དགེ་འདུན་ཕུན་ཚོགས་། (བོད་ནས་འབྱོར་བའི་ཁུངས་ལྡན་གནས་ཚུལ།)
དེ་རིང་མཚན་མོ་བླ་བྲང་ཨ་ཁུ་འཇིགས་མེད་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་གྱི་ཅན་ཡཱས་(兰州大厦平监狱) ཁྲིམས་ཁང་ནས་དམ་དྲགས་ཆེན་པོའི་འོག་བཙོན་གྲོལ་བྱས་འདུག སྤྱིར་བཏང་ཁོང་ལ་བཅད་པའི་ལོ་ལྔའི་ཁྲིམས་ཆད་དེ་ནི་༢༠༡༦ ཕྱི་ཟླ་༨ ཚེས་༢༠ ཉིན་ཚང་ཡོད་ནའང་དུས་ལྟར་གློད་གྲོལ་བྱས་མེད་པ་མ་ཟད། ཁྲིམས་ཁང་གིས་བཤད་པ་ལྟར་ན་དེ་རིང་(༢༠༡༦/༡༠/༢༦)ཡང་སྔ་དྲོ་ཆུ་ཚོད་༨:༣༠སྟེང་བཙོན་ནས་གློད་རྒྱུ་ཡིན་པས་ནང་མི་ཁྲིམས་ཁང་སྒོར་ལེན་དུ་ཡོང་དགོས་ཚུལ་བཤད་ཀྱང་། རྗེས་ནས་གནས་ཚུལ་ལ་འགྱུར་བ་བཏང་སྟེ་རྒྱ་གཞུང་གིས་ཁོང་གི་ནང་མི་སྤུན་མཆེད་སོགས་ལན་ཀྲོའུ་ལ་ཕེབས་བསུར་བཅར་བ་བཀག་སྡོམ་བྱས་པ་དང་། དེ་རིང་ས་རུབ་རྗེས་མིས་མི་མཐོང་ཁྱིས་མི་ཚོར་བའི་སྐབས་དང་བསྟུན་ནས་ཨ་ཁུ་འཇིགས་མེད་ཁོང་གི་ཕ་ཡུལ་ཕུག་སྡེར་བསྐྱལ་འདུག
བཙོན་གྲོལ་སྐབས་པར་དང་བརྙན་ལེན་པ། ཁ་བཏགས་འཐེན་པ་དང་ཁྱབ་བསྒྲགས་བྱེད་པ་སོགས་གཏན་ནས་མི་ཆོག་ཅེས་ཉེན་བརྡ་ནན་པོ་བཏང་འདུག དེའི་ཐད་ནང་མི་སྤུན་མཆེད་ཚོས་ལོ་མང་རིང་ངོ་ཐུག་མེད་པས་ངེད་བོད་པའི་ལུགས་སྲོལ་ལྟར་དགའ་བསུའི་རྣམ་པ་དང་རྟེན་འབྲེལ་མཚོན་སླད་ཁ་བཏགས་ཤིག་འཐེན་ཆོག་པ་ཞེས་སྙན་ཞུ་ཕུལ་ཡང་། དེའི་ལན་དུ་ཁོང་ཚོས་བཤད་པའི་དོན་ཚན་དེ་དག་ལ་ངོས་ལེན་མ་བྱས་ཚེ་བཙོན་གྲོལ་བྱེད་རྒྱུ་མིན་ཚུལ་གྱི་བཙན་གཏམ་བཤད་འདུག འོན་ཀྱང་། ཨ་ཁུ་འཇིགས་མེད་ཀྱི་ཨ་མ་གཙོས་ནང་མི་དག་གིས་བཙན་བཀའ་དེར་མ་ཉན་པར་ཁ་བཏགས་འཐེན་ཡོད་ནའང་། ཕྱི་མི་རྣམས་དེ་རིང་ཕེབས་བསུར་བཅར་བཅུག་མི་འདུག
ཐ་ན་བཙོན་གྲོལ་སྐབས་ཨ་ཁུ་འཇིགས་མེད་ལ་གཟན་ཤམ་གྱོན་མི་ཆོག་པ། དགོན་པར་འགྲོ་མི་ཆོག་པའི་བཙན་བཀའ་ཡང་བཏང་འདུག
སྤྱིར་བཏང་ཁྲིམས་ཁང་ནང་ངལ་རྩོལ་བའི་ལས་ཀའི་སྐར་མ་བསགས་ནས་བཙོན་འཇུག་གི་དུས་ཡུན་ཉུང་འཕྲི་བྱེད་ལུགས་ཤིག་ཡོད་པ་ལྟར་ལག་ལེན་བྱས་ཚེ། ༢༠༡༥ཟླ་གཉིས་པའི་ནང་ཙམ་ལ་ཁོང་བཙོན་གྲོལ་བྱེད་དགོས་ནའང་། རྒྱ་གཞུང་གིས་ནག་ཉེས་དོན་ཚན་དགུ་ཅན་ཞིག་བསྟན་ཏེ་འདི་ལ་མཛུབ་ཐེལ་བརྒྱབ་ན་ལག་ལེན་དེ་བྱེད་ཆོག་ཅེས་ཚུལ་མིན་གྱི་བྱ་སྤྱོད་བསྟན་པར། ཨ་ཁུ་འཇིགས་མེད་ཀྱིས་ངས་ནག་ཉེས་དེ་དག་གང་ཡང་བསགས་མེད་པས་དོན་ཚན་དེ་དག་ལ་ངོས་ལེན་གཏན་ནས་བྱེད་ཐབས་མེད་ཚུལ་དང་། ང་ལ་ལོ་ལྔའི་ཁྲིམས་ཆད་འདི་ཡང་དྲང་བདེན་གང་ཡང་མིན་ཞེས་བཤད་དེ་ངོས་ལེན་གནང་མི་འདུག
ཨ་ཁུ་འཇིགས་མེད་ཁོང་༢༠༡༡/༨/༢༠ ཉིན་འཛིན་བཟུང་བྱས་པ་ནས་བཟུང་ལོ་གསུམ་རིང་ཁྲིམས་ཆད་མ་བཅད་པར་སྨན་ཁང་སོགས་སུ་གསང་བའི་སྒོ་ནས་བཀག་སྡོམ་བྱས་པ་དང་། ༢༠༡༤ཕྱི་ཟླ་བརྒྱད་པའི་ནང་དངོས་སུ་ལོ་ལྔའི་ཁྲིམས་ཐག་བཅད་ཡོད་པ་རེད། དེ་ནི་ཁོང་བཙོན་འཇུག་བྱེད་ཐེངས་བཞི་བ་དེ་ཡིན།
ཨ་ཁུ་འཇིགས་མེད་ཀྱི་དགེ་ཕྲུག་ཕྲན་དགེ་འདུན་ཕུན་ཚོགས་ཀྱིས་ཕྱི་ལོ༢༠༡༦/༡༠/༢༦ ཉིན་སྤེལ།
༅༅། སྐུ་ཞབས་འཇིགས་མེད་རྒྱ་མཚོ་ལགས་ཉེས་མེད་ཉེས་འདོགས་ཀྱི་རྒྱ་དམར་པོས་བཙོན་འཇུག་བྱས་
ནས་བཙོན་་གྲོལ་བྱུང་བར་སྙིང་ནས་བཀྲིས་བདེ་ལེགས་ཞུ་གི་ཡོད།
རྒྱ་དམར་པོས་མི་དྲང་མི་བདེན་སྐྱག་རྗུན་ཁོ་ན་བཤད།
ཉེས་མེད་གཏན་ནས་མེད་པར་བཙན་གནོན་ཉམ་ཆུང་བོད་མིར་བཏང།
འགྲོ་བ་མི་ལས་བརྒལ་ཞིང་དུད་འགྲོ་ལས་ཀྱང་སྡུག་པའི་རྒྱ་དམར་པོ།
ཚེ་འདི་དང་བར་དོ་ཕྱི་མ་གང་ལའང་རྒྱ་དམར་པོ།
བདེ་ཐོབ་ཕར་བཞག་ངན་པའི་གནས་སུ་གང་ལའང་མི་སྐྱེ་ཤོག།
བཙོན་པའི་རིགས་ལ་བདེ་བ་གང་ན་ཡོད་།
དགྲ་ཡིའི་བཙོན་དང་རང་རྒྱལ་བཙོན་།
ཆབ་སྲིད་བཙོན་དང་ནག་ཆེན་བཙོན་།
བྱས་་ཉེན་བཙོན་དང་ཉེས་མེད་བཙོན་།
བཙོན་པའི་རིགས་ལ་རྣ་མང་ཡོད་།
ནག་མེད་བཙོན་པ་དགེ་ཆོས་འདྲ་།
བོད་འབངས་བསོད་ནམས་རྒུད་པའི་རྟགས་།
སྡེ་གཞུང་སྐུ་དྲག་ནང་དམེ་འོག་།
ཨ་མདོ་དགེ་ཆོས་བཙོན་ནང་འདས་།
བསམ་བཞིན་དུ་བོད་འབངས་སྙིང་ལ་ལྕི་།
ལས་དེ་འདྲ་ལས་དུས་འདི་འདྲ་རེད་།
བོད་ལོ་རྒྱུས་ནག་པོ་སུ་ཡིའི་བསུབ་།
ཧཧཧཧཧ
བཙོན་པའི་རིགས་ལ་རྣ་མང་ཡོད་།
འདི།
བཙོན་པའི་རིགས་ལ་སྣ་མང་ཡོད་།
རྒྱལ་གཅེས་དཔའ་བོ་འདི་འདྲ་ངོ་མ་སྙིང་ཐག་པ་ནས་རྗེས་སུ་ཡི་རངས་ཞུ། དེ་མིན་བཙན་བྱོལ་ནང་གི་བོད་མིག་གི་མ་མཐོང་བ་དང་རྒྱའི་སྲིད་བྱུས་སྡུག་རྩུབ་རྩ་ནས་མ་མྱངས་པའི་རྐུབ་སྟེགས་འཛིན་མཁན་ཚོར་ཡི་རངས་མེད།
ལུས་ལ་དུག་སྦྱོར་གྱི་སྨན་ཁབ་འདྲ་མ་ཕོག་པའི་དབང་དུ་བྱས་ནས་ཕྱིར་ཕ་ཡུལ་གྱི་དགའ་ཉེ་སྤུན་ཟླ་དང་ལྷན་འཛོམ་བྱུང་བར་དགའ་སྤྲོས་ཚོས།
བོད་དོན་ནི་ང་ཚོ་ཚང་མའི་ཡིན་པས། ཁྱོད་ཀྱི་བདེ་སྡུག་ནི་ང་ཚོ་དང་འབྲེལ་བ་དམ་དུ་ཕྱིན། ཁྱོད་བདེ་སྐྱིད་མེད་ས་ཞིག་ནས་བདེ་སྐྱིད་ཞིག་ཡོད་ན་ཅི་མ་རུང་རྟག་ཏུ་འདོད།
ཧམ་པ་དང་བདེན་པ་གཉིས་ལས་ཧམ་པ་དེར་ཁ་དབང་མཐོ་བས། ང་ཚོ་ལ་གོ་སྐབས་ཏག་ཏག་དན་དན་ཞིག་མ་རེག་ན། བདེན་པ་ནི་སྒུང་རྒྱུ་ལས་གཡུག་རྒྱུ་ཞིག་མ་ཡིན་པའི་དུས་ཡིན་འགྲོ་བསམ།
བོད་རྒྱལ་ལོ། རྒྱལ་བ་ལ། འཆར་གཞི་ཞིག་དགོས་བ་འདྲ། བདེ་མོ་བྱོས། ཨ་ཁུ་ལགས།