མཁོ་གཏོང་བ། བློ་བཟང་།
ཕྱི་ལོ་༢༠༡༤ ཟླ་༣ ཚེས་༢༢ ཉིན་བོད་ནས་གནས་ཚུལ་འབྱོར་དོན་ལྟར་ན། རྒྱ་གཞུང་གིས་ཕྱི་ལོ་༢༠༡༠ ལོའི་ཟླ་༥ བར་རྨ་ཆུ་དབལ་པན་ཡུལ་ཚོའི་ཞི་རྒོལ་གྱི་སྣེ་འཁྲིད་པ་ཡིན་པའི་ཉེས་མིང་འོག་འཛིན་བཟུང་བཙོན་འཇུག་བྱས་པའི་བོད་མི་སྒོ་ཤུལ་བློ་བཟང་ལགས། སྔར་ལོའི་ཧོར་ཟླ་༡༠ ཚེས་༢༧ ཉིན་བཙོན་ཁང་དུ་གཅར་རྡུང་མནར་གཅོད་བཏང་སྟེ་གསོན་པོའི་རེ་བ་མེད་པའི་གནས་སུ་བསླེབས་མཚམས་གློད་བཀྲོལ་བཏང་ཡོད་པ་ལྟར། ཕྱི་ཟླ་༣ ཚེས་༡༩ ཉིན་གྱི་མཚན་མོ་ཆུ་ཚོད་ ༡༢ ཙམ་ལ་ཁོང་འདས་གྲོངས་སུ་གྱུར་འདུག སྐབས་དེར་ཁོང་གི་ཉེ་འགྲམ་དུ་བུ་དང་བཟའ་ཟླ། དེ་བཞིན་སྤུན་ཆུང་ཤོས་བཅས་ཡོད་འདུག ཁོང་འདས་གྲོངས་སུ་འགྱུར་ཁར་ཁ་ནས་སྐད་ཆ་ཤོད་མ་ཐུབ་པར་བརྟེན་ལག་གཉིས་ཐལ་མོ་སྦྱར་འདུག ཕྱི་ཟླ་༣ ཚེས་༢༤ ཉིན་སྐུ་ཕུང་ཞུགས་འབུལ་བྱ་རྒྱུ་ཡིན་འདུག ད་ལྟའི་ཆར་ཁོང་གི་རང་ཁྱིམ་དུ་རང་ལོ་༤༠ ཡིན་པའི་ཆུང་མ་ཏཱ་རེ་དང་། རང་ལོ་༡༨ ཡིན་པའི་བུ་ཡེ་ཤེས། རང་ལོ་༡༥ ཡིན་པའི་བུ་མོ་བཅས་ཡོད་འདུག
སྒོ་ཤུལ་བློ་བཟང་ལགས་ནི། ཀན་ལྷོ་ཁུལ་རྨ་ཆུ་རྫོང་དབལ་པན་ཡུལ་ཚོ་ནས་ཡིན་པ་དང་། ད་ལྟ་རང་ལོ་༤༣ ཙམ་ཡིན་འདུག་ལ། ཕྱི་ལོ་༡༩༩༢ ལོར་རྒྱ་གར་དུ་ཡོང་སྟེ་སུ་ཇ་བོད་ཁྱིམ་དུ་སློབ་སྦྱོང་གནང་མྱོང་ཡོད་འདུག ཕྱི་ལོ་༢༠༠༨ ལོར་རྒྱ་ནག་གཞུང་གིས་ཁོང་ཡུལ་ཚོའི་ཞི་རྒོལ་གྱི་སྣེ་འཁྲིད་པ་ཡིན་ཚུལ་བཤད་དེ་འཛིན་བཟུང་བྱེད་རྩིས་བྱེད་སྐབས། ཉེན་ཡོལ་དུ་བྲོས་བྱོལ་ལ་ཕྱིན་ཏེ་དུས་ཡུན་གང་ཙམ་རིང་བསྡད་ཡོད་ཀྱང་། ཕྱི་ལོ་༢༠༡༠ ལོའི་ཟླ་༥ བའི་ནང་རྨ་ཆུ་རྫོང་ཉེན་རྟོག་པས་གློ་བུར་འཛིན་བཟུང་གིས་ལོ་དེའི་ཟླ་༡༠ བའི་བར་རྫོང་གི་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་འདུག
རྗེས་སུ་ལན་ཀྲུའུ་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ཏུ་གནས་སྤོས་བྱས་ཡོད་པ་མ་ཟད། སྔ་ཕྱིར་ཉེན་རྟོག་པ་དང་བཙོན་སྲུང་བས་འདྲི་རྩད་གཅར་རྡུང་རབས་དང་རིམ་པ་བཏང་སྟེ་ནད་གཅོང་བཟོས་པ་དང་། བཙོན་ཁང་དུ་ཁ་ལག་ཟ་མ་ཐུབ་པ་དང་སྨན་བཅོས་མཐུན་རྐྱེན་མ་རག་པ་སོགས་ཀྱིས་གཟུགས་པོ་སྐམ་པོ་ཆགས་ཏེ་སྲོག་ཉེན་ཡོད་པའི་གནས་སུ་བསྐྱལ་རྗེས་བཙོན་གྲོལ་བཏང་ཡོད་འདུག
དཔའ་བོ་ཁྱེད་ཀྱི་བསམ་དོན་འགྲུབ་ཅིང་བདེ་བ་ཅན་དུ་སྐྱེ་བར་ཤོག
དགྱ་འདྲེ་ཚོས་བོད་ཀྱི་རྒྱལ་གཅེས་པ་རྣམས་ལ་འདི་འདྲའི་ཆེས་བཟོད་དཀའ་བའི་རྡུང་རྡེག་དང་མནར་གཅོད་བཏང་བཏང་བའི་མཐཪ་ཚེ་སྲོག་འཕྲོག་པ་ནི་གྲངས་ཀྱིས་ག་ལ་ཟིན། བོད་ཀྱི་ཟོབ་བླ་ཚོས་རློམ་བཞིན་པའི་ལྷ་སྲུང་མཐུ་བོ་ཆེ་རེ་དངོས་སུ་ཡོད་ན། ཁྱེད་ཚོ་ལ་མི་རབས་ནས་མི་རབས་ཐམས་ཅད་དུ་རྒྱུ་ནོར་ལོངས་སྤྱོད་བཅས་པ་ཕངས་མེད་ཆད་མེད་དུ་གསོལ་མཆོད་འབུལ་གསུམ་བྱས་པའི་དྲིན་ངོ་ཞིག་ཤར་དགོས་ཚོད་རེད། རྒྱུ་འབྲས་ཟེར་བཞིན་དུ་ཁྱེད་ཚོ་ལྷ་སྲུང་ཚོ་ལ་ཡང་རྒྱུ་འབྲས་ཤིག་དགོས་ཚོད་རེད། བོད་ཀྱི་ལས་དབང་འདི་ཇི་འདྲའི་སྐྱོ་བ་ལ་ཨང་། སྤུན་ཟླའི་དཀའ་སྡུག་དག་མཐོང་བས་ཡིད་སེམས་གཏིང་ནས་ཕམ།
ད་དངོས་གནས་ཐབས་སྐྱོ་བོ་རེད། དུས་རབས་ཉི་ཤུ་བའི་ལོ་རབས་དགུ་བའི་འགོར། ཀླུ་མཁར་བྱམས་ལགས་ཀྱང་བཙོན་ཁང་ནང་དུ་ཁོང་ནང་བཞིན་གྱུར་མཚམས་ཕྱིར་ནང་མིར་རྩིས་སྤྲད་པ་རེད། སྐབས་དེའི་ཀླུ་མཁར་བྱམས་དང་རྒྱལ་གཅེས་དཔའ་བོ་ཁོང་གི་སྐུ་གཟུགས་གནས་སྟངས་པར་ངོས་ནས་གཅིག་པ་གཅིག་རྐྱང་རེད། ད་ལྟ་དུས་རབས་ཉེར་གཅིག་པར་སླེབས་ཡོད་ནའང་། རྒྱ་དམར་གཞུང་གིས་ཆབ་སྲིད་བཙོན་མར་མནར་གཅོད་གཏོང་སྟངས་ལ་འགྱུར་བ་ཕྱིན་མེད་པར་མ་ཟད། ཚེ་སྲོག་ཀྱང་འཕྲོག་ཀྱིན་པས། གནས་སྟངས་འདི་དག་ལ་རྒྱུས་མངའ་ཡོད་མཁན་ཞིག་གིས་རྒྱ་དམར་གཞུང་ལ་ཡིད་ཆེས་བྱེད་སྲིད་ཀྱི་མ་རེད་ལ། རྒྱ་དམར་གཞུང་གི་བསླུ་བྲིད་ཐེར་འདོན་གྱིས་མི་རྣམས་ལའང་གོ་རྟོགས་སྤེལ་རྒྱུའང་ལས་འགན་ཞིག་རེད།
འདྲ་པར་མཐོང་ཙམ་ཉིད་ནས་སེམས་པར་གྲང་ཤུར་ཤུར་དང་སྐྱོ་ལྷང་ལྷང་གི་ཚོར་བ་ཤུགས་དྲག་སླེབས། ད་དུང་ཡ་ང་སྙིང་རྗེ་མེད་པའི་སྒེར་གཅོད་ཀྱི་བཙོན་རྭ་དང་ཁྲོམ་ལམ་གང་སར་བོད་པ་མི་ཉུང་བ་ཞིག་གིས་གནར་གཅོད་གྱི་གོ་རིམ་འདི་ལྟར་མྱོང་གི་ཡོད། ད་ང་ཚོས་ག་རེ་བྱ་དགོས་རེད།
ཡ་ང་བའི་གནས་བབས་དེ་འདྲའི་འོག་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་པོའི་སྐུ་ལུས་མེ་རུ་སྒྲོན་དགོས་ཐུག་ཡོད། ད་ཡིན་ན་ལྷ་ཡིན་ན་ཆོག་འདྲེ་ཡིན་ན་ཆོག་བོད་མི་རིགས་ཀྱི་ཡ་ང་བའི་གནས་བབས་འདི་སྐྱོབ་ཐུབ་ན་དོལ་རྒྱལ་ཡིན་ཡང་ངས་ཐེ་བོང་བསྒྲེངས།
ཉི་རྒན་ལགས། མིའི་ནུས་ཤུགས་བཀོལ་བའི་དུས་ཚོད་ཅིག་རེད་མ་གཏོགས་ལྷ་འདྲེ་བཀོལ་སྤྱོད་བྱེད་པའི་དུས་ཤིག་མ་རེད། ལ་ཤས་ཀྱིས་ཡིད་ཆེས་འདྲ་རྙེད་ཁུལ་འདུག་ནའང་། དོན་ངོ་མའི་སྟེང་ནས་ལྷ་འདྲེ་ཟེར་བས་ཕན་བཞག་པ་ཅིག་མི་འདུག
དགྱ་ནག་གིས་བོད་ལ་སྤྲད་པའི་དུས་རབས་ཉེར་གཅིག་གི་བདེ་སྡུག། རང་དབང་། འདྲའ་མཉམ། ཐོབ་ཐང་། ཤ་ཚ། འདི་འདྲ་ཞིག་རེད་ཡ། རྒྱ་ཆེ་བོད་རིགས་སྤུན་ཟླ།
ཤ་ཟད་རུས་བར་གཏུགས་པའི་དཔའ་བོ་ཁྱོད། བོད་མི་རིགས་ཤིག་གི་ལས་སྐལ་ཁུར་ནས་འདི་ལྟར་འགྲོ་དགོར་ཐུག་པར་བློ་འགྱོད་དང་གདུང་སེམས་རི་རབ་ལས་ལྗི་བ་ཡོད།
དགྱ་ནག་ཁྱོས་མ་བཀུར། བོད་སེམས་ཁྱོས་མ་ཤོར། ལོ་རྒྱུས་ལ་མྱི་ཤ་བཞག། རྒྱལ་ཁ་ཐོབ་ས་ནས་ཁྱེད་ཅག་ངའི་རྒྱལ་བོ་ཡིན། ཕམ་ཁ་འཁུར་ས་ནས་ཁྱེད་ཅག་ངའི་དཔའ་བོ་ཡིན། ངས་ནམ་ཡང་ཁྱེད་ཅག་འདྲ་བའི་དཔའ་བོ་བཀུར།
རྒྱ་གཞུང་གིས། བོད་ནང་ལ། བོད་མི་ལས། འབྲོག་ཁྱི། དེ་ཚོ་ལ། མཐོང་ཆེ་བ། བྱེད་བགྱིད། ཡོད་པ་འདྲ། སྤྲང་རྒན། རྒྱ་རིགས་ཚོ། ཧཧཧཧཧཧཧཧཧ། ཁྱེད་ཚོ། མི་ལུས། ཐོབ་པ་ཙམ། མ་གཏོགས། བོད་པའི། ཁྱི་ལས། སྡུག་ག ཡོད་ཚོད་། འདུག ཧ་ཧ། ཧི་ཧི།། །།