སྤོབས་པ་མཐའ་ཡས།
ལམ་དབུས་མ་འདིས་འདས་པའི་མི་ལོ་བཅུ་ཕྲག་གསུམ་ལ་གྲུབ་འབྲས་འདི་ཡིན་བསྟན་དུ་མེད་པ་དེ་ནི་འགྱོད་པ་བྱ་རིན་ཡོད་པའི་གྱོང་གུད་དེ་ཙམ་ཞིག་མ་རེད། མི་ལོ་སུམ་ཅུ་ནི་ལོ་རྒྱུས་རིང་མོའི་གྲུབ་ཆ་ཆེས་ཕྲ་མོ་ཞིག་རེད། འོན་ཀྱང་དབུ་མའི་ལམ་འདིས་མ་འོངས་པའི་བོད་ཀྱི་མི་རབས་རྗེས་མའི་མདུན་ལམ་ལ་ཆག་ཆེ་ཉམ་ང་ཆེན་པོ་ཞིག་གི་སྣེ་དྲངས་ནས་ཡོང་རྒྱུ་ཡིན་པ་གསལ་གསལ་ཐིང་ཐིང་རེད། བོད་ཀྱི་མི་རབས་གོང་མ་ཚོའི་སྐབས་སུ་བྱུང་བའི་མཆོད་ཡོན་གྱི་འབྲེལ་བ་ཟེར་བ་འདིས་ཁྱེར་ཡོང་བའི་ཆག་ཆེ་ཉམ་ང་དེ་ང་ཚོའི་མི་རབས་འདིའི་སྟེང་ལ་སྨིན་པ་རེད། མཆོད་ཡོན་གྱི་འབྲེལ་བ་ཟེར་བ་དེ་དབུ་མའི་ལམ་དང་བསྡུར་ན་མི་སྒེར་ངོས་ཀྱི་ཆོས་ཕྱོགས་ཀྱི་འབྲེལ་བ་ཕྲན་ཚེགས་རེ་ལས་གང་ཡང་མིན་མོད་རྒྱ་ཕྱོགས་ནས་འདི་ཡང་ཆབ་སྲིད་ཀྱི་བདག་དབང་རྩོད་པའི་ལག་ཆ་བྱས་ནས་ང་ཚོས་ཕྱི་རྒྱལ་བ་ལ་འགྲེལ་བཤད་རྒྱག་མི་ཤེས་པའི་དཀའ་ངལ་ག་ཚོད་ཅིག་འདུག མི་རབས་གོང་མས་འགྲོ་ལུགས་འདུག་སྟངས་ཀྱི་སྐྱོན་ཆུང་ཆུང་དེས་རང་རིགས་ན་གཞོན་ཚོར་བོད་རང་གི་རང་དབང་ལོ་རྒྱུས་ངོ་སྤྲོད་པར་དཀའ་ངལ་ག་ཚོད་ཅིག་བཟོས་འདུག རྒྱ་རིགས་མི་མང་ཚོ་མགོ་འཁྲུག་གཞི་ག་ཚོད་ཅིག་ལ་གྱུར་འདུག དེ་བཞིན་དུ་དབུ་མའི་ལམ་གྱི་མཇུག་འབྲས་བཙོག་པ་སྨིན་ས་དེ་ཡང་ང་ཚོ་མ་ཡིན་པར་ང་ཚོའི་མི་རབས་རྗེས་མའི་རྗེས་མ་དག་རེད། མི་རབས་ཕྱི་མའི་དུས་སུ་ང་ཚོའི་དབུ་མའི་ལམ་གྱི་དབུ་ཁྲིད་ཚོས་གུ་བཤང་བྱས་ནས་རྒྱ་ཕྱོགས་དགའ་བའི་སྐད་ཆ་ཤོར་བ་དེ་དག་གཅིག་ཀྱང་མ་བོར་བར་རྒྱ་ཕྱོགས་ཀྱི་ལག་ཆར་ཉར་ཚགས་ཏན་ཏན་ཏིག་ཏིག་བྱས་ཡོད་པ་རེད། དེ་ཚོས་མ་འོངས་པར་ང་ཚོའི་མི་རབས་རྗེས་མའི་མགོ་གཅོག་སྤྱད་དང་དབུགས་བསུབ་སྤྱད་ཡོད་ན་མེད་ན་རེར་འགྱུར་རྒྱུ་རེད།
མ་གཞི་ང་ཚོའི་ཕྱོགས་ནས་ནང་འགལ་དང་བརྟན་པོ་མེད་པའི་ལས་ཀ་ཁ་ཤས་བྱས་པ་འདི་ཡང་ཉམས་མྱོང་ཞིག་རེད། ཉམས་མྱོང་དེ་ཚོ་ངོས་ལེན་བྱས་ནས་འདི་དང་འདི་འདྲ་ཕྱིན་ཆད་མི་བྱ་རྒྱུ་དེ་ཡང་གལ་ཆེན་རེད། དེ་ཡང་ཐོག་མར་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་པ་རེད། དེ་ནས་དེ་རྩིས་མེད་དུ་བཏང་ཡོད་ལབ་པ་རེད། དེ་ནས་བསྐྱར་ལོག་གིས་རྒྱ་དམར་གྱི་རྩ་ཁྲིམས་ལ་གང་ཡོད་ལས་མི་དགོས་ཚུལ་བཤད་པ་རེད། ཐོག་མར་ཐའེ་ཝན་བོད་སོག་ལས་ཁུངས་དང་འབྲེལ་བ་སུ་ཡོད་ལ་ངོ་རྒོལ་ཚད་ལས་བརྒལ་བ་བྱས། ད་དབུ་ལམ་གྱི་རྗེས་འབྲངས་བ་རེ་ཟུང་གིས་བཙན་བྱོལ་ཁྲོད་དུ་ཡང་རྒྱ་དམར་གྱི་དར་ཆ་འཕྱར་ནས་རྒྱུག་གི་ཡོད་པ་རེད། འདི་ལྟ་བུ་བྱས་བསྡད་ན་བོད་མི་ནང་ཁུལ་ལ་དཀའ་ངལ་འཕྲད་པ་དང་མི་སྣ་གནད་ཅན་ཚོའི་ཆེ་མཐོང་ལ་གནོད་ཐེབས་ཀྱིན་འདུག གནད་དོན་འདི་དང་འདི་ལྟ་བུས་ང་ཚོའི་ནུས་ཤུགས་ལ་གཏོར་བཤིག་དང་ལས་ཀ་ལ་འགོག་རྐྱེན་མང་པོ་ཐེབས་ཡོད་པ་རེད། དཔེར་ན། གྲོས་མཐུན་དོན་ཚན་བཅུ་བདུན་བཞག་པར་བརྟེན་ནས་ང་ཕོད་ངག་དབང་འཇིགས་མེད་ཀྱིས་མ་འཇོན་ཚུལ་བཤད། ང་ཚོའི་གདོང་ལ་བལྟས་ནས་སྐད་ཆ་རྩུབ་མོ་ཞིག་བཤད་མཁན་མེད་བཞིན་དུ་རྒྱ་དམར་གྱི་རྩ་ཁྲིམས་ལ་གང་ཡོད་ཀྱི་རང་སྐྱོང་ཞིག་ལས་མི་དགོས་ཚུལ་འདི་ག་རེ་ཞིག་གིས་བཙུར་སོང་བ་ཡིན་ནམ། ཐ་ན་ང་ཕོད་ཀྱིས་རྒྱ་དམར་གཞུང་ཕོགས་ཟ་བཞིན་དུ་བོད་སྡེ་པ་གཞུང་གིས་རྒྱ་ནག་གཞུང་ལ་ཁྲལ་འཇལ་མ་མྱོང་ཚུལ་དང་རྒྱལ་བ་རིན་པོ་ཆེ་ངོས་འཛིན་ཁྲི་འདོན་ལ་རྒྱ་ནག་གཞུང་གི་བཀོད་སྒྲིག་བྱས་མེད་པའི་དག་ཕུད་ཐུབ་འདུག ང་ཚོས་རྒྱ་གར་མི་མང་གི་སྙིང་སྟོབས་ཆེན་པོའི་བཀའ་དྲིན་ལས་བྱུང་བའི་གནས་ཚང་རང་དབང་ཅན་འདི་ནས་རྐང་བརྐྱངས་ལག་བརྐྱངས་ཀྱིས་འདུག་ཆོག་བཞིན་དུ་ལངས་ཕྱོགས་བརྟན་པོ་ཞིག་ཀྱང་འཛིན་མི་ཐུབ་དོན་ཅི་ཞིག་མ་འགྲིགས་པ་ཡིན་ནམ།
དབུ་མའི་ལམ་མི་བཟང་ཚུལ་བཤད་སྐབས་རང་རེའི་མི་མང་པོ་ཞིག་གིས་རང་བཙན་ལ་གྲ་སྒྲིག་ག་རེ་ཡོད་ཅེས་དོག་འདྲི་བྱེད་ཁུལ་བྱེད་པ་རེད། རང་བཙན་འདི་ལ་གྲ་སྒྲིག་ཡོད་རུང་མེད་རུང་བོད་མི་མང་གི་འདས་པའི་ལོ་རྒྱུས་དང་མ་འོང་པའི་རེ་འདུན་མཚོན་པའི་ལངས་ཕྱོགས་ཏན་ཏན་ཞིག་ཡོད་པ་རེད། ད་ལྟའི་མི་རབས་འདིས་རང་བཙན་མ་རག་རུང་མ་འོངས་པའི་མི་རབས་ལ་རེ་བ་ཞིག་ཡོད་པ་རེད། མ་མཐའ་ཡང་མ་འོངས་པའི་མི་རབས་ཀྱིས་ང་ཚོར་འཁང་ར་མི་བྱེད་པར་ཕན་ཐོགས་ཤིག་ཡོད་པ་རེད། རང་བཙན་ནས་རང་སྐྱོང་ལ་ཕབ་མཁན་དེ་རྒྱ་དམར་གཞུང་རེད། རྒྱ་དམར་གྱི་རྩ་ཁྲིམས་ཀྱིས་རྒྱ་མི་མང་ཡང་ཚིམ་གི་མེད་ས་ནས་ང་ཚོ་ཡིད་ཚིམ་ནུས་པའི་ཚད་མཐོའི་རང་སྐྱོང་དེ་རྨི་ལམ་ནང་འདྲ་མ་གཏོགས་ཡོང་རྒྱུ་མེད་པའི་སྐད་ཆ་རེད། རྒྱ་དམར་གྱི་རྩ་ཁྲིམས་འོག་གི་རང་སྐྱོང་ཟེར་བ་དེ་ང་ཚོར་ཡོད་ཡོད་པ་རེད། ཡིན་ཡང་རང་སྐྱོང་དེས་ང་ཚོར་ཕན་མ་ཐོགས་པ་རེད། གལ་སྲིད་རྒྱ་དམར་གཞུང་གིས་ང་ཚོ་ལ་རང་སྐྱོང་ངོ་མ་ཞིག་སྤྲད་འདོད་ཡོད་ན་སྐབས་ཉིན་དེར་ང་ཚོས་དབུ་མའི་ལམ་ནས་རང་སྐྱོང་ག་འདྲ་ཞིག་ངོས་ལེན་བྱེད་ཐུབ་ས་རེད་ཅེས་ཐག་གཅོད་བྱེད་ཆོག་པ་རེད། ང་ཚོས་སྤྲང་པོས་མ་ནི་འདོན་འདོན་བྱས་ནས་རང་སྐྱོང་ལས་མི་དགོས་རང་སྐྱོང་ལས་མི་དགོས་ཞེས་ཞུ་བ་ག་ཚོད་ཕུལ་རུང་དེས་རྒྱ་དམར་གྱི་ཁེངས་དྲེགས་དང་ཧམ་ཤེད་འཕེལ་རོགས་མ་གཏོགས་མེད་པ་རེད།
ང་ཚོ་ལ་རང་བཙན་རག་པའི་རེ་བ་མེད་ཟེར་བ་དེ་བདེན་ན་ང་ཚོ་ལ་རང་སྐྱོང་རག་པའི་རེ་བ་ག་རེ་ཡོད། གཅིག་པ་རེད། དབུ་མའི་ལམ་ལ་སྐྱོན་ཆེན་པོ་ཞིག་ཡོད་པ་དེ་ང་ཚོའི་དགོས་འདུན་ལ་གསལ་ཁ་ཡོད་པ་མ་རེད། དེ་མེད་ཙང་རྒྱ་དམར་ལ་ངོ་རྒོལ་སྐྱོན་རྗོད་གང་ལྟར་བྱེད་དགོས་མིན་གྱི་ས་མཚམས་ཡོད་པ་མ་རེད། ཐ་ན་བོད་མི་ཞིག་ལ་ཕྱིའི་མི་ཞིག་གིས་ཁྱོད་གང་ནས་ཡིན་ཞེས་དྲིས་ན་ང་བོདTibet་ནས་ཡིན་ཟེར་དགོས་སམ་ང་རྒྱ་ནགChina་ནས་ཡིན་གང་ཟེར་དགོས་མི་ཤེས་པའི་དཀའ་ངལ་འཕྲད་ཡོང་གི་འདུག ཕྱིའི་རྒྱབ་སྐྱོར་འཚོལ་སྐབས་ཁོང་ཚོར་འགྲེལ་བཤད་རྒྱག་རྒྱུར་དཀའ་ངལ་འཕྲད་ཡོང་གིན་འདུག ཐ་ན་དབུ་མའི་ལམ་ལ་དད་མོས་བྱེད་མཁན་གྱིས་ལས་འགུལ་སྤེལ་སྐབས་སྐར་ལྔའི་དར་དམར་འཕྱར་དགོས་པའི་འདོད་ཚུལ་ཚུན་ཚོད་སླེབས་ཡོང་གིན་ཡོད་པ་རེད། རབ་རིབ་ལང་ལོང་གི་ངང་དུ་ལུས་ནས་ང་ཚོའི་ཡུལ་ལུང་པ་མི་ལ་ཤོར་སོང་བ་རེད། ད་དུང་ཡང་རབ་རིབ་ལང་ལོང་བྱས་ནས་བསྡད་ན་རབ་རིབ་ལང་ལོང་ཞིག་གི་ངང་ནས་མ་འོངས་པའི་མི་རབས་ལ་ཆབ་སྲིད་རང་དབང་གི་བསམ་བློའི་གོ་རྟོགས་སྐྱེ་བའི་རྒྱུ་ཙམ་ཡང་མེད་པར་འགྱུར་རྒྱུ་རེད། མདོར་བསྡུས་ན་སྐྱོན་དང་དཀའ་ངལ་དེ་ཚོས་མ་འོངས་པའི་མི་རབས་ཀྱི་རང་དབང་རྩོད་ལེན་གྱི་ལམ་ཁ་འགག་འགྲོ་གི་ཡོད་རེད།
བདེན་པ་ལ་བདེན་པའི་རྩིས་འཇོག་བྱེད་མཁན་མེད་པ་དེ་ང་ཚོའི་དཀའ་ངལ་རེད། བདེན་པ་ལ་རྩིས་འཇོག་མེད་མཁན་ཞིག་ཡིན་ན་རང་སྐྱོང་དགོས་ལབ་རུང་སྤྲོད་གི་མ་རེད། བདེན་པ་ལ་བདེན་པའི་རྩིས་འཇོག་བྱེད་མཁན་གྱི་མི་ཞིག་ཡིན་ན་རང་བཙན་དགོས་ལབ་རུང་ཉན་འཇོག་བྱེད་གྱི་རེད། བོད་ཀྱི་གནད་དོན་ཟེར་བ་དེ་དང་འབྲེལ་བའི་གནད་དོན་ཞིག་ཡིན་ཕྱིན་ངོ་བོ་དང་རྣམ་པ་ག་འདྲ་ཞིག་ཡིན་རུང་དྲག་གནོན་བྱ་རྒྱུ་ཡིན་པ་དེ་རྒྱ་དམར་གྱིས་བཤད་བཞིན་པ་དེ་རེད་ལ་སྒྲུབ་བཞིན་པ་ཡང་དེ་རེད། དེ་ཁོ་ཚོས་ཁ་ཞེ་གཉིས་མེད་རེད། ད་དུང་ཡང་ཁྱོད་ཚོ་ལ་གོ་བརྡ་འཕྲོད་མ་སོང་ངམ། རྒྱ་དམར་ལ་དགོས་པ་དེ་བོད་རྒྱ་འོག་ནས་ཡར་ལངས་མི་འཇུག་རྒྱུ་དེ་ཡིན་དུས་འདི་ན་དབུ་མའི་ལམ་ཟེར་བའི་རྩོད་ཐབས་ཞི་བདེ་ཅན་ཞིག་མེད་པ་གསལ་པོ་གསལ་རྐྱང་མ་རེད་དམ།
ད་ལྟ་བར་དུ་བོད་ནང་དུ་བོད་ཀྱི་གནད་དོན་ལ་སྲོག་ཡན་ཆོད་བཏང་ནས་རྒྱ་དམར་ལ་ངོ་རྒོལ་བྱེད་མཁན་མང་པོ་བྱུང་སོང་། འདི་ཚོས་དབུ་མའི་ལམ་གྱི་སྲིད་ཇུས་བཞིན་བསྒྲུབས་པ་ཡིན་ནམ་རང་བཙན་གྱི་དགོས་འདུན་ཆེད་དུ་བློས་བཏང་དེ་ལྟར་བྱས་པ་ཡིན་མི་ཤེས། འདི་ཚོ་ཚང་མ་རང་བཙན་གྱི་དགོས་འདུན་ཆེད་དུ་བློས་བཏང་དེ་ལྟར་བྱས་པ་ཡིན་ན་བོད་ནང་གི་མི་མང་གི་རེ་འདུན་བོད་རང་བཙན་ཡིན་པ་གསལ་གསལ་ཐིང་ཐིང་རེད། དེ་ལྟར་མིན་པར་དབུ་མའི་ལམ་གྱི་སྲིད་ཇུས་བཞིན་བློས་བཏང་དེ་ལྟར་བྱས་པ་ཡིན་ན་རྒྱ་དམར་གྱིས་ཁོང་ཚོའི་ནང་མི་སྤུན་ཟླ་ཡན་ཆོད་ལ་ཉེས་ཆད་གཅོད་བཞིན་འདུག་པས་འདི་ན་དབུ་མའི་ལམ་ཟེར་ནས་རྒྱ་དམར་གཞུང་ལ་ཕོག་ཐུག་མི་འགྲོ་བའི་རྩོད་ཐབས་བདེ་མོ་ཞིག་མེད་པར་བརྒྱ་ཆ་བརྒྱ་ཐག་ཆོད་ཚར་འདུག ང་ཚོས་རྒྱ་དམར་གཞུང་གི་ལས་ཀ་བྱེད་སྟངས་ལ་བལྟས་ནས་འགྲོ་ལམ་འཚོལ་བ་མ་གཏོགས་ཕར་ཡག་པོ་བྱས་ན་ཚུར་ཡག་པོ་བྱས་ཡོང་སྙམ་པའི་འཁྲུལ་སྣང་དེ་རང་མགོ་རང་གཡོག་རེད།
ང་ཚོས་རྒྱ་དམར་ལ་དགྲ་རུ་མི་འཛིན་པའི་སྲིད་ཇུས་དེས་ཕན་ཐོགས་ཡོད་ས་དེ་རྒྱ་དམར་གཞུང་རེད། རྒྱ་དམར་གཞུང་གིས་གོ་སྐབས་འདི་བཟུང་ནས་ཕྱིར་སྡོད་བོད་མིའི་ཁྱབ་ཁོངས་སུ་སིམ་འཛུལ་བྱེད་མགོ་འཛུགས་བཞིན་ཡོད་འདུག རྒྱ་དམར་གཞུང་ཚབ་ཀྱི་མགྲོན་ཤོག་འབྱོར་རྒྱུ་ཇེ་མང་ནས་ཇེ་མང་རེད། ཁྱོད་ཚོས་གཟབ་གཟབ་བྱས་ནས་ལྟོས་དང་། རྡ་རམ་ས་ལའི་སྐུ་ངོ་ཚོའི་གཟིམས་ཤག་སྦུག་ལ་ཡང་རྒྱ་དམར་གཞུང་ཚབ་ཀྱི་མགྲོན་ཤོག་ཐ་རེ་ཐོ་རེ་འབྱོར་ཡོད་རྒྱུ་རེ་བསམ་བཞིན་འདུག མགྲོན་ཤོག་དེ་ཚོར་དང་ལེན་བྱས་མེད་པའི་ཡིད་ཆེས་ཡོད། དབུ་མའི་ལམ་གྱིས་ཕན་ཐོགས་ཡོད་སྙམ་པ་དེ་རང་མགོ་རང་གཡོག་ཡིན་པའི་དཔེ་མཚོན་གསལ་ཤོས་ཤིག་དགོས་ན་འདི་རེད། དབུ་མའི་ལམ་གྱི་གྲོས་འཆར་འདོན་མཁན་རྒྱལ་བ་རིན་པོ་ཆེ་རེད། དབུ་མའི་ལམ་ལ་རྒྱ་དམར་གྱིས་དགའ་མོས་བྱེད་བཞིན་ཡོད་ན་རྒྱལ་བ་རིན་པོ་ཆེ་ལ་ངོ་རྒོལ་སྐྱོན་རྗོད་བྱེད་པ་ཇེ་ཉུང་དུ་འགྲོ་དགོས་པ་རེད། ཡིན་ན་ཡང་རྒྱ་དམར་གྱིས་རྒྱལ་བ་རིན་པོ་ཆེ་ལ་ངོ་རྒོལ་སྐྱོན་རྗོད་བྱེད་ཤུགས་ཆེ་རུ་འགྲོ་བཞིན་འདུག ད་ལྟ་རྒྱལ་བ་རིན་པོ་ཆེའི་གསོལ་ཚིགས་བཞེས་སྟངས་ནས་ན་བཟའ་མནབ་སྟངས་ཡན་ཆོད་ལ་དམའ་འབེབས་བྱེད་བཞིན་འདུག ད་དུང་ཡང་རང་རེས་དབུ་མའི་ལམ་གྱིས་རྒྱ་དམར་ལ་འབྲེལ་ལམ་སྟབས་བདེར་གྱུར་ཡོད་ཅེས་རང་མགོ་རང་གཡོག་བྱས་བསྡད་ནས་སུ་ལ་ཕན་ཐོགས་ཡོད་པ་རེད། ངས་ངོ་མ་ཤེས་མ་སོང་།
བོད་ནང་གི་མི་ཞིག་ཡིན་ན་རྒྱ་དམར་གྱི་རྩ་ཁྲིམས་འོག་གི་ཁེ་ཕན་དེ་ལོན་ཐབས་བྱེད་དགོས་པ་དེ་མི་སྒེར་ནས་བཟུང་སྟེ་ཐོབ་ཐང་རྩོད་པའི་གཞི་རྩ་རེད། ཡིན་ན་ཡང་ང་ཚོ་འདི་ན་རྒྱ་དམར་གྱི་རྩ་ཁྲིམས་འོག་ལ་མེད་མཁན་ཚོས་ཁ་གཅིག་གྲག་གིས་བོད་རང་བཙན་གཙང་མ་དགོས་ཟེར་ནས་རེ་འདུན་ཆེ་ཙམ་འདོན་ཐུབ་པ་ཡིན་ན་བོད་ནང་གི་མི་མང་ལ་རྒྱ་དམར་གྱིས་རྩ་ཁྲིམས་དང་འགལ་བའི་དམའ་འབེབས་དྲག་རྡུང་བྱེད་ཤུགས་ཆུང་དུ་འགྲོ་གི་རེད་བསམ་གི་འདུག དཔེར་ན། སྔོན་མ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནང་ལ་”བོད་ཀྱི་བདག་པོ་བོད་མི་ཡིན།།རྒྱ་དམར་བོད་ནས་ཕར་རྒྱུགས།” ཟེར་ནས་ཁྲོམ་སྐོར་བྱེད་ཕོད་པའི་དུས་སུ་ལྷ་སའི་སྲང་ལམ་ལ་རྒྱལ་བ་རིན་པོ་ཆེས་སྐུ་པར་བཤམ་ན་འགོག་མཁན་སུ་གཅིག་ཀྱང་མེད། དེང་སྐབས་སུ་ལྷ་སར་རང་རང་གི་ཁྱིམ་ཕུག་ལ་ཡང་རྒྱལ་བ་རིན་པོ་ཆེས་སྐུ་པར་བཤམ་ཕོད་གི་མི་འདུག དབུ་མའི་ལམ་འདི་ཤུགས་ཆེན་པོ་གླེང་ཐུབ་ན་དེས་བོད་ནང་ལ་དམ་དྲག་མེད་པར་ཕན་ཟེར་བ་སྐྱག་རྫུན་ཡིན་པའི་ཁུངས་སྐྱེལ་འདིས་ཀྱང་བྱེད་ཐུབ་གི་འདུག མགོ་སྒུར་ན་གཉའ་ལ་ཞོན་རྒྱུ་དེ་རྒྱ་དམར་གཞུང་ལྟ་བུའི་ལྟ་བུའི་མ་རབ་ཚོའི་གཤིས་ཀ་རེད།
སོ་སོའི་ས་ནས་རང་ཚུགས་རེ་བཟུང་ནི་ཐབས་ལམ་སྣ་ཚོགས་བེད་སྤྱོད་བྱེད་བཞིན་རྒྱ་དམར་ལ་གདོང་ལེན་གནང་གལ།
བཀླགས་ཡིན། ཀློག་གིན་ཀློག་གིན་ར་བཟི་བ་ལྟ་བུ་ཤེས་པ་བུན་ནེ། འུར་རེ་ཆགས་སོང་། ད་ལྟོས་ཨ། ངའི་བསམ་པར་རྒྱས་རང་བཙན་དང་རང་སྐྱོང་གདམ་ཀ་སྤྲད་ན་སྐུ་ཞོ་ཟམ་གདོང་དང་བློ་ཆོས་གཉིས་མ་གཏོགས་གཞན་པ་ཚང་མས་རང་བཙན་འདེམས་གི་རེད། རེད་དེ་རྒྱའི་རྩ་ཁྲིམས་འོག་ནས་རང་སྐྱོང་ལ་ཤུགས་རྒྱག་ནས་འབྲས་བུ་སྨིན་པ་དང་། རང་བཙན་ལ་འབྲས་བུ་སྨིན་པ་ལ་མྱུར་བུལ་གྱི་ཁྱད་པར་ཡོད། དཔེར་ན་སྔ་མ་ལ་ལོ་ལྔ་བཅུ་འགོར་ན་ཕྱི་མ་ལ་ལོ་བརྒྱ་འགོར་བ་ལྟ་བུའོ།། དེ་འདྲ་ཡིན་མི་ཤེས་ཏེ་དེ་འདྲ་དྲན་གི་འདུག རྒྱ་ལ་དེ་ལྟར་ཡིན་ན། མི་འདོད་བཞིན་དུ་རང་སྐྱོངས་འདེམས་པར་བྱ་སྟེ། རྒྱ་མིས་ཁེངས་པའི་བོད་ལས་བོད་མིས་ཁེངས་པའི་བོད་སྐྱོང་རྒྱུ་གལ་ཆེ་བས་སོ།།
དབུ་མ་རང་བཙན་མ་རྩོད། བོད་མིའི་ཐོབ་ཐང་རྩོད།
རྒྱ་དམར་གྱི་རྩ་ཁྲིམས་ལ་ཡོད་པའི་ཐོབ་ཐང་བོད་ནང་གི་བོད་མི་ཕལ་ཆེ་བར་ཐོབ་ཡོད། རྩ་ཁྲིམས་ཀྱི་དགོངས་པ་རྒྱ་མིའི་འགྲེལ་ཚུལ་ལྟར་བྱས་ན། ནམ་ཡིན་ཡང་ཏང་དང་རྒྱལ་ཁབ་ལ་གནོད་པའི་སྲིད་འཇུས་སྤེལ་མི་ཆོག་པ་དེ་ཡིན། དེ་ཁས་ལེན་ཐུབ་ན་འགྲིགས་ཡོད། ཏང་དང་རྒྱལ་ཁབ་ལ་གནོད་ན་བཙོན་ཁང་དུ་འཇུག་ཆོག། ཁྲིམས་རྩོད་བྱེད་མི་ཆོག དེ་ལྟར་ངོས་ལེན་ཐུབ་ན་རྩོད་རྒྱུ་ཞིག་ལྷག་མེད། མེས་རྒྱལ་གྱི་ཁྱིམ་ཚང་ཆེན་པོའི་ནང་དུ་ནམ་ལོག་ནའང་་ཆོག དེ་ལས་རྒྱ་མི་མང་ཆེ་བའི་འདོད་པ་དམངས་གཙོ་རེད། དེར་འགྱུར་སོང་ན་མི་རིགས་ཀྱི་རྩ་དོན་ཡང་རྩོད་ས་ཡོད་པ་རེད། ད་ལྟའི་ཆ་ལ་རྩ་ཁྲིམས་སྲུང་སྐྱོབས་དགོས་ན་རྒྱ་ནག་གི་གང་བཤད་པ་ལྟར་བྱེད་རྒྱུ་ལས་མེད། དེས་མི་མང་ལ་ཕན་ན་བྱེད་མི་རུང་བ་ཡང་ག་ལ་ཡོད།
བཀླགས་ཡིན་བསམ་ཚུལ་ཤོད་འདོད་མེད། སྟེང་གི་ཁ་བྱང་དང་ལྷན་སྦྱར་གྱི་ཡིག་འབྲུ་འགའ་ཤས་དེར་སྣང་བ་འགྲོ་མ་སོང།
དངོས་གནས་མཁས་པས་བཤད་ན་ཅི་ཡང་བདེན་ཞེས་པ་ལྟར་གང་ག་བདེན་པ་རེད་བཞག། ་ང་ནི་རྒྱ་མིས་བོད་ལ་ཡག་པོ་ཞིག་་ཡང་བྱེད་མི་སྲིད་བསམ་གྱི་འདུག། བོད་ལ་་ དོན་ཚན་བཅུ་བདུན་བཞག་ནས་མགོ་སྐོར་དྲ་མ་ཞིག་གཏང། རྒྱ་གར་ཧི་འདེ་ཅ་ན་བ་ཡི་བ་ཡི་ལབ་ནས་མགོ་སྐོར་དྲ་མ་ཞིག་གཏང་བ་རེད། ང་ཚོ་རང་བཙན་པ་དང་དབུ་མ་པ་གཉིས་ཀ་བོད་དོན་ཆེད་རེད། དབུ་མ་པས་བོད་དེ་ཆོས་དང་རིགས་གཞུང་མྱུར་དུ་སྐྱོབ་པའི་ཆེད་དུ་རེད། རང་བཙན་་པས་ཡོངས་རྫོགས་་བོད་ལྗོང་རང་བཙན་གཙང་མ་རག་ཡག་གི་ཆེད་དུ་རེད། རྒྱ་དྭོག་པས་ཕུང་ བོད་རེ་བས་ཕུང་ལབ་ཡག་དེ་དངོས་གནས་འདྲ་པོ་འདུག་། བོད་པས་ རྒྱ་ནག་གི་དཔོན་པོ་གསར་པ་རེ་ཡོང་དུས་རེ་བ་རེ་བརྒྱབ་རེད། རྒྱ་མིས་དབུ་མའི་ལམ་དང་ཆེས་རང་སྐྱོང་དང་རྒྱལ་ཁབ་ཅིག་ལ་ལམ་ལུགས་གཉིས་སོགས་ག་རེ་ལབ་ན་་མཐའ་བཞུགས་རང་བཙན་ཤོར་གི་རེད་དྲན་གྱི་ཡོད་རེད། ང་ཕོད་དེ་རྒྱ་དམར་གྱི་ཕོག་ཟ་བཞིན་དུ་བོད་པས་རྒྱ་ལ་ཁྲལ་སྤྲོད་ཀྱི་མེད་ཚུལ་སོགས་གསུང་པ་དེ་དཔེ་ཡག་པོ་རེད་དཔའ་བོ་རེད་དྲན་གྱི་འདུག། ད་ལྟ་རང་སྐྱོང་ལྗོང་གི་བྱམས་པ་ཕུན་ཚོགས་དང་བློ་བཟང་རྒྱལ་མཚན་སོགས་ག་འདྲ་ཞབས་འདྲེན་ཞིག་འདུག། མཐའ་དོན་ལ་ང་ཚོ་ཚང་མ་གོང་ས་མཆོག་གི་སྐྱབས་འོག་ལ་དམ་ཚིག་འོ་ཆུ་ཅིག་བསྒྲིལ་དང་རང་བཙན་པ་དང་ད་བུ་པ་གཉིས་ཀ་འཆམ་པོ་དང་རྒྱ་དམར་ལ་ག་དུས་ཡིན་ཡང་རེ་བ་མ་རྒྱབ་རོག་ཞུ། བོད་མི་ཡོད་དོ་ཅོག་ཚེ་རིང་ནད་མེད་བྱ་བ་ལམ་འགྲོ་ཡོང་བར་ཤོག།
མི་རིགས་ཅིག་གི་འཐབ་རྩོད་འདི་འདས་པའི་ལོ་རྒྱུས་ཀྱིས་ཐག་བཅད་ཆོག་ཆོག་ཅིག་མ་རེད། དེ་ཡིན་ན་ང་ཚོར་བཙན་པོའི་དུས་རབས་ནས་དེ་རིང་ལ་ཐུག་གི་པར། མི་རིགས་དང་། ཆོས་ལུགས། ་རིག་གཞུང་། ས་ཁོངས། གང་ཐད་ནས་རང་བཙན་བྱེད་ཆོག་པའི་ལོ་རྒྱུས་ཀྱི་རྒྱུ་ཆ་ཉུང་ཉུང་མིན། ང་ཚོའི་འཐབ་རྩོད་འདི་འདི་འདྲའི་སྐྱ་ཆད་སྔོ་སྡུག་ཅིག་ཏུ་གྱུར་པའི་རྒྱུ་རྐྱེན་གཙོ་པོ་ནི་ང་ཚོའི་ད་ལྟའི་ཁ་སྟབས་སྐྱོ་དྲག་པས་རེད། བྱས་ཙང་འདས་པའི་མཆོད་ཡོན་ལོ་རྒྱུས་ཀྱིས་དེ་རིང་གི་ང་ཚོ་དེ་ཙམ་བཀག་མེད་ལ་ད་ལྟའི་དབུ་མའི་ལམ་ཙམ་གྱིས་མ་འོངས་པའི་མི་རབས་ཕྱི་མ་རྣམས་ལ་དེ་ཙམ་དཀའ་ངལ་འཕྲད་མི་སྲིད། དེར་མ་ཟད་འདས་པའི་མཆོད་ཡོན་འབྲེལ་བ་ལ་བརྟེན་ནས་་ང་ཚོའི་མེས་པོ་ཚོས་སྒྲུབ་དགོས་པ་མང་པོ་ཅིག་སྒྲུབ་ཡོད་ལ་ཐོབ་དགོས་པ་མང་པོ་ཞིག་ཁོང་ཚོར་ཐོབ། ང་ཚོའི་མ་འོངས་པའི་ཁ་ཕྱོགས་གང་དུ་འགྲོ་མིན་གཙོ་བོ་ང་ཚོའི་ད་ལྟའི་སྟོབས་ཤུགས་ལ་རག་ལས་ཡོད། སྟོབས་ཤུགས་ཀྱི་འབྱུང་ཁུང་གཅིག་སྒྲིལ་དང་སྤོབས་པ་རེད། བྱས་ཙང་ང་ཚོའི་སྤོབས་པ་ཆེར་བསྐྱེད་ཀྱིས་མཐུན་སྒྲིལ་དང་རྡོག་རྩ་གཅིག་ཏུ་བསྒྲིལ་སྒོས་རང་བཙན་དང་དབུ་མའི་ལམ་ཞེས་ནང་ཁུལ་གྱི་འཐེན་འཁྱེར་ཡོངས་སུ་སྤངས་ཏེ་གོ་སྐབས་གང་ཡོད་སྟོབས་ཤུགས་སུ་བསྒྱུར་རྒྱུ་ཧ་ཅང་གལ་ཆེ། གང་ལྟར་ཆབ་སྲིད་པ་ཁ་ཤས་ཀྱིས་བདེན་པ་ཞེས་བ་ཧ་ཅང་རྩིས་ཆེ་མདོག་གིས་མི་མང་ལ་ཁ་ལོ་སྒྱུར་ཐབས་བྱེད་པ་འདི་ཧ་ཅང་ཉེན་ཆེ། ཆབ་སྲིད་འཐབ་རྩོད་ཀྱི་ནང་ལ་བདེན་པ་ལ་རིན་ཐང་ཧ་ཅང་ཆུང་བདེན་པ་ལ་ནམ་ཞིག་མཐའ་གསལ་ཟེར་ནས་ངང་སྒུག་བྱེད་པ་འདི་ཤུན་ཏུ་ཉེན་ཆེ། བདེན་ལུང་བ་གཉིས་ཀྱི་ཕུ་ཐག་རིང་ཟེར་བ་འདིའི་བགས་ཆགས་ང་ཚོར་ཧ་ཅང་ཟབ། འོན་ཀྱང་འདི་ནི་འདྲ་འདྲ་འགྲིག་འགྲིག་གི་གཏམ་ཙམ་ལས་བདེན་པ་ཕམ་པར་རྒྱབ་པ་ནི་མིག་གིས་མཐོང་རྒྱུ་ཡོད་ལ་རྣ་བས་གོ་རྒྱུ་ཡོད། དེར་མ་ཟད་ང་ཚོས་མྱང་དང་མྱོང་བཞིན་པ་མ་ཡིན་ནམ།།
ཡང་སྤོབས་མཐའ་འདིས་གང་བྱུང་མང་བྱུང་བཤད་བཞིན་གདའ།བར་སྐབས་ཤིག་ལ་ལྷམ་དང་ནང་གྱོན་དོར་མའི་སྟེང་དང་ནུ་ཤུབས་ཀྱི་སྟེང་ཚུན་ཆད་དུ།སངས་རྒྱས་ཐུགས་རྗེ་ཅན་དང་༧གོང་ས་མཆོག་གི་སྐུ་པར་བཞག་སྟེ་ཚོང་བསྒྱུར་བྱེད་བཞིན་པར།བོད་སྤྱི་བྱེར་ལྷག་བསམ་དང་ཤ་ཚ་ཅན་མང་པོས་དེ་འགྲིག་མི་འདུག་ཅེས་སྐྱོན་བརྗོད་བྱེད་སྐབས།སྤོབས་མཐས་སྤྱོད་འཇུག་གི་ལུང་མང་པོ་དྲངས་ནས་དེ་ཚོ་འགྲིག་ཡོད་པ་དང་བཟོད་པ་སྒོམ་དགོས་པ་སོགས་དགྲ་ཕྱོགས་ལ་འགེབས་སྲུང་གིས་རྩོམ་ཡིག་མང་པོ་སྤེལ་སོང་།ཡང་བར་སྐབས་ཤིག་ལ་སྤོབས་མཐས་༧རྒྱལ་བ་རིན་པོ་ཆེས་ཆུ་མགོ་ནས་རྙོག་ན་གཞུག་ནས་མི་དྭངས་སོགས་༧གོང་ས་མཆོག་ལ་གཞི་མེད་ཀྱི་སྐྱོན་འཛུགས་མང་པོ་བྱས་སོང་།དེང་སང་ཡང་བསྐྱར་ལྡབ་ཡང་ལྡབ་ཀྱིས་དབུ་མའི་ལམ་ཁ་ལ་ཁྱེར་ཏེ་༧རྒྱལ་བ་རིན་པོ་ཆེ་ལོ་རྒྱུས་སྟེང་གི་ནག་ཉེས་ཅན་དུ་སྒྲུབ་ཐབས་གནང་གི་འདུག་མོད།སྔ་ཕྱིའི་གནས་ཚུལ་ཚང་མར་བལྟས་ཡོང་དུས་ཆོས་འབག་གྱོན་པའི་སྤོབས་མཐའ་ཁྱེད་ནས་༧རྒྱལ་བ་རིན་པོ་ཆེ་དགྲར་འཛིན་བྱེད་དོན་དང་།ཁྱེད་ནས་སུའི་ཆེད་དུ་དཀྲུག་ཤིང་བརྒྱབ་ཀྱི་ཡོད་པ་བཅས།ད་ཆ་གཡོ་སྒྱུ་ཅན་གྱི་གདོན་འདྲེའི་གཟུགས་བརྙན་ཕྱི་ལ་བུད་ཡོང་གི་འདུག
དོན་དག་འདི་དེ་སྔོན་ཐེངས་མ་མང་པོར་བཤད་བསྡུར་མང་ཙམ་བྱས་ཡོད་བསམ། རང་འཇགས་རེད། ང་ཚོས་རེ་བ་སྐམ་པོ་དང་དགོས་འདུན་སྟོང་པ་རྐྱང་རྐྱང་བརྒྱབས་ནས་ཅིག་ཡོང་རྒྱུ་མེད་པ་དེ་ཤེས་དགོས་གི་རེད། གཙོ་བོ་དེ་ལག་པའི་འཇོན་ཚད་ལ་བལྟ་དགོས་གི་རེད།
མི་ག་འདྲ་ཞིག་ཡིན་ན་ཡང་གསེར་གི་ཕོ་བ་ནང་ལ་ཤ་གི་མོག་མོག་བཟའ་ན་ལོས་འདོད། ཡིན་ན་ཡང་། ལག་པས་ས་ཕོ་དང་རྩམ་རྐྱ་མ་གཏོགས་འཇོན་གི་མེད་ན་གསེར་ཕོ་ནང་གི་ཤ་མོག་དེ་རེ་སྟོང་མ་རེད་པས། ད་མང་པོ་བཤད་དགོས་མི་འདུག དབུ་རང་གཉིས་ཀྱི་གནས་ལུགས་ཀྱང་དཔེ་དེ་བཞིན་རེད། རེ་སྟོང་དོར་ནས་ཐེམ་པ་རྒྱག་དགོས་གི་རེད།
དབུ་མ་ལ་དབུས་མ་བྲིས་བ་འདིས་ཀྱང་དོན་དངོས་ལ་ཧ་ལོག་ཡོད་པ་གསལ་པོ་རེད།
དབུ་མ་དང་རང་བཙན་གྱི་ཚིག་སྐམ་པོར་བརྩོད་ནས། དོན་དངོས་བོད་པའི་ཆིག་སྒྲིལ་ལ་གནོད་སྐྱོན་ལས་དགེ་བ་མི་མཐོང་། ཚིག་སྐམ་པོ་འདི་ཡང་སྒྲུགས་ནས། འགྲེལ་བ་བྱེད་པ་འདི་ལ་ཕན་པ་ཅང་མི་མཐོང་།
སངས་རྒྱས་ཤཀྱ་ཐུབ་པས། རིགས་ཀྱི་བུ། གཟུགས་སྟོང་པའོ། སྟོང་པ་ཉིད་གཟུགས་སོ་གསུངས་པ་ལྟར། སྤོབས་པ་མཐའ་ཡས། དབུ་མ་སྟོང་པའོ། སྟོང་པ་ཉིད་དབུ་མའོ་ཟེར་རྒྱུ་ལས་ཅང་མ་འདས།
ཁྱོད་རྒྱ་ནག་གི་དྲ་རྒྱ་འདི་ཚོར་སོང་དང་། སྒོར་མོ་ཇི་ལྟར་བཟོ་སྟངས། ཚོང་ཇི་ལྟར་རྒྱག་ཐབས། ལས་ཀ་ཇི་ལྟར་རགས་ཐབས། ཨ་རི་ནས་ཁེ་ཕན་ཇི་ལྟར་ལེན་ཐབས། ཉི་ཧོང་འདི་མ་འོང་པ་ན་རྒྱ་ནག་གི་ཞིང་ཆེན་ལྟ་བུ་ཞིག་ལ་ཇི་ལྟར་བཟོ་ཐབས་ལ་གྲོས་ངར་མ་ཤ་སྟག་རེད། ཉ་འཛིན་མཚེའུ་འདི་རྒྱ་ནག་གི་ཡིན་པ་དང་འདི་ངེས་པར་དུ་ལེན་དགོས་པའི་གྲོས་གཞི་དེ་ལོ་བཅུ་གྲངས་དྲ་རྒྱའི་སྟེང་ལ་རྩོད་པ་ངར་མ་རྒྱག་མགོ་བཙུགས། ད་ལྟ་སྲིད་གཞུང་གིས་འདི་ལག་ལེན་བྱེད་བཞིན་འདུག
ད་འདིར་ཁ་བརྡའི་ཐོག་བོན་པོ་དང་བོད་པ་གཉིས་གཅིག་པ་མིན་ལུགས། དབུ་མ་དང་རང་བཙན་འགལ་བ་ཇི་འདྲ་ཡོད་ལུགས་དང་དབུ་མ་དེ་ཇི་ཙམ་སྡུག་པ་ཡིན་ཐབས། ཟམ་གདོང་རིན་པོ་ཆེ་མིང་ནས་སྨྲོས་ནས་གཙོ་བ་རྒྱལ་བ་རིན་པོ་ཆེ་རྙོག་འདྲ་བཤད་ཇི་ཐུབ། ཐབས་སྡུག་ཐབས་སྡུག་རེད།
འོད་སྟོང་ལྡན་བའི་སྔོན་ཆེད་ཀྱི་ད་ལྟའི་ཚབ་བྱེད་མི་རུང་ལ་ཞེས་མཁས་དབང་དོན་རྒྱལ་ལེགས་ཀྱིས་འཇིག་རྟེན་འདིར་བཞག་བའི་སྡོམ་ཚིག་ཚན་པ་འདིས་བསམ་བློ་བ་དང་དཔྱོད་ཤེས་ཀྱི་གཟུ་གནས་བ་དག་གིས་བརྗོད་ཐམས་ཅད་ཡོངས་སུ་མཁྱེན་ཐུབ། བཙན་པོའི་སྐབས་སུ་ང་ཚོ་གཞན་ལ་གླེན་རིན་ཡོད་བའི་མི་བུ་ངོ་མ་ཞིག་ཡིན། འོན་ཀྱང་བཙན་པོ་དག་བཞུད་ཚར་བའི་ཤིག་རོའི་གཅོང་རོང་གི་གཡང་གཟར་ནས་ང་ཚོའི་མེས་པོ་དག་ལ་མིའི་སྤྱོད་ལམ་དང་མི་མཐུན་བའི་དྲན་གཡོག་དང་བླ་གཡོག་བཙོན་འཇུག་སོགས་མི་ཆོས་དང་བརྒལ་བའི་སྐྱིག་དྲོ་བའི་སྤྱི་ཚོགས་ཞིག་སྐུ་དྲག་མི་དྲག་བླ་མ་དཔོན་པོ་དབང་ཡོད་ཀྱི་མི་དེ་དག་གིས་སྐྲུན་པ་རེད། སྐབས་དེ་དུས་ཞིག་ལ་མཚོན་ན་བོད་ཆོས་ལྡན་གྱི་ཞིང་ཁམས་ཟེར་བ་ཞིག་ད་ཕལ་བཞོག་ཆོད་མེད་ཀླ་ཀློའི་ཡུལ་ལས་འདས་བའི་སྤྱི་ཚོགས་ཞིག་ལབ་ན་ཐལ་ཆེ་བ་མེད་བསམ་ཀི ཁམས་དང་ཨ་མདོ་དེ་ལས་ཅུང་ཨུ་མི་དྲག དབུས་ཀྱི་ཡུལ་ན་དབང་ཡོད་མ་གཏོགས་དབང་མེད་གཉོམ་ཆུང་ཞིག་ལ་མི་གཞིའི་རིན་ཐང་ཞིག་ད་ག་བ་ག་བ་དབང་ཡོད་མ་གཏོགས་མི་ཚང་མ་དྲན་གཡོག་དང་འཁོར་གཡོག་འདོར་ན་མི་དངོས་ཀྱི་འདུ་ཤེས་དེ་ཡོད་མི་སྲིད་། སྐུ་དྲག་གོང་འོག་གི་རྙོག་དྲ་གསོད་རེ་བླ་བྲང་གོང་འོག་གི་རྙོག་དམར་གསོད་ས་གནས་དང་ཐོབ་ཐང་རྩོད་ལེན་རྒྱལ་ཚབ་དང་སྐུ་ཚབ་འཕྲོག་རེ་འདོར་ན་གོང་ས་མཆོག་ནར་མ་གསོན་པར་དུ་རྙོག་དྲ་ལས་དུས་གཅིག་ལ་ཐར་མེད་།
ད་སྐབས་ཀྱི་དུས་འདི་ལ སྤྱི་ཚོགས་གསར་བ། མི་རབས་གསར་བ། དུས་རབ་གསར་བ། མི་གཞི་གསར་བ། ་འཚོ་བ་གསར་བ། བསམ་བློ་གསར་བ། དཔྱོད་ཤེས་གསར་བ་འདི་དག་ཚང་མ་ལོངས་སྤྱོད་བའི་ཚད་མཐོའི་སྲོག་ཆགས་ཞིག་དུ་གྱུར་བ་རེད། ་ འདི་དག་ནི་ང་ཚོ་བོད་མི་རིགས་ཞིག་ལ་མཚོན་ན་སུ་ཞིག་གི་བཀའ་དྲིན་རེད་དེ་ནི་གོང་ས་མཆོག་རང་གི་བཀའ་དྲིན་ཉག་ཅིག རྒྱུ་མཚན་རག་ཙམ་ཞིག་ཞེས་ན་གོང་ས་མཆོག་གིས་ང་ཚོ་དབང་མེད་གཉོམ་ཆུང་གི་མི་བུ་འདི་དག་ཚང་མ་མི་དངོས་གནས་བ་དང་མིའི་རིན་ཐང་ཡོད་པ་མིའི་ཀུན་སྤྱོད་ཡོད་པ་ཅན་དུ་བསྒྱུར་བ་རེད། ད་ནི་ང་ཚོ་འགྲོ་མི་དང་གཅིག་མཚུངས་སུ་རང་དབང་དང་ཐོབ་ཐང་ལོངས་སུ་སྤྱོད་བའི་དུས་ལ་སླེབས་ཡོད་། ང་ཚོ་ལ་ང་ཚོ་ལ་དབང་བའི་ཁོར་ཡུག་དང་ཐོབ་ཐང་རྩོད་བའི་དབང་ཆ་ཡོད་བས་དབུ་མ་དང་རང་བཙན་གང་རྩོད་ཀྱང་ཆོག་ཡིན་ན་ཡང་སྐབས་བབ་ཀྱི་གནས་སྟངས་དང་ཕ་རོལ་བའི་རྣམ་འགྱུར་སོགས་རྒྱུ་རྐྱེན་མང་པོ་ཞིག་ལ་ལྟོས་ན་རང་བཙན་ལས་དབུ་མ་རྩོད་ན་གྲུབ་འབྲས་ཐོན་ཡོང་བསམ། ཡིན་ན་ཡང་ལངས་་ཕྱོགས་དང་དགའ་ཕྱོགས་མི་ཅིག་པ་ཆོས་ཉིད་རེད། ཡིན་རུང་མཐའ་དོན་འབབ་ས་དེ་ཅིག་གྱུར་དུ་མ་ཆག་པར་སོ་སོར་གྱེར་ན་དུས་ནམ་ཡང་ང་ཚོ་ལ་ཐོབ་རྒྱུ་མེད་བའི་མ་མེད་ཀྱི་བུ་མོ་མཛེས་མ་ལ་ཆགས་པའི་ཀུན་ནས་བསླང་བའི་འཁྲུག་པ་སྤྱོད་འདོད་པ་ལས་ཅི་ཡོད།
རེད་ཡ། སྤོབས་མཐའ་ལགས། འབྱུང་འགྱུར་གྱི་མི་རབས་རྗེས་མ་རྣམས་རྒྱ་མི་རིགས་ཆགས་རྒྱུ་ཉག་ཅིག་རེད་ལ། མིང་ལ་ཡང་ལིའི་དང་ཝང་སོགས་འདོགས་རྒྱུ་མ་གཏོག་ལྷག་མེད་པ་རེད། བྱས་ཙང་མི་རབས་རྗེས་མ་དེ་ཚོའི་ཆབ་སྲིད་ཀྱི་ཁེ་དབང་འཕྲོགས་ཟིན་པ་རེད་ལ་ཁ་ཕྱོགས་ག་པར་འགྲོ་མིན་མགོ་རྙོགས་བཟོས་ཡོད་པ་རེད་དོ། འོན་ཀྱང་ཁ་གདངས་ཚད་བོད་ཀྱི་གསོན་རྩ་དང་བོད་ཀྱི་བདག་པོ་འབྱུང་འགྱུར་མི་རབས་གསར་པ་རེད་ཞེས་ཁ་གཡང་བསྒྲོགས་ཀྱིན་པ་རེད། དོན་དངོས་འབྱུང་འགྱུར་གྱི་མི་རབས་ལ་བསམ་བློ་ཅི་ཡང་མི་གཏོང་བར་འབྱུང་འགྱུར་གྱི་མི་རབས་རྗེས་མ་རྒྱའི་གཡོག་པོར་བརྫངས་ཀྱི་ཡོད་པ་རེད་དོ། ད་ནི་ཡིད་ཐང་ཆད་སོང་ག་རེ་བྱེད་ན་བགྱིས། གཉིད་སྐྱིད་པོ་ཞིག་ཉལ་བསྡད་ན་ཁེ་བཟང་ཆེ། གཟིིམ་འཇགས་གནང་གོ།
བཀྲིས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ལ་ལས་ཀ་རག་པ། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་ཟུར་བ་ང་ཕོད་འཇིགས་མེད་གྱི་ཚབ་ལ་ཁྲི་ཟུར་བཀྲིས་མཐོང་བསྟན་རྣམ་རྒྱལ་ལགས་ལ་ལས་ཀ་སྤྲད་འདུག། ཕ་ཤུལ་བུ་ཡི་འཛིན་ཟེར་བའི་དཔེར་ལྟར་སྐུ་དྲགས་ཀྱི་ཚབ་ལ་སྐུ་དྲགས་ཞིག་འདེམས་འདུག། ཨ་ཁ་་་་་་་་་
ཨོ་ཙི་་་་དེ་འདྲ་ཡིན་ན་སྟབས་ཡག་་་་ཨ་རིའི་རླུང་འཕྲིན་ཁང་འདི་བོད་དོན་འཐབ་རྩོད་ཀྱི་ཆེད་དུ་གལ་ཆེན་པོ་རེད་བསམས་ཀྱི་འདུག བཀྲས་མཐོང་བསྟན་རྣམ་ལགས་ཕེབས་ན་དགའ་བསུ་ཡོད་དང་ཡོད། དམའ་མཐའ་ཡང་་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱ་བཅུག་གི་མ་རེད་འདོད། དེ་འདྲ་ཡིན་དུས་བློ་བདེ་པོ་བྱུང་།་ཧཧཧཧཧཧཧཧཧཧཧ
བླ་རྒན་ཅོ་རི་ཉི་མ་ལགས། ད་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་རེ་བ་རྒྱབས་དང་རང་བཙན་ལ་དགའ་མཁན་རྣམས་ལ་ལས་ཀ་སྤྲོད་གི་ཡིན་ཟེར། ངོ་མ་ཡིན།
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ལ་ལས་ཀ་དེ་ཐོབ་པར་ཤིན་དུ་ནས་དགའ་བྱུང་། ད་ལོ་གཏམ་བཟང་ལེགས་ཤོས་འདི་ཡིན།
ཡག་པོ་བྲིས་འདུག་ལ་གནས་ལུགས་མང་པོའང་འདུག་། ཡིན་མའང་། དབུ་མས་རང་བཙན་རྩོད་ན་བོད་ཡོངས་རྫོགས་ལ་རང་བཙན་གཙང་མ་མེད་ཟེར་། དེའི་སྒྲུབ་བྱེད་དུ་བོད་པ་འབྲི་ཆུའི་ཕར་རྒྱུད་པ་རྒྱའི་འོག་དང་ཚུར་རྒྱུད་པ་བོད་པའི་འོག་རེད་ཟེར་། དེར་རྟེན་ང་ཚོ་བོད་ལ་ཆོལ་གསུམ་ཆ་ཚང་བའི་རང་བཙན་གཙང་མ་མེད་ཟེར་ཞིང་གནས་ལུགས་དང་རྒྱུ་མཚན་མང་པོར་རྟེན་ནས་དབུ་མ་ནི་བོད་ལ་འོས་ཤིང་འཚམ་པོ་དང་རྒྱ་ལ་བཤད་བདེ་བོ་རེད་ཟེར་།
ཡང་རང་བཙན་རྩོད་མཁན་ཀྱིས་ཆོལ་གསུམ་ཆ་ཚང་གནའ་ནས་གོང་ཁྲན་མ་ཡོང་བར་རང་གཙན་གཙང་མ་རེད་། དེའི་ཕྱིར་རང་བཙན་ནི་བོད་པའི་ཐོབ་ཐང་རེད་ལ་རང་བཙན་རྩོད་ཀྱང་དགོས་ཟེར་།
གང་ལྟར་བོད་རང་བཙན་མིན་ན་མིན་པའི་བདེན་དཔང་དང་ཡིན་ན་ཡིན་པའི་བདེན་དཔང་དྲ་སྟེང་ལ་བཀོད་ཐུབ་པའི་ལོ་རྒྱུས་བ་ཞིག་ཡོད་ན་དཔེ་ཡག་པོ་འདུག
མཐའ་འཇུག་གསལ་བཤད་ཅིག་ལ་འཆན་འདི་དེ་སྔོན་ངས་རྩོམ་ཞིག་གི་འཆན་དུ་བཀོད་ཡོད་། ཡིན་ན་ཡང་དེ་རིང་གི་རྩོམ་འདི་དང་འབྲེལ་བ་འདུག་སྙམ་ནས་འཆན་བསྐྱར་བཀོད་བྱེས་པ་ཡིན་།
༡༩༥༩ ལ་བོད་ཡོངས་སུ་རྫོགས་པ་ཤོར། དེ་རྗེས་རྒྱ་གར་དུ་བོད་གཞུང་གསར་དུ་འཛུག་པ་ནས་ད་ལྟ་བོད་གཞུང་བསྡུས་ནས་སྒྲིག་འཛུག་ཏུ་བསྒྱུརད་བའི་དུས་འདིར་སྐུ་དྲག་དང་སྐུ་དྲག་རིང་ལུགས་རྩ་བ་ནས་འཇུག་བསྡུས་ཟིན་པས་དུས་རབས་ཉེར་གཅིག་འདིའི་ནང་ད་དུང་སྐུ་དྲག་མཐོང་རྒྱུ་འདུག་ན་དེ་ནི་ཁམས་པ་ཇག་པ་དང་། ཨ་མདོ་ཧམ་ཆེན་ཚོའི་ལོག་རྟོག་འབའ་ཞིག་རེད། རྒྱ་མིས་བོད་ཟེར་བ་༧གོང་ས་མཆོག་སྒེར་དང་སྐུ་དྲག་ཁ་ཤས་ཀྱི་སྒེར་དོན་རེད་ཟེར་བའི་རྒྱབ་སྐྱོར་བཞིན་པ་འདི་མགོ་རུལ་སྣ་ཡིས་མ་ཚོར་ཟེར་བའི་དཔེ་དེ་ཏག་ཏག་གནད་ལ་འཁེལ་བ་རེད།
རང་བཙན་དང་ལམ་དབུ་མའི་དགེ་སྐྱོན་བཤད་ནས་འདུག་རན་མ་རེད། ད་ནི་ལྷ་ས་གྲོང་ཁྱེར་རྒྱ་མིའི་གང་འདུག་ བར་སྐོར་ནང་དུ་ཕྱིན་ན་མདོ་སྟོད་སྨད་ཀྱི་མི་གཅིག་ཀྱང་མཐོང་རྒྱུ་མེད་ལ། རྒྱ་མིས་དངུལ་སྤྲད་ནས་ལྷ་སའི་སྟོད་ཕྱོགས་ཀྱི་མཆོད་མཇལ་གཏོང་བ་མ་གཏོགས་བར་སྐོར་ནང་དུའང་བོད་མི་མི་འདུག བར་སྐོར་གཡས་གཡོན་དང་ཁང་བརྩེགས་མཐོན་པོའི་སྒང་དམག་མི་དང་ཉེན་རྟོག་པ། བརྙན་འཕྲིན་འཕྲུལ་ཆས་ག་ས་གང་དུ་འདུག་ལ། བོད་མི་བར་སྐོར་དུ་ཕར་འགྲོ་ཚུར་འོང་བྱེད་མཁན་ལའང་བསྔོག་བཤེར་དང་རྒྱ་མིའི་མི་སེར་ལག་འཁྱེརལ་བརྟག་དཔྱད་བྱེད་བཞིན་འདུག ད་ནི་ལྷ་ས་གྲོང་ཁྱེར་རྒྱ་ཡུལ་དུ་བསྒྱུར་ཚར་འདུག ད་དུང་ལྷ་ས་ནས་གཞིས་ཀ་རྩེ་བར་དུ་ལྕགས་ལམ་འཛུགས་བསྐྲུན་འགྲུབ་ལ་ཉེ་བས། གཞིས་ཀ་རྩེ་གྲོང་ཁྱེར་ཡང་མི་འགྱངས་པར་ཕྱི་ལོ་་2014ནས་རྒྱ་ཡུལ་ཅན་དུ་བསྒྱུར་རྒྱུ་རེད། ད་ནི་བོད་མིའི་གྲོང་གསེབ་ཁག་མ་གཏོགས་རྒྱ་ཡུལ་ཅན་དུ་བསྒྱུར་ཚར་འདུག་པས། བྱེས་སུ་ཁ ཚ་དགོས་གཏུགས་ཀྱི་བོད་ས་རྒྱ་ཡུལ་ཅན་དུ་བསྒྱུར་དང་སྒྱུར་གཞིར་ལས་འགུལ་མི་སྤེལ་བར། ད་དུང་རང་བཙན་དང་དབུ་མའི་དགེ་སྐྱོན་བཤད་ནས་ཇི་ཕན་ནམ། བོད་མི་རེ་རེས་སོམས་དང།
(རྒྱ་དམར་གྱི་རྩ་ཁྲིམས་འོག་གི་རང་སྐྱོང་དེ་ང་ཚོར་ཡོད་ཡོད་པ་རེད།) ཁོང་ཚོས་བཤད་པའི་མི་རིགས། ས་གནས། སྐད་ཡིག ཆོས་དད་བཅས་རྨང་གཞིའི་རང་དབང་ལྟ་ཕ་རི་སྤངས་བརྒལ་རེད། མ་ཟད་དེ་ལས་ཡོངས་སུ་ལྡོག་སྟེ་མི་རིགས་རྩར་མེད། ས་གནས་རྒྱས་ཁེངས། སྐད་ཡིག་རྨང་བཤིག ཆོས་དད་ནི་ཉིན་མོའི་སྐར་མ་སྟོང་ཕྲག་ཚོགས་ཀྱང་འགྲན་མི་བཟོད་པ་རེད། ཡིན་ལུགས་ཆོས་མེད་རིང་ལུགས་རྨང་གཞི་རྩ་བའི་དགྲ་སྡང་དེ་ཆོས་ཡིན་པས་སོ།། ཤིན་ཏུ་ཤིན་ཏུ་སྤྲོས་པ་ཆོག་པ་ཡོད་མོད་་་་་་
རིམ་པས་རང་བཙན་ཕར་བཞག རང་དབང་། དེ་ཡང་ཕར་བཞག རང་སྐྱོང་། དེ་ཡང་ཕར་བཞག འདྲ་མཉམ། དེ་ལས་མཉམ་པ་ཕར་བཞག འདྲ་བ་ཙམ། དེ་ཡང་ཕར་བཞག ཆ་འདྲ་ཙམ། དེ་ཡང་ཕར་བཞག་རྡོག་བརྫིས་གཉའ་གནོན། རྡུང་རྡེག་ཚ་ནན། བཙུན་བཅུག་དམར་གསོད། ཡར་ཡར་བཏུགས་ནས་མཐའ་མར་འུ་ཐུག་ཐབས་ཟད་དེ་རང་ལ་བདག་པའི་ལུས་འདི་ལ་རང་དབང་མེད་ནས་ལྕེབས་དགོས་པ་དེ། རྒྱ་དམར་ཞིང་བཅུ་ཚང་བའི་དགྲ་བོ་དེ་ཡ་ང་སྙིང་རྗེ་ལ། སུས་ཁོང་ཚོ་སྐྱོབ་་་་་་་་་་་་་་་་
ཀློག་པ་ཡིན་རྩོམ་ཡིག་དང་མཆན་ཚང་མ་ཀློག་པ་ཡིན། རྩོམ་པ་པོས་དགོངས་པ་མང་པོ་ཞིག་བཞེས་ནས་རྒྱུ་མཚན་ཡང་མང་པོ་བཀོད་འདུག དམིགས་རྐྱང་ཡང་རིང་པོ་འདུག་འོན་ཀྱང་ད་བལྟའི་དུས་འདིར་ངོ་རྒོལ་བྱེད་དང་རྒྱབ་བསྐྱོར་བྱ་སོམ་ཉིའི་གནས་ལགས་གང་ལ་ཞེ་ན་གོང་གི་མཆན་དེ་དག་ལ་གཟིགས་ན་མཁྱེན་ངེས། ངས་བསམ་པར་ད་དུང་་བོད་མི་རྣམས་དཔྱོད་ཤེས་ཀྱིས་བློ་རིགས་ཀྱི་སྙོམས་ལག་མ་རྒྱས་པའི་བྱིས་པ་ཆུང་ཆུང་ཞིག་རེད་སྙམས།
རང་བཙན་རྩོད་ན་བཙན་བྱོལ་གཞུང་དང་འགལ། །
དབུ་མ་རྩོད་ན་གཞོན་ནུ་ཚོགས་པར་འགལ། །
ཚོགས་སྡེ་ཆེན་མོ་འདི་གཉིས་བར་གསེང་ན། །
འགྲོ་འདུག་བདེ་བའི་ལམ་ཞིག་འེ་རྙེད་ལྟོས། །
འདི་ན་རྣམ་པ་ལྷན་རྒྱས་ནས་རང་རང་གི་རྣམ་དཔྱོད་དང་བསྟུན་པའི་བསམ་ཚུལ་བཏོན་པས་དགའ་ཡོད། མང་པོ་ཞིག་ཁ་གཅིག་གྲག་གིས་དབུ་མ་དང་རང་བཙན་བརྩད་ནས་བསྡད་ན་མི་བཟང་བར་གསུངས་འདུག དེ་བདེན་པ་རེད། ང་ཚོས་ཉི་མ་མ་ཆོད་པའམ། རྩོད་རྙོགས་ལ་དགའ་དྲགས་ནས་དབུ་མ་རང་རང་བཙན་བཟང་ངན་བཤད་གིན་མེད། ཨུ་ཐུག་ནས་ཤོད་དགོས་བྱུང་བ་རེད། བོད་མི་མང་པོ་ཞིག་གི་འདོད་ཚུལ་ལ་བོད་མིས་ལས་འགུལ་སྤེལ་མི་ཐུབ་ནས་མ་འགྲིགས་པར་ཤོད་མཁན་དང་། ལ་ལས་བོད་མིས་ལས་འགུལ་མ་སྤེལ་བ་མིན་ཡང་ལས་འགུལ་སྤེལ་བའི་བློས་བཏང་ལ་གཞིག་པའི་གྲུབ་འབྲས་མ་བྱུང་ཚུལ་ཤོད་མཁན་རིགས་གཉིས་འདུག དབུ་མ་དང་རང་བཙན་ཟེར་ནས་ཁ་ཕྱོགས་གཉིས་སུ་གྱེས་པའི་ཚོགས་སྡེ་དེ་གཉིས་ཀྱང་རྒྱལ་བ་རིན་པོ་ཆེ་ཞལ་བཞུགས་པའི་དུས་སུ་ཅོག་ཙེ་གཅིག་གི་ཁ་ནས་མདུན་ལམ་གླེང་ཐུབ་གི་ཡོད་མོད་རྒྱལ་བ་རིན་པོ་ཆེ་མི་བཞུགས་པའི་ཉིན་མོར་ལེགས་ཉེས་ཅི་འབྱུང་ལ་དོག་པ་བྱ་དགོས་པ་ཞིག་ཆགས་ཡོད་པས་ད་ནས་རང་རང་གིས་བསམ་ཚུལ་གླེང་དགོས་པ་དེ་གལ་ཆེན་རེད་བསམ་གྱིན་འདུག
རང་བཙན་གྱི་རྒྱུ་བདེན་པ་ཡིན་པས་དེ་ལ་གཞི་བཅོལ་ན། རྒྱས་ང་ཚོ་ཟ་ཐུབ་ན་ཡང་མྱིད་མི་ཐུབ་ཁོ་ཐག་རེད།
དབུ་མའི་རྒྱུ་བྱང་བསམ་ཡིན་པས་དེ་ལ་རེ་བ་བྱས་ན། ཡོང་ཡ་མེད་པའི་ཁར་རྩོད་ཡང་མི་ཤེས་བ་ཞིག་རེད།
གཞི་ལུས་བོད་པས་དར་དམར་ཕབ་ནས་གཙབ་རལ་བཟོས།
བཙན་བྱོལ་སྤུལ་ཟླས་དར་དམར་སྒྲེང་བཞིན་ལས་འགུལ་སྤེལ།
དཔའ་པོ་དཔའ་མོས་རང་སྲོག་རང་བཙན་ཆེད་དུ་ཕུལ།
འདི་ན་རང་བཙན་དབུ་མའི་མདུང་རྩེ་ནང་དུ་བལྟད།
པདྨ་འཕྲིན་ལས་ལགས། ཁྱོད་ལ་གསལ་བཤད་བྱེད་ཀྱི་ཞིག་ལ་་་་བཀྲས་མཐོང་བསྟན་རྣམ་ལ་རེ་བ་བརྒྱབ་ནས་ལྟོ་གོས་འཚོལ་དགོས་ཀྱི་མེད། སྤྱིའི་ཆ་ནས་ང་ཅོ་རི་སྐབས་འཚོལ་བ་ཞིག་མིན། ཁ་ཞེ་གཉིས་མེད་ཀྱི་བོད་དོན་བསམས་པར་མ་གཏོགས་ལྟོ་གོས་རག་ཆེད་དུ་ངོ་དགའ་བཤད་མཁན་ཞིག་མིན། དེར་ངོ་ཤེས་པར་བྱོས། མ་ཟད་བླ་རྒན་ཅོ་རི་ཞེས་འབོད་བཞིན་འདུག་ཀྱང་འདི་ཡང་ནོར་བ་རེད། ངས་བླ་མའི་མིང་ཁུར་མྱངས་མེད་དོ།།་་་་ཧཧཧ
ང་ཕོད་འཇིགས་མེད་གྱི་རྐུ་རྟེགས་སྒང་ལ་སྙན་ཞུ་རྒྱགས་མཁན་ལྐུག་པ་གཉིས་ནི་འདི་གཉིས་རེད། ཨ་མདོ་ལྐུག་པ་དཔལ་ལྡན་རྒྱལ་དང་ཁམས་པ་གླེན་པ་རྡོ་རྗེ་དགྲ་འདུལ་གཉིས་རེད། ཁོངས་གཉིས་ཀྱི་ལམ་སངས་སྙན་ཞུ་རྒྱབས་ནས་རྐུ་རྟེགས་དེ་རག་ཐབས་བྱེས་པ་རེད། དྲི་བ་དྲི་ལན་གྱི་དུས་ཚོད་བཟོས་ནས་( interview)སོང་། རེ་བ་ཆེན་པོ་རྒྱབས་། ཞབས་བྲོ་སྙིང་རྫེ་པོ་དེ་འཁྲབས་། བཀྲིས་མཐོང་བསྟན་འཛིན་རྣམ་རྒྱལ་ཁ་ཁུ་སིམས་པོ་ཚུར་(Washington Dc) དུ་སླེབས་རྫེས་ཁོངས་གཉིས་ལ་ཧངས་ཐོར་འདུག། རྫེས་སུ་ང་ཕོད་ལ་རྒྱབས་སྐྱོར་བྱེད་མཁན་རྣམས་ཡང་གདོང་པ་འཛུམས་ཀྱི་ཁེངས་ནས་བཀྲིས་མཐོང་ལ་དགའ་པའི་རྣམས་འགྱུར་ཤུགས་ཆེན་པོ་བརྟེན། དེ་ནས་ཨ་མདོ་ལྐུག་པ་དང་ཁམས་པ་གླེན་པ་གཉིས་ཀྱི་གདོང་ལ་སྐྱོ་ཉམས་ཞིག་དང་མཉམ་དུ་ཁ་ཙུམས་ནས་མི་སྡད་རང་སྡད་རེད།
དབུ་རང་བར་གྱི་ལྟ་གྲུབ་ཀྱི་གནད་དོན་འདི་དྲ་ཐོག་ལ་བཤད་ནས་ཐག་ཆོད་ཐུབ་པ་ཞིག་མ་རེད། དེ་སྔ་ཡན་ཆད་དབུ་རང་གཉིས་ཀྱི་སྐད་ཆ་འདི་མ་བྱུང་གོང་ལ་སོ་སོའི་ལངས་ཕྱོགས་བཟུང་ནས་རྒྱ་གཞུང་ལ་འཐབ་རྩོད་བྱེད་པ་ལས་ནང་ཁུལ་ལ་བཤད་རྒྱུ་གཏམ་རྒྱུ་གང་ཡང་མེད། ཉེ་ལམ་ནས་ཤར་ཁུག་དང་སྤྲུལ་སྐུ་དབང་ཆེན་སོགས་ཀྱིས་དབུ་རང་བར་ལ་ཆོ་མེད་པའི་རྩོད་རྙོག་སློངས་བའི་རྐྱེན་གྱིས་རྒྱ་གཞུང་ལ་རང་དབང་མི་རྩོད་པར་ནང་ཁུལ་ལ་ལྟ་གྲུབ་རྩོད་པའི་བྱ་ངན་འདི་འགོ་འབུས་སོང་། དབུ་མ་དང་རང་བཙན་ཁ་ལ་ཁྱེར་ནས་རྒྱལ་ཞེན་ཆེ་མདོག་བྱེད་མཁན་འདི་ཚོ་ལ་ངེས་པར་དུ་ཡིད་གཟབ་བྱེད་དགོས་པ་འདུག དབུ་རང་གཉིས་བར་ལ་བགྲོ་གླེངས་ཤིག་བྱེད་དགོས་པའི་དབང་དུ་བཏང་ན་ཡང་ད་ལྟའི་དུས་འདི་ནི་དུས་ཚོད་ཏག་ཏག་ཅིག་གཏན་ནས་མ་རེད། མདོར་ན་བོད་མི་རིགས་ཀྱི་བདེ་སྡུག་ལ་དངོས་གནས་བསམ་མཁན་ཞིག་ཡིན་ན་ཁ་ཕྱི་ལ་བསྐོར་བའི་དུས་ལ་བབ་འདུག དེ་ལྟར་མ་ནུས་ན་ཁ་བཙུམས་ནས་སྡད་ན་ཡག་ཤོས་རེད།
བཀྲས་མཐོང་དང་ང་ཕོད་ཀྱི་སྐོར་མ་རེད། སྒེར་སྐོར་ཞེ་དྲག་མ་གསུངས། ཛ་དྲག་གི་གནས་སྟངས་བོད་སྐྱོབ་རྒྱུ་དེ་རེད། མ་འོངས་བོད་དེ་ཁ་ཕྱོགས་གང་དུ་གཏད་མིན་རྩོད་དགོས། ང་ཚོ་ལ་སྨྲ་བརྗོད་རང་དབང་གནང་ཡོད་པས། བཤད་རྐྱང་གནང་ཤོག་ཨང་། རང་བཙན་དང་རང་དབང་གོ་དོན། དབུ་མ་དང་གཉིས་མོས་སོགས་ཀྱི་ཚིག་གི་གོ་དོན་ཡན་ཤེས་ནས། དེ་ལག་ལེན་བསྟར་ན་དགེ་སྐྱོན་ཡོ་བསྲང་བྱེད་ཀྱིན་བྱེད་ཀྱིན་དགྲ་བོ་རྒྱ་དམར་ཁ་གཏད་དུ་བཞག་ནས་ཞིབ་འཇུག་བགྲོ་གླེང་མུ་མཐུད་ནས་གནང་དགོས། ཆབ་སྲིད་དང་དཔལ་འབྱོར་འགྲོ་སྟངས་སོགས་ལ་རྩོད་གླེང་ཉུང་སྐྱོན། གནས་བབ་ཞན་སྐྱོན། གྲོས་བསྡུར་ཚགས་ཚུད་མེད་པ་སྔར་ལས་ཡར་ཐོན་གོང་མཐོར་མདུན་བསྐྱོད་ངེས་པར་དོ་གལ་ཆེ། དངོས་གནས་བསམ་ཤེས་ཆེན་པོས་ལས་འགུལ་སྣ་མང་ཚ་ཚ་ནན་ནན་གནང་ཤོག་ཨང་། སྐད་ཆ་གོ་འཚོད་པོ་གནད་འཕེར་པོ་གང་ཐུབ་གནང་ནས་རང་གི་རྒྱལ་ཁབ་རང་གིས་སྐྱོང་ཐབས་ལ་བརྩོན་ཤོག་འུ་ཅག་གངས་ཅན་པ་ཚོ། ད་ང་ཚོ་འཁུམས་ནས་མ་བཞུགས་ཨང་། ལོངས་ལོངས། འདོན་འདོན། བརྡར་བརྡར་མདུན་ནས་གོམ་གང་ལས་སྤོ་མ་ཐུབ་ཀྱང་ཞབས་རྐྱོངས་ཤོག་ཨང་། རང་དོན་ལ་ཐུག་ཡོད། རང་བཙན་རང་དབང་དབུ་མ་བདེན་པ་ག་རེ་ཡིན་རུང་ཁྱད་པར་མེད། ང་རང་མོས་ཤོས་དབུ་མ་ཡིན། རང་བཙན་ལ་འདོད་མོས་ཆེན་པོ་ཡོད། གང་ཡང་གནང་གི་མ་རེད། ཁོག་ཡངས་ཙམ་གནང་ཨང་། ང་ཚོ་སྐྱེ་བ་སྔ་ཕྱི་ཁས་ཆེས་མཁན་ལ་འདི་འདྲའི་འཐབ་རྩོད་དུ་དཔལ་དང་རྒྱན་རེད། ག་རེ་བྱས་ནས་ཨེ་དྲག་བལྟ་བཞིན་ཕེབས་ཤོག་ཨང་། སྐྱེ་བ་འདིར་མ་འགྲིག་ན་ཕྱི་མ་ཕན་ཆད་སྨོན་ལམ་བརྒྱབས་ནས་ནམ་ཡང་ཞུམ་པའི་བློ་ལ་གོ་སྐབས་མ་གནང་ཨང་། འདོད་ཐག་ཐུང་ཐུང་མ་གནང་། ཚེ་རབས་གཏན་གྱི་འདུན་ལམ་སྒྲིག་གནང་དང་ཡངས་པའི་མཁའ་ལ་གང་ཡང་བཟོད་པའི་སྟོབས་ཤུགས་བསྐྲུན་ནས་ཐེག་པ་རིམ་འཛེགས་བྱེད་ཆོག་གི་རེད། ང་ཚོར་གུ་ཡངས་པའི་ལྟ་སྤྱོད་བཟང་པོ་སྙིང་ནོར་དེ་རང་ལག་ནས་མ་ཤོར་བར་མི་གོ་ཆོད་པ་གནང་དགོས།
ད་དུང་རྩོད་གླེང་ཞིབ་ཚགས་གོ་རིམ་མཐར་ཆགས་ཤིག་ཡོང་གི་མིན་འདུག་དེའི་ཐོག་བསམ་ཚུལ་གང་ཡོད་དམ། ངོས་ཀྱི་བསམ་ཚུལ་དེ་ཁ་རྒྱུ་གོ་རྒྱུ་མེད་ན་ཅམ་མེར་འཇོག་ཀྱང་འཐུས། འདུས་བྱས་སོ་ན་མི་གནས་པར་ངེས་བརྟན་འཕེར་བ་གང་ཡོད། དེ་རང་ང་ལ་ཕན་ཐོགས་ཆེ་ས་རེད། མདོ་དོན་བསམ་ཚུལ་རྩོད་རྙོག་གི་ཐེམ་སྐས་མ་འཛེགས་པར་བསམ་དོན་ཁང་བཟང་དེར་ཇི་ལྟར་འབྱོར་ཐུབ། བར་སྐབས་ངལ་གསོར་ཕུལ། གཟིགས་དགྱེས་ཡོང་རེ་བཅས།
དྲང་བདེན་ཐད་ཀར་སྨྲ་བའི་སྤོབས་པ་དང་།
སྤྱི་ཚོགས་བློ་ཁ་སྒྱུར་བའི་གཏན་ཚིགས་གཉིས།
རང་འགན་ཕྲག་ཏུ་བབ་པའི་ཁུར་པོ་གསུམ།
གདོང་དམར་བོད་མི་ཞིག་གིས་བསྒྲུབ་དགོས་གསུམ།
མཐོ་པོའི་དཔོན་ལ་ངོ་དགའ་མི་བྱེད་གཅིག
ཉམ་ཆུང་འབངས་ལ་ངན་ཁག་མི་བཀལ་གཉིས།
མཐོ་དམན་བར་དུ་དཀྲུགས་ཤིང་མི་བརྒྱབ་གསུམ།
རྒྱུ་འབྲས་ཡོད་པའི་མི་ཡི་གཤིས་ཀ་གསུམ།
དངོས་ཡོད་ལོ་རྒྱུས་ལྷ་སྒྲུང་མི་བསྒྱུར་གཅིག
དངོས་མེད་འཁྱོག་གཏམ་བདེན་དུ་མི་འཛིན་གཉིས།
བདེན་རྫུན་རིག་པའི་དཔྱད་བྱེད་སྨྱུག་གུ་གསུམ།
རྩོམ་བྲིས་བོད་མི་ཞིག་གི་ཡོན་ཏན་གསུམ།།
ཉམ་ཆུང་བོད་མིའི་སྟེང་དུ་མི་ངར་གཅིག
དགྲ་བོ་དམར་པོའི་མདུན་དུ་མི་འཇིགས་གཉིས།
ཁ་ཁོག་ཕྱི་ནང་མཐུན་པའི་སྙིང་སྟོབས་གསུམ།
བོད་མི་འཐབ་རྩོད་པ་ཡི་དཔའ་རྟགས་གསུམ།
རིགས་པས་རང་བཙན་མ་གྲུབ་གླེན་པ་ང་།
རྟགས་ཀྱིས་རང་བཙན་མ་གྲུབ་བྱོལ་སོང་ང་།
དབང་གིས་རང་བཙན་མི་འདུ་ཉམས་ཆུང་ང་།
ཨུ་ཚུགས་ནར་མར་འདུག་མཁན་བླུན་པོ་ང་།
སྤོབས་པ་མཐའ་ཡས་ཡི་གེ་ཤེས་པ་ལས།
རྣམ་དཔྱོད་རིགས་པ་ཤེས་ཡོན་ཨེ་ཡོད་ན།
ད་ལྟ་འཛམ་གླིང་དམག་དང་དཔལ་འབྱོར་ལས།
བདེན་པའི་ལོ་རྒྱུས་སུ་ཡི་རྣ་བར་འགྲོ།
དེ་ལྟར་ཤེས་བཞིན་རང་བཙན་བརྩོད་སྐད་དེ།
བླུན་པོ་རང་གི་ཁ་ལ་དུག་ལྡུག་ནས་
གཞན་ལ་སྡིག་རྭ་སྤྲོད་པའི་གཤིས་ཚུལ་ལས།
མིན་ན་ངེད་ཚོར་འགྲེལ་བཤད་རེ་རེ་སྦྱིན།
ཡ་ཡ་བླ་རྒན་ཅོ་རི་མིན་ན་ཡག་བྱུང། དེ་ནས་ངའི་ཁྱེད་རང་ལ་རྒན་པོ་ཅོ་རི་བྱེས་འབོད་ན་ག་འདྲ་འདུག་གམ།
ད་རེས་རིགས་ལྡན་རྒྱལ་པོ་ཁྱོད་བདེན། གནས་ལུགས་དང་རྒྱུ་མཚན་ཡང་དག་ལྡན་པའི་མཆན་འདིས་དུས་རབས་དང་མཐུན་སོང་བས་མི་རབས་གསར་པར་སྤྲོ་བ་སྦྱིན་སོང་ང་། འོན་ཀྱང་རྙིང་ཞེན་བག་ཁུམས་དང་ཀླད་རྙིང་མཁྲེགས་འཛིན། མགོ་འདོགས་རིང་ལུགས་དང་གཉའ་ཞུམས་རིང་ལུགས། རྨོངས་དད་རིང་ལུགས་དང་གཅིག་བསྡུས་རིང་ལུགས་པ་ནི་ནམ་ཡང་དུས་རབས་ཀྱི་རྗེས་མི་ཟིན་ལ་བསམ་དོན་ཁང་བཟང་དེར་ནམ་ཡང་སླེབས་མི་ཐུབ་བོ།
སྤོབས་པ་མཐའ་ཡས་ལགས་ཀྱིས། དཔྱད་བརྗོད་ཡག་པོ་ཞིག་སྤེལ་འདུག གུས་པར་ཁོམ་པ་མ་བྱུང་བས་བསམ་ཚུལ་བྲི་ཐུབ་མ་སོང་།
སྔར་༧ གོང་ས་མཆོག་གིས་དབུ་ལམ་དང་། ད་ཆ་ཟམ་གདོང་གིས་སྒྱུར་བཅོས་ཟིན་པའི་དབུ་མ་གཉིས་རྦད་དེ་ལོག་ཀ་རེད།
སེང་བུ་འབྲུག་ཞོན་ལགས་༧གོང་ས་མཆོག་གི་དབུ་མ་ཟམ་གདོང་བླ་མ་གཉིས་ཀྱི་དབུ་མ་མི་འདྲ་བའི་ཁྱད་པར་ཞིག་བཤད་ཁོམ་འུ་འདུག?
ཏ་ལའི་བླ་མའི་དབུ་མ་ནི། ལོ་རྒྱུས་ཐོག་བོད་རང་བཙན་ཡིན་མོད། ད་ཆ་ལོ་རྒྱུས་མི་རྩོད་པར་དགོས་དབང་གིས་བོད་ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་ཏུ་འདུག་རྒྱུ།
ཟམ་གདོང་བླ་མའི་དབུ་མ་ནི། ལོ་རྒྱུས་ཐོག་བོད་རང་བཙན་ཟེར་བ་མེད། བོད་རྒྱ་ནག་གི་ཆ་ཤས་སུ་ལོ་རྒྱུས་ཐོག་གྲུབ་ཟིན་པས་ད་ང་ཚོ་ཕྱིར་སྡོད་རྒྱ་མི་འབུམ་གཅིག་པོ་རྒྱ་ནག་ལ་ལོག་བཅུག་རོགས། སྐུ་མཁྱེན། གསུང་མཁྱེན།
༧ གོང་ས་མཆོག་གི་ལམ་དབུ་མ་ནི། སི་ཊ་སི་སྦག་གི་དོན་མཚན་ལྔ་གཞིར་བཟུང་ཐོག མི་དམངས་ཀྱི་མངོན་འདོད་དང་། ལོ་རྒྱུས་ཐོག་བོད་འདི་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་ཡིན་རུང་། རང་བཙན་གཙང་མར་མི་འགྲོ་རྒྱུ་དང་། དམར་ཤོག་གི་འདོད་བློ་ལྟར་མི་སེར་སྤེལ་ཡུལ་དང་། བཏེར་ཀ་སྔོག་འདོན་བྱེད་རྒྱུ་སོགས་མཚམས་འཇོག་རྒྱུ་དང་། ནང་སྲིད་ལ་རྒྱ་ནག་གིས་ཐེ་བྱུས་མི་བྱེད་རྒྱུ་དང་། རྒྱ་ནག་གི་དམག་ཡོངས་རྫོགས་ཕྱིར་འཐེན་བྱ་རྒྱུ་དང་། བོད་འདི་ཞི་བདེ་ཁུར་ཡུག་ཞིག་ལ་དཀྲུན་ཏེ། རྡུལ་ཕྲན་མཚོན་ཆ་བཟོ་མི་ཆོག་བ་མ་ཟད། རྡུལ་ཕྲན་མཚོན་ཆའི་སྙིག་རོ་བོད་ཁུལ་དུ་འཁྱེར་ཡོང་མི་ཆོག་རྒྱུ་དང་། ཆོལ་གསུམ་མཉམ་དུ་སྒྲིལ་བའི་ཚད་མཐོའི་རང་སྐྱོང་ཐོག་རྒྱ་ནག་གི་ཁུངས་སུ་ཡིན་ཆོག་པ་དེ་རེད། གཅིག་ཤོས་དེ་ལས་ལྡོག་སྟེ། ཆ་རྐྱེནགཞན་གང་ཡང་མེད་པའི་ཐོག རྒྱ་ནག་འོག་ཏུ་འཛུལ་ཏེ། ཆུལ་གསུམ་གཅིག་ཏུ་སྒྲིལ་བའི་རང་སྐྱོང་ཙམ་རེད།
རེད་དངོས་གནས་རེད་། གོང་ས་མཆོག་གིས་དེ་སྔོན་བོད་རང་གཙན་མ་རེད་གསུངས་བ་ཞིག་ངས་གོ་མ་སོང་། ཡིན་ཡང་བསམ་གདོང་བླ་མས་བོད་ལ་དེ་སྔོན་རང་གཙན་མེད་རབ་བཤད་པ་གོ་མྱོང་། གཅིག་བྱས་ན་གསམ་གདོང་བླ་མས་བོད་པའི་ས་ཆ་ཁ་ཤས་ལས་བོད་ཁམས་ཡོངས་རྫོགས་སུ་རང་གཙན་མེད་རབས་བཤད་པ་མིན་འགྲོ་།