངའི་མིང་གང་བྱུང་དུ་བེད་སྤྱོད་མ་གཏོང་རོགས་གནང༌། སྒང་དུ་བཀྲ་ཤིས་ལ་བྲིས་ཡོད་པ་དེ་ང་ཚེ་རིང་སྐྱིད་མིན་ལགས། ཁེ་ཉིན་དྲ་ལམ་དུ་མིང་རྐུན་མ་བརྒྱབ་ཏེ་དྲ་ལམ་བགྲོ་གླེང་གི་ཁོར་ཡུག་བདེ་ཐང་མེད་པར་བཟོ་བཞིན་པ་གོ་མྱོང་ལ། ཡང་ངའི་མིང་བེད་སྤྱོད་ཀྱིས་མི་ཁ་ཤས་ལ་སྐད་ཆ་གང་བྱུང་དང་ལྷག་པར་དུ་རབ་བྱུང་པ་ཚོར་ཆགས་སྲེད་ཀྱི་སྐད་ཆ་བཤད་ཀྱིན་འདུག་ཟེར། ངས་ཀྱང་ཤེས་ཏེ་ཚེ་རིང་སྐྱིད་ཅེས་པ་ང་གཅིག་པུ་ཡིན་མི་སྲིད་ཀྱང༌། ཚེ་རིང་སྐྱིད་གཞན་པ་ཡོད་ན་ཚེ་རིང་སྐྱིད་ཁྱེད་རང་གི་བསམ་ཚུལ་དང་ལྟ་བ་འབུར་ཐོན་གྱིས་རང་གི་ཁྱད་ཆོད་དང་རང་གི་ཚབ་མཚོན་བྱ་རྒྱུ་ལས་ཚེ་རིང་སྐྱིད་ང་ཡི་ཚབ་མཚོན་དང་ཡིན་མདོག་མདོག་མ་བྱ་རོགས་གནང༌།
བཀྲ་ཤིས་ནི་སྔགས་པ་བཀྲ་ཤིས་ཟེར་བའི་འཁྲེབ་ཏོ་ཟིག་ཡིན། སྔགས་པ་ཚང་མ་ང་ནང་བཞིན་གྱི་འཁྲེབ་ཏོ་རྐྱང་རྐྱང་ག་ལ་ཡིན་ཏེ་མ་རེད།
ད་ལྟ་རང་ང་ལ་བལ་ཡུལ་གྱི་གྲོགས་པོ་ཞིག་གིས་ Yahoo Messenge བརྒྱུད་ནས་མཛེས་མ་ཚེ་རིང་སྐྱིད་ཀྱི་སྐུ་པར་ཞིག་སྤྲད་སོང་། དངོས་གནས་ཡིད་འཕྲོག་ནི་ཟིག་རེད་ཡ། པར་སྒྲོན་ས་ཨ་རིིའི་རྒྱལ་ཁང་གི་མདུན་རེད་ཟེར།
ཀློག་མཁན་ཚོས་ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བ། ཐ་ན་དགག་ལན་ཡང་གནང་རྒྱུ་ལ་ང་ཚོས་དགའ་བསུ་ཞུ་བ་ཡིན། ཡིན་ན་ཡང་། སྐྱེ་བོ་སྒེར་པ་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པ། དེ་མིན་གྱི་མི་རིགས་པའི་གནས་ཚུལ་འཁོད་པའི་མཆན་རྣམས་ལ་ནི་འདི་ནས་དགའ་བསུ་མི་ཞུ་ལ། ཐ་ན་མཆན་དེ་ཚོ་འགོག་རྒྱུའི་ལམ་ཁ་ཡང་བསྟེན་སྲིད། ཡང་སྐྱེ་བོ་གཞན་གྱི་མིང་དང་གློག་འཕྲིན་ཁ་བྱང་སྤྱད་ནས་མཆན་བྲིས་ཚེ་འགོད་རྒྱུ་མིན། ང་ཚོའི་མཆན་འབྲི་བའི་ཁྲིམས་འདི་ལ་མི་བརྩི་མཁན་རྣམས་ནི་རྩ་འགོག་བྱེད་རྒྱུའི་ལམ་ཁ་བསྟེན་སྲིད་པ་ཡིན།
གོང་དུ་དོ་བདག་རྩོམ་འབྲི་བའི་མིང་བེད་སྤྱོད་གཏོང་མཁན་དེ་བཀག་པ་ཡིན།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
ངའི་པར་ཡིན་ན་པར་ལོབ་དང་འགྲིག་གི་རེད། བཀྲ་ཤིས་ལགས། ང་ལ་སྐུ་པར་ལབ་ན་སྒྲོལ་མ་ཞིག་ལ་འདྲ་བོ་མཐོང་གིས་འདུག
ཚེ་རིང་སྐྱིད་ལགས། སྐུ་པར་ཟེར་དོན་ངས་བུད་མེད་ལ་གུས་བཀུར་བྱས་པ་ཡིན། བོད་པ་ལ་ལ་ཞིག་གིས་བུད་མེད་ལ་མཐོང་ཆུང་བྱེད་ཀྱི་འདུག་ང་དེ་ལ་དགའ་བོ་མེད། སྤྱིར་སྐུ་པར་ཟེར་བ་འདི་དབུས་སྐད་ལ་ཞེ་སའི་ཚིགས་འདི་རིགས་མྱི་ཚང་མ་ལ་བེད་སྤྱོད་གཏོང་གི་འདུག་ལགས།
འ་རོགས་ཚོ། མ་རྩོམ་འདི་ཚེ་རིང་སྐྱིད་ངོ་མ་དེས་མ་རེད་པས། ངོ་མ་ཟེར་ན་མཛངས་མ་ཚེ་རིང་སྐྱིད་ཀྱིས་མ་རེད་དམ། འོ་ཡང་ཁ་སྔོན་གྱི་ཚེ་རིང་སྐྱིད་རླུག་པ་ཅན་པོ་དེས་འེ་རེད། འ་ཁ་ཁ། ད་ཡིན་ན་རྣམ་རྟོག་ལངས་སོང་།
ཆང་ཧུབ་ཐེངས་གཅིག་གི་འཁྲུལ་སྣང་ཞེས་པའི་གློག་བརྙན་དེ་དྲན་ཡོང་། དེའི་ནང་གི གདོད་མའི་ནགས་ཀློང་། མི་རྒན་ལས་ངན། མཛེས་མ་ལས་ངན། འཁྱམ་པོ་ལས་ངན། ཕོ་གསར་ལས་ངན། ་་་ ་་་
ཆང་རག་ཁོག་ལ་བླུགས་སོང་། །
སྙིང་དང་མཆིན་པ་བསྲེགས་སོང་། །
ཆང་ཕོར་ས་ལ་བརྡབས་སོང་། །
གསར་བུ་གསར་མོ་འཛིངས་སོང་། །
ཆང་འདི་རྒུན་ཆང་དམར་པོ། །
མཛེས་མའི་མཆུ་སྒྲོས་དམར་པོ། །
ཆགས་པའི་མེ་ལྕེ་དམར་པོ། །
འགེབ་བྱེད་རས་གཟན་དམར་པོ། །
ཨ་རོགས་་ཀླུ་སྨྱོན་ཡིན་ནམ་ཁྱེད་ཨ་ལགས་ཡིན་ན་ཨ་ལགས་འདུག་སའི་སྡོད། མཛེས་མའི་རྐུབ་ལ་རྒྱུགས་མ་ཡོང་རོགས།
མདངས་རེ་རྒྱབ་ན་ཁ་སྔོན་གྱི་ཚེ་རིང་སྐྱིད་རྫུན་མ་དེས་ད་འདི་འདྲ་ཞིག་འབྲི་མི་ཤེས། འདི་ཚེ་རིང་སྐྱིད་ངོ་མ་དེས་བྲིས་པ་ཁོ་ཐག་རེད། ཁོ་མོ་ཚིག་སྦྱོར་སྙན་ལ་ཡིག་ནོར་མང་བ་ཞིག་ཡིན་པ་བཞིན། གོང་གི་མ་རྩོམ་ན་ཡང་རྟགས་དེ་ཆ་ཚང་ཚང་འདུག དཔེར་ན། གཡོ་སྐྱོམ་ལ། ༼གཡོ་སྐྱོན།༽ ཞབས་བཏགས་ལ། ༼ཞབས་ཏོག༽ སོགས་ཀྱིས་མཚོན་ནོ།
ཨ་རོགས། ཞེ་སའི་ཚིག་དེ་མི་ཚང་མ་ཁྱབ་མཉམ་གྱིས་བེད་སྤྱོད་གཏོང་གིན་ཡིན་ན། ཕལ་སྐད་དང་ཞེ་ས་སོགས་ཁ་ཁར་དབྱེ་དོན་མི་འདུག་ལ། ཞེ་ས་དེ་ཡང་དོན་དངོས་ཀྱི་ཞེ་ས་ལ་མི་འགྱུར་བར་སྣང་བས། ང་མི་གང་བྱུང་ལ་ཞེ་ས་རྒྱག་རྒྱུར་འདོད་པ་གཏན་ནས་མེད་ལ། ལྷག་པར་དུ་རང་གིས་མི་གཞན་ཞིག་གི་རྣམ་དཔྱོད་དང་རིག་ལམ་སོགས་ལ་བཀུར་དགོས་པ་ཞིག་མཐོང་ན་དེར་ཞེ་ས་རྒྱག་གིན་ཡོད་ལ། ཡང་ལས་རིགས་གང་འདྲ་ཞིག་གི་འོག་ཏུ་ཡོད་ཀྱང་མི་དེ་མི་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཡིན་ན་ངས་ཞེ་ས་རྒྱག་གིན་ཡོད། དེ་མ་གཏོགས་སྐྱེས་དུས་ནས་དེར་ཞེས་ས་འབབ་ཀྱིན་ཡོད་མདོག་མདོག་གི་མིང་རྫིག་པོའི་བླ་ཆེན་མི་ཆེན་དབང་ཆེན་ཚོ་ལ་ཞེ་ས་རྒྱག་འདོད་མི་འདུག ང་ཚོ་ཚང་མར་རང་རང་གི་ལྟ་ཚུལ་དང་མཐོང་སྣང་ཡོད་པས་ང་རང་གིས་ཞེ་ས་བེད་སྤྱོད་གཏོང་སྟངས་དེ་འདྲ་ཞིག་ཡིན་ཞེས་བཤད་པ་ཡིན།
ཡང་བུད་མེད་ལ་མཐོང་ཆེན་བྱ་དགོས་མ་རེད་ལ་མཐོང་ཆུང་བྱ་དགོས་ཀྱང་མ་རེད་བསམ་གྱིན་ཡོད། བུད་མེད་ལ་དམིགས་བསལ་སྤྲོད་དགོས་པ་མི་འདུག ང་ཐོབ་ཐང་རྩོད་མཁན་ཞིག་ཁྱོན་ནས་མིན། ཡིན་ཡང་ངས་བུད་མེད་ཡིན་ན་དམིགས་བསལ་དགོས་པ་དང་འདྲ་མཉམ་མིན་པའི་ལྟ་ཚུལ་དེ་ཡང་འཛིན་གྱིན་མེད། སྐྱེས་པ་ཕོ་མོ་སུ་ཡིན་ཡང་འདྲ་ལ་མདོར་ན་མི་སུ་ཡིན་ཡང་རང་རང་ལ་དཔག་པའི་ནུས་པ་དང་ཁྱད་ཆོས། བྱེད་ནུས་ཡོད་པས་འདྲ་མཉམ་རེད་བསམ་གྱིན་ཡོད། ངས་འདིར་འདྲ་མཉམ་ཞེས་བརྗོད་དོན་ནི་སྐྱེས་པ་ཡར་ལངས་ནས་གཅིན་པ་གཏོང་སྐབས་བུད་མེད་ཀྱང་ཡར་ལངས་ནས་གཅིན་པ་གཏོང་དགོས་འདུག་ལབ་ཀྱིན་མེད་ལ། ཡང་བུད་མེད་རྣམས་ཨ་མ་བྱ་བའི་ལྷན་སྐྱེས་ཀྱི་སྐྱེས་འཕེལ་ཡོད་ན་སྐྱེས་པ་ཡང་བྱིས་པ་སྐྱེས་ཐུབ་ཏེ་འདྲ་མཉམ་བཟོ་དགོས་པ་དེ་འདྲ་ལབ་ཀྱིན་མེད། ཚང་མར་རང་རང་གི་བྱེད་ནུས་དང་ཁྱད་ཆོས་ཡོད་པ་རེད། དེ་འདྲ་མཉམ་རེད་ཟེར་གྱིན་ཡོད། དེ་ཡིན་དུས་ཁྱོད་རང་གིས་ཕྱིན་ཆད་ང་ལ་བརྡ་སྤྲོད་ཐུབ་པའི་སྐད་ཆ་ཤོད་དང་འགྲིག་ལ་ཞེ་ས་རྒྱག་དགོས་མ་རེད། ཨེ་གོ་ཐལ། ཀུ་རེ་ཡིན
ཚེ་རིང་སྐྱིད་ལ་ཕྱག་འཚལ་ལོ།།
ཚེ་རིང་སྐྱིད་ཀྱིས་ཐུགས་རྗེས་ཟུངས།།
འདི་ཕྱི་བར་དོ་ཐམས་ཅད་དུ།།
ཚེ་རིང་སྐྱིད་དང་འབྲལ་མེད་ཤོག།
འོ་བཀྲ་ཤིས། ད་ཤུགས་བརྒྱབ་ནས་སྒོ་ཁོགས་འ། ཨ་ལགས་ཚང་འགོག་མ་ཐུབ་ན། ང་འགོག་ཐུབ་ནི་མ་རེད། ཡང་རྒྱུགས་མར་རྒྱུགས་བྱས་ནས་ཁོག་འ། འགོག་མི་ཐུབ་ན་པོ་ལེ་སི་ཡིན་ཟེར་ནས་ལག་ཁྱེར་རྫུན་མ་བསྟན་ནས་ཁོག་འ། དེ་ནས་འགོག་ཐུབ་ཀྱི་རེད་པ།
མཛེས་མ་མི་དགོས་གསང་སྔགས་པ། །
འཇིག་རྟེན་འདི་རུ་ཡོད་ན་ཐན། །
གསང་སྔགས་ལྷ་སྐུ་ཞལ་སྦྱོར་བའི། །
ཡུམ་དེ་མཛེས་མ་མིན་ན་ཐན། །
རྗེ་བཙུན་སྒྲོལ་མ་མཛེས་མ་རེད། །
དེ་ཡང་ང་ཡི་སྐྱོ་གྲོགས་ཡིན། །
མཁའ་སྤྱོད་མ་ཡང་མཛེས་མ་རེད། །
དེ་ཡང་ང་ཡི་ཡི་དམ་ཡིན། །
ང་ཡོང་ན་ཨེ་ཆོག རྒྱུན་རིང་ཞིག་ལ་ཁོམ་པ་མ་བྱུང་བས་དེའི་རིང་དེར་ཁ་བརྡ་དྲན་ནས་མ་བཟོད་ཐལ། དེ་རིང་ཐོན་དུས་ཁ་བརྡ་ཚང་དུས་བོད་ཀྱི་མཛངས་མ་ལགས་བསུས་འདུག་ག སྟོན་ཐོག་ལ་ཡོང་འདོད་ཞེ་དྲག་སྐྱེས་བྱུང་།
མཛེས་མའི་རྐུབ་ལ་མ་རེག་པའི། །
གསང་སྔགས་སངས་རྒྱས་ངས་མ་རྙེད། །
མཛེས་མར་ཁ་བརྡ་མ་བྱེད་ཅེས། །
རྒྱུད་ཀྱི་སྟོན་པས་ནམ་ཞིག་བཀག །
ཚེ་རིང་སྐྱིད་དང་ཀླུ་སྨྱོན་གཉིས། །
སྐྱེས་ས་གངས་ཅན་བོད་ཡུལ་རེད། །
ཐུག་ས་ཁ་བརྡ་དྲ་རྒྱ་རེད། །
འགོག་གིན་མ་འདུག་གྲོགས་པོ་ཚོ། །
ང་ཧོལ་རྒྱུགས་ལ་དགའ་བོ་ཡོད། ཡིག་ནོར་ཡོད་པ་ངས་དྲ་ངོས་ལ་བཀོད་ཚར་རྗེས་མཐོང་བས་ངས་ཡིག་ནོར་དེ་དག་ཅིག་བཅོས་རོགས་ལབ་ཡིན། ཡིག་ནོར་ཤོར་ཚར་ན་བཏགས་ནོར་ཐེབས་སོང་ལབ་ན་ཁྱད་མཚར་ཞིག་རེད་འདུག
གཡོ་སྐྱོམ་རེད།། ད་དུང་ཞབས་ཏོག་བྲིས་འདུག དེ་ནོར་འདུག ཞབས་བཏགས་ཀྱང་མ་རེད། དེ་ཞབས་དག་རེད། ཡ་ཡ། བཀའ་དྲིན་ཆེ། ང་ལ་མཚོན་ན་སྐྱོན་ཆེ་ཤོས་དེ་འབྲི་ན་འདོད་སྐབས་དེ་ལ་གསང་སྤྱོད་ནང་དུ་ཡིན་ཡང་འབྲི་བར་ཐལ་འགྲོ་ ཐེངས་གཅིག་གང་ཤར་བ་བྲིས་རྗེས་དེ་ལ་བསྐྱར་དུ་ལྟ་ཐུབ་པ་མི་འདུག གཅིག་བྱེད་ན་ཉིན་ཤས་དང་ཟླ་ཤས་རྗེས་ལ་ལྟ་བ་ལས་ལམ་སེང་ལྟ་རྒྱུའི་ཚོར་བ་དེ་སྐྱར་ལོག་ཡོང་བ་བྱ་མི་ཐུབ། གང་ལྟར་དྲ་གྲོགས་ཚོ། བཀའ་དྲིན་ཆེ།
བཤད་ན་འདོད་པའི་སྐད་ཆ་དང་། །
འབྲི་ན་འདོད་པའི་རྩོམ་ཉོག་ཚོ། །
ཁ་བརྡ་ཚང་ལ་མ་སྤྲད་ན། །
འོ་ན་འཆི་དུས་འཁྱེར་དགོས་སམ། །
གྲོགས་ཟླ་མེད་བསམ་པ་མེད་ནོ་ཁྱོས། །
སྨན་ཚེ་སྐྱིད་ཚེ་ཟིག་རིང་གི་ཆུགས། །
ཕོ་ཀླུ་སྨྱོན་ཕོ་གསར་སྟག་འདྲ་ངས། །
ཁྱོད་བླ་རྒན་ཁྱིམ་ནས་བརྡུངས་ན་ཐང་། །
ཨ་ཁུ་ཀླུ་སྨྱོན་དྲིན་ཅན་པོ།།
འགོག་རྒྱུ་འདྲ་བོ་མེད་ཀི་པཱ།།
ཨ་རོ་ཆ་བོ། འདིར་ཤོག་དང་། སྨུག་པོ་ལྡོང་གི་སྲས་པོས་མི་རིགས་འཆམ་མཐུན་སྤྱི་ཚོགས་བསྐྲུན་གྱི་འདུག http://www.facebook.com/?ref=home#!/photo.php?pid=269725&id=100000319121648
ཨ་ལ་ལ་ལ་ལ་ཨེ་མ་ཧོ།།
ཨ་ལགས་འདི་བ་སྨྱོས་དང་ཐ།།
ཨ་ཁུས་མཆན་གཅིག་མ་བཏབ་གོང་།།
ཨ་ལགས་ཚང་གིས་གཏོར་དང་ཐ།།
ཨ་བུ་ཆ་བོ་བྲོས་དང་ཐ།།
ཨ་ལགས་ཁྱེད་ཀ་མེད་ཀྱི་ན།།
ཨ་བོ་བཀྲ་ཤིས་མི་གཏོང་གི།
རེད་རེད་ཞེ་ས་ལ་རྣམ་གྲངས་མང་པོ་ཡོད་རེད། སྤྱིར་ཞེ་ས་སྦྱོར་སྟངས་ཁྱོད་ཀྱིས་བཤད་པ་ནང་བཞིན་རེད། ཡིན་ན་ཡང་དབུས་གཙང་གི་སྐད་ལ་མི་མང་ཆེ་བ་ལ་ཞེ་ས་སྦྱོར་གི་ཡོད་རེད། ཁམས་པས་ཞེ་ས་ཁྱོན་ནས་ཤེས་ཀྱི་མི་འདུག་བྱས་ཙང་སྐུ་ངོ་འགའ་རེས་ཁོང་ཚོ་ལ་མཐོང་ཆུང་རེད་དགོངས་ཀི་ཡོད་ས་རེད་བསམ་མྱོང་། ཞེ་ས་དེ་ལ་མི་ཚང་མ་ལ་སྦྱར་ཆོག་རྒྱུ་གཅིག་དང་མི་ཚང་མ་སྦྱར་ན་མི་བདེ་བའི་རིགས་མང་པོ་ཡོད་རེད། སྐུ་པར་ཟེར་བ་དེ་མཛངས་མ་ཞིག་ལ་བརྗོད་མི་ཆོག་པ་མ་རེད། གཟུགས་པོ་བདེ་ཐང་ལ་སྐུ་གཟུགས་བདེ་ཐངཟེར་ཆོག་ན་གཟུགས་པོའི་པར་ལ་སྐུ་པར་ཟེར་ལོས་ཆོག
སྟོད་ཨ་འཁྱིལ་སྒང་གི་རྩྭ་འཁྱིལ་འདི། །
ཁྱོད་ཁ་དཀར་རྐྱང་གི་ཡིན་རྒྱུ་ཟིག །
ང་བྲེ་སེར་འབྲོང་གི་མིན་རྒྱུ་ཟིག །
བཟའ་ཤེས་ན་སྤྱི་མ་བར་གི་རེད། །
བཟའ་མ་ཤེས་གྱོད་ཀྱི་གཞི་མ་རེད། །
བོད་གངས་ཅན་མཛེས་མ་ཚེ་སྐྱིད་འདི། །
ཁྱོད་བཀྲ་ཤིས་དྲ་གྲོགས་ཡིན་རྒྱུ་ཞིག །
ང་ཀླུ་སྨྱོན་དྲ་གྲོགས་མིན་རྒྱུ་ཞིག །
འབྲེལ་ཤེས་ན་གཉིས་ཀའི་དྲ་གྲོགས་རེད། །
དེ་མ་ཤེས་གཅིག་འགྲོ་གཅིག་སྡོད་རེད། །
ངའི་མཆན་འདི་ཆ་བོ་ཆི་མ་ཉན་ཟིག མཆོག་མཆན་ལ་སྒུག་སྡོད་ཡོད་ཡིན་ན་ཅིག སེམས་ཟིག་ལ་རྒྱ་ནག་གི་འགག་སྒོ་ཟིག་དྲན་ཡོང་ནི་ཞིག་རེད། སྐྲག་ནི་ཞིག་མ་རེད་ན་ཨ་མདོའི་གོ་རེ་གན།
ཨ་ཨ། མ་ཐོན་མ་ཐོན་ན་དེ་རིང་གཅིག་ཐོན་ནི་ཡིན། ད་ཡང་ཕྱིར་འགྲོ་དགོས་དང་ཐལ། ད་དུང་འགྲོ་ན་གཅིག་འདོད་ཀི་ན་གོ་རེ་གན།
གཅིག་བཤད་ལས་མཚམས་ཤིག་མ་བཞག་ན། །
ངའི་དྲོས་ཇའི་དུས་ཚོད་ཤོར་འགྲོ་གི །
ཁོ་རྒྱ་རྒན་ཟ་ཁང་ཆུང་ན་ཡང་། །
ཀན་རྒྱ་མོའི་ཐུག་པ་ཞིམ་ལེ་རེད། །
ཨ་རོ་ཀླུ་སྨྱོན། ཁ་བརྡ་བྱེད་ཐུབ་ན་ཟ་མ་ཙོ་དགོ་ནི་མ་རེད། མ་ར་གཡུགས་ཀ་ཞོག
ཨ་ཁུ་རྒྱ་ཁོག་འགྲིམ་འགྲིམ་པས།།
རྒྱ་མོའི་དྲི་མར་གོམས་སོང་ཟིག།།
འགྲོ་སྟངས་འདུག་སྟངས་མ་ཤེས་ན།།
རྒྱ་རྒན་ལོན་ལོན་རྒྱལ་ན་ཐང༌།།
ང་ཡང་དྲོས་ཇ་ཟ་རུ་མ་སོང་བར་ལས་ཁུངས་སུ་བསྡད་ཡོད། ནང་ལ་ལོག་འགྲོ་གི་ཡིན། གནས་སྐབས་བདེ་མོ།
བྱིས་མོ་ཞིག་དང་འཕྲད་དང་ན། །
ཨ་ལགས་ཨ་ཁུ་རེ་འགའ་ཡང་། །
གྲོང་རིག་རིག་དང་གྱི་རིག་རིག །
སྙན་རྩོམ་ཐ་ཐོར་ཆུ་རྒྱུག་རྒྱུག །
འདི་ནང་བྱི་ལི་ཚཽ་མ་གཏོགས་ཡོངས་མི་ཆོག
ཨ་རྒྱག་མ་ཤེས་ན་སླེབས་མི་ཆོག
ཡ། ཨ་ཁུ་ཀླུ་སྨྱོན་དང་ཟླ་མེད་སོགས་བྲེལ་བ་ལྔ་སྟངས་ལ་བལྟས་ན་དེ་རིང་འདིར་ཟས་ཞིམ་པོ་ཞིག་ཡོད་པ་ཐག་གཅོད་རེད། ཨ་ལ་ཀུ་རེ་ཡིན་ཏེ། ཚེ་སྐྱིད་ལག་ན་རེག་མདོག་ཁ་བོ་མ་རེད། གཅིག་ནས་ས་ཐག་རིང་བས་ཀྱང་བ་ནི་མ་རེད། དགེ་ཆོས་ཀྱི་འདོད་བསྟན་སླར་ཡང་རོབ་ཙམ་ཀློག་ཟིན་རྗེས་དེ་རིང་ཕྱི་དྲོར་རང་ལ་འཚམས་པའི་རྒན་མོ་ལོ་ན་མི་ཆེ་མི་ཆུང་ཞིག་ལ་སྒྱུ་རྩལ་སྣ་དགུ་བཀོལ་ཐག་ཆོད་ཡིན། ཨ་ཁུ་ཀླུ་སྨྱོན། ཁྱོས་ཆི་ཟེ། དྲོས་ཇ་ཟོ་རོ་ཤར་ར་གཡུག་ཝ་ཐོག
དཀོན་མཆོག་མཁྱེན། དེ་རིང་ཡིན་ན་ཡིན་ད། དགའ་མོ་ཞིག་དང་ལྷན་ཕྱི་དྲོའི་ཆོ་ག་དེ་རྫོགས་རྗེས་དུས་ཚོད་ཡོད་ན་འཆན་ཐུང་ཁྲི་གཅིག་ཡིན་ཡང་འགོད་ཐག་ཆོད་ཡིན། ཚེ་སྐྱིད་ཁྱེད་རང་གིས་ཀྱང་ང་ཚོར་ལན་རེ་རེ་བཞིན་རེ་སྟེར་རོགས། ཨ་ཁུ་ཀླུ་སྨྱོན་ཡོད་ཡོད་པ་གྱིས། གཅིག་བྱས་ན་འདོད་པའི་སྒྱུ་རྩལ་གྱི་ཚད་ཟབ་ས་ནས་སློག་སྟེ་དྲྭ་ངོས་ནས་འདོད་བདེ་རག་ཙམ་རེ་བསྒོམ་དགོས་སྲིད། ཕལ་ཆེར་ཆུ་ཚོད་གཉིས་ཙམ་གྱིས་ཕྱི་དྲོའི་ཆོག་ཁྲིག་དེའི་སྔོན་དངོས་རྗེས་གསུམ་མཇུག་རྫོགས་ཡོང་བསམ་གི།
ཝེ།་་་་ཧ་བོ་ན་ཧ་བོ། ངས་ཡིག་འབྲུ་འགའ་གཏགས་ཡུན་བར། དྲོས་ཇ་ལ་ཁག་དཀྲིས་ནས། ཚེ་སྐྱིད་ཤོར་སོང་ཟི།་གཅིག་བྱས་ན་ཕོ་རྒོད་སྟག་འདྲ་བོ་ཞིག་གི་ལག་ཏུ་ཐེབ་པ་མིན་འགྲོ།
ཨ་རོ། མེ་ཏོག་དཀར་ཁྱོས་ཆི་ཟེ། ཁ་བརྡའི་སྤང་གཞོང་ནང་ངེས་པར་དུ་ཞི་ལི་རྐྱང་རྐྱང་ཟོ་ཡིན་དགོས་རྒྱུ་མ་རེད། ཨ་ནེ་དང་གྲྭ་བ། ཐ་ན་རྒད་པོ་རྒད་མོ་སོགས་མདོར་ན་འདོད་པའི་བདེ་བ་འདོད་མཁན་སུ་ཡང་སླེབ་ཆོག་གི་རེད་བསམ་། འདིར་ཡོང་མི་ཆོག་དང་། སླེབ་མི་ཆོག་ཅེས་བཀའ་མི་འབེབས་རོགས། འོ་་་་་་་་ད་སྒོ་བརྡུང་གི་འདུག་་་་་ཐག་་་་་་་་ཐག་་་་་་མཛའ་མོ་དེ་ཡིན་ཐག་ཆོད་རེད།
ནོར་བཅོས། མེ་ཏོག་དཀར་པོ།
ཚེ་སྐྱིད་ཀྱི་སྙན་ངག་ནི་རྒུན་ཆང་དམར་པོས་སྨིན་པར་བྱས་པའི་དམར་ཧྲེང་ཧྲེང་གི་བུད་མེད་ལུས་ཤིག་དུར་ཁྲོད་དུ་གཡུག་ལྟར།
འདོད་ཆགས་ཀྱི་མེ་ཕུང་འདོམས་དང་བྲང་གཞུང་ན་ལྷོག་ལྷོག་འབར་བའི་སྤྱང་ལྟོགས་དང་བྱ་རྒོད་ཚོགས།
རླུང་འཚུབ་གཡུག་པའི་འགྲོས་ཀྱིས་བེམ་རོའི་མཐའ་ན་ཁྱོད་ཤི་ང་གསོན་དམར་འཛིང་ལ་སྟ་གོན་བྱེད།
ཁ་ཅིག་ཤ་རློན་ཁམ་གང་རག་སོང་བ་ལྟར་ཞིམ་པའི་རྐན་སྒྲ་སྒྲོག
ལ་ལ་ནི་མུག་ཤི་ཐེབས་ནས་ཤི་ལམ་དུ་འགྲོ་བ་ལྟར་ཆོ་ངེ་འདོན།
སྐབས་དེར་སྙན་ངག་གི་མཛེས་མ་འདས་ལོག་བྱུང་བ་ལྟར་ཐོལ་གྱིས་ལྡང་དེ་ཨག་སྐད་ཅིག་དང་ལྷན་ཆང་ཕོར་ས་ལ་ཤེད་ཀྱིས་བརྡབས་པ་ན།
སྙིང་ལ་ཙག་ཤད་རྒྱུག་པའི་ཆགས་སྲེད་ཀྱི་བྱ་ཚོགས་བློ་བུར་དཀྲོགས་ཤིང་།
འཇིགས་ཡེར་བའི་སྤྱང་ཁྱུའང་སླར་ཡ་ང་བའི་རི་སུལ་དུ་བདས།
ཀྱེ་མ་ཀྱེ་ཧུད།
སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག
སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག
ཨ་ཨ་ཨ་དུ་རག་གེ་མཆན་ལྔ་ཅུ་། ཨོ་ཧོ་ཧོ་།
ངས་ནི་ཚེ་རིང་སྐྱིད་ལ་ཕྱག་དགུ་འཚལ་ཁུལ་བྱས་པ་ཡིན་མོད། མོས་ཡ་ལན་གནང་གི་མི་འདུག ད་ཅི་དྲག སྐྱེ་བ་རྗེས་མར་གཟུགས་ཡག་ཞིག་གི་སྐྱེ་བ་ལེན་མ་ཐུབ་ན་ལྟོས་་སྡོད། ད་སོང་ནས་སྐོར་ལམ་ནང་གི་སྐུ་འདྲ་ཚོ་ལ་ཚོན་རྩི་རེ་བྱུག་གི་ཡིན། གཞོན་ནུ་ཟླ་མེད་ངེད་གཉིས་ཀྱིས་ཚེ་རིང་སྐྱིད་མ་ལོན་རུང་ཚེ་རིང་སྐྱིད་ཀྱི་ཧ་པན་རྙིང་པ་རེ་དང་། ཨུ་སུག་རྙིང་བ་རེ་སྐེ་ལ་འདོག་རྒྱུ་ལོན་པར་ཤོག
ད་ང་ངུ་བཞིན་ཡོད། གཞོན་ནུ་ཟླ་མེད་ཁྱོད་ཀྱང་ངུས་ཤིག ཨ་ཁུ་ཀླུ་སྨྱོན་ལ་ཚེ་རིང་སྐྱིད་དང་འདྲ་བ་ག་ཚོད་དགོས་དགོས་ཡོད་ནི་རེད། ད་ཅང་མེད་མཁན་ང་གཉིས་རེད་ཡ། བུ་རབ་པོ། ད་ངུས་ཤིག ངུ་ངུ་ངུ་་་་་་་་་་་
ཁྱེད་ཀྱིས་བཤད་སྟངས་ལྟོས་ན་ཨ་ཁུ་ཀླུ་སྨྱོན་ད་བྱི་མོ་རྐྱང་རྐྱང་གི་ཁང་བ་ཕུག་ནས་བསྡད་ཡོད་ནི་ཞིག་ལ་རིག་གི་
ཡ། ད་གཞོན་ནུ་ཟླ་མེད་ངེད་གཉིས་ངུས་ནས་ཅང་བ་ནི་མ་རེད། དེ་ལས་ཨ་ཁུ་སྐུ་སྨྱོན་ལྟར་གླུ་རེ་བླངས་ན་ང་ཚོའི་བར་གྱི་མཛེས་མ་འདིས་སྙིང་རྗེ་བསམ་ནས་ཕྱིར་བལྟས་རེ་བྱེད་ན་ཡང་ཐང་།
ཨོ་ཡེ། སྨད་རྒྱ་ནག་ཕྱོགས་བཞི་གླིང་བརྒྱད་རེད།།
གླིང་བརྒྱད་པོ་ཡིད་ལ་མི་ཤར་གི།
གོས་འབྲུག་ཚང་ཡིད་ནས་མི་བརྗེད་ཀི།
དེ་ཆེ་བརྗེད་ནོམ་པ་རྩ་ཆེན་རེད།།
ཨོ་ཡེ། དབུས་ལྷ་ས་ཕྱོགས་བཞི་གླིང་བརྒྱད་རེད།།
གླིང་བརྒྱད་པོ་ཡིད་ལ་མི་ཤར་གི།
དབུས་ཇོ་བོ་ཡིད་ནས་མི་བརྗེད་ཀི།།
དེ་ཆེ་བརྗེད་བྱིན་རླབས་ཆེ་ནི་རེད།།
ཨོ་ཡེ། སྡེ་ཆེན་པོ་ཕྱོགས་བཞི་གླིང་བརྒྱད་རེད།།
གླིང་བརྒྱད་པོ་ཡིད་ལ་མི་ཤར་གི།
སྨན་ཚེ་སྐྱིད་ཡིན་ནས་མི་བརྗེད་ཀི།
དེ་ཆེ་བརྗེད་བོད་པའི་མཇེས་མ་རེད།།
ཨ་རོགས་ཚོ། ངའི་མཆན་ཚོའི་བར་གྱི་ཚེ་རིང་སྐྱིད་འདི་ཚེ་རིང་སྐྱིད་ངོ་མ་མིན་པ་འདྲ། གཙོ་བོ་ཁ་བརྡ་ཚང་གིས་བལྟ་དགོས་ནི་རེད། མི་གཞན་པའི་མིང་སྤྱད་ནས་རྩེད་མོ་རྩེས་ན་རྨོད་ཚིག་དང་འཐབ་འཛིང་གི་སྡུག་ཡིན་ནི་རེད། ལྷག་ཏུ་མཚན་སྙན་གྲགས་ཅན་གྱི་མི་ཚོའི་མིང་གིས་རྩེ་བྱད་བྱས་ན་མི་མང་པོས་སེམས་ལ་བག་ཆག་ངན་པ་འཇོག་འགྲོ་ནི་རེད། དེས་ན་ཁྱོད་ཚེ་རིང་སྐྱིད་ངོ་མ་དེ་གཅིག་མིན་དུས་ངས་ཁྱོད་ཀྱིས་རྒྱིད་པར་གཅིག་མ་འཐམ་ན་ཁྱོས་ལྟོས། ཨོ་ལེ།
འདྲེ་ནག་པོ། ཁྱོད་སྐྱེས་པ་རྗེས་མ་མཛེས་མ་ཞིག་གི་སྐྱེས་པ་ལེན་རྒྱུ་འེ། ཡང་ང་ཚོ་འཚང་ཀ་རྒྱག་ནི་རེད་ཀོ དེ་དུས་ཡང་ད་ལྟའི་མཛེས་མ་ལྟར་གཡུག་ནས་མ་འགྲོ་འ།
ཨ་རོགས། ཟླ་མེད། མཛེས་མ་སེམས་ལ་འཛིན་རྒྱུ་མང་སོང་བ་རེད། མཛེས་མ་ཞིག་གི་སྐྱེ་བ་ལེན་རྒྱུ་ཡིན་བཤད་མེད། མཛེས་ཕ་ཞིག་གི་སྐྱེ་བ་ལེན་རྒྱུ་ཡིན་ཞེས་བཤད་པ་ཡིན། ལང་ཚོ་མེད་སྟབས་མཛེས་མ་ཚོས་ཁ་ཡ་མ་བྱས་པས་ངོ་མ་སེམས་ཤི་སོང་། རྗེས་མ་ལྟོས་སྡོད། ཁྱོད་ཀྱང་ཨ་རི་ན་ཡོད་ནི་མིན་ནམ། ང་ལ་ཚུར་སྒོར་མོ་རེ་བསྐུར་དང་ངས་འདི་ནས་ཨུ་གཉིས་ཀྱི་སྐེ་བ་རྗེས་མའི་དོན་དུ་སྐུ་འདྲ་ཚོར་ཚོན་རྩི་རེ་བྱུགས་ཡ། ཨེ་གོ་ཐལ།
ཁ་བརྡ་ཚང་གིས་སྒང་ནས་བཤད་སོང་། མིང་རྫུན་པ་གློག་འཕྲིན་ཁ་བྱང་དང་ས་གནས་ལ་ལྟོས་ནས་ཤེས་ཡོང་གི་ཡོད་པས། མིང་རྫུན་བེད་སྤྱོད་གཏོང་མཁན་ཚོ་འགོག་རྒྱུ་ཡིན་ཞེས་གསུངས་སོང་།
དྲ་ལམ་ལ་སུན་ནས་ཡུན་རིང་ལ་འགོར་སོང་། སྒང་ནས་ཀྱང་མི་གཅིག་གིས་ལབ་འདུག ང་འདས་ལོག་བྱས་པ་རེད་ཟེར། འདས་ལོག་དང་རོ་ལངས་ཟེར་ན་མི་ཤེས་ཀྱང་དེ་རིང་ཁ་བརྡའི་ངོས་སུ་ཡོང་ཡོད་པ་བདེན་པ་ཡིན།
མཛེས་མ་ཞིག་གི་སྐྱེ་བ་བླངས་རུང་མི་ཆོག་རྒྱུ་མེད་ཀི་ར། ཞ་ཞིས་སྐྱེ་དགོས་དུས་བ་ས་མ་རེད།
ཡ་ཚེ་རིང་སྐྱིད། དེས་ན་ངས་ཁྱོད་ལ་གཅིག་འདྲི། ཁྱོད་སྔོན་མ་Luxembourg ལ་འགྲོ་དུས་བོད་པའི་ཆོས་ཚོགས་ཤིག་གི་ནང་ནས་ཉིན་ཤས་བསྡད་ཡིན་པ། ཆོས་ཚོགས་བདག་པོས་ཁྱོད་ལ་སྲིང་མོ་ཞིག་གི་འདུན་པ་ཆེན་པོ་འཇོག་གི་ཡོད་པ། མི་དེའི་མིང་ལ་ག་རེ་རེད། ད་ད་རང་ཤོད་དང་། དེ་ནས་ངས་ཚེ་རིང་སྐྱིད་ངོ་མ་ལ་ངོས་འཛིན་བྱེད་ཆོག
ད་དུང་ངས་ཀྱང་ཁྱོད་ལ་གཅུང་མོ་ཞིག་གི་འདུ་ཤེས་འཛིན་ཡ།
འོ། འདི་ན་རྒྱུ་མཚན་ཅན་མང་པོ་མི་འདུག
ཡ་ད་ཚེ་རིང་སྐྱིད་རྫུན་མས་ང་ལ་གསང་བའི་ལན་མ་ཐེབས་པར་བྲོས་སོང་། གཞོན་ནུ་ཟླ་མེད་ཉལ་སོང་། ང་ཡང་ཉལ་དགོས་པ་མིན་ནམ།
ཆོས་ཚོགས་དེའི་བདག་པོའི་མིང་ལ་འཇིག་མེད་ལབ་པ་རེད། ཨ་མདོ་མགོ་ལོག་གི་རེད། ཁོའི་སྲིང་མོ་ཞིག་བོར་བརླག་སོང་ཏེ་ད་ལྟ་ཡང་རྙེད་ཡོད་པ་མ་རེད། ཁོས་ང་ལ་སྲིང་མོ་ཞིག་གི་ཚད་ལ་བཞག་མྱོང་ལ། ཁོ་ལྟ་བུའི་སྤྱིར་བཏང་གི་མི་དེ་ཚོས་ཀྱི་ཕ་ཡུལ་གྱི་ཡུལ་མི་དོན་དུ་སློབ་གྲྭ་རྒྱག་པ་དང་སྨན་ཁང་འཛུགས་པ་སོགས་བརྩི་བཀུར་ཡོད། ཨེ་འགྲིག་ཐལ
ཨ་ལ་རྩེད་མོ་་ཡིན། ང་ཚེ་རིང་སྐྱིད་མ་རེད་ལབ་ཀྱང་ཆོག
འོ་ན་ད་ངས་ཁྱོད་ལ་དྲི་བ་ཐ་མ་དེ་འདྲི། ཁྱོད་ཉེ་སྔོན་རྡི་ལི་ནས་ཚུར་ཡོང་གྲབས་བྱེད་དུས་འཇིགས་མེད་ཀྱི་སྤུན་མཆེད་ཆུང་བས་ཁྱོད་ལ་གློག་འཕྲིན་བརྒྱུད་ནས་རེ་བ་ག་རེ་བཅོལ་སོང་། དེ་ལ་ལན་ཐོབ་དང་དེ་ནས་ཁྱོད་ང་ཚོ་བོད་པ་ཚང་གི་སེམས་ནང་གི་མཛངས་མ་ཚེ་རིང་སྐྱིད་ངོ་མ་དེ་ཡིན་རྒྱུ་བྱེད།
ཁོའི་ཆུང་མ་རྒྱ་གར་ནས་ཕར་ཨ་རི་ལ་ཡོང་གིན་ཡོད་པས་སྟབས་ཀ་འགྲིག་ན་མཉམ་དུ་ཡོང་རོགས་ལབ་བྱུང་།
ཡ་གཅུང་མོ། ཁ་དྲོ་བཀྲ་ཤིས། ཚེ་རིང་ལོ་བརྒྱ། ད་ཁྱོད་ང་ཚོ་བོད་པ་ཚང་གི་མཛངས་མ་ཚེ་རིང་སྐྱིད་ངོ་མ་དེ་རེད་འདུག རྗེས་ཕྱོགས་ང་ལ་ཡང་སྤྱིར་བཏང་གི་གཅེན་པོ་ཞིག་གི་ཚད་ལ་འཇོག་རྒྱུའི་བཀའ་དྲིན་མ་ཆུང་རོགས། ད་བདེ་མོར་གཟིམས། གོང་དུ་དྲ་གྲོགས་ཚོ་ལ་ཁ་མཚར་འགའ་རེ་བརྩེས་པར་དགོངས་པ་མ་ཚོམས་རོགས། གང་ལྟར་ག་དུས་ཡིན་ཀྱང་ཁྱེད་ལ་རྒྱབ་སྐྱོར་ཞུ་དང་ཞུ་བཞིན་པ་ཡིན། རྗེས་སུ་མཇལ་ཡོང་།
ཁྱེད་ཀྱི་མི་མཁྱེན་རུང་ངས་གནའ་ནས་ད་བར་ཁྱེད་ལ་རྒྱབ་སྐྱོར་ཞུ་དང་ཞུ་བཞིན་པ་ཡིན། ཁྱེད་དང་འོད་ཟེར་སོགས་ལས་ལྷག་པའི་བོད་པའི་གཞོན་སྐྱེས་མཛངས་མ་ཞིག་ད་བར་བོད་པ་ཚང་ལ་དངོས་གནས་དཀོན་པོ་ཡིན། ཐུགས་རྗེ་ཆེ།
ཀླུ་སྨྱོན་གཏམ་ལ་དགའ་འམ།
བུ་མོར་ཟེར་འདོད་ཡིན
ཅི་ཞིག་འཐོབ་རེ་ཡིན་ནམ།
གང་ཞིག་སྤངས་འདོད་ལགས།
ཝུ་ཆར་དམར་པོ། ཤེལ་ཕོར་གྱི་ནང་དུ་ཞག་རྩི་ལྟ་བུའི་མདངས་ཀྱིས་གཡོ་སྐྱོམ་བྱེད་སྐབས
ངས་ཁྱེད་ཀྱི་ཟུངས་ཁྲག་ལྟ་བུའི་ཝུ་ཆང་ལ་ཅེར་ཞིང༌། ཟེར་བ་ཞིག་བྲིས་འདུག
ཚེ་རིང་སྐྱིད་ཡོད་ས་ན་ཝུ་ཆང་དམར་པོ་ཞིག་ཀྱང་ཡོད་ས་རེད། ཝུ་ཆང་ཟེར་ན་beerརེད། དེ་ཁ་ཏོག་དམར་པོ་ཞིག་ཡོད་པ་དེ་རིང་མ་གཏོགས་ཐོས་མ་མྱོང་། ཝུ་ཆང་གཅིན་མདོག་རེད། མིང་ཡག་ཙམ་བཏགས་དགོས་ན་གསེར་མདོག་རེད།
ཀླུ་སྨྱོན་དགའ་ས་དེ་རྒུན་ཆང་རེད། དེ་ལ་དམར་པོ་དང་དཀར་པོ་གཉིས་ཀ་ཡོད་རེད།
ཨ་རོག་ཆ་བོ་་་་མཛེས་མའི་དངོས་གྲུབ་ཐོབ་དགོས་ན་འདི་ཉིད་ཉིན་རེར་ཚར་གསུམ་རེ་འདོན་རྒྱུ་མ་བརྗེད་ཨང་།
མཛེས་མཛེས་ཞལ་རས་ཉ་གང་ཟླ་བའི་དཀྱིལ། །
ཟླུམ་ཟླུམ་ནུ་མ་དུང་གི་བུམ་པའི་གཟུགས། །
ལྡེམ་ལྡེམ་སྐུ་གཟུགས་ཚང་བའི་བུ་མོའི་སྤུན། །
ཚེ་རིང་སྐྱིད་ཀྱི་སྐུ་ལ་ཕྱག་འཚལ་ལོ། །
འཇམ་འཇམ་སྤུ་ཡི་རྩེ་མོ་ཅུང་ཟད་འཁྱིལ། །
དམར་དམར་ཞ་ལིའི་རྩེ་མོ་ཕྲ་ཞིང་རིང་། །
དུང་དུང་བྷ་གའི་ཁུང་བ་ཡངས་ཤིང་ཆེ། །
ཚེ་རིང་སྐྱིད་ཀྱིད་ཀྱི་སྟུ་ལ་ཕྱག་འཚལ་ལོ། །
དཀར་དཀར་དུང་སོ་པདྨའི་གེ་སར་འདྲ། །
འཛུམ་འཛུམ་མཆུ་སྒྲོས་བྱུར་དམར་གསར་བའི་མདངས། །
སྙན་སྙན་ཚིག་གིས་ཡིད་དབང་འཕྲོག་བྱེད་པའི། །
ཚེ་རིང་སྐྱིད་ཀྱི་ཁ་ལ་ཕྱག་འཚལ་ལོ། །
འདོད་ཆགས་ཅན་འདི་ཚོ་ལྟོས་ད། བུ་མོ་ཞིག་གིས་རྩོམ་བྲིས་པ་མཐོང་དུས་དེའི་རྐུབ་ལ་འདྲ་མི་འདྲ་ལབ། ད་དུང་སྐུ་གཞོག་ཀླུ་སྨྱོན་ལ་ནི་ཚིག་བཅད་ཐོགས་པ་མེད་པར་ཆུ་རྒྱུག་རྒྱུག་འདྲ་རེད་འདུག ཧི་ཧི་་་ངོ་མ་མཚར་པོ་རེད། འཇིག་རྟེན་འདིར་མི་སྲིད་པ་ཞིག་གང་ན་ཡོད།
ལུས་ཀྱི་རྣམ་འགྱུར་མི་འདྲ་ལྡེམ་ཁྱུག་ཁྱུག །
ངག་གི་གསུང་དབྱངས་སྙན་པོ་ཀྱུ་རུ་རུ། །
ཡིད་ཀྱི་རྒྱུད་དྲང་བོད་སེམས་བཟང་ཐིང་ཐིང་། །
ཚེ་རིང་སྐྱིད་ཀྱི་སྐུ་གསུང་ཐུགས་ལ་བསྟོད། །
ཚིགས་བཅད་ཀྱིས་བསྟོད་ཚིག་འབྲི་མཁན་རྣམས་ལ་ལད་མོས་སྟོང་མིན་ཙམ་དུའོ།།
ཁ་རི་ཁ་ཐུག་ཁ་ལ་བལྟ་ན། །
ཆགས་པ་ཁོང་ལ་མེད་པ་འདྲ་འདུག །
ཁ་ཙམ་མ་གཏོགས་ཁོག་པ་ནང་ནས། །
འདོད་ཆགས་མེ་ལྟར་འབར་གིན་མེད་ཐང་། །
སྤོབས་པ་མཐའ་ཡས་ཀྱིས་སྤུ་རག་དམར་པོ་མཐོང་ཡོད་མེད་པར་སྣང་མོད། འཇིག་རྟེན་ན་ཁྱེད་ཀྱིས་མ་མཐོང་བའི་བྱ་དངོས་མང་པོ་ཡོད་ལ། ཁྱེད་ཀྱིས་བཞེས་མྱོང་བའི་གཅིན་མདོག་གི་སྤུ་རག་ལས་ད་དུང་ནག་པོ་དང་སེར་པོ། དམར་ནག། དམར་པོ་མང་པོ་ཡོད་པ་རེད། ཚེ་རིང་སྐྱིད་ཀྱིས་གང་ཞིག་བརྗོད་ཀྱིན་མ་ཤེས་ཀྱང་སྙན་ངག་པར་མཚཽན་དོན་གཞན་པ་ཡོད་ངེས་ལོ། ཐད་ཀར་གོ་བ་བླངས་ན་གང་ནས་འགྲིག ཚེ་རིང་སྐྱིད་ཀྱིས་བརྗོད་འདོད་པའི་ཝུ་ཆང་དེ་མ་གཞི་ཨ་རག་གི་རིགས་ཤིག་ཡིན་མིན་ཡང་གང་ཤེས།
དེ་རིང་ཁ་བརྡ་ནར་གྲོགས་པོ་ཚོར་མཇལ་བར་་དགའ་བོ་བྱུང།
མ་འོངས་པར་རོགས་པ་གང་མང་གནང་རོགས།
གོང་དུ་ཚེ་རིང་སྐྱིད་ནས་བྲིས་པས་གང་བྱུང་ལ་ཞེ་ས་རྒྱག་འདོད་མེད་པའི་ལས་རིམ་འདི་ཧ་ཅང་ལྡན་པ་དང་ང་རང་ཡང་འདི་ལ་རྒྱབ་སྐྱོར་ཡོད། ཞེ་ས་ཟེར་བ་འདི་ཕ་སྐད་བྱས་པ་ཡིན་ན། ཆེ་མཐོ་བའི་བླ་ཆེན་ཚོར་གུས་ཞབས་ག་འདྲ་བྱེད་དགོས་རེད། མ་རེད་དམ། དཔེར་ན། ལོ་ཤས་སྔོན་ལ། ལྷ་ས་ནས་ཡིན་པའི་གཟའ་ཚང་གཉིས་ཁ་བརྩོད་རྒྱབ་པ་མ་ཚད་གཟའ་ཟླ་དེ་བྷེ་རའི་ཤེལ་ཏམ་ཞིག་གི་ཁོ་རང་གཟའ་ཟླའི་མགོ་ལ་རྒྱབ་ནས་རྨ་ཁྲག་ཡང་ཡོང་གི་འདུག སྐབས་དེར་བུད་མེད་དེའི་གཟའ་ཟླ་ལ་ཁྱེད་རང་གིས་ང་ལ་ཞེལ་གནང་བྱུང་འ་ཟེར། ང་རང་ཧང་བསམ་སོང་། རྒྱག་རིས་བྱས་པའི་སྐབས་སུ་ཞེ་ས་བེད་སྤྱོད་བྱེད་ཀྱི་འདུག དེ་འདྲ་ཞིག་ཡོད་རེད་དམ། གཞན་ཡང་གཞི་ཆགས་བུ་མོ་ཞིག་གི་ཡང་ཕག་ཤ་ལ་༼ཕག་པ་ལགས་ཀྱི་ཤ་ཟེར་གྱི་འདུག ཞེ་ཚིག་བེད་སྤྱོད་གཏོངབཏང་་རྩ་བ་ཤེས་ཀྱི་མི་འདུག
ད་འདི་ན་ངས་དམིགས་བསལ་གྱི་བསམ་འཆར་བཤད་རྒྱུ་མེད།
ཧ་ལས་པ་ཞིག་ལ་དྲྭ་རྒྱ་འདིར་བཞུགས་པའི་དྲྭ་སྤྱོད་པ་འདི་དག་ཉིན་མཚན་དུས་བཞིར་བསམ་བློའི་ནང་བུད་མེད་ལས་གཞན་ཡོད་ས་མ་རེད།
ངས་འདིར་བཤད་དགོས་པ་ནི།
ཚེ་རིང་སྐྱིད་ཀྱིས་བྲིས་པའི་རྩོམ་ཆགས་པའི་སྐོར་གྱི་རྩོམ་འདི་ལ་སྒྲོགས་གླེང་གནང་མཁན་མང་པོ་ཞིག་བྱུང་བ་མ་ཟད་དོ་སྣང་ཆེན་པོས་མཆན་སོགས་བརྒྱད་ཅུ་དང་རྩ་གཅིག་ལ་སླེབ་འདུག་འདི་ནི་ལྟས་ངན་བརྒྱད་ཅུ་བརྒྱ་ཅུ་རྩ་གཅིག་ལ་འགྱུར་གྱིས་དོགས་ནས་ངས་བསམ་ཚུལ་འདི་བྲིས་པ་ཡིན།
ཚང་མས་ལྟོས་དང་། ཁ་སང་ངེད་ཚོས་གོ་རེ་བཅའ་དུས་ཆུ་སྐྱེས་སྒྲོལ་མ་ཟེར་ནི་བུ་མོ་ཞིག་སླེབས་ནས་གོ་རེ་བཅའ་རོགས་བྱས་སོང་། དེ་མིན་བུ་མོ་དེ་ཚོས་གོ་རེ་ལ་མིག་གིས་ཀྱང་བལྟས་མ་སོང་ང་། ད་ཆང་ཁང་ནང་དུ་འཛོམས་དུས་་་་་་་་་་། ཡང་ཆབ་སྲིད་དང་དེ་འདྲ་ཆེན་པོ་བཤད་དུས་ཡང་་་་་་་་་་། ད་ཨ་མདོ་བུ་མོ་དེ་ཚོ་ངོ་ནས།།
འདོད་གཏམ་ཨ་རག་བཞིན་ཁྱེད་ཀྱི་ཆང་ཕོར་དུ་འཛུལ་ཞིང་
མེ་རི་ལྟར་ཁྱེད་ཀྱི་འཇིག་རྟེན་ན་དྲག་ཏུ་འབར་སྐབས་
ཁྱེད་ཀྱི་ཡོད་ཚད་མཇའ་ཚོན་གྱིས་་ཁེངས་ཡོད་ཚུལ་
མི་རིང་པར་ཨ་རག་གི་གཟི་ཁ་ཡལ་ཞིང་
མི་རྐྱང་རི་ལ་མཆིས་དུས་
ཁྱེད་ཀྱི་འཇིག་རྟེན་སྟོངས་སེང་ངེར་
མིག་མཆི་དང་སྡེབ་པའི་ཁྱེད་ཀྱི་རྨེ་ངག་གང་དུ་འཕྱོ །
ཨ་རོགས་ཚོ། ད་རུང་མཚམས་བཞག་མེད་ནེ། ངོ་མ་ཚེ་སྐྱིད་འདིའི་ངོ་ཅིག་རྫོགས། ཆང་ཧུབ་གང་གཅིག་པུས་ཨ་ཁུ་ཀླུ་སྨྱོན་སོགས་གསར་་རྒོད་སྟག་འདྲ་བ་མང་པོའི་གློ་སྙིང་ཚུན་ཆུན་ཕྱི་རུ་སྟོན་ཐང་ཐ། གང་ལྟར་ངས་ནི་ཁྱེད་ཚོས་དྲྭ་ངོས་ནས་ཚེ་སྐྱིད་ཀྱི་དྲི་བ་ལ་རེ་སྒུག་བྱ་ཡུན་བར་མགོ་སེར་ཡག་མ་ཞིག་ལ་ནུབ་པྱོགས་པའི་སྲོལ་རྒྱུན་རིང་ལུགས་ལྟར་གཡས་མདུང་གཡོན་མདུང་བཅོ་བརྒྱད་བྱས་ནས་ཡོང་ནི་མིན་ན་ས་ག་ས་ཏོག
སྤྱིར་མི་ཕམ་དང་དགེ་ཆོས་སོགས་ཀྱིས་འདོད་པའི་སྒྱུ་རྩལ་བཅུ་དྲུག་གི་ཁོངས་སུ་བསྡུས་ཏེ་སྔོན་དངོས་རྗེས་གསུམ་ཆ་ཚང་བ་ཞིག་ཕལ་ཆེར་འགྲུབ་ཐུབ་པར་བཤད་ཡོད་བསམ་། ཡིན་ན་ཡང་ད་ལྟའི་ཆར་དེའི་ཁོངས་སུ་མ་འདུས་པ་མང་པོ་ཞིག་འདུག དེ་ནི་དུས་ཀྱི་འགྱུར་བ་དང་ཚན་རིག་གི་ཀླད་རྩལ་ལས་བྱུང་བའི་རྒྱུ་རུ་བསམ། གང་ལྟར་ད་ལྟའི་ཆར་ངས་དེ་དག་གི་སྐོར་ལ་ཉམས་ཞིབ་འདྲ་བྱེད་ཁུལ་ཡིན། བོད་ཡིག་ཏུ་བྲིས་པའི་དཔྱད་གཞིའི་ཡིག་རིགས་མང་པོ་མི་འདུག་ན་ཡང། ཤེས་རབ་དར་རྒྱས་ཀྱི་ནུབ་ཕྱོགས་འགྲིམས་པའི་གཏམ་འདོན་ཐེངས་དང་པོ་དེར། མྱོང་བ་རྩ་ལས་བསྒྲིལ་བའི་བྱུང་བ་དངོས་རེ་བརྗོད་འདུག་པས་ཞིབ་འཇུག་གི་ཚད་གང་འཚམས་འདུག འདིའི་སྐོར་ལ་ཨ་ཁུ་ཀླུ་སྨྱོན་སོགས་ཀྱིས་ཇི་ལྟར་བྲིས་ཀྱང་ཞིབ་ཚགས་པོ་ཞིག་དཀའ་རྒྱུ་རེད། ཁོ་ཚོར་རང་རེའི་སྔགས་རྫོགས་ཀྱི་གཞུང་ལས་དཔེ་རུ་བཀོད་པ་གཞོན་ནུ་མའི་བདེ་བ་ཟེར་སྐབས་འདི་འདྲ་ཞིག་ཡིན་ནམ་སྙམ་པ་ལས་དངོས་ཀྱི་མྱོང་བ་ཡོད་རྒྱུ་མ་རེད། དེའི་ཕྱིར་ན་ནམ་ཉི་མ་ཕུད་ནས་དྲྭ་ངོས་ནས་ཚེ་སྐྱིད་སོགས་ཀྱི་དྲི་བ་ལ་རེ་སྒུག་རླུང་གིས་མི་ནོན་པ་བྱེད་པ་དེའང་དངོས་ཡོད་ཀྱི་འཚོ་བའི་ཟབ་ས་ན་མྱོང་བ་མེད་པའི་རྟགས་རེའང་མིན་ནམ་སྙམ། གང་ལྟར་ང་ལ་དེའི་སྐོར་གྱི་དཔྱད་གཞིའི་ཡིག་ཆ་འདྲ་ལམ་གནང་མཁན་ཡོད་ན། ཧན་བཏགས་དང་ནི་མ་རེད་ན་པེ་ཀ་སོ། ཨ་ཁུ་སྨན་བླའི་མནའ་ཚིག་གཡར།
སྙན་ངག་བྲིས་ན་ཆགས་གཏམ་རེད་ཟེར། གོ་བ་ལེན་མི ཤེས་ན་ཁ་རོག་བསྡད་ན་ཡང་འགྲིག་གི་རེད། འཚོ་བ་དང་མི ཚེ་ཡི་ཁ་དོག་ངོ་མ་དེ་སུ་ཡིས་ཀྱང་མྱོང་གིན་ཡོད་ངེས་རེད། ངས་འཆར་ཡན་དང་རྟོགས་བཟོ། སྒྱུ་འཔྲུལ་བཅས་ཀྱིས་རང་ཉིད་ཀྱི་འཇིག་རྟེན་བློས་བསླངས་བྱས་པ་ཙམ་ཡིན།
མི་ཚང་མས་སྙན་ངག་འབྲི་ཤེས་དོན་དང་ཀློག་ཤེས་དོན་ཡང་མི་འདུག དེར་ཕྱོགས་ལ་མོས་པ་ཡོད་མཁན་ཚོར་རང་བཞིན་གྱིས་ཞལ་ལག་སྤྲོ་བོ་དང་ཞིམ་པོ་ཐེངས་གཅིག་ཟོས་པ་དང་གཅིག་པ་ཡིན་ངེས།
དེང་སྲོལ་གི་སྙན་ངག་པ་མང་པོའི་འཚང་ཁ་ཤིག་ཤིག་ཡུད་གོ་ཁུ་་་་་་་་ཨ་ཤི་རེས་གོ་སྙན་ངག་ཞིག་འབྲི་ཤེས་རྒྱུ་ན་ཅི་མ་རུང་་་་་་ང་ར་འདི་ཚོའི་གྲས་ནས་ཅིག་འཕག་ན་འདོད་གི་་་་་་་་་་་་་་
ཆང་ཕོ་བ་གང་གིས་བཟི་དྲག་པས་ཡིན་ནམ།
གང་ལྟར་ཡང་།
བརྩེ་དུང་གིས་མྱོས་པའི་མོ་རྐྱང་ཞིག
ཆགས་གདུང་གི་ཚོར་ཤུགས་དྲག་པོས།
སྨྱུག་རྩེ་ནས་ཤུགས་རིང་ཐེངས་ཤིག་འཐེན་པས།
འཁྱམ་པོ་ཚོའི་སེམས་ཁམས་རྨས་སོང་།
མཛེས་མས་ཟུར་མིག་མདའ་མོའི་སྣོ་ངར་གྱིས་། འདོད་ལྡན་སྐྱེས་བོའི་སྙིང་ལ་ཟུག་ངུ་སྦྱིན་། དབུ་རག་ཆང་གིས་རབ་འདེགས་བྱས་བའི་མོད་། མཛེས་མར་དུངས་བས་སེམས་པ་སྐྱོ་ལྷང་ལྷང་།
ད་རེས་ཚེ་རིང་སྐྱིད་ཀྱི་སྙན་ངག་འདི། ཀློག་དཀའ་ཙམ་དང་། སྣང་བ་བློ་ལ་ཤར་དཀའ་བ། སྙན་ཆ་མེད་ལ། འཚོར་བ་ཟབ་པོ་ཞིག་ཀྱང་མེད་པའི་སྙན་ངག་ཞིག་ལ་སྣང་། གང་ཟག་སྒེར་ལ་མི་རྟོན་པར་སྙན་ངག་ལ་བརྟོན་ནས་བཤད་ཀྱི་ཡོད། རབ་གསལ་ལགས། གང་ཟག་སྒེར་ལ་སྐྱོན་བརྗོད་བྱེད་ཀྱི་མེད་ད།
སྤྱིར་འདིར་བཀོད་པའི་སྙན་ངག་འདི་ཁོ་མོའི་སྙན་ངག་གཞན་པ་རྣམས་དང་བསྡུར་ན་ཞན་ཆ་མང་པོ་འདུག ཐད་ཀར་བལྟས་པ་ཡིན་ན། སྙན་ངག་འབྲི་མཁན་འདི་བོད་ཀྱི་སྐད་དང་། ཡི་གེ ངག་གི་བརྗོད་པ། བསམ་བློའི་ཁྱེར་སོ་སོགས་ལ་མ་གོམས་པའི་མི་ཞིག་གི་འཚོར་བ་བསྟེར།
རྡོག་རྡོག་བཤད་ན་གོ་རྒྱུ་མིན་འདུག་ལ། སྙན་རྒྱུ་ཞིག་ཀྱང་མིན་འདུག
ལྷག་པར་དུ་སྙན་ངག་འདིའི་ནང་ཡིག་ནོར་འགའ་ཡང་ཡོད་སྟབས། དོན་ཅི་ཤོད་གོ་མི་ཐུབ། དཔེར་ན་གཤམ་གྱི་ཚིག་འདིས་གང་སྟོན་གྱི་ཡོད་དམ།
༼ཤེལ་ཕོར་དེ་ཁྱེད་རང་ཡིན་འདང་གིས༽ཟེར་བ་དང་། ཡང་། ༼ཝུ་ཆར་དམར་པོ། ཤེལ་ཕོར་གྱི་ནང་དུ་ཞག་རྩི་ལྟ་བུའི་མདངས་ཀྱིས་གཡོ་སྐྱོམ་བྱེད་སྐབས༽
སྤྱིར་ཁ་བརྡ་ཚང་ལ་ཡིག་ནོར་རེ་གཉིས་བྱུང་ན། ཨ་མདོ་བ་དེ་ཚོས་ང་ཤོར་ཁོ་ཤོར་གྱིས་འཚང་ཡོང་གི་འདུག ཡིན་ནའང་། ཨ་མདོ་བུད་མེད་མཛེས་མ་གཅིག་གིས་འབྲི་དུས། ཁོང་ཚོ་དེ་ལ་སྤྲེལ་ལད་གང་ཐུབ་ལས་བརྗོད་བྱ་བརྗོད་བྱེད་ཀྱི་ཐད་ལ་བསམ་བློ་གཏོང་གི་མིན་འདུག འདི་ཕོ་ཁྱོ་ཀ་ཞིག་གིས་བྱེད་སྟངས་མ་རེད་སྙམས།
ངའི་རྣམ་རྟོག་ལ་སྙན་ངག་འདི་རྒྱ་ཡིག་ནང་ལ་སྔོན་ལ་བྲིས། དེ་ནས་བོད་ཡིག་ལ་ཕབ་པ་ལྟ་བུའི་བྲོ་བ་འདུག ཚེ་རིང་སྐྱིད་ལགས། འདི་འདྲ་རེད་དམ།
རྣ་བར་སྙན་ཞིང་ཞེས་པ་ལ་སོགས་པའི་སྙན་ངག་གི་འགྲེལ་བཤད་དེ་ཚོ་ཚང་མ་སྒེར་སྡོམ་པའི་བསམ་བློ་ལས་བསླངས་པའི་སྒྲིག་སྲོལ་ལྟ་བུ་རེད། སྡེབས་སྦྱོར་འགྲིག་ཙམ་དང་ངག་ལ་བདེ་བ་ཙམ་གྱིས་ཁྱེད་ལ་སྙན་ངག་གི་བྲོ་བ་སྤྲོད་ཀྱིན་ཡོད་ན་ཁྱེད་ཀྱིས་དེ་ལྟ་བུའི་སྨྱུག་ཁ་སྟོང་ཕྲག་མང་པོས་ལོ་ངོ་བརྒྱ་ཕྲག་མང་པོར་བྲིས་པ་རྣམས་ཀློག་དང་ཚེ་གང་བོར་ཚར་གི་མ་རེད། གཞན་མི་ཤེས་ན་མ་བཤད་ན་འགྲིག་གི་རེད། རང་གིས་བྲིས་པའི་མཆན་དེར་ཅིག་ལྟོས་དང་།
ལམ་སེང་ཨ་མདོ་བ་འདི་ཚོ་ལྟ་བུ་སྐད་ཆ་ཁུར་མ་ཡོང་ན་ལེགས། མགོ་འཛུགས་མཁན་རང་ཉིད་ཡིན་བཞིན་དུ་རྗེས་ལ་སྐད་ཆ་བཤད་ཡོང་སྐབས་ཨ་མདོ་བ་འདི་ཡང་བཤད་ཡོང་གི་རེད། དེ་ལས་དང་པོ་ནས་མགོ་མ་བསླངས་ན་ཡག་པོ་མེད་འགྲོ
གོང་གི་སྙན་ངག་དེའི་དོན་འགྲེལ། མཛའ་བོ་དང་ཁ་བྲལ་བ་ནི་དུས་ཀྱིས་དབང་གིས་སམ་གཞན་དབང་ཞིག་གིས་རང་དབང་མེད་པར༼བར་ཐག་དང་དུས་ཚོད་ཀྱིས་འུ་གཉིས་སའི་གོ་ལའི་ཕྱོགས་སོ་སོར་འདེད་བཞིན་པ་རྙེད་པས༽ ད་བཟོད་ཁེར་རྐྱང་གིས་སུན་སྣང་འོག་ཆང་ཁང་དུ་གོམས་ཁ་བསྐྱོད་དགོས་བྱུང་ཞིང་། ཁེར་རྐྱང་གི་སུན་སྣང་འོག་ནས་ཆང་ཕོར་ལག་ཏུ་ལེན་དགོས་བྱུང་། འོན་ཀྱང་ཆང་ཕོར་ནང་གི་ཆང་ཁམ་བུ་གང་མ་འཐུང་གོང་དུ། ཡང་བསྐྱར་ནམ་རྒྱུན་བཞིན། མཛའ་བོའི་གཟུགས་གཞི་སོགས་རང་དབང་མེད་པོར་ཡིད་ལ་འཁོར་བ་ནི ༼དཔུང་བ་དང་བྲང་གཞི། ཕོ་ཉམས་སོགས་རེ་རེ་མཐོང་ཐུབ་སའི་ཆང་ཕོར་ལག་ཏུ་བཟུང་ཏེ། ཡིད་ཚིམས་པའི་འོ་ཞིམ་པོ་ཞིག་སྐྱལ་དགོས་བྱུང༌།༽ དེ་དང་འབྲེལ་ནས། རང་གི་འཁྲུལ་སྣང་ལ་རང་གི་ལག་ཏུ་བཟུང་བའི་ཤེལ་ཕོར་ལས། མཛའ་བོ་དངོས་སུ་སླེབས་པ་ལྟ་བུའི་འཁྲུལ་སྣང་བྱུང་བ་ནི་འདི་ལྟར། ༼ངས་ཀྱང་ཐོག་”ཁང་དམར་པོ་”ལྟ་བུའི་ཁང་མིག་ཅིག་ཏུ་ཁྱེད་ཉིད་དྲན་གྱིན་འདུག་ལབ་པ་གོ་སོང༌། ཤེལ་ཕོར་དེ་བརྙན་འཕྲིན་གྱི་ངོས་ལྟར། ཉིད་ཀྱིས་ལག་ཟུང་ང་ལ་བསྲིངས་བཞིན་པ་མཐོང་ཡོང༌།༽ ཡིན་ན་ཡང་འདི་ལྟ་བུའི་ཁེར་རྐྱང་དུ་གྱེས་དགོས་དོན་ནི་གཅིག་བྱས་ན་ཁྱོད་ཀྱིས་འདོད་པ་ལྟར༼གྲངས་མང་རྙོག་ཟིང་གི་མི་ཚོགས་ནི་འུ་གཉིས་ཀྱི་བར་ཐག་ལ་ལྕགས་ཀྱི་རྡོ་མཁར་བསླངས་མཁན་ཡིན་པར་འདོད༽པ་ལྟར་ཡིན་སྲིད་མོད། ངས་ཀྱང་ཁྱོད་བརྗེད་པའི་ཐབས་སྣ་ཚོགས་བྱེད་ཀྱི་ཡོད་པ་ཐ་ན། ༼ལག་ཁྱེར་ཁ་པར་ནས་གྲགས་པའི་བརྡ་ལན་དེ་ཡང་ཁྱེད་ཀྱི་སྐད་ངག་བརྗེད་པའི་སྨན་ཞིག་རེད་འདུག༽བསམ། དོན་དངོས་ཀྱིས་སྟོང་བའི་སྟོང་མདངས་དེས་འཚོ་བ་དངོས་ལ་རེག་མ་ཐུབ་པའི་དབང་གིས། ང་ལ་ཁེངས་ར་དང་ཁོང་ཁྲོ་དུས་གཅིག་ཏུ་ཤར་ནས་ཁྱེད་རང་ནི༼ཁྱེད་ཀྱང་མེག་ཁི་ཇེག་ཟན་འདས་གྲོངས་སུ་སོང་བ་ལྟར། འཇིག་རྟེན་ནས་མིག་ཟུང་གཏན་དུ་བཙུམ་པར་མཐའ་མའི་སྐྱེལ་མ་བྱ་དགོས་བྱུང༌། མ་མཐར་ཡང་ངའི་འཇིག་རྟེན་ལ་ཁྱེད་ཉིད་ལོག་ཡོང་མེད་པར་སྐྱེལ་བྱེད་ཀྱིན་ཡོད། ཝུ་ཆང་འཐུང་ཚར་སོང༌། གླུ་དབྱངས་འཇགས་ཚར་སོང༌། ཤེལ་ཕོར་ས་རུ་ཟགས་ཏེ་ཆག་སོང༌།༽ འོན་ཀྱང་ངའི་ཕྱོགས་ན་ཁྱོད་ལ་མཐའ་མའི་གྱེས་བྲེལ་སྟེ། སྐྱེལ་མ་ཞིག་ཡོད་པ་ནི་རྩོམ་ཡིག་འདིའི་ཁ་བྱང་དེ་ཁོ་ན་ཡིན་ནོ།
སྙན་ངག་འདི་ནས་སྤྲིན་གྱི་ཕོ་ཉ་ནང་གི་གནོད་སྦྱིན་དེ་ཉིད་ར་མའི་རི་བོར་སོང་བའི་ཁེར་རྐྱང་གི་སུན་སྣང་དང་སྡུག་བསྔལ་ལས་ཀྱང་ལྷག་ཞིག་མཐོང་ཐུབ་པོ།།
ཤི་རེ་ཁོ་ཁོམ་པ་ཞིག་ཡོད་ཀྱི་ན། སྙན་ངག་འདི་ལ་འགྲེལ་བ་ཞིབ་ཚགས་མོ་ཞིག་རྒྱབ་ན་རེད་མོ། ད་ཡང་་་་་་་
ནག་མོ་འཁོལ་གནོད་སྦྱིན་གྱི་ཁོག་ཏུ་ཞུགས་ནས་གནོད་སྦྱིནཀི་བེ་རའི་སེམས་ཀྱི་སྡིག་བསྔལ་ཡོངས་རྫོགས་བརྗོད་ཡོད་ལ། ཚེ་སྐྱིད་ཡང་བུ་མོ་ཁེར་རྐྱང་སུ་ཞིག་གི་ཁོག་ཏུ་འཛུལ་ནས་དེའི་སེམས་ཀྱི་སྡུག་བསྔལ་ཡོངས་རྫོགས་བརྗོད་ཡོད། འོན་ཀྱང་ཀློག་མཁན་མང་པོ་ཞིག་སྙན་ངག་ནང་གི་༼ཆང་ཕོར་ནང་ནས་འཁོར་བ་རྙེད་པ་ལྟ་བུའི་འཁྲུལ་སྣང་བྱུང༌།༽ཞེས་པ་ལྟར་རྩོམ་པ་པོ་དང་རྩོམ་ཡིག་ནང་གི་མི་སྣ་གཅིག་ཏུ་འཁྲུལ་ནས། རྩོམ་ཡིག་འདི་ལས་རང་ཉིད་ལ་འཁོར་བ་རྙེད་པ་ལྟ་བུའི་དགའ་སྤྲོ་དང་། ཡང་རང་གི་ལག་ནས་ཤོར་དོག་ཀྱི་འཁྲུལ་སྣང་འབྱུང་བཞིན་པ་ནི། སྙན་ངག་མ་ཤེས་པའི་དབང་གིས་མིན་ཏེ། རང་གི་ཚོར་བ་སྙན་ངག་ནང་དུ་ཐིམ་དྲག་པའི་རྒྱུ་མཚན་གྱིས་ལོས་ཡིན་སྙམ། ད་སྙན་ངག་གི་རོ་མྱོང་ཟེར་ན་དེ་འདྲ་ཡིན་རྒྱུ་རེད། མེ་ལོང་མ་ན་སྙན་ངག་གི་ཉམས་འགྱུར་ཟེར་བ་དེ་ལ། རྩོམ་པ་པོ་ལ་སྦྱར་ནས་དང་ཀློག་པ་པོ་ལ་སྦྱར་ནས་འགྲེལ་བཤད་རྒྱུ་འདུག་ཀ
ནག་མོ་འཁོལ་གནོད་སྦྱིན་གྱི་ཁོག་ཏུ་ཞུགས་ནས་གནོད་སྦྱིནཀི་བེ་རའི་སེམས་ཀྱི་སྡིག་བསྔལ་ཡོངས་རྫོགས་བརྗོད་ཡོད་ལ། ཚེ་སྐྱིད་ཡང་བུ་མོ་ཁེར་རྐྱང་སུ་ཞིག་གི་ཁོག་ཏུ་འཛུལ་ནས་དེའི་སེམས་ཀྱི་སྡུག་བསྔལ་ཡོངས་རྫོགས་བརྗོད་ཡོད། འོན་ཀྱང་ཀློག་མཁན་མང་པོ་ཞིག་སྙན་ངག་ནང་གི་༼ཆང་ཕོར་ནང་ནས་འཁོར་བ་རྙེད་པ་ལྟ་བུའི་འཁྲུལ་སྣང་བྱུང༌།༽ཞེས་པ་ལྟར་རྩོམ་པ་པོ་དང་རྩོམ་ཡིག་ནང་གི་མི་སྣ་གཅིག་ཏུ་འཁྲུལ་ནས། རྩོམ་ཡིག་འདི་ལས་རང་ཉིད་ལ་འཁོར་བ་རྙེད་པ་ལྟ་བུའི་དགའ་སྤྲོ་དང་། ཡང་རང་གི་ལག་ནས་ཤོར་དོག་ཀྱི་འཁྲུལ་སྣང་འབྱུང་བཞིན་པ་ནི། སྙན་ངག་མ་ཤེས་པའི་དབང་གིས་མིན་ཏེ། རང་གི་ཚོར་བ་སྙན་ངག་ནང་དུ་ཐིམ་དྲག་པའི་རྒྱུ་མཚན་གྱིས་ལོས་ཡིན་སྙམ། ད་སྙན་ངག་གི་རོ་མྱོང་ཟེར་ན་དེ་འདྲ་ཡིན་རྒྱུ་རེད། མེ་ལོང་མ་ན་སྙན་ངག་གི་ཉམས་འགྱུར་ཟེར་བ་དེ་ལ། རྩོམ་པ་པོ་ལ་སྦྱར་ནས་དང་ཀློག་པ་པོ་ལ་སྦྱར་ནས་འགྲེལ་བཤད་རྒྱུ་འདུག་ཀ
ཀློག་པ་པོའི་ངོས་ནས་ཀྱང་ཆང་ཕོར་ནང་ནས་འཁོར་བ་རྙེད་པ་ལྟར་སྙན་ངག་ནང་ནས་རང་ཉིད་ཀྱི་མཛའ་མོ་སུ་ཞིག་རྙེད་དགོས་པ་ལས། སྙན་ངག་ནང་ནས་རྩོམ་པ་པོ་རྙེད་པའི་འཁྲུལ་སྣང་དེ་ནི། སྙན་ངག་མ་བཟང་བའམ། ཡང་ན་སྙན་ངག་བཟང་དྲག་པའི་རྒྱུ་མཚན་གྱིས་མིན་དེ། དེ་ནི་རྩོམ་པ་པོ་མོ་རང་ཀློག་པ་པོའི་ངོས་ནས་སྙན་ངག་ནང་གི་མི་སྣར་བཞེངས་སྐྲུན་བྱས་པས་ཡིན། མདོར་ན་ཀློག་པ་པོའི་ངོས་ནས་རང་ཉིད་ལ་ཡིད་བརྟན་ཆོག་པའི་ཚོར་བ་མེད་པ་དང་། རྩོམ་པ་པོ་ནི་སྙན་ངག་ནང་གི་མི་སྣ་ལས་ཀྱང་གལ་ཆེན་དུ་གཙིག་འཛིན་བྱས་པ་གཉིས་ཚོགས་ལས་བྱུང་བའོ།།
གཅིག་བྱས་ན་རྩོམ་པ་པོའི་ངོས་ནས་ཀྱང་། རྩོམ་ཡིག་ནང་གི་མི་སྣ་དང་རྩོམ་པ་པོ་གཉིས་གཅིག་ཏུ་སྦྱར་ཡོད་སྲིད་མོད། དེ་ལྟ་ནའང་ཀློག་པ་པོ་ཡོངས་རྫོགས་ནི། རྩོམ་ཡིག་ནང་གི་མི་སྣ་དེས་ཆང་ཧུབ་གང་གིས་སྐྱེལ་མ་བྱེད་ས་དེ་ཡིན་རྒྱུ་མ་རེད། །
མི་གཞན་པའི་སྙན་ངག་ལ་འགྲེལ་བཤད་རྒྱག་པ་ལས་ཐབས་སྡུག་གི་ལས་ཀ་ཞིག་འཇིག་རྟེན་འདིར་མེད་ཁུ།
སྙན་ངག་ནི་ཞག་གཅིག་གི་ཉལ་གྲོགས་བཞིན་ནམ་ཡང་ཕྱིར་བལྟས་མེད་པར་བསྐྱུར་བཞག་ན་ཡག་གི
ཡ་ད་མཆན་བརྒྱ་བ་དེ་ངས་རྒྱག་གི་ཡིན། སྙན་ངག་ཅིག་བྲིས་ནས་མ་ཤི་བར་དུ་འདོད་པ་ཚིམ་ནས་སྡོད་པ་དེ་ནི་རང་གི་བླ་རྐང་རང་གིས་བརྡུངས་ཏེ་རང་གི་རུས་རྐང་རང་གིས་འཇིབས་པ་དང་འདྲ་གི
སྙན་ངག་གི་བླ་སྲོག་བཙལ་ནས་རྒས་ཟིན་པའི་བདག་དང་བདག་འདྲ་བ་དག་ནི་འབྱུང་བོ་དང་རོ་ལངས་སྨྱོན་པའི་ཚ་བོ་དང་ཡང་ཚ་འཁྲུལ་མེད་འབའ་ཞིག་ཡིན་ནོ།།
ཨ་ཁུ་སྙན་ངག་པ་ཞེས་གྲགས་ཅན་འདིས། །
ཨ་རིའི་གླན་པ་ལྟ་བུའི་སྐད་ཆ་འདིས །
ཨ་ཅེ་མཛེས་མའི་ཆང་ཕོ་གང་བོའི་འཇུག །
ཨ་རོག་ཚོ་ཡི་ལག་ནས་འཕྲོག་དང་ཐལ།
ཚེ་སྐྱིད་ལགས། སྙང་ངག་བྲིས་བ་རྟེན་འབྲེལ་ཞུ།
ཡི་གེ་བྲིས་ཚེ་ཡིག་ནོར་དང་ཆད་ལྷག་མེད་པ་འབྲི་མི་སྲིད་པ་ནི་དངོས་ཡོད་ཡིན་ཡང་ཉིད་ཀྱིས་ཐོག་མའི་དོན་ལ་མ་མགོ་ཡང་ཡང་བེད་སྤྱོད་བཏང་བས་ཕྲན་གྱིས་ཞུ་འདོད་བྱུང་བ་ནི་འདི་ལྟར་ཏེ།
ལུས་ནི་མགོ་ནི་མ་མགོ་དང་།།
ཐོག་མི་འགོ་ནི་འ་འགོ་ཡིན།། གསུངས་བ་བཞིན་ཉིད་ཀྱིས་དག་ཆ་ནོར་བ་སེམས།
ནོར་བཅོས།
ལུས་ནི་མགོ་ནི་མ་མགོ་དང་།།
ཐོག་མའི་འགོ་ནི་འ་འགོ་ཡིན།། གསུངས་བ་བཞིན་ཉིད་ཀྱིས་དག་ཆ་ནོར་བ་སེམས།
ཚེ་སྐྱིད་ཀྱི་རྩོམ་ཡིག་ནང་ཤོར་བའི་ཡིག་ནོར་དག་བཅོས།
ཝུ་ཆར་དམར་པོ། ༼ཝུ་ཆང་དམར་པོ་ཟེར་བ་ལོས་ཡིན་སྙམ༽
ཆང་ཕོར་ལག་ཏུ་བཟུང་ཏེ ༼ཆང་ཕོར་ལག་ཏུ་བཟུང་སྟེ༽
ངས་ཀྱང་ཐོག་”ཁང་དམར་པོ་” ༼ངས་ཀྱང”ཐོག་ཁང་དམར་པོ་”འདྲེན་རྟགས་ནང་དུ་འཇོག་ན་འདི་ལྟར་ལོས་ཡིན་སྙམ༽
བསྲིངས་བཞིན་པ་མཐོང་ཡོང༌། ༼བསྲིང་བཞིན་པ་མཐོང་ཡོང༌།༽ཚིག་གྲོགས་ལས་ད་ལྟ་བར་སྟོན།
རྡོ་མཁར་བསླངས་མཁན་ ༼རྡོ་མཁར་བསླང་མཁན་༽
ལྕགས་ཀྱི་རྡོ་མཁར་ ༼ལྕགས་མཁར་རམ། ཡང་ན་རྡོ་མཁན་ལོས་ཡིན། ལྕགས་ཀྱི་རྡོ་མཁར་ཟེར་ན་གཟུགས་རྒྱན་འཕར་མའི་རྒྱན་ནི་ཡིན་ས་མི་འགྲོ གཞན་ལ་བསམ་བློ་གཏོང་ས་མི་འདུག༽
ཞབས་དག་ ༼ཞབས་བཏེགས་ལོས་ཡིན་སྙམ། རྒྱུ་མཚན་ཨ་མདོ་ཕྱོགས་ན་ཆང་འཐུང་སྐབས་(མགོ་ལ་གཡོན་ན་ཐོངས)ཟེར་བ་དང་གཅིག་པ་རེད། ཆང་དཀར་གྱི་ཞབས་ཡར་ལ་བཏེགས་ནས་མགོ་ལ་གཡོན་ཟེར་བ་རེད༽
ཁྱེད་ཉིད་ལོག་ཡོང་མེད་པར་སྐྱེལ་བྱེད་ཀྱིན་ཡོད ༼ཚིག་འདིའི་བར་ནས་ཡི་གེ་ཞིག་ཆད་པའི་སྣང་བ་འདུག་པས་ཁ་གསབ་ཞུ་ན། ཁྱེད་ཉིད་ལོག་ཡོང་མེད་པར་(ཕར)སྐྱེལ་བྱེད་ཀྱིན་ཡོད༽
གོང་དུ་ཡིག་ནོར་དག་བཅོས་བྱས་པ་ནི། རྐང་བཙུགས་ནས་རང་སྐྱོན་རི་བོ་འགེབས་ཐབས་དང་། གཞན་སྐྱོན་ཁབ་ཀྱིས་བཙལ་བ་མ་ཡིན་པར། བཟང་པོ་ལ་མཐའ་མེད་པས། ཡང་རྩེ་སྒང་ལ་ཡས་སྒྲོན་བྱས་པ་ཡིན། ཇི་སྐད་དུ་མེ་ལོང་མ་ལས། སྐྱོན་གཅིག་གིས་ནི་སྐལ་ངན་འགྱུར།། གསུངས་པ་ལྟར་སྐྱོན་གཅིག་ཀྱང་མེད་པར་བྱས་ན་འདོད།།
ང་ཚོའི་བོད་པའི་མི་རེ་ཟུང་གིས་སོ་སོར་ཕྱི་ལ་བཏང་རྒྱུ་མེད་པར་མི་གཞན་གྱི་དཀའ་ལས་རྒྱབ་པའི་སེམས་ཤུག་ལ་སྐྱོན་བརྗོད་བྱས་པར་འདི་བདེ་མོ་ཞིག་མ་རེད་དམ། མི་ཁྱེད་ལ་ཤེས་ཡོན་ཇི་ཙམ་ཡོད་མེད་བདག་ལ། ཨ་རོ་གོ་སོང་ངམ། རང་ཉིད་ལ་ཤེས་ཡོན་ཚད་ལྡན་ཞིག་ཡོད་ན་ཕྱི་ལ་སྟོན་དང་ང་ཚོས་ལྟས་ཆོག ང་ལ་ཡིན་ནོར་མང་། ཡིན་ཡང་འབྲི་འདོད་ཆེ་བས་སྤོ་མ་ལང་། བཀའ་དྲིན་ཆེ།
ད་ལྟད་མོ་མང་པོ་འདུག གང་ལྟར་བྱི་མི་ངར་གི་ ྭ་ལོག་ཚོས་སྨད་པ་བྱེད་རུང༌། བུད་མེད་ཚོས་པྲག་དོག་བྱེད་རུང༌། ཕོ་གསར་ཚོས་བསམ་ནག་བཅིངས་རུང༌། བུ་མོ་མོ་ལ་བཤད་རྒྱུ་མེད། མོ་རང་མོ་རང་གིས་བཙལ་ནས་གང་ཞིག་ལ་བུད་འགྲོ་གི་འདུག བོད་ཡིག་ཤེས་ནོ་དང་སྙན་ངག་ལ་དགའ་ནི་འདིས་ངའི་སེམས་ནང་གི་རྗེ་བཙུན་སྒྲོལ་མ་རང་ཡིན།
ད་ལྟད་མོ་མང་པོ་འདུག གང་ལྟར་བྱི་མོ་ངར་གི་ ྭ་ལོག་ཚོས་སྨད་པ་བྱེད་རུང༌། བུད་མེད་ཚོས་པྲག་དོག་བྱེད་རུང༌། ཕོ་གསར་ཚོས་བསམ་ནག་བཅིངས་རུང༌། བུ་མོ་མོ་ལ་བཤད་རྒྱུ་མེད། མོ་རང་མོ་རང་གིས་བཙལ་ནས་གང་ཞིག་ལ་བུད་འགྲོ་གི་འདུག བོད་ཡིག་ཤེས་ནོ་དང་སྙན་ངག་ལ་དགའ་ནི་འདིས་ངའི་སེམས་ནང་གི་རྗེ་བཙུན་སྒྲོལ་མ་རང་ཡིན།
ཝུ་ཆང་གི་སྐྱེལ་མ་མ་གནང་རོགས། ཆང་འཐུང་ན་ཉེས་པ་འདི་འདྲ་ཡོད། །
ན་མོ་གུ་རུ་ཤྰཀྱ་མུ་ནེ་ཡེ། །
ཕྱོགས་དུས་རྒྱལ་ཀུན་འདུས་ཞལ་རིན་པོ་ཆེ། །
དྲིན་ཆེན་རྩ་བརྒྱུད་བླ་དགོངས་སུ་གསོལ། །
དེང་འདིར་འགྲོ་བའི་བློ་སྣ་ཆོས་ལ་བསྒྱུར། །
ཆང་གི་ཉེས་སྒྲིབ་རྟོགས་པར་ཐུགས་རྗེས་བཟུང་། །
ཀྱེ་མ་གསོན་དང་གངས་ཅན་སྤུན་ཟླ་ཚོ། །
སྙིང་དང་སྲོག་ལས་གཅེས་པའི་ལ་རྒྱ་ཉིད། །
རང་ཆོས་བསྟན་སྲིད་རང་བཙན་མ་ཐོབ་ཀྱང་། །
རང་གཞན་བག་མེད་སྤྱོད་པ་སྤེལ་ཕོད་དམ། །
ཁྱད་པར་ཐུབ་དབང་རྡོ་རྗེ་འཆང་ཆེན་ནས། །
མྱོས་འགྱུར་ཆང་འདི་ཉེས་ཚོགས་འབྱུང་གནས་ཞེས། །
རྒྱུ་འབྲས་བསླུ་མེད་བདེན་གསུངས་ཤེས་བཞིན་དུ། །
ཁྱད་གསོད་གངས་ཅན་ཕོ་མོར་སུ་ཡི་སྲོལ། །
བཀའ་དྲིན་ཟླ་མེད་བདག་ཅག་སྟོན་པས་ཀྱང་། །
རྩ་མཆོག་རྩེ་མོ་ཙམ་ཞིག་བཏུང་ན་ཡང་། །
དེ་ནི་ང་ཡི་སློབ་མ་མིན་ཞེས་དང་། །
ང་ནི་དེ་ཡི་སྟོན་པ་མིན་ནོ་གསུངས། །
དེ་བཞིན་གསང་ཆེན་རྒྱུད་སྡེ་དུ་མ་ནས། །
སྔགས་པ་ནུས་མེད་ཆང་གིས་མྱོས་གྱུར་ན། །
ངུ་འབོད་གནས་སུ་སྐྱེ་བར་འགྱུར་ཞེས་གསུངས། །
དེས་ན་ཆང་གི་ཉེས་པ་བསམ་མི་ཁྱབ། །
སྐྱ་སེར་ཁྱད་མེད་གསོན་པོ་རོ་བཞིན་འགྱུར། །
ཕོ་མོ་ཁྱད་མེད་དུག་ལྔ་དྲག་ཏུ་འཁྲུག །
མཐོ་དམན་ཁྱད་མེད་ངོ་ཚ་མི་ཤེས་ནས། །
དྲན་པ་ཉམས་ཀྱང་དགའ་བདེ་སྐྱིད་སྣང་ཚོར། །
ཚེ་ཐུང་ནད་མང་ལོངས་སྤྱོད་རིམ་གྱིས་ཟད། །
ཁ་རྗེ་རླུང་རྟ་ཁམས་དབང་སྲོག་རྩ་ཉམས། །
དུག་རྫས་ཆང་གི་གནོད་པ་བསམ་མི་ཁྱབ། །
དེས་ན་གཟུར་གནས་བློ་གྲོས་བརྟེན་པར་མཛོད། །
ཚེ་འདིར་མི་འདོད་སྣ་ཚོགས་མཚོ་ལྟར་རྡོལ། །
ཕྱི་མ་སྨྱོན་པའི་སྐྱེ་བ་ལྔ་བརྒྱར་ལེན། །
མཛངས་བླུན་སུ་ཡིན་ཆང་གིས་འཕུང་བར་ངེས། །
བཅས་རང་ཉེས་ལྟུང་བསམ་ནས་མ་འཐུང་ཞུ། །
འོ་ཇ་ཤིང་མངར་རྩི་བཅུད་མི་བཏུང་བར། །
མྱོས་ཆང་དུ་བར་དགའ་བའི་ཆགས་སྲེད་རིགས། །
ལ་རྒྱ་བཤད་ཀྱང་ལ་བརྫེད་ལུང་བརྫེད་རེད། །
བཟང་ཚུལ་ཤོར་བའི་སྐྱེ་བོར་ཐེ་ཚོམ་མེད། །
མྱོས་ཆང་སྤྱོད་པས་བག་མེད་གཡེང་བ་འཕེལ། །
ཉོན་མོངས་སྟོབས་རྒྱས་མི་དགེ་སྣ་ཚོགས་དྲན། །
གདམས་ངག་བརྗེད་ཅིང་དགེ་བའི་དཔུང་ཚོགས་འཇོམས། །
རྙེད་དཀའི་དལ་འབྱོར་དོན་མེད་གྱི་ན་བོར། །
མྱོས་ཆང་བཏུང་བས་སྒོམ་སྒྲུབ་དགེ་སྦྱོར་གཡེང་། །
མི་རྟག་མི་དྲན་རྟག་འཛིན་ཨ་འཐས་བྱེད། །
ཞེན་ཆགས་སྐྱིད་བདེ་སྣང་བའི་ང་རྒྱལ་གྱིས། །
ལས་འབྲས་ཁྱད་གསད་ལས་ངན་བག་ཆགས་སྤེལ། །
མྱོས་ཆང་བཏུང་བས་རང་མགོ་རང་གིས་བསྐོར། །
འཁོར་བར་དགའ་ཡང་ཚེ་སྲོག་བཀྲག་མདངས་འཕྲོག །
སྐྲ་དཀར་གཉེར་མ་མངོན་མགྱོགས་བསོད་ནམས་ཉམས། །
སྒོ་གསུམ་བག་མེད་བསྐྱེད་བྱེད་མྱོས་ཆང་ལགས། །
ལུས་ཆང་དྲི་མ་ཁ་ཞིང་དབང་རྩ་ཉམས། །
ངག་ཆང་འཁྲུལ་གཏམ་འཆལ་ཚིག་བྲེད་མོ་རྡོལ། །
ཡིད་ཆང་སྦས་གསང་མི་ཤེས་དྲན་པ་ཐོར། །
བཟའ་བཏུང་ཉལ་སྲེད་ཁོ་ནར་ཆང་གིས་སྤེལ། །
མ་རབས་སྣ་ཚོགས་མི་དྲན་དགུ་དྲན་འབྱུང་། །
ཕ་མའི་དྲིན་ལན་བརྗེད་ནས་རང་སྣང་མཐོ། །
ཕུ་ནུའི་བརྩེ་གདུང་བརྗེད་ནས་ནག་ཆང་བསམ། །
རྒྱུ་ནོར་ལོངས་སྤྱོད་མི་དྲན་ཆང་གིས་སྨྱོས། །
སྒྱུ་ལུས་འབྱུང་བཞི་འཁྲུག་པས་ར་རོ་གྱུར། །
དགའ་བྲིད་བདུད་ཀྱིས་བསླུས་པས་དགེ་བློ་དོར། །
ཚེ་སྲོག་རིན་ཐང་མི་ཤེས་སྨྱོན་པ་གྱུར། །
མི་གཙང་སྐྱག་པ་ཟ་ཡང་ངོ་ཚ་མེད། །
མ་རིག་མུན་པ་ནག་པོ་ཆང་གིས་འདྲེན། །
ཞེ་སྡང་མེ་བཞིན་འབར་བ་ཆང་གིས་བཟོ། །
འདོད་ཆགས་དུག་ཆུ་ཁོལ་མ་ཆང་གིས་སྤེལ། །
ཕྲག་དོག་ཟུག་ངུའི་ཚོར་བ་ཆང་གིས་བསྐྱེད། །
རང་འདོད་ང་རྒྱལ་རྒྱག་པ་ཆང་གིས་རྒྱས། །
མི་འདོད་སེམས་ཀྱི་ན་ཚ་ཆང་གིས་བཟོ། །
དོན་ལྔ་སྣོད་དྲུག་གསོན་བསྲེག་ཆང་གིས་བྱེད། །
མི་དགེ་སྣ་ཚོགས་ཆང་འདི་ཡིན། །
ཆང་གིས་ལ་རྒྱའི་རྡོ་རིང་རྩ་ནས་གཏོར། །
ཆང་གིས་སྡོམ་དང་དམ་ཚིག་རྨིང་ནས་བཤིག །
ཆང་གིས་བསམ་བཟང་བརྗེད་ནས་བསམ་ངན་སྐྱེ། །
ཆང་གིས་དགྲ་གཉེན་མི་ཤེས་རོ་ལྟར་བཟོ། །
དང་པོ་ཆང་གིས་བག་མེད་དྲན་ཤེས་ཉམས། །
བར་དུ་ཆང་གིས་སྡོམ་གསུམ་ཚུལ་ཁྲིམས་རལ། །
ཐ་མར་ཆང་གིས་འདི་ཕྱི་བར་དོ་བརླགས། །
ཡང་མཐར་ཚེ་རབས་ཀུན་ཏུ་ཆང་གིས་གནོད། །
ཆང་ལ་དགའ་བའི་སྐྱེ་བོ་ཕོ་མོ་ཚོས། །
འདི་ཕྱི་བར་དོ་གནོད་པའི་སྡུག་བསྔལ་དང་། །
ཆང་གི་ཉེས་དམིགས་སོ་ལྔ་ཕྲ་རགས་སོགས། །
ཡང་ཡང་བསམ་ནས་མྱོས་ཆང་སྤང་བར་འཚལ། །
ཤ་ཆང་དུག་གི་ཉེས་པས་མི་ཚུགས་པ། །
མཁས་གྲུབ་འབྱུང་ལྔར་རང་དབང་ཐོབ་དང་། །
བསད་པ་གསོ་ནུས་དུག་གིས་མ་གནོད་ན། །
ཅི་དགའ་འདོད་ཡོན་རིག་པའི་རྒྱན་དུ་འཆར། །
དེ་འདྲ་ཡིན་ན་ཁྱེད་རྣམས་ངོ་སོ་བསྟོད། །
གསང་ཆེན་རྟོགས་ན་དུག་ལྔ་གྲོགས་སུ་ཤར། །
སྤངས་རྟོགས་རྫོགས་པའི་རྒྱལ་དང་རྒྱལ་སྲས་ལ། །
མྱོང་གྲོལ་ཚོགས་ཀྱི་འཁོར་ལོར་ལོངས་སྤྱོད་ཡིན། །
མདོར་ན་ཤ་ཁྲག་གཅིག་ལས་མཆེད་པ་དང་། །
སྤུན་ཟླ་མིང་སྲིང་དག་ལ་ཕན་ཐབས་སུ། །
དམིགས་ནས་ཅི་དྲན་ཆང་གི་ཉེས་རྣམས། །
ཤྲྰི་སྨྱོན་དགྱེས་པ་རྡོ་རྗེས་ཕུལ་བར་དགེ །
བོད་པའི་གཞོན་སྐྱེས་ཚོས་འདོད་གཏམ་ཁོ་ན་བཤད་ནས་མི་ཚེ་རྫོགས་གི་ཡོད་ས་རེད། མཛེས་མ་་མཛེས་མ། ངོ་རྫོགས་ཀྱི་སོ། བོད་མི་རིགས་ཀྱི་ལས་དབང་ལ་གཅིག་བལྟོས་དང་།
སྟོན་པས། རྩ་ཡི་ཟིལ་པ་ཙམ་ཡང་ ་ ་ ་ ་ ་ ་ ་ ་ ་
དང་ཐོག་མྱོས་ཆང་འཐུང་དུས་སྟག་ལྟར་ངར། །
བར་དུ་ནོར་ཉམས་གཉེན་བྲལ་རང་མཐོང་ཉམས། །
མཐའ་མཇུག་ལུས་ཟད་ནོར་ཟད་ཚེ་ཟད་མཐར། །
འདི་དང་ཕྱི་མ་གར་ཕྱིན་དང་གར་འགྲོས་གདུང་། །
དེས་ན་སྨྱོ་ཆུ་འཐུང་འདོད་འདི་ལ་མགོ་གནོན་དང་། །
བཟོ་ས་ཉོ་ས་ཚོང་ཁང་དེ་ལས་ཐག་རིང་སྡོད། །
ཉོ་མཁན་འཐུང་མཁན་ཚོ་དང་འབྲེལ་འདྲིས་ཉུང་། །
རྟེན་འབྲེལ་དགའ་སྟོན་དུས་སུའང་འཛེམས་ན་ལེགས། །
ཅི་དྲན་མྱུར་བྲིས་བགྱིས་པས་ཡིག་ནོར་འགའ་ཤོར་འདུག་པས་དགོངས་དག
ཡང་སྐྱར་ཡིག་ནོར་བཅོས་ནས་གཏོང་བ་ནི།
ཝུ་ཆང་གི་སྐྱེལ་མ་མ་གནང་རོགས། ཆང་འཐུང་ན་ཉེས་པ་འདི་འདྲ་ཡོད། །
ན་མོ་གུ་རུ་ཤྰཀྱ་མུ་ནེ་ཡེ། །
ཕྱོགས་དུས་རྒྱལ་ཀུན་འདུས་ཞལ་རིན་པོ་ཆེ། །
དྲིན་ཆེན་རྩ་བརྒྱུད་བླ་དགོངས་སུ་གསོལ། །
དེང་འདིར་འགྲོ་བའི་བློ་སྣ་ཆོས་ལ་སྒྱུར། །
ཆང་གི་ཉེས་སྒྲིབ་རྟོགས་པར་ཐུགས་རྗེས་ཟུངས། །
ཀྱེ་མ་གསོན་དང་གངས་ཅན་སྤུན་ཟླ་ཚོ། །
སྙིང་དང་སྲོག་ལས་གཅེས་པའི་ལ་རྒྱ་ཉིད། །
རང་ཆོས་བསྟན་སྲིད་རང་བཙན་མ་ཐོབ་ཀྱང་། །
རང་གཞན་བག་མེད་སྤྱོད་པ་སྤེལ་ཕོད་དམ། །
ཁྱད་པར་ཐུབ་དབང་རྡོ་རྗེ་འཆང་ཆེན་ནས། །
མྱོས་འགྱུར་ཆང་འདི་ཉེས་ཚོགས་འབྱུང་གནས་ཞེས། །
རྒྱུ་འབྲས་བསླུ་མེད་བདེན་གསུངས་ཤེས་བཞིན་དུ། །
ཁྱད་གསོད་གངས་ཅན་ཕོ་མོར་སུ་ཡི་སྲོལ། །
བཀའ་དྲིན་ཟླ་མེད་བདག་ཅག་སྟོན་པས་ཀྱང་། །
རྩ་མཆོག་རྩེ་མོ་ཙམ་ཞིག་བཏུང་ན་ཡང་། །
དེ་ནི་ང་ཡི་སློབ་མ་མིན་ཞེས་དང་། །
ང་ནི་དེ་ཡི་སྟོན་པ་མིན་ནོ་གསུངས། །
དེ་བཞིན་གསང་ཆེན་རྒྱུད་སྡེ་དུ་མ་ནས། །
སྔགས་པ་ནུས་མེད་ཆང་གིས་མྱོས་གྱུར་ན། །
ངུ་འབོད་གནས་སུ་སྐྱེ་བར་འགྱུར་ཞེས་གསུངས། །
དེས་ན་ཆང་གི་ཉེས་པ་བསམ་མི་ཁྱབ། །
སྐྱ་སེར་ཁྱད་མེད་གསོན་པོ་རོ་བཞིན་འགྱུར། །
ཕོ་མོ་ཁྱད་མེད་དུག་ལྔ་དྲག་ཏུ་འཁྲུག །
མཐོ་དམན་ཁྱད་མེད་ངོ་ཚ་མི་ཤེས་ནས། །
དྲན་པ་ཉམས་ཀྱང་དགའ་བདེ་སྐྱིད་སྣང་ཚོར། །
ཚེ་ཐུང་ནད་མང་ལོངས་སྤྱོད་རིམ་གྱིས་ཟད། །
ཁ་རྗེ་རླུང་རྟ་ཁམས་དབང་སྲོག་རྩ་ཉམས། །
དུག་རྫས་ཆང་གི་གནོད་པ་བསམ་མི་ཁྱབ། །
དེས་ན་གཟུར་གནས་བློ་གྲོས་བརྟེན་པར་མཛོད། །
ཚེ་འདིར་མི་འདོད་སྣ་ཚོགས་མཚོ་ལྟར་རྡོལ། །
ཕྱི་མ་སྨྱོན་པའི་སྐྱེ་བ་ལྔ་བརྒྱར་ལེན། །
མཛངས་བླུན་སུ་ཡིན་ཆང་གིས་འཕུང་བར་ངེས། །
བཅས་རང་ཉེས་ལྟུང་བསམ་ནས་མ་འཐུང་ཞུ། །
འོ་ཇ་ཤིང་མངར་རྩི་བཅུད་མི་བཏུང་བར། །
མྱོས་ཆང་དུ་བར་དགའ་བའི་ཆགས་སྲེད་རིགས། །
ལ་རྒྱ་བཤད་ཀྱང་ལ་རྫེད་ལུང་རྫོད་རེད། །
བཟང་ཚུལ་ཤོར་བའི་སྐྱེ་བོར་ཐེ་ཚོམ་མེད། །
མྱོས་ཆང་སྤྱོད་པས་བག་མེད་གཡེང་བ་འཕེལ། །
ཉོན་མོངས་སྟོབས་རྒྱས་མི་དགེ་སྣ་ཚོགས་དྲན། །
གདམས་ངག་བརྗེད་ཅིང་དགེ་བའི་དཔུང་ཚོགས་འཇོམས། །
རྙེད་དཀའི་དལ་འབྱོར་དོན་མེད་གྱི་ན་བོར། །
མྱོས་ཆང་བཏུང་བས་སྒོམ་སྒྲུབ་དགེ་སྦྱོར་གཡེང་། །
མི་རྟག་མི་དྲན་རྟག་འཛིན་ཨ་འཐས་བྱེད། །
ཞེན་ཆགས་སྐྱིད་བདེ་སྣང་བའི་ང་རྒྱལ་གྱིས། །
ལས་འབྲས་ཁྱད་གསད་ལས་ངན་བག་ཆགས་སྤེལ། །
མྱོས་ཆང་བཏུང་བས་རང་མགོ་རང་གིས་བསྐོར། །
འཁོར་བར་དགའ་ཡང་ཚེ་སྲོག་བཀྲག་མདངས་འཕྲོག །
སྐྲ་དཀར་གཉེར་མ་མངོན་མགྱོགས་བསོད་ནམས་ཉམས། །
སྒོ་གསུམ་བག་མེད་བསྐྱེད་བྱེད་མྱོས་ཆང་ལགས། །
ལུས་ཆང་དྲི་མ་ཁ་ཞིང་དབང་རྩ་ཉམས། །
ངག་ཆང་འཁྲུལ་གཏམ་འཆལ་ཚིག་བྲེད་མོ་རྡོལ། །
ཡིད་ཆང་སྦས་གསང་མི་ཤེས་དྲན་པ་ཐོར། །
བཟའ་བཏུང་ཉལ་སྲེད་ཁོ་ནར་ཆང་གིས་སྤེལ། །
མ་རབས་སྣ་ཚོགས་མི་དྲན་དགུ་དྲན་འབྱུང་། །
ཕ་མའི་དྲིན་ལན་བརྗེད་ནས་རང་སྣང་མཐོ། །
ཕུ་ནུའི་བརྩེ་གདུང་བརྗེད་ནས་ནག་ཆང་བསམ། །
རྒྱུ་ནོར་ལོངས་སྤྱོད་མི་དྲན་ཆང་གིས་སྨྱོ། །
སྒྱུ་ལུས་འབྱུང་བཞི་འཁྲུག་པས་ར་རོ་གྱུར། །
དགའ་བྲིད་བདུད་ཀྱིས་བསླུས་པས་དགེ་བློ་དོར། །
ཚེ་སྲོག་རིན་ཐང་མི་ཤེས་སྨྱོན་པ་གྱུར། །
མི་གཙང་སྐྱག་པ་ཟ་ཡང་ངོ་ཚ་མེད། །
མ་རིག་མུན་པ་ནག་པོ་ཆང་གིས་འདྲེན། །
ཞེ་སྡང་མེ་བཞིན་འབར་བ་ཆང་གིས་བཟོ། །
འདོད་ཆགས་དུག་ཆུ་ཁོལ་མ་ཆང་གིས་སྤེལ། །
ཕྲག་དོག་ཟུག་ངུའི་ཚོར་བ་ཆང་གིས་བསྐྱེད། །
རང་འདོད་ང་རྒྱལ་རྒྱག་པ་ཆང་གིས་རྒྱས། །
མི་འདོད་སེམས་ཀྱི་ན་ཚ་ཆང་གིས་བཟོ། །
དོན་ལྔ་སྣོད་དྲུག་གསོན་བསྲེག་ཆང་གིས་བྱེད། །
མི་དགེ་སྣ་ཚོགས་འབྱུང་གཞི་ཆང་འདི་ཡིན། །
ཆང་གིས་ལ་རྒྱའི་རྡོ་རིང་རྩ་ནས་གཏོར། །
ཆང་གིས་སྡོམ་དང་དམ་ཚིག་རྨིང་ནས་བཤིག །
ཆང་གིས་བསམ་བཟང་བརྗེད་ནས་བསམ་ངན་སྐྱེ། །
ཆང་གིས་དགྲ་གཉེན་མི་ཤེས་རོ་ལྟར་བཟོ། །
དང་པོ་ཆང་གིས་བག་མེད་དྲན་ཤེས་ཉམས། །
བར་དུ་ཆང་གིས་སྡོམ་གསུམ་ཚུལ་ཁྲིམས་རལ། །
ཐ་མར་ཆང་གིས་འདི་ཕྱི་བར་དོ་བརླགས། །
ཡང་མཐར་ཚེ་རབས་ཀུན་ཏུ་ཆང་གིས་གནོད། །
ཆང་ལ་དགའ་བའི་སྐྱེ་བོ་ཕོ་མོ་ཚོས། །
འདི་ཕྱི་བར་དོ་གནོད་པའི་སྡུག་བསྔལ་དང་། །
ཆང་གི་ཉེས་དམིགས་སོ་ལྔ་ཕྲ་རགས་སོགས། །
ཡང་ཡང་བསམ་ནས་མྱོས་ཆང་སྤང་བར་འཚལ། །
ཤ་ཆང་དུག་གི་ཉེས་པས་མི་ཚུགས་པ། །
མཁས་གྲུབ་འབྱུང་ལྔར་རང་དབང་ཐོབ་དང་། །
བསད་པ་གསོ་ནུས་དུག་གིས་མ་གནོད་ན། །
ཅི་དགའ་འདོད་ཡོན་རིག་པའི་རྒྱན་དུ་འཆར། །
དེ་འདྲ་ཡིན་ན་ཁྱེད་རྣམས་ངོ་སོ་བསྟོད། །
གསང་ཆེན་རྟོགས་ན་དུག་ལྔ་གྲོགས་སུ་ཤར། །
སྤངས་རྟོགས་རྫོགས་པའི་རྒྱལ་དང་རྒྱལ་སྲས་ལ། །
མྱོང་གྲོལ་ཚོགས་ཀྱི་འཁོར་ལོར་ལོངས་སྤྱོད་ལགས། །
མདོར་ན་ཤ་ཁྲག་གཅིག་ལས་མཆེད་པ་དང་། །
སྤུན་ཟླ་མིང་སྲིང་དག་ལ་ཕན་ཐབས་སུ། །
དམིགས་ནས་ཅི་དྲན་ཆང་གི་ཉེས་པ་རྣམས། །
ཤྲྰི་སྨྱོན་དགྱེས་པ་རྡོ་རྗེས་ཕུལ་བར་དགེ །
ཚེ་རིང་སྐྱིད་ལགས།
ཉིད་ཀྱི་མཆན་༩༢ནང་། “རྣ་བར་སྙན་ཞིང་ཞེས་པ་ལ་སོགས་པའི་སྙན་ངག་གི་འགྲེལ་བཤད་དེ་ཚོ་ཚང་མ་སྒེར་སྡོམ་པའི་བསམ་བློ་ལས་བསླངས་པའི་སྒྲིག་སྲོལ་ལྟ་བུ་རེད། “གསུངས་པ་དེར་ང་རང་མོས་པ་མེད། རྒྱུ་མཚན་ནི། ངས་སྙན་ངག་གི་གཞུང་ཞིག་དང་། སྲོལ་ཞིག དེ་བཞིན་ལམ་ལུགས་ཤིག་གི་ཡན་ལག་ནས་འཇུས་ནས། ཁྱེད་ཀྱི་སྙན་ངག་དེར་དཔྱད་པ་གཏོང་གི་མེད། ངས་འཛིན་ས་གཙོ་བོ་དེ། རྩོམ་དེ་བོད་ཡིག་ཐོག་བྲིས་པ་ཞིག་ཡིན་སྟབས། རྩོམ་འདིས་བོད་ཡིག་ཀློག་པ་པོ་ཞིག་ལ་སེམས་འགུལ་ཐེབས་པའི་ནུས་པ་དང་། ཁྱད་ཆོས་ཡོད་མིན་ལ་དཔྱད་པ་ཡིན། དེ་ཡང་”སྙན་”ཟེར་བ་འདི་ཚིག་གི་འགྲིག་སྟངས་དང་སྡེབ་སྦྱོར་ལ་གཙོ་བོ་ཤོད་ཀྱི་མེད། གཙོ་བོ་འདི་ཁྱེད་ཀྱི་བརྗོད་པ་འདིས་ངེད་ཚོ་ཀློག་པ་པོར་འཚོར་སྣང་ཇི་སྟེར་ཤོད་ཀྱི་ཡོད།
གོང་དུ་གཞོན་ནུ་ཟླ་མེད་ཀྱིས་གསལ་བར་བསྟན་པ་བཞིན། ཁྱེད་ཀྱི་སྙན་ངག་འདིའི་ནང་ཡིག་ཆད་དང་ཡིག་ནོར་མི་ཉུང་བ་ཙམ་ཡོད་མོད། དེའི་སྟེང་ཚིག་གི་བརྗོད་སྟངས་འདི་བྱང་པོ་ཞིག་མིན་འདུག་པས། སྙན་ངག་འདི་གོ་དཀའ་བ་དང་མི་སྙན་པ་ཡོད་པའི་བསམ་ཚུལ་བཤད་པ་ཡིན།
རྩོམ་པ་པོ་ཞིག་ལ་མཚོན་ན། རང་ལ་ཕན་ཐོགས་ཆེ་ཤོས་དེ། རང་གི་རྩོམ་དག་གཞན་གྱིས་ཀློག་པ་མ་ཟད་དེ་ལ་ཟུར་གནས་ཀྱི་དཔྱད་པ་བྱེད་མཁན་ཚོ་ཡིན་པ་མཁས་དབང་མང་པོས་གསུངས། དེར་བརྟེན་གུས་པས་ཟུར་གནས་ཀྱི་དཔྱད་པ་ཞིག་བྱེད་ཁུལ་ལགས།
དུས་ཚོད་འཐོབ་ན་མུ་མཐུད་སྤེལ་གྱི་ཡིན། སྔོན་ལ་ངའི་ལྟོ་གོས་ཟེར་བའི་དཔོན་དེ་ལ་ཉིན་ལྟར་ཁྲལ་རྒྱག་དགོས་སྟབས། ལྟས་ངན་ལས་ཀ་ཟེར་བའི་སེམས་ཅན་འདི་འཚོ་བར་འགྲོ་དགོས་ཤར་སོང་།
ཆང་འཐུང་སྤངས་པས་ ་ ་ ་ ་ ་ ་ ་ ་ ་ ་ ་ ་ ་ ་ ་ ་ ་ ་ ་ ་ ་ ་ ་
ཆང་འཐུང་སྤངས་པས་ཉི་མ་སྤྲིན་བྲལ་བཞིན་དུ་གྲགས་པ་འཕེལ། །
ཆང་འཐུང་སྤངས་པས་ནད་པ་སྤྲིན་བྲལ་བཞིན་དུ་ལུས་གཟུགས་རྒྱས། །
ཆབ་འཐུང་སྤངས་པས་དབུལ་པོ་གཏེར་རྙེད་བཞིན་དུ་ལོངས་སྤྱོད་རྒྱས། །
ཆང་འཐུང་སྤངས་པས་འདི་ཕྱིའི་དགོས་མཁོ་ཐམས་ཅད་འགྲུབ་པར་འགྱུར། །
སྙན་ངག་ཡག་པོ་འདུག མུ་མཐུད་དུ་དེ་ལྟར་འབྲི་བ་སྨོན། ཤིང་ལ་འཛེར་བ་དང་ཚིག་ལ་ནོར་བ་ལོས་ཡོད།
ཆང་གི་སྐོར་བཤད་ན་ཆང་ཡང་དྲན་གྱི་འདུག གང་ཡིན་ཟེར་ན་དེང་སང་ང་རང་ཆང་མཐུང་རོགས་དེ་བོད་ལ་ཕྱིན། རྒྱུན་རིང་པོ་ཞིག་ལ་ཆང་མ་རག་ཙམ་དགོང་ཉིད་ཡང་ཡོང་གི་མི་འདུག གཅིག་པོར་ཆང་མཐུང་འདོད་མི་འདུག མི་གང་བྱང་མཉམ་དུ་ཡང་ཆང་མཐུང་འདོད་མི་འདུག རེ་ཟུང་མཉམ་དུ་ཆང་མཐུང་པ་ཡིན་ན། རྒྱག་རིས་དང་སྐད་སྐྱོར་རྒྱབ་དུས་སྐྱི་པོ་མི་འདུག ཟླ་བ་གཅིག་ཙམ་རྗེས་སུ་ང་རང་ཆང་མཐུང་རོགས་ཕྱིར་སླེབས་ཀྱི་རེད། དེ་ནས་ཡང་ཆང་ཉུང་ཉུང་རེ་མཐུང་ན་སྐྱིད་པོ་ཡོད། མང་པོ་མཐུང་ན་ཡང་ཤེས་མོ། ཧ་ཧ་ཧ་ཧ།
ཀླུ་སྨྱོན་ཧེ་རུ་སངས་རྒྱས་སོང་། དཀོན་མཆོག་སྦྱིན་པ་ཨ་རིར་ཕེབས། ཐ་པ་ལཱའི་ཡ་ཚེ་ལས་འདས། ཉན་ཆེན་ཐང་ལྷ་ཚར་ལ་ཉེས། མཐུན་ནུས་ཡོད་ན་སྐྱབས་སུ་མཆིའོ།
ཤྲི་སྨྱོན་ཚང་གི་ཆང་གི་ཉེས་དམིགས་ཡག་གི སྙན་གི འོན་ཀྱང་འབྲི་ས་ནོར་ཏེ་མཛེས་མའི་རྐུབ་ཏུ་བྲིས་འདུག
ཀླུ་སྨྱོན་གྱི་སྙན་ངག་སྙན་པོ་རེས།།
ཚེ་རིང་སྐྱིད་སེམས་པ་འཕྲོག་ཡོད་སྲིད།།
སྔགས་པ་གསང་ཡུམ་ཅན་གྱིས།།
ཐིག་ལེ་ཡར་འདྲེན་བྱས་ནས།།
ཟག་མེད་བདེ་བར་རོལ་ཚེ།།
རིགས་རྒྱུད་སྤེལ་བ་མི་སྲིད།།
འདིར་ངས་ཁྱེད་རྣམས་ལ་མཁོ་བའི་ལུང་འདྲེན་སྙིང་རྗེ་བོ་ཞིག་འདྲེན་གྱི་ཡིན།
ལུང་འདི་ག་བར་ཡོད་མེད་དྲྭ་གྲོགས་རྣམས་ཀྱིས་ཤེས་པར་གྱིས་དང།
ངས་ཁྱེད་ལ་ལུང་དང་རིག་པས་ཕྱུགས་པའི་མཁས་པ་ཆེན་པོ་ཞིག་ལ་གདེངས་འཇོག་བྱེད་ཀྱི་ཡིན།
ཀ་པས།
ཁྱེད་རབ་ཏུ་བྱུང་བའི་མཁན་པོ་མྫད་པ་ལ།
མཁན་པོར་འོས་པའི་ཡོན་ཏན་མ་ཚང་སྟེ།་ཞེས་སོགས་གསུངས་པར།
ཁ་བས།
ཤ་ཆང་བཟའ་བ་ཚོགས་ཀྱི་འཁོར་ལོ་ཡིན།
དམ་ཉམས་གསོད་པ་སྔགས་ཀྱི་དམ་ཚིག་ཡིན།
བུད་མེད་བསྟེན་པ་ལས་ཀྱི་ཕྱག་རྒྱ་ཡིན།
ང་ཡིས་དེ་ལྟར་ཤེས་པའི་གནས་སྐབས་ལ།
འདུལ་འྫིན་དགེ་སློང་དག་དང་འགལ་བ་མེད།
དེ་བས་དམ་ཉམས་ལོག་ལྟ་ཅན་ཁྱོད་ཀྱང།
ཞག་བདུན་ཐོ་རང་གཤེགས་སུ་གསོལ་བར་བྱ།
མཁན་པོ་ཞད་བདུན་ནས་ལུས་ངག་ཡིད་གསུམ་རེང་ནས་འདས་པར་བཤད་དོ།
ཁྱེད་རྣམས་ཀྱང་འདི་ཚོར་ཐུགས་སྣང་གནང་ན།
ཆང་དང་བུད་མེད་ཤ་སོགས་ཀྱིས་ཉེས་པ་མི་སྐྱེ་བར་མ་ཟད།
གསང་སྔགས་བསྒྲུབ་པའི་ཆ་རྐྱེན་དུའང་འགྱུར་གྱི་ཡོད་པས།
ཐུགས་ལྷོད་པོའི་ངང་ནས་སངས་རྒྱས་འགྲུབ་ཐུབ་ཀྱི་ཡོད་ས་རེད།
ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ
དབང་འདུས་ལགས་ང་ལའང་དེ་ལྟར་བཤད་རྒྱུ་ཞིག་ཡོད།
ཐིག་ལེ་ཡར་འདྲེན་བདག་པོ།
བུ་མོའི་གྲོད་པར་ལྟོས་དང།
ཨ་རུ་བཅུད་ལེན་བདག་པོ།
སྒོ་རྩའི་སྐྱག་པར་ལྟོས་དང་།
སྙན་ངག་ཡག་པོ་ཞིག་བྲིས་འདུག ཡང་གྲྭ་བ་གྲྭ་ཟུར་ཚོས་དོན་འགྲེལ་དང་དག་བཅོས་བྱས་ནས་ཁྱི་རྫོད་ཡུག་རྫོད་བྱས་འདུག གྲྭ་རྒན་ཉམས་མྱོང་ཅན་ཞིག་གིས་ཚང་མ་སྤྱི་སྡོམ་བྱས་འདུག་མོད། ད་དུང་རྒྱོབས་རྒྱོབས་སོད་སོད་ཀྱིས་དགྲ་ཤར་ཕྱོགས་སུ་བསྐྱུར་ནས་ཁ་ནུབ་ཕྱོགས་ལ་འཁོར་ཏེ་རྒྱུག་གིན་འདུག རྒྱུག་བཞིན་པའི་མི་རབས་འདིས་སྙན་ངག་ལ་འདིི་ལྟར་གོ་བ་བླངས་ནས་འཆི་དགོས།
བླ་རྒན་ཉམས་མྱོང་ཅན་པོ་དེའི་སྡོམ་ཚིག་འདི་རེད།
མི་གཞན་པའི་སྙན་ངག་ལ་འགྲེལ་བཤད་རྒྱག་པ་ལས་ཐབས་སྡུག་གི་ལས་ཀ་ཞིག་འཇིག་རྟེན་འདིར་མེད་ཁུ།
སྙན་ངག་ནི་ཞག་གཅིག་གི་ཉལ་གྲོགས་བཞིན་ནམ་ཡང་ཕྱིར་བལྟས་མེད་པར་བསྐྱུར་བཞག་ན་ཡག་གི
བཀླགས་ཚར། སྙན་མོ་བྲིས་འདུག མུ་མཐུད་ནས་་་་་་
ཀ་ཡི་གསོན་དང་ཨ་ཅག་ཚེ་རིང་སྐྱིད། །
ཁ་ཁོག་གཉིས་ལ་མཚར་བའི་མཛེས་མ་ཞིག །
ག་དུས་བརྙན་འཕྲིན་བརྒྱུད་ནས་མཇལ་བ་ན། །
ང་སེམས་བདེ་ལ་སྤྱར་བའི་ཚོར་བ་ཞིག །
ཚེ་རིང་སྐྱིད་འདི་ངས་དུས་བབ་ཚང་གི་ལས་ཁུངས་ནང་ནས་ཐེངས་གཅིག་མཐོང་མྱོང་ཡོད། ཞི་མོ་ཁ་གསལ་ནམ་ལངས་ཟིག་རེད། སྐད་ཆ་བཤད་མང་པོ་བཤད་མ་ཕོད། གྲ་བཅས་ཟིག་གྱོན་ནས་བུ་མོ་ཞིག་ལ་ཅིག་བཤད་དགོས་ན་འཚེར་གི
ཚེ་རིང་སྐྱིད་ལགས།
ངོ་མ་ཁྱེད་ཀྱིས་ཆུང་འབྲེལ་དང་ཁ་ཐག་རིང་བའི་སྙན་ངག་རང་རེད།ཁྱེད་རང་ཆང་ཁང་ནང་ལ་བཟིས།ང་ཁྱེད་ཀྱིས་སྙན་ངག་གིས་བཟིས་ནས་ཀློག་ཀླད་རྩ་རུ་རིལ་སོང་།འབུམ་དམ་པ་ངོ་མ་ཡིན།མཛངས་མ་ཁྱེད་ལ་སྙན་ངག་ཡག་པོ་ཞིག་བྲིས་དགོས་དྲན་ཡང་ཁྱེད་ཀྱིས་མཐུང་བའི་ཆང་དྲི་ཡིས་ང་རང་བཟིས་ནས་འདི་ཡིན་བསམ་པ་ཞིག་བྲིས་ཐུབ་མ་སོང་།ཧཧ་ཧ་་་་་་ད་རྗེས་མ་ཡིན་ད།
སྐུ་ཞབས་བཀྲ་ཤིས་ལགས། ཁྱོད་ཀྱིས་”ཟིག་”ཟེར་བའི་ཚིག་དེ་མང་པོ་བྲིས་འདུག དེའི་དོན་གང་རེད་དམ།
ཆང་འཐུང་ན་ར་བཟི། ར་བཟི་ན་མགོ་ན། མགོ་ན་ན་དོན་འཁྲུག དོན་འཁྲུག་ན་གཉིད་འདྲོགས། དེས་ན་རྣམ་པ་ཚོས་ཆང་མ་འཐུང་ཡ། འདིར་ར་བཟི་མཁན་ལ་བལྟས་ནས་བཟི་སོང་བའང་མང་པོ་འདུག
http://www.sponsafier.com/#/gallery/view/356094
བོད་རིག་སྤུན་ཟླ་རྣམས་པ་ གོང་གི་འབྲེལ་མཐུད་དེར་ཕེབས་ཏེ་ཉིན་རེར་འོས་རེ་འཕེན་ནས་བོད་ཀྱི་རྒྱལ་དར་དང་བོད་རང་དབང་གི་འབོད་ཚིག་ཅན་གྱི་རྒྱུགས་རྩེད་འཁོར་ལོ་དེར་རྒྱལ་ཁ་ཐོབ་ཐུབ་པ་བྱ་དགོས་ལེ་འདའ་ ད་ཉི་མ་རེ་ལ་འོས་རེ་ཆད་མེད་འཕེན་ཤོག་ཨང་།
མེ་ཏོག་ལགས། འདི་འདྲ་མ་བྲིས་ན་མི་བཟང་ངམ། མི་སུལའང་མི་དགའ་མཁན་ཡོད་ངེས་རེད། གཞན་གྱིས་བཤད་ཚད་ཚང་མ་བདེན་པར་འཛིན་དགོས་ན་ཁྱོད་ཀྱིས་བདེན་པ་ཞིག་རྙེད་མི་སྲིད། ཁོང་གིས་སྙན་ངག་འབྲི་ཤེས་པ་དེའང་བོད་ཀྱི་མཛངས་མ་གཞན་ལ་ལྟོས་ཏེ་ཡོན་ཏན་ཆེན་པོ་ཞིག་མ་རེད་དམ།
རབ་བྱུང་ན་ཁྱོད་ཀྱིས་ཚེ་རིང་སྐྱིད་ཀྱི་མི་གཤིས་མཚོན་པའི་སྙན་ངག་ཅིག་བྲིས་ན་ལེགས། དེས་ཁྱོད་ལ་ཡོན་ཚད་ཅི་ཙམ་ཡོད་པ་དང་ཚེ་རིང་སྐྱིད་ཀྱི་ཡོན་ཚད་ལ་མཐོ་ས་ནས་ལྟ་ཐུབ་པའི་ནུས་པ་ཡོད་མེད་ཤེས་ཐུབ།
མེ་ཏོག་ལགས། འདི་འདྲ་མ་བྲིས་ན་མི་བཟང་ངམ། མི་སུལའང་མི་དགའ་མཁན་ཡོད་ངེས་རེད། གཞན་གྱིས་བཤད་ཚད་ཚང་མ་བདེན་པར་འཛིན་དགོས་ན་ཁྱོད་ཀྱིས་བདེན་པ་ཞིག་རྙེད་མི་ སྲིད། ཁོང་གིས་སྙན་ངག་འབྲི་ཤེས་པ་དེའང་བོད་ཀྱི་མཛངས་མ་གཞན་ལ་ལྟོས་ཏེ་ཡོན་ཏན་ཆེན་ པོ་ཞིག་མ་རེད་དམ།
རབ་བྱུང་ན་ཁྱོད་ཀྱིས་ཚེ་ རིང་སྐྱིད་ཀྱི་མི་གཤིས་མཚོན་པའི་སྙན་ངག་ཅིག་བྲིས་ན་ལེགས། དེས་ཁྱོད་ལ་ཡོན་ཚད་ཅི་ཙམ་ཡོད་པ་དང་ཚེ་རིང་སྐྱིད་ཀྱི་ཡོན་ཚད་ལ་མཐོ་ས་ནས་ལྟ་ ཐུབ་པའི་ནུས་པ་ཡོད་མེད་ཤེས་ཐུབ།
ཀློག་མཁན་ཚོས་ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བ། ཐ་ན་དགག་ལན་ཡང་གནང་རྒྱུ་ལ་ང་ཚོས་དགའ་བསུ་ཞུ་བ་ཡིན། ཡིན་ན་ཡང་། སྐྱེ་བོ་སྒེར་པ་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པ། དེ་མིན་གྱི་མི་རིགས་པའི་གནས་ཚུལ་འཁོད་པའི་མཆན་རྣམས་ལ་ནི་འདི་ནས་དགའ་བསུ་མི་ཞུ་ལ། ཐ་ན་མཆན་དེ་ཚོ་འགོག་རྒྱུའི་ལམ་ཁ་ཡང་བསྟེན་སྲིད། ཡང་སྐྱེ་བོ་གཞན་གྱི་མིང་དང་གློག་འཕྲིན་ཁ་བྱང་སྤྱད་ནས་མཆན་བྲིས་ཚེ་འགོད་རྒྱུ་མིན།
གོང་དུ་དོ་བདག་རྩོམ་འབྲི་བར་དོན་མེད་ྐླན་ཀ་འཚོལ་བའི་མཆན་བུ་འགའ་ང་ཚོས་བཀག་ཡོད།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
སྡེ་བྱི་མོ་ཡག་སོང་ན། བྱི་ལི་ཚང་མ་འཚང་ཀ་ཤིག་ཤིག ཡག་གི་ཟེར་ནས། ཡང་མི་ཡག་གི་ཟེར་ནས། ད་རུང་འཇོན་གི་ཟེར་ནས། ཡང་མི་འཇོན་གི་ཟེར་ནས། ཡང་མཁས་པ་རེད་ཟེར་ནས། ཡང་མཁས་པ་མ་རེད་ཟེར་ནས། ད་རུང་རྩོམ་ཡིག་ལ་མ་དཔྱད་པར་དགའ་གི་ཟེར་ནས་ཁེངས་བསྡད་ཡོད་ཀི འདི་མོ་འདི་ཙོ་འགོག་མི་དགོས་ཀི་མོ། ང་ལ་མཚོན་ན་ད་ལྟ་བར་དུ་ཅིག་གིས་དེ་ལྟར་དཔྱད་པ་བཏང་མ་མྱོང་པས། ཅིག་གིས་ཡག་གི་ཟེར་ན་ལོས་དགའ་ལ། ཅིག་གིས་གཙོག་གི་ཟེར་ན་ཡང་དགའ་ནི་ཟིག་རེད། མི་བདེན་གི་འདོད་ན་ཁ་བརྡ་ནང་དུ་ཡོང་མཁན་གྱི་དྲ་གྲོངས་ཚང་མས་ང་གཙོག་གི་ཟེར་ནས་ཤོད་དང་། ཧཧཧ རྩེ་མོ་རྩེ་ནས་ཀོ ངའི་ཁ་འདི་ད་བོང་ལི་ཨོང་འདོང་རེད་ཡ། འགོག་ཟིག་མི་ཐུབ་ཀི དེ་རིང་ཤིང་ལས་ཀི་སོང་ངེ་ཅུང་མིན་ན་འཛུག་ཀུ་བཅད་དང་ནོ།
ཨ་ཁུ་ཁྱེད་ཀྱི་མཇེ་ངན་ལངས་དུས། །
མན་སི་ཁོ་ཡི་རྒྱག་རིས་དེ་ཚོར། །
སྒོར་རྡོག་ཆ་རེ་ཤ་སེར་བྱིན་དང་། །
ཁ་ལ་ཉན་ནོ་ཁོ་ཐག་ཡིན་ནི་རེད། །
འོ་ད་ང་ཤ་ཚ་ནི་ཟིག་ཡོད་ནོ་རྩམ་དགའ་འདི་བ་གཅིག་བུ་རེད། རྩམ་དགའ་འདིས་ང་སོང་ས་བསྡད་ས་ཚང་མ་དེད་ཡོང་ནས་ཡག་ཕྱོགས་དང་གཙོག་ཕྱོགས་གཉིས་ཀ་ནས་བསམ་ཚུལ་གླེང་ཡོང་གི ང་མེ་སི་ཀོན་ལས་ནག་རྡོ་དེ་ཚོ་ལ་དགའ་གི ནུ་མ་ཟེར་ན་དེ་ཡོད་ཀི ཨོང་ཏོང་ཟེར་ན་དེ་ཡོད་ཀི ཁ་ཤ་གཅིག་བུ་ན་ངའི་ལྒོང་ལྡོག་གི་མཐུག་ཉན་ཡོད་ཀི
ལྷ་སྨྱོན་ལགས། མ་ཧེའི་སྟུ་ལ་ལྕི་བ་འགོས་བསྡད་ཡོད་ནོ། ནག་རྡོ་ཚོའི་སྟུ་ལ་ལྕི་བ་འགོས་ཡོད་ནི་མ་རེད། གཙང་རིས་རིས་ཡིན་ནི་རེད།
གཞོན་ནུ་ཟླ་མེད་ལགས། དེ་འདྲ་ཡིན་ན་ཁྱེད་རང་ཤེས། ངས་ཁྱེད་ལ་བཟང་སེམས་ཡིན། ལྕི་བ་འགོས་ན་སྨན་ཡིན་ནི་རེད། ནག་སྡང་ཚོར་ན་ཚ་ཆེན་པོ་ཡོད་ཙང་ཟབ་ཟབ་བྱས་དང་ཧྲ་བྱི་ལུ་ཤེས་སོང་ངམ།
སུ་ཚང་ཡིན་ན་ཡིན་ཆིག
ཕ་མ་སྤྲེལ་སྲིན་འདུས་པ་་་་
ཕ་མ་སྤྲེལ་སྲིན་འདུས་པའི་བརྒྱུད་རིམ་ལས།།
གདོང་དམར་འགྲོ་བའི་མི་རིགས་འདི་ཉིད་བྱུང་།།
མེས་པོའི་ངག་གི་རླབས་རྒྱུན་མ་ཡལ་བར།།
བཙན་པོས་རྡོ་རིང་སོགས་ལ་གཟིགས་ན་འཚལ།།
ལྷག་པར་རྒྱལ་པོའི་བཀའ་ཡི་ཐང་ཡིག་ན།།
མིག་མི་འཛུམ་དང་ཡིད་བཞིན་འཁོར་ལོ་གཉིས།།
རྣམ་འཕྲུལ་བསམ་མི་ཁྱབ་པའི་ཆ་ཤས་ལས།།
བསེ་རྨུ་ལྡོང་སྟོང་བཞི་པོ་བྱུང་ཞེས་གསུང་།།
དེ་ནས་བཟུང་སྟེ་བོད་ཀྱི་ལོ་རྒྱུས་རིགས།།
བརྒྱ་ཆ་དགུ་བཅུ་ཡན་གྱིས་དེ་སྐད་དང་།།
སྤྲེ་འུ་མི་རུ་འགྱུར་བའི་བརྒྱུད་རིམ་སོགས།།
སྔ་མའི་ལེ་འུ་འཕྲོ་ལ་མཐུད་པར་བྱས།།
དེ་ལྟར་བོད་ཀྱི་ལོ་རྒྱུས་འཕེལ་རིམ་ནི།།
དངོས་གཙོ་ལྟ་བའི་བག་ཆགས་ཟབ་མོ་ཞིག།།
འོན་ཀྱང་སྔོན་གྱི་ལོ་རྒྱུས་སྨྲ་བ་ལ།།
རང་བྱུང་ཁམས་ཀྱི་དངོས་པོའི་གྲུབ་ཚུལ་དང་།།
འཕེལ་འགྱུར་ཆོས་ཀྱི་ཡོ་ལང་ཇི་ལྟ་བུ།།
ཞིབ་མོར་དཔྱད་ཅིང་འཇུག་པའི་ཆ་རྐྱེན་སོགས།།
འཛོམས་པ་མིན་ན་ཚན་རིག་མཐུན་པ་ཡི།།
འགྲེལ་བཤད་དེ་ལྟར་བྲལ་བ་སྨོས་ཅི་དགོས།།
འོན་ཀྱང་དེང་རབས་མཁས་པར་རློམས་པ་འགས།།
བཤད་ཚུལ་འདི་རིགས་བཅོས་མའི་ལྷ་སྒྲུང་དང་།།
གནའ་བོའི་མི་ལ་དུད་འགྲོའི་འདུ་ཤེས་འཛིན།།
ད་ལྟའི་ཚན་རིག་འདི་ལ་ཡིད་རྟོན་བྱས།།
མདོར་ན་རང་རིས་བྱུང་ཚུལ་ཤེས་འདོད་ན།།
དངོས་པོ་སྨྲ་བའི་ལྟ་ཚུལ་འདི་ལ་དཔྱད།།
དེས་ན་སྤྲེའུ་ཞེས་པའི་གོ་དོན་ནི།།
སྤྲ་ཆུང་རིགས་ལ་སྤྲེའུ་ཞེས་སུ་གྲགས།།
གནས་ཡུལ་བྲག་གི་ཕུག་པར་བཅའ་བ་དང་།།
གདོད་མའི་སྤྲ་མི་རྣམས་ལྟར་སྲོག་ཆགས་གཞན།།
བསད་ནས་ཤ་ཁྲག་རོ་ལ་སྲེད་པ་ཡི།།
སྤྲ་རིགས་ཤིག་ལ་སྲིན་མོ་ཞེས་སུ་བཏགས།།
མདོར་ན་བོད་མའི་འབྱུང་ཁུངས་ངོ་མ་ནི།།
ཡར་ཀླུང་གཙང་པོ་བརྒྱུད་ཀྱི་ནགས་ཚལ་དུ།།
གནས་ཤིང་ཤིང་འབྲས་ཟ་བའི་སྤྲ་ཆུང་དང་།།
ཕུག་པར་སྡོད་པའི་ཤ་ཁྲག་ཟ་བ་ཡི།།
སྤྲ་ཆེན་གཉིས་པོ་ཕན་ཚུན་འདུས་པ་ལས།།
བྱུང་བའི་སྤྲེལ་ཕྲུག་རྣམ་པར་འཕེལ་བ་ཡིས།།
གདོང་དམར་འགྲོ་བའི་མི་རིགས་འདི་ཉིད་བྱུང་།།
འདི་ནི་སྔ་མོའི་རྩོམ་ཡིག་ཁ་འཐོར་སོང་བ་ཞིག་ཡིན་འདུག་པས་རྩོམ་འཕྲོ་ལག་སོན་མ་བྱུང་བ་ཞིག་ཡིན་ཀྱང་དྲྭ་གྲོགས་ཚོ་ལ་ལེགས་སྐྱེས་སུ་དམིགས་ཁུལ་གྱིས་ཕུལ།
གྲོགས་ལ་ཕུལ་བའི་མཚར་གཏམ་་་་
མིག་ནི་རྔ་ལྤགས་ལྟར་སྔོ་རྔ་གཡོག་ལྟ་བུའི་སྣ་རྩེ་འགུག།།
རྐང་པ་རྔ་ཡུ་ལྟར་རིང་རྔ་གདོང་ལྟ་བུའི་སྐྲ་ཀུན་སེར།།
སུན་གཙེར་རྔ་སྒྲ་ལྟར་སྒྲོག་རྔ་ནང་ལྟ་བུའི་བརྩེ་དུང་སྟོང།།
དབྱིན་མོའི་རྔ་མར་མི་འཁྲིལ་རྔ་མོང་བཞོན་ནས་རང་ཡུལ་འགྲོ།།